Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་པ་བོད་ཡུལ་དུ་ཕྱོགས་པའི་གཞིས་མགོ།

Posted on 2010-04-282010-04-29 By དབང་ཕྱུག་ 7 Comments on སེམས་པ་བོད་ཡུལ་དུ་ཕྱོགས་པའི་གཞིས་མགོ།

༤་ ༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ནས།

མདོ་ཁམས་སྐྱེ་དགུ་མདོ་རུ་ས་ཡོམ་གྱིས་གོད་ཆག་བྱུང་ནས་འཛམ་གླིང་གང་སར་འཁོད་པའི་བོད་རིགས་རྣམས་ཀྱིས་དངོས་ཤུགས་རྒྱུད་གསུམ་ནས་བླ་ན་མེད་པའི་སེམས་ཁུར་དང་། གདུང་སེམས་མཉམ་སྐྱེད། ཁུར་མཉམ་ལེན་བྱས་དང་བྱེད་བཞིན་པ་རེད། ད་ཐེངས་ཕྱི་སྡོད་ཡུལ་ཤུལ་བས་༼ ༤་ ༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་༽བཙུགས་ནས་གོད་ཆག་དེའི་འོག་ཏུ་འདས་གྲོངས་སུ་སོང་བ་རྣམས་ལ་འཆོད་འབུལ་དང། བསྔོ་སྨོན་སོགས་བདུན་ཚིགས་གཉིས་པ་དེ་སྲུང་བརྩི་བྱེད་བཞིན་པ་དང། ཤུལ་ལུས་རྣམས་ལ་དངུལ་དངོས་ཀྱི་རོགས་སྐྱོར་རམ་སེམས་པ་མཚོན་བྱེད་ཙམ་ཞིག་གི་ལས་ཀ་འགོ་སློང་སྐབས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཞལ་འདེབས་གསལ་སྒྲགས་ཀྱི་ཚོགས་འདུས་རྒྱས་པ་བསྡུས་ནས་སྐབས་དེར།
img_0346
གཞིས་མགོ་དཔལ་ལྡན་དོན་འགྲུབ་མཆོག་ནས། “ང་རང་རྒྱ་གར་ལ་དྭགས་བྱང་ཐང་དུ་སྐྱེས་པས་བོད་ཡུལ་མིག་གིས་མ་མཐོང་ཀྱང་ངའི་སེམས་པ་ནི་སྒ་སྐྱེ་དགུ་མདོའི་ས་ཡོམ་གྱི་སྡུག་བསྔལ་གྱིས་མནར་བཞིན་པའི་སྤུན་ཟླ་དང་། སྲིང་མོ་རྣམས་ཀྱི་ལྷན་དུ་ཡོད།” ཅེས་གསུངས

ཡང་ཁོང་གིས། “དེ་རིང་གི་གོད་ཆག་འདི་ཁྱོད་ཅག་སྐྱེ་དགུ་མདོ་པ་རྣམས་ཀྱི་གོད་ཆག་ཙམ་མ་རེད། འདི་ང་ཚོ་བོད་རིགས་ཡོངས་ཀྱི་ཆག་སྒོ་ཞིག་རེད། དེས་ན་དཀའ་ངལ་འདི་ལ་བོད་རིགས་ཡོངས་ཀྱིས་གདོང་ལེན་བྱེད་དགོས་ངེས་རེད།”གསུངས།

ཡང་ཁོང་གིས་ཞལ་འདེབས་ཀྱི་སྐོར་ནས་གསུངས་དོན། “དེ་སྔའི་ལོ་རྒྱུས་ཐོག་ཏུ་ཞལ་འདེབས་མང་པོ་བསྡུ་མྱོང་ནའང་བོད་ཡུལ་དུ་གནས་པའི་བོད་མི་མང་གི་ཆེད་དུ་ཞལ་འདེབས་བསྡུ་བ་དང་པོ་དེ་ཆགས་ཡོད། དེས་ན་གྲྭ་ཚང་ཁག་དང། བླ་བྲང་སོགས་དཔལ་འབྱོར་ཡོད་མཁན་དག་གིས་སེར་སྣ་མེད་པར་ཤུགས་ཆེར་གཏོང་རྒྱུ་དང་། འབྱོར་ལྡན་མིན་ནའང་སེམས་ཤུགས་མ་ཆགས་པར་ལྷག་བསམ་དང་། ལ་རྒྱ། རིགས་ཞེན་གྱིས་སྒོར་མོ་གཅིག་ཙམ་ཡིནའང་ད་ཐེངས་གཏོང་ས་ནོར་མེད་པ་རེད།” གསུངས།

གསར་འགྱུར།

Post navigation

Previous Post: བོད་འབྱོར་རྩོམ་ཡིག་ -ཡ་ང་བའི་ས་ཡོམ་ཆེན་པོས་གོད་ཆག་འདི་འཁྲབ་སྟོན་གྱི་གོ་སྐབས་ཤིག་ཏུ་མ་འཛིན་རོགས།
Next Post: ཞོགས་དུང་གཅིག་བུ་ལས་ང་ཚོ་གླེང་རྒྱུ་མེད་སོང་བ་རེད་དམ།

Comments (7) on “སེམས་པ་བོད་ཡུལ་དུ་ཕྱོགས་པའི་གཞིས་མགོ།”

  1. པད་མ་ says:
    2010-04-28 at 11:19 pm

    i’m so sad about it. but what to do

  2. འཇམ་དབྱངས་ཤཱསྟྲཱི། says:
    2010-04-29 at 12:50 pm

    འཛིན་གྲོགས་དཔལ་ལྡན་དོན་གྲུབ་ལགས།  ཁྱེད་ཀྱིས་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ལས་དོན་ཧུར་ཐག་གནང་བཞིན་པར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད།

  3. འཇམ་དབྱངས་ཤཱསྟྲཱི། says:
    2010-04-29 at 12:58 pm

    དཔལ་ལྡན་དོན་གྲུབ་ལགས། ངས་ཁྱེད་ལ་འབྲེལ་བ་བྱ་དགོས་བསམ་ཡང་གློག་འཕྲིན་གྱི་ཁ་བྱང་དང།  ཁ་པར་ཨང་གྲངས་མེད་པས་འབྲེལ་བ་བྱ་མ་ཐུབ།  ང་ལ་ཁ་པར་གྱི་ཨང་གྲངས་སམ་གློག་འཕྲིན་གྱི་ཁ་བྱང་ཞིག་འདིར་འགོད་རོགས།

  4. Palden Dhondup says:
    2010-05-02 at 8:23 am

    Jamyang la, really thank u very much. Where are you? My mail address and my cellphone No. 09448484732, 09686927532
    Email address. tsotsopon@yahoo.co.in

  5. Palden Dhondup says:
    2010-05-02 at 8:35 am

    Jamyang la. Oh!!!!! really thank you. I was tryin to contact you since I heard about your message. But my Tibetan font is not working properly. Its a big pleasent surprise to hear from you after such a long gap. So sorry for writing you in English. My email address is tsotsopon@yahoo.co.in and cellphone No. 09448482732, 09686927532 Ah Pema la PemaNgodup la and Nyedon Rinpoche and myself sending you lots of love and good wishes.

  6. བརྩོན་འགྲུས་ says:
    2010-05-09 at 4:26 am

    འཇམ་དབྱངས་ནས་མོན་གྷོ་ས་གནས་གཞིས་འགོར་བྲིས་པའི་ཡིག་ལན་དབྱིན་ཇིའི་སྟེང་ནས་བྲིས་པ་དེ་ཡག་པོ་རེད། ཡིན་ན་ཡང་ང་ཚོར་མཚོན་ན་བོད་མི་སྐྱབས་བཅོལ་བ་ཞིག་གི་ན་ཟུག་དེ་དབྱིན་ཇིའི་ཐོག་ནས་ཁ་བརྡ་བྱེད་རྒྱུ་དང་། ཡི་གེ་སྐུར་རྒྱུ་དེ་གཙོ་བོ་མ་རེད། བོད་སྐད་གཙང་མ་ཞིག་དང་། བོད་ཡིག་དག་མ་ཞིག་གི་ཐོག་ནས་ཁ་བརྡ་བྱེད་རྒྱུ་དེ་གལ་ཆེན་དུ་མཐོང་སོང་བས་རྗེས་ཕྱོགས་ནས་བོད་ཡིག་འབྲི་རོགས་ཞུ་རྒྱུ་ཡིན། བོད་ཡིག་ཤེས་ཀྱི་མེད་ན་གནས་ཚུལ་ཁ་ཁ་རེད

  7. བསིལ་རླུང་ says:
    2010-05-09 at 5:47 am

    མོན་གྷོ་ས་གནས་སྐུ་ངོ་གཞིས་འགོ་མཆོག་ནས་སེམས་པ་བོད་ཡུལ་ན་ཡོད་རབས་གསུང་བ་དེ་དངོས་ནས་སེམས་གཏིང་ནས་ཡིན་པའི་རེ་བ་ཡོད། དུས་ནམ་ཞིག་ཡིན་ན་སེམས་པ་བོད་དུ་ཡོད་དགོས་པ་ཞིག་ལས་སྐབས་རེར་ཡོད་ལ་སྐབས་རེར་མེད་ན་གཞིས་ལུས་རྒྱ་ཆེའི་མི་མང་བློ་བདེ་བོ་ཡོང་གི་མ་རེད། དེ་མཁྱེན་པ་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme