Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་པ་ཐང་མར་བརྡལ་བ།༼ སེམས་འཕྲིན་ཁག་གཉིས་པ། ༽

Posted on 2011-05-05 By ཁ་བརྡ་ No Comments on སེམས་པ་ཐང་མར་བརྡལ་བ།༼ སེམས་འཕྲིན་ཁག་གཉིས་པ། ༽

(རང་ཉིད་དང་སྨྲ་བ་ཨམ་ཚུགས་ཀྱིས་བསྡམས་ཤིང་ངོ་གདོང་དང་ཟུར་མིག་སྐྲ་ལོ་ཡི་བཀབ་ནས་ངས་དོན་ངོ་མར་ཅི་ཞིག་བསམ་བཞིན་ཡོད་དམ།)
ཁ་བྱང་གི་རོལ་ཆ་དཀྲོལ་བ།

ཐོར་རྒོད་པ་སྤྱན་ཆབ།
ལོ་ངོ་གཉིས་ཀྱི་ཡར་སྔོན་ཞིག་ང་ལའང་ང་རང་ཉིད་ཀྱི་ང་རྒྱལ་དང་ཕོ་ལོ་ཉི་ཤུའི་སྣང་པ་དེ་ཡོད།ཡིན་ན་ཡང་།ཆུ་ཚོད་ཀྱི་བཞུར་སྒྲས་བསམ་གཞིག་ག་ལེར་སྒུལ་ཞིང་ལག་པ་བྲང་ཁར་བཞག་ན།ངས་ནི་ང་རང་ཉིད་ལ་མགོ་སྐོར་གཏོང་བཞིན་པ་དང་ཀུན་ནས་འདྲ་ལ་ཁྱོད་ཉིད་ལ་སྐྱག་རྫུན་བཤད་བཞིན་པ་དང་ཡེ་ནས་མཚུངས་པས།ཡང་བསྐྱར་རང་ཉིད་ཀྱི་སེམས་པ་འདི་ཐང་མར་བརྡལ་བ་ཡིན།པ་ཀོ
ཤུགས་རིང་གྲངས་མེད་ཅིག་གིས་རང་ཉིད་ཀྱི་སྨྲ་ལྕེ་གཏུབས་ཀྱང་མ་གཏུབ་ཀྱང་ཕྱག་རྒྱ་སྣ་ཚོགས་ཞིག་གིས་རང་སེམས་འདི་མནན་ཡང་མ་མནན་ཡང་།ང་རང་དུང་བའི་སྐྲ་ལོ་ཁྱོད་སར་གཡོ་བ་བདེན་པ་བདེན་རྐྱང་དུ་ཟད་འདུག་ལ་ཁྱོད་རང་སྐྱོ་བའི་མཆི་མས་མི་སེམས་བརླན་པ་དྲང་བོ་དྲང་བཞག་ཏུ་གྲུབ་འདུག པ་ཀོ

དོན་ངོ་མར་ལོ་ངོ་འདི་དག་དང་སྐར་ཆའི་བར་གསེང་རེ་ནས།ལན་རེར་ངས་རང་ཉིད་ལ་དབུ་ཆང་གི་ངར་ཤུགས་བླུད་ནས།སྐབས་རེར་ངས་རང་ཉིད་ལ་དྲང་བདེན་གྱི་རྒྱབ་དཔུང་བཙལ་ནས།ཁ་པར་གྱི་ཆུ་སྒོ་གློ་བུར་གློ་བུར་དུ་ཕྱེས་ཡོང་བར་ཁྱེད་ཀྱི་ཅི་ཞིག་སྙམ་སོང་།ངའི་གནམ་གཤིས་ལ་འགྱུར་བག་རྒོད་པར་ཨེ་བསམ།ངའི་དྲན་སྣང་ལ་རབ་རིབ་རྒོད་པར་ཨེ་འདོད།པ་ཀོ

འུ་ཅག་གིས་ཟླ་བར་རོལ་ཞིང་སྐར་ཚོགས་ཀྱི་སེམས་པ་བཟོས་པ་དེ།ད་དུང”མེ་ཏོག”ཚོད་དུ་ངུས་ཤིང་མིག་ཆུས་ཁྱོད་རང་བརླན་པ་དེ།ཁྱོད་རང་ཚོད་ཚོད་དུ་ལྐུག་ཅིང་རྣམ་པས་ང་རང་བསད་པ་དེ།རྒྱ་ལམ་འོག་གཤམ་ཞིག་སྟེ་གྲོང་གསེབ་ཆུང་ངུ་ཞིག་གི་གོང་རོལ་དེ་དྲན་ནམ།པ་ཀོ

བསམ་གཞིག་ལོ་རྩེག་ཟླ་རྩེག་གྱིས་ཕྱིེར་དྲན་གསལ་ནས་གསལ་དུ་བཏང་ན་ཡང་།ཨམ་ཚུགས་གཅིག་ཐོག་གཉིས་རྩེག་ཀྱིས་རང་ཉིད་ཀྱི་ངོ་གདོང་འདི་ཡོངས་སུ་བཀབ་ནའང།ཞིབ་མོར་གཞིགས་ན་ངས་རང་ཉིད་མི་ཞིག་བྱེད་སྙན་ངག་གི་རལ་གྲི་ཕྱར་ཡོད་པས་གང་དུ་སྐྱག་རྫུན་བཤད་ཅིང་སུ་ལ་དབུ་སྐོར་གཏོང་ས་ཡོད་དམ།པ་ཀོ

ད་དུང་སྤི་རག་གི་དྲི་མ་ཙམ་གྱིས་ང་ཚོ་བཟི་ཞིང་ལུང་ཁུག་གི་རླུང་འཚུབ་ཙམ་གྱིས་ཚོར་བརྙས་ཤིང་སྨོད་མྱོང་བ་དེ་ཁྱོད་ཀྱིས་བརྗེད་ཆེ་ཡོད།དེ་དུས་ངས”རྡོ་ཁང་གྲུ་བཞི་ཞིག་ལ།།སྐུ་མགྲོད་མོད་པོ་འཁོར་ཀི།ཁང་བདག་བཙན་པོ་ཞིག་གིས།།བཀའ་བཀྱོན་མང་པོ་གཏོང་གི།”བྲིས་ཤིང་ཁྱོད་ཀྱིས”སམ་སིམ་ངང་ང་རང་ཁྱོད་ཁ་བྲལ”གྱི་དབྱངས་རྟ་ཡང་ཡང་གྱེན ་བཞིན་པ་ངས་ད་དུང་གསལ་གསལ་ཏང་ཐང་གིས་གོ་ཐུབ་ཀི པ་ཀོ

ཡིན་ན་ཡང་།ངས་བཤད་པའི་སྐད་ཆ་འདི་ལ་སྣག་ཤོག་གི་འགྲོ་གྲོན་ཙམ་ལས་ཅི་ཡང་མེད་པར་སེམས་ཆོགངས་བྲིས་པའི་སེམས་པ་འདི་ལ་སྲ་བརྟན་གྱི་ཞབས་ཅུང་གཅིག་ཀྱང་ཡེ་ནས་བྲལ་བར་སྙམ་ཆོགངས་ནི་རང་ཉིད་ཀྱི་སེམས་པ་འདི་ཐང་མར་བརྡལ་པ་ཙམ་ཡིན་ལ་རང་ཉིད་ཀྱི་མིག་ཆུ་འདི་ཕྱི་རུ་ཕྱུངས་པ་ཙམ་ཡིན།གང་ལྟར།འདི་ཡང་རང་ཉིད་ཀྱིས་སྤྱད་ཆོག་པའི་ཁེ་དབང་ཉ ག་གཅིག་སྟེ་ངས་རང་ཉིད་རང་ཉིད་ངོ་མ་ཞིག་ཏུ་བཟོ་བའི་ལམ་བུའང་ཡིན།པ་ཀོ

Su/5/04/2011

སྣ་ཚོགས།

Post navigation

Previous Post: སྐྱེས་བུ་རླབས་པོ་ཆེ།
Next Post: མཇེ་ཤུན་གཏུབ་ན་ད་གཟོད་ང་ཚོའི་མི་རིགས་ཆགས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme