Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེར་བྱེས་བྱ་བྲལ་ཁང་ཚན་གྱིས་མཆོད་འབུལ།

Posted on 2012-02-242012-02-24 By ཁ་བརྡ་ 8 Comments on སེར་བྱེས་བྱ་བྲལ་ཁང་ཚན་གྱིས་མཆོད་འབུལ།


ཨ་རིག་དགེ་མཐོང་།
༢༠༡༡་ལོ་མཇུག་གི་གནམ་གང་གི་དགོང་མོའི་ཆུ་ཚོད་༩་བའི་ཐོག ་སེར་བྱེས་བྱ་བྲལ་ཁང་ཚན་གྱི་དགེ་བསྐོས་དགེ་བཤེས་ཕུན་ཚོགས་ཚུལ་ཁྲིམས་གཙོས་ལས་སྣེ་དག་གི་གོ་སྒྲིག་འོག་བོད་ནང་གི་རང་ལུས་མཆོད་འབུལ་མེ་བསྲེགས་ཀྱི་མཚོན་པའི་བོད་མི་དཔའ་བོ་དཔའ་མོ་འདས་ཟིན་པ་དག་ལ་བསྔོ་སྨོན་དང་། ད་ལྟ་བཙོན་འོག་ན་མནར་གཅོད་མྱོང་བཞིན་པ་དག་གི་སྡུག་བསྔལ་འཕྲལ་སེལ་ཡོང་བའི་གསོལ་འདེབས་དང་། བོད་ནང་གི་གཞིས་ལུས་སྤུན་ཟླ་ཚོ་ལ་གདུང་སེམས་མཉམ་སྐྱེད་ཀྱི་སླད་དུ། གཙང་ཞིང་དག་པའི་མར་མེ་སྟོང་མཆོད་བསྒྲོན་པ་དང་། བསྡོ་བ་སྨོན་ལམ་གསུངས་པ།

ལྷག་པར་མེ་བསྲེགས་བཏང་བའི་དཔའ་བོ་དཔའ་མོ་ཡོངས་ཀྱི་སྐུ་པར་དང་ཚབ་མཚོན་གཟུགས་རིས་བཅས་ཀྱི་སྟེང་དུ་མཚན་དང་ས་གནས་གང་ཡིན། ཆོལ་ཁ་དང་ཆོས་ལུགས། དུས་ཚིགས་ནམ་བྱུང་སོགས་གསལ་ཁ་ཡོད་པའི་སྟེང་ནས་པར་རིས་ཆེན་པོ་ཞིག་ཀྱང་བཤམས།

གཞན། དགོང་མོ་དེར་མགོ་བླ་སྤྲུལ་དགེ་བཤེས་ནས་མཇུག་གསར་བ་ཡན་ཆད་ཕེབས་དགོས་པའི་རྒྱུ་མཚན་དང་བཅས་གསུངས་པས་དགེ་འདུན་པ་གང་མང་ཕེབས་པ་དང་། མར་མེ་ལ་ཞལ་འདེབས་དང་འཕྲིན་བཅོལ་སོགས་ཀྱི་སླད་དུ་གྲྭ་རྐྱང་དག་གིས་དངུལ་གང་འཚམ་བཏང་སོང་། ནམ་རྒྱུན་ཡིན་ན་བྱ་བྲལ་ཁང་ཚན་གྱིས་ལོ་སར་རྒྱས་པ་གཏོང་མོད། ད་ལོ་བོད་ནང་གི་ད་ལྟའི་གནས་སྟངས་སོགས་ལ་གཞིག་སྟེ་ལོ་སར་བཏང་མེད་པ་དང་། དགོང་མོ་ཆུ་ཚོད་༡༠་བ་ནས་༢་བ་པར་ཚོགས་འཚོགས་ཏེ་ལྷ་མོ་སོགས་ཀྱི་འཕྲིན་བཅོལ་དང་བསྐང་གསོལ་རྒྱས་འདོན་གནང་། ཁང་ཚན་གྱི་ཕྱག་མཛོད་ཁང་གིས་དགེ་འདུན་པ་ཚོ་ལ་སྐུ་འགྱེད་སྒོར་ལྔ་བཅུ་རེ་དང་། གཞན་སྦྱིན་བདག་མང་བོ་ཞིག་གིས་དགེ་འདུན་པ་ལ་བསྙེན་བཀུར་ཟབ་རྒྱས་གནང་།

དེའི་སྐབས་ཀྱི་སྐྱབས་ཞུའི་ནང་དོན་གཙོ་བོ་བོད་ནང་གི་སྤུན་ཟླ་གྲོངས་ཟིན་པ་དག་ལ་དལ་འབྱོར་གྱི་རྟེན་བཟང་ལེགས་པོ་ཐོབ་པ་དང་། ཤུལ་ལྷག་ཚོའི་བསམ་དོན་འགྲུབ་ཆེད་དུ་ཞེས་གསལ་བར་བྲིས་འདུག གང་ལྟར་ཁང་དགེ་མཆོག་གིས་གདུང་སེམས་མཉམ་བསྐྱེད་དང་བསྔོ་བ་སྨོན་ལམ་གསུངས་དགོས་ལུགས་ཀྱི་རྒྱུན་མཚན་གང་མང་གནང་ཡང་ཡིག་ཚོགས་ལ་དོགས་ནས་མ་བྲིས། ། ཨ་རིག་དགེ་མཐོང་གིས་མཁོ་སྤྲོད་བྱས།

གསར་འགྱུར།

Post navigation

Previous Post: དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅར་འདྲི་ཞུས་པ་ཁག་ཅིག
Next Post: བོད་ཀྱི་ཞིབ་འཇུག་ལ་ཧ་ཅང་ཕན་ཐོགས་ཆེ་བའི་དཔེ་མཛོད་ཁང་འགའ།

Comments (8) on “སེར་བྱེས་བྱ་བྲལ་ཁང་ཚན་གྱིས་མཆོད་འབུལ།”

  1. ཚ་སྒང་ཕོ་ཉ། says:
    2012-02-24 at 11:07 pm

    གྲོགས་པོ་དགེ་མཐོང་ལགས་ཀྱིས་མཆོད་འབུལ་གྱི་གནས་ཚུལ་འདིར་འགོད་པར་ཐུགས་རྗེ་ཆེ།
    ཞོལ་དུ་ཞུ་རྒྱུར་བྱ་བྲལ་ཁང་མཚན་ལ་དགེ་སྐོས་གཅིག་གང་ནས་བྱུང་བ་རེད། གོང་དུ་དགེ་སྐོས་དང་འོག་ནས་ཁང་དགེ་ཞེས་ཡི་གེ་དུམ་བུ་ཞིག་ལ་མིང་ཚིག་མི་མཐུན་པ་གཉིས་བེད་སྦྱོད་བྱེད་པར་དགེ་མཚན་དེ་ཙམ་མ་ཐོང།

  2. ཨ་རིག་དགེ་མཐོང་། says:
    2012-02-24 at 11:43 pm

    ཚྭ་བ་ཁང་ཚན་ལ་དགེ་བསྐོས་མེད་པས་ག་རེ་བྱེད་བྱེད་ཡིན་པ་འདྲ། ཀུ་རེ་ཡིན། ཁང་ཚན་གྱི་དགེ་བསྐོས་ཡོད་རེད་ལོ། ལོ་རྒྱུས་ཀྱི་ཡིག་ཚགས་རིགས་བསྔོག་ནས་ལྟ་རོགས་ཞུ། གཞན། ཁྱེད་ཕེབས་པར་དགའ་བསུ་ཞུ། དགེ་བསྐོས་ལབ་ན་གདན་སའི་གྲྭ་ཚང་གང་རུང་ཞིག་གི་དགེ་བསྐོས་མིག་ལམ་དུ་འཆར་བ་ནི་སེམས་ཏོག་ཙམ་ཆུ་དྲག་པས་རེད་ལགས།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-02-25 at 12:29 am

    དགོང་། ཞེས་པར་བཀའ་འགྱུར་བསྟན་འགྱུར་དང་། བུ་སྟོན་རིན་པོ་ཆེ་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་བོད་ཀྱི་ཚད་ལྡན་གྱི་ཡིག་ཆ་དག་དང་། དེ་དག་མཐུན་པར་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་ན། དགོངས། ཞེས་བཀོད་དོ།།

  4. ཚུལ་ཁྲིམས། says:
    2012-02-25 at 3:20 am

    དངོས་གནས་ཡག་པོ་འདུག་དྲན་སོང་། ཐུགས་སྨོན་སྐྱབས་འཇུག་ཡག་པོ་གནང་ཡོད་པའི་རེ་བ་ཆེ།
    གལ་ཏེ་དེ་ལྟར་མིན་ན་ཧ་ལས་རྒྱུ་མི་འདུག

  5. ཞལ་ལུ་དཀར་པོ says:
    2012-02-25 at 3:52 am

    བྱ་བྲལ་ཟེར་བ་དེའི་དོན་ཧ་གོ་ན་བཟང།

  6. བོད་ཀྱི་བུ། says:
    2012-02-25 at 4:57 am

    ༢༠༡༡ ལོའི་ལོ་མཇུག་མ་རེད་ ༢༡༣༨ ལོའི་ལོ་མཇུག་རེད། ཧ་ཧ་ཧ་ཧ་ཧ་

  7. ཀརྨ་ཡེ་ཤེས says:
    2012-02-25 at 5:11 am

    སེར་ཤུལ་བྱ་བྲལ་ཁང་ཚན་དང་གྲྭ་རྟ་ཁང་ཚན་དེ་འདྲ་བོ་རེད། ད་རུང་མང་ནི་རེད།

  8. ཞལ་ལུ་དཀར་པོ says:
    2012-02-25 at 6:38 am

    བྱ་བྲལ་ཁང་ཚན་ཡིན་ནི་མ་རེད་བྱ་འབེལ་ཁང་ཚན་ཡིན་ནི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme