Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་པ་འཚིག་སོང་། སྙིང་ན་ནས་ཤི་ས་རེད།

Posted on 2011-10-17 By ཁ་བརྡ་ 2 Comments on སེམས་པ་འཚིག་སོང་། སྙིང་ན་ནས་ཤི་ས་རེད།

བོད། ལྷ་ཀླུ་གཉན་གསུམ།

ཉི་མ་འདི་དག གོ་ན་མི་འདོད་པའི་གཏམ་དག་ནི་མྱ་ངན་གྱི་རོལ་དབྱངས་ཤིག་རེད། དེ་ནི་བོད་ནས་མཆེད་དེ་འོང་བའི་གཅིག་རྗེས་གཅིག་མཐུད་དུ་འོང་བའི་མི་རིགས་ཤིག་གི་གསོན་གནས་ཆེད་དུ་འབར་བཞིན་པའི་དུས་རབས་ཉེར་གཅིག་པའི་ནང་གི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་གལ་ཆེན་ཞིག་གི་མེ་ལྕེ་དག་གཞོན་སྐྱེས་ཤ་སྟག་གི་ལུས་པོ་ནས་མཆེད་དེ་འོང་བའི་འཛམ་གླིང་ཟླུམ་པོ་འདིའི་སྟེང་གི་མི་སེམས་ཡོད་སུ་ཞིག་གི་གོ་ན་ཡིད་སྐྱོ་བའི་གནས་ཤིག་ལོས་ཡིན། ལྷག་དོན་དུ་བོད་ཀྱི་རིགས་སུ་སྐྱེ་བ་བླངས་པའི་བོད་མི་སྐྱ་སེར་སུ་ཞིག་གི་རྣ་བར་ཡིད་སྐྱོའི་གནས་ཚུལ་འདི་དག་གཅིག་རྗེས་གཉིས་མཐུད་དུ་སླེབས་དུས། ང་དང་འདྲ་བར་བསམ་རྒྱུ་དྲན་རྒྱུ་མེད་པར་གྱུར་ནས། ད་ནི་དུས་ཚོད་གང་ཞིག་ལ་སླེབས་ཡོད་དམ་སྙམ་ནས་རང་གིས་རང་ལ་དྲི་བ་འདོན་པའི་དུས་ཀྱང་ཤར་ངེས་ཡིན།

ངའི་སེམས་པ་འདི་ལྟར་འཚིག་ནས་ཡོད། སྙིང་ཁམས་ཀྱང་མི་བདེ་བར་གྱུར་སོང་། ཐག་རིང་ས་ཞིག་ནས་རང་དབང་ཡོད་ས་ཞིག་ནས། གནམ་འོག་ན་ཡ་ང་བའི་གདུག་རྩུབ་མྱོང་བཞིན་པའི་རིགས་མཐུན་གྱི་སྤུན་ཟླ་དག་གི་ཆེད་དུ། རྐ་ལག་གང་ཡང་འགུལ་བསྐྱོད་བྱེད་མ་ཐུབ་པར་དྲ་ངོས་སོ་སོ་ནས་གསར་དུ་ཐོན་བཞིན་པའི་གནས་ཚུལ་དག་ལ་བལྟས་ནས་སེམས་འཚིག་ནས་ཡོད། སེམས་འཚིག་སྟངས་འདི་ཡང་དངོས་ནས་ཁྱད་མཚར་ཞིག་རེད། མཚམས་རེར་རང་ཉིད་ཀྱི་ལག་པར་དར་ཆ་ཞིག་བཟུང་ནས་རྒྱ་ནག་སྲིད་གཞུང་གི་གཞུང་ཚབ་ཁང་གི་སྒོ་འགྲམ་དེར་སོང་ནས་ངུ་དགོས་སམ། དེ་ལྟར་ངས་ཉིན་མ་ག་ཚོད་ལ་བྱེད་ཐུབ་བམ། ཡང་ན། ཉིན་མ་ག་ཚོད་ཅིག་གི་རྗེས་སུ་རྒྱ་ནག་གཞུང་ཚབ་ཁང་གིས་བཀའ་བཀོད་འོག རྒྱལ་ཁབ་འདིའི་སྤྱི་བདེ་མི་སྣ་ཡིས་ང་རང་ཁྲིད་ནས་འགྲོ་སྲིད། གཅིག་བྱས་ན་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་ང་རང་གང་ཞིག་ནས་ལུ་གུ་གླག་རྒོད་ཀྱི་བཟུང་བ་ལྟར་འཁུར་ནས་འབུད་འགྲོ་ན་ཐང་། དེ་དུས་ངས་བོད་ནང་གི་སྐྱེ་བོ་དེ་དག་གི་ཁ་ཆེམས་སྒྲུབ་པ་ཡིན་ནམ།

ངའི་སེམས་པ་འཚིག་ནས་ཡོད། དྲ་ངོས་སུ་བལྟས་ན། ནམ་རྒྱུན་ལྟར་བོད་ནང་གི་ལས་འགུལ་ལ་སྒུག་ནས་ཉིན་མ་ཁ་ཤས་དང་དུས་ཚོད་ཁ་ཤས་རིང་དུ་ལས་འགུལ་སྤེལ་མཁན་གྱི་ཚོགས་སྐྱིད་ཁག་ཡང་གྲགས་ནས་འོང་གི་འདུག དེ་དག་གིས་ཀྱང་གློ་བུར་དུ་མདུན་དུ་ཐོན་ནས། གློ་བར་དུ་ཡལ་འགྲོ་ངེས་ཡིན་ནམ། ང་དེ་དག་གི་རྗེས་སུ་འགྲེངས་ནས་ངས་རང་ཉིད་བོད་མི་ཞིག་ཡིན་པ་བདེན་དབུང་བྱེད་དགོས་སམ། དེ་མིན་ན། དབའ་རྒོད་ཁེར་རྒྱུགས་ཤིག་བྱས་ན། ཕན་ཐོག་པ་དང་འཛམ་གླིང་མི་མང་གཉིད་ལས་སད་ནས་བོད་མི་དེ་དག་སྙིང་རྗེ་བའི་ཡུལ་རེད་ཅེས་བཤད་ནས། བོད་མི་དག་ལ་རང་དབང་གི་རྒྱབ་སྐྱོར་བྱེད་དུ་འོང་སྲིད་དམ། དེ་ཡང་བོད་མི་དག་གི་ནམ་རྒྱུན་རྨིས་བཞིན་པའི་རྨི་ལམ་མ་ཡིན་ནམ། དོན་དངོས་ཐོག་བྱེས་གྱར་བོད་མི་དག་བོད་དོན་བྱེད་པ་དང་བོད་མི་མང་གི་རང་དབང་འཐབ་རྩོད་བྱེད་པའི་སེམས་ཀྱི་སྟོབས་ཤུགས་དེ་བོད་ནང་ནས་འབར་བཞིན་པའི་དུས་རབས་ཉེར་གཅིག་པའི་མེ་ལྕེ་དམར་པོ་དེ་དག་གི་སེམས་ཤུགས་ལས་ཚད་འཇལ་ན་ཅི་ཙམ་ཐོན་ཡོད་སྲིད་དམ།

གཅིག་བྱས་ན། ད་རེབས་ཀྱི་ལས་འགུལ་འདི་ནི། ཉིས་སྟོང་བརྒྱད་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་དང་བོད་དོན་ཐག་གཅོད་ཡོང་བའི་གྲུབ་འབྲས་ཤིག་ཤར་ཡང་མི་སྲིད་མ་རེད། དེ་འདྲ་ཞིག་ཡོང་མིན་དེ་ནི་ཚོགས་སྤྱི་སྒེར་སུ་ཞིག་ནས་ལས་འགུལ་འགོ་བཙུགས་པ་ཡིན་ན། འགོ་བཟུང་བ་དེར་མཇུག་ཡོད་པ་དང་། མཇུག་དེ་ཡང་གྲུབ་འབྲས་ཡོད་པ་ཞིག་བཟོ་ཐུབ་པ་ཡིན་ན། གཟོད་ནས་ཤི་བའི་ཁ་ཆེམས་དང་གསོན་པོའི་ལག་རྗེས་བཅས་ཡོང་ངེས་ཡིན་པ་མ་ཟད། ཁ་བ་གངས་ཅན་པའི་ལས་དབང་ལ་འགྱུར་བ་ཞིག་འགྲོ་ཐུབ་མིན་དེ་ཡང་ཁ་བ་གངས་ཅན་པའི་མི་རིགས་རང་ཉིད་ལ་རེག་ལས་པ་ཚང་མས་ཐུགས་བསམ་ལེགས་པོ་བཞེས་ནས་ལས་འགུལ་དོན་སྙིང་ཡོད་པ་ཞིག་སྤེལ་བར་ངའི་སེམས་པ་འཚིག་ཞོར། སྙིང་ན་ཞོར། ཡིད་སྐྱོ་ཞོར། རང་ཉིད་བོད་མི་ཞིག་དུ་སྐྱེ་ནས་བོད་དོན་བྱེད་པར་གྲ྄་སྒྲིག་ཨང་གསར་གང་ཡང་མེད་པ་བཅས་ལ་འཁང་ར་དང་བཅས། བོད་རིགས་གང་ན་སུ་ཡོད་པ་ཞིག་གིས་བོད་དོན་དུ་ལས་འགུལ་གང་སྤེལ་བ་དེ་དག་གྲྭ་སྒྲིག་ཡོད་པ་ཞིག་སྤེལ་བར་སྙིང་ཐག་པ་ནས་འབོད་སྐུལ་ཞུས་པ་ཡིན། གཅིག་བྱས་ན། བཙན་བྱོལ་དུའང་རང་ལུས་མེ་རུ་སྤར་བའི་གཞོན་རབས་ཤིག་ཡོང་མི་སྲིད་པ་མ་རེད། དེ་དུས་ཚོགས་སྤྱི་སྒེར་བ་སོགས་ལ་དེ་དག་གི་ཚེ་སྲོག་གི་འབོད་སྐུལ་དེར་དང་ལེན་བྱེད་མིན་གྱི་བསམ་ཚུལ་དང་སྔོན་འགོག་གང་ཡོད་མེད་ཐད་དུ་ཐུགས་བསམ་ནན་གྱིས་བཞེས་རྒྱུ་མཁྱེན།

སྣ་ཚོགས།

Post navigation

Previous Post: ཤོག་བུའི་སེང་གེ
Next Post: དོན་ངོ་མར་རྔ་བ་རུ་ཅི་ཞིག་མང་ངམ།

Comments (2) on “སེམས་པ་འཚིག་སོང་། སྙིང་ན་ནས་ཤི་ས་རེད།”

  1. སྤྱན་ཆབ་ཀྱིས། says:
    2011-10-18 at 7:50 am

    དྲ་གྲོགས་བོད་ལྷ་གླུ་གཉན་གསུམ་ལགས།
    ཉིད་ཀྱི་ཁ་བྱང་དེ་༼སེམས་པ་ཚིག་སོང་། སྙིང་ན་ནས་འཆི་ས་རེད༽ཟེར་ནི་མ་རེད་དམ། ཁ་བྱང་གི་ཡིག་ནོར་ལའང་ཅི་མི་སྙམ་པར་བཏང་བས་ཅི་བྱའོ། འདི་ཡང་བདག་གཞི་མགྲོན་ཚང་མ་བསམ་པའི་ཁུལ་ཡིན།
    …..སྤྱན་ཆབ་ཀྱིས།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2011-10-18 at 6:57 pm

    སྤྱན་ཆབ་ལགས། ཁ་བྱང་ཐད་དུ་ཉིད་ནས་གསལ་བཤད་བྱས་པ་དེར་བཀའ་དྲིན་ཆེ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme