Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད་བཅུ་བདུན་པ།

Posted on 2015-04-172015-04-17 By ཁ་བརྡ 9 Comments on སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད་བཅུ་བདུན་པ།

མི་གསོན་པོས།

unnamedལོ་ངོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མངའ་བའི་སངས་རྒྱས་ཀྱི་སྲས་པོ་ཞིག ལོ་ན་བཅོ་ལྔ་ཙམ་གྱི་ལང་ཚོ་རྫོགས་པའི་སྙིང་སྟོབས་ཅན་གྱི་མི་བུ་དར་མ་ཞིག རང་རིགས་ལ་དུང་ཞིང་རང་དབང་ལ་དགའ་བའི་ཐུགས་འདུན་ཟབ་མོས། མུན་ནག་གི་ཁྲོད་ནས་ཧི་མ་ལ་ཡི་རི་བོ་བརྒལ་ཏེ་འཕགས་པའི་ཡུལ་དུ་གོམས་སྟབས་བསྒྱུར། བླ་མེད་ཀྱི་དབུ་ཁྲིད་ཅིག་གི་ཐུགས་འདུན་ཡོད་ཚད་བསྐང་ཞིང་། ཆོས་ལྡན་གྱི་ཞིང་ཁམས་ཤིག་ལ་རེ་བའི་ཚེ་སྲོག་ཟབ་མོ་བྱིན། ངོ་མཚར་གྱི་རྣམ་ཐར་དང་། གཟི་བརྗིད་ཀྱི་མཚན་དཔེ། རླབས་ཆེན་གྱི་མཛད་སྤྱོད་སོགས་ཀྱིས་ས་ཆེན་གྱི་ཁམས་སུ་མཚན་སྙན་ཉི་ཟླ་ལྟར་འབར་ཡང་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་མཛད་འཕྲིན་གྱི་ཁོར་ཡུག་གཞན་དབང་ཅན་དུ་གྱུར་ཏེ། ཤར་ནུབ་ཀྱི་རྒྱལ་ཁབ་དུ་མར་གནས་པའི་རྗེ་གོང་འོག་གི་ཞལ་སློབ་དང་ཆོས་སྡེ་ཁག་གིས་གདན་ཞུས་ཕུལ་བ་ལྟར་ཕེབས་བསྐྱོད་ཐུབ་མེད་ཀྱང་། འདི་ལོ་བོད་མི་སྒྲིག་འཛུགས་ཀྱི་བཀའ་དྲིན་དང་། གནས་ཡུལ་རྒྱ་གར་གཞུང་གི་ཆོག་མཆན། ཨ་རིའི་སློབ་གྲྭ་ཆེན་མོ་ཁག་གི་བདག་རྐྱེན། ཀརྨ་པའི་ཐེབས་རྩ་ཚོགས་པའི་བྱ་གཞག་སོགས་ལ་བརྟེན་ནས་ཞབས་ཀྱི་འཁོར་ལོ་ཨ་རི་ཡུལ་དུ་བསྒྱུར་ཏེ་རླབས་ཆེན་གྱི་མཛད་འཕྲིན་ཟབ་མོ་ཇི་སྙེད་ཀྱིས་སེམས་དཔའ་ཆེན་པོས་འོད་སྣང་ནུབ་ཕྱོགས་སུ་མཆེད་པའི་དུས་ཀྱི་ཆར་ཏེ། སྤྱི་ཟླ་༤་ཚེས་༡༤ཉིན། ཨ་རི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་གསར་འགྱུར་ལས་ཁང་ཁག་གཉིས་ཀྱི་བཅའ་འདྲི་ལ་ཞལ་བཞེས་གནང་དེ་ལན་འདེབས་མཛད་པ་དང་། དགོང་མོར་ཀརྨ་པ་ཐེབས་རྩ་ཚོགས་པས་གོ་སྒྲིག་ཞུས་ཏེ་ས་གནས་ཀྱི་ཆོས་སྡེ་ཁག་གི་བླ་སྤྲུལ་དང་། ཨ་རི་བོད་ཀྱི་དོན་གཅོད་ལས་ཐོགས་པ་དང་ཟུར་པ་སོགས་ཀྱིས་མཚོན་བོད་ཀྱི་ཆེ་མཐོའི་མི་སྣ་དང་། ཨ་རི་ཡུལ་གྱི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་སོགས་གནད་ཡོད་མི་སྣ། དེ་བཞིན་རྗེ་གོང་འོག་གི་ཞལ་སློབ་སོགས་འདུས་པ་བརྒྱ་ཕྲག་དུ་མ་ལ་བཀའ་ཆོས་ཟབ་མོ་བཀའ་དྲིན་སྩལ་གནང་གྲུབ་རྗེས་མེ་འཁོར་བརྒྱུད་དེ་རྒྱལ་ས་ཝ་ཤིན་ཊོན་དུ་ཆིབས་བསྒྱུར་བསྐྱངས།

unnamed༡

ཉིན་ལྟར་མཇལ་འཕྲད་དང་མཛད་རིམ་སོགས་ཀྱི་ངལ་གསོའི་བར་གསེང་ཤིན་ཏུ་དཀོན་ལ་བྲེལ་ཟིང་ཧ་ཅང་ཆེ་བས་འོ་བརྒྱལ་ཆེན་པོ་བྱུང་ཡོད་ངེས་ཀྱང་། འོ་བརྒྱལ་གྱི་རྣམ་པ་ཟུར་ཙམ་ཡང་མི་བསྟན་པ་ངེད་ཅག་ཞབས་འབྲིང་བ་རྣམས་ངལ་དུབ་ཀྱི་གཉིད་དུ་ཡུལ་བར་སྙིང་རྗེ་ཆེན་པོས་གཟིགས་ཙམ་དང་། རྗེ་ཉིད་ཀྱི་སྐུ་ཡི་ལྕམ་སྲིང་མ་དངོས་གྲུབ་དཔལ་འཛོམས་ལ་ཀུ་རེ་ཅུང་ཟད་གནང་བ་སོགས་ཐུགས་སྤྲོ་སྣང་ཆེན་པོས་བཞུགས་གནང་སོང་། ནམ་སྨད་ཀྱི་ཆར་ཆུ་ཚོད་གཉིས་པ་ཙམ་ལ་ཝ་ཤིན་ཊོན་དུ་འབྱོར་ཞིང་ཕྱི་ཉིན་ཞོགས་པའི་ཆུ་ཚོད་དགུ་པ་ནས་མཛད་རིམ་དབུ་འཛུགས་གནང་རྒྱུ་དང་ཉིན་གུང་གི་གསོལ་ཚིགས་བཞེས་པའི་དུས་ཚོད་མེད་པར་མཛད་རིམ་བང་བསྒྲིགས་འདུག་ཀྱང་ངལ་དུ་དང་སྐྱོ་སྣང་གི་རྣམ་པ་མི་མངའ་བ་དང་། དེ་བཞིན་ཟླ་བ་གཅིག་ལྷག་གི་དུས་ཡུན་ཁྲོད་དུ་འདི་ལྟར་ཉིན་བཞིན་མཛད་བྲེལ་གྱིས་བསྟན་འགྲོ་བདེ་དོན་བསྒྲུབས་པ་དངོས་སུ་རང་གི་མིག་ཡིད་ཀྱིས་མཐོང་དུས་༧གོང་ས་ཐམས་ཅད་མཁྱེན་པའང་རྒྱལ་ཁབ་མང་པོར་ཆིབས་བསྒྱུར་བསྐྱངས་སྐབས་འདི་ལྟར་མཛད་བྲེལ་ཡོད་རྒྱུ་རེད་སྙམ་ནས་བོད་ཀྱི་བླ་ཆེན་རྣམས་ལ་གུས་ཞབས་མེད་པའི་ཚིག་ཐོག་ནས་བརྗོད་ན་ཤ་ཚ་ཞིག་སྐྱེས་སོང་། ཁོང་ཅག་ཡབ་སྲས་རྣམས་ཀྱིས་འདི་ལྟར་བསྟན་འགྲོ་སྤྱིར་དང་ཁྱད་པར་གངས་ཅན་བོད་ཀྱི་བསྟན་སྲིད་ལ་ཕན་པའི་ཆེད་དུ་ཉིན་མཚན་དུས་ཀུན་ངལ་དུབ་ཁུར་དུ་བླངས་ཏེ་མཛད་འཕྲིན་བསྐྱངས་བཞིན་ཡོད་ཀྱང་། ཟུར་དུ་སྐྱིད་ཉལ་བྱེད་མཁན་གྱི་སྐྱེ་བོ་བསམ་མེད་ཁ་ཤས་ཀྱིས་མཛད་འཕྲིན་གྱི་ཟར་ཟུར་གང་ཞིག་ལ་གཞི་མེད་སྐྱོན་བརྗོད་དང་བཀུར་འདེབས་བྱེད་པ་ནི་ངོ་མ་ལས་དང་རྒྱུ་འབྲས་མེད་པ་རང་རེད་སྙམ་པའི་སེམས་ཚོར་ཞིག་ཀྱང་དབང་མེད་དུ་སྐྱེས་སོང་།

unnamed༣

ཝ་ཤིན་ཊོན་དུ་ཨ་རི་ཞི་བདེ་སློབ་གླིང་གི་སྤྱི་ཁྱབ་མཆོག་དང་། གྲོས་ཚོགས་ཀྱི་ཚོགས་མི། དེ་བཞིན་གཞུང་ཞབས་པ་སོགས་གནད་ཡོད་མི་སྣ་རྣམས་དང་མཇལ་འཕྲད་དང་བགྲོ་གླེང་སོགས་མཛད་ཡོད་ཀྱང་དེ་རིང་རང་ཉིད་མི་ནི་སོ་ཊ་རུ་འགྲོ་དགོས་སྟབས་ཟིན་ཐོ་འགོད་པའི་གོ་སྐབས་མ་ཐོབ། བོད་སྐད་ཡིག་གི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་གཉིས་ཏེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གཉིས་ཀྱིས་བཅར་འདྲི་ཞུ་རྒྱུའི་གསོལ་བ་བཏབས་པ་ལྟར་ཞལ་བཞེས་བཀའ་ལན་ལྷུག་པོ་སྩལ་གནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲིའི་མཇུག་ཏུ་༧དཔལ་རྒྱལ་དབང་ཀརྨ་པས་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་དང་སེམས་ཤུགས་ལ་བསྔགས་བརྗོད་ཆེན་པོ་གནང་བ་དང་། ད་ལྟའི་བོད་མིའི་གནས་སྟངས་དཀའ་ངལ་དང་སྡུག་བསྔལ་ནང་དུ་གནས་ཡོད་ཀྱང་སེམས་ཤུགས་དང་སྙིང་སྟོབས་ཆེན་པོས་མཐུན་འབྲེལ་དང་གཅིག་གྱུར་ཐོག་ཏུ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་མ་ཟད་དཔལ་འབྱོར་དང་ཤེས་ཡོན་གང་ཐད་ནས་སོ་སོ་རང་གི་རྐང་པའི་ཐོག་ཏུ་ལངས་པའི་མདུན་བསྐྱོད་ཀྱི་གོམས་སྟབས་སྤོ་བཞིན་པ་ལའང་བསྔགས་བརྗོད་དང་ཡིད་རང་གནང་ཞིང་།

unn༢amed

ཕྱིས་སུ་བོད་མི་ཡོངས་ཀྱིས་མཐུན་འབྲེལ་རྡོག་རྩ་གཅིག་སྒྲིལ་གྱིས་ཤེས་ཡོན་དང་། དཔལ་འབྱོར་ཐོག་ཏུ་སོ་སོའི་རང་མགོ་ཐོན་པ་ཞིག་ལ་འབད་བརྩོན་བྱེད་རྒྱུ་འབོད་སྐུལ་གནང་སོང་། ས་གནས་ཝ་ཤིན་ཊོན་དུ་གནས་སྡོད་བྱེད་མཁན་གྱི་བོད་རིགས་རྣམས་ལ་བླང་དོར་གྱི་བཀའ་སློབ་ཀྱང་སྩལ་ཏེ་ཝ་ཤིན་ཊོན་གྱི་མཛད་སྒོ་ལེགས་པར་གྲུབ་འདུག ཉིན་འདི་ནས་སྤྱི་ཚེས་༢༦ བར་དུ་སོ་སོ་རང་ཉིད་སྒེར་དོན་གྱིས་བྲེལ་བ་ཞིག་གིས་སྐུ་བཅར་ཞུ་རྒྱུའི་གོ་སྐབས་ཐོབ་མ་སོང་བས་ཟིན་བྲིས་འདེབས་འདེབས་ཐབས་བྲལ་བས་ཀློག་པ་ཡོངས་ལ་དགོངས་དྭངས་ཞུ་རྒྱུ་བཅས།

 

གསར་འགྱུར།

Post navigation

Previous Post: བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་འགན།
Next Post: དམ་དཀར་ལགས་ཀྱིས་རང་བསྲེགས་ངོ་རྒོལ་གནང་བ།

Comments (9) on “སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད་བཅུ་བདུན་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-04-17 at 8:58 pm

    ་་་་་་་་་་་་་་་་་་་་་་་་་་ མཚན་སྙན་ཉི་ཟླ་ལྟར་འབར་ཡང་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་མཛད་འཕྲིན་གྱི་ཁོར་ཡུག་གཞན་དབང་ཅན་དུ་གྱུར་ཏེ། ཤར་ནུབ་ཀྱི་རྒྱལ་ཁབ་དུ་མར་གནས་པའི་རྗེ་གོང་འོག་གི་ཞལ་སློབ་དང་ཆོས་སྡེ་ཁག་གིས་གདན་ཞུས་ཕུལ་བ་ལྟར་ཕེབས་བསྐྱོད་ཐུབ་མེད་ཀྱང་།
    འདི་ལོ་བོད་མི་སྒྲིག་འཛུགས་ཀྱི་བཀའ་དྲིན་དང་། གནས་ཡུལ་རྒྱ་གར་གཞུང་གི་ཆོག་མཆན། ཨ་རིའི་སློབ་གྲྭ་ཆེན་མོ་ཁག་གི་བདག་རྐྱེན། ཀརྨ་པའི་ཐེབས་རྩ་ཚོགས་པའི་བྱ་གཞག་སོགས་ལ་བརྟེན་ནས་ཞབས་ཀྱི་འཁོར་ལོ་ཨ་རི་ཡུལ་དུ་བསྒྱུར་ཏེ་རླབས་ཆེན་གྱི་མཛད་འཕྲིན་ཟབ་མོ་ཇི་སྙེད་ཀྱིས་སེམས་དཔའ་ཆེན་པོས་འོད་སྣང་ནུབ་ཕྱོགས་སུ་མཆེད་པའི་དུས་ཀྱི་ཆར་ཏེ། སྤྱི་ཟླ་༤་ཚེས་༡༤ཉིན། ཨ་རི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་གསར་འགྱུར་ལས་ཁང་ཁག་གཉིས་ཀྱི་བཅའ་འདྲི་ལ་ཞལ་བཞེས་གནང་དེ་ལན་འདེབས་མཛད་་་་་་་་་་་་་་་་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2015-04-17 at 9:01 pm

    ་་་་་་་་་་་་་ ཁོང་ཅག་ཡབ་སྲས་རྣམས་ཀྱིས་འདི་ལྟར་བསྟན་འགྲོ་སྤྱིར་དང་ཁྱད་པར་གངས་ཅན་བོད་ཀྱི་བསྟན་སྲིད་ལ་ཕན་པའི་ཆེད་དུ་ཉིན་མཚན་དུས་ཀུན་ངལ་དུབ་ཁུར་དུ་བླངས་ཏེ་མཛད་འཕྲིན་བསྐྱངས་བཞིན་ཡོད་ཀྱང་། ཟུར་དུ་སྐྱིད་ཉལ་བྱེད་མཁན་གྱི་སྐྱེ་བོ་བསམ་མེད་ཁ་ཤས་ཀྱིས་མཛད་འཕྲིན་གྱི་ཟར་ཟུར་གང་ཞིག་ལ་གཞི་མེད་སྐྱོན་བརྗོད་དང་བཀུར་འདེབས་བྱེད་པ་ནི་ངོ་མ་ལས་དང་རྒྱུ་འབྲས་མེད་པ་རང་རེད་སྙམ་པའི་སེམས་ཚོར་ཞིག་ཀྱང་དབང་མེད་དུ་སྐྱེས་སོང་། ་་་་་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-04-18 at 2:50 am

    དབུ་ཞྭ་མི་འདྲ་བ་ཅིག་བཞེས་ནས། ཆོས་འཆད་གནང་དགོས་ཡ་འདི། བོད་ཆོས་ཀྱི་ཞན་ཆ་ཅིག་མཐོང་བགྱིད་འདུག

  4. ཀརྡོ་གཉེར་ཕྱག་པ་ says:
    2015-04-18 at 3:16 am

    གཞས་མ་ཨ་ནི་ཆོས་དབྱིངས་སྒྲོལ་མའི་དབུ་ཞྭ་ལ་ལན་ཅིག་གཟིགས་དང་།
    https://www.facebook.com/anichoying/photos/a.346650490093.346167.110765545093/10154564477585094/?type=1&theater

  5. ཀརྡོ་གཉེར་ཕྱག་པ་ says:
    2015-04-18 at 3:18 am

    དབུ་ཞྭ་མེད་པའི་ཐེག་དམན་པའི་བཙུན་མ་འདི་ལ་ཡང་། ཐང་མ་གཅིག་གཟིགས་དང་།
    https://www.facebook.com/photo.php?fbid=10200407058016710&set=a.1023532686264.3355.1763668657&type=1&theater

  6. གནམ་ says:
    2015-04-18 at 3:46 am

    བསྐལ་བ་ལྡན་འདུག། ཁོང་ཚོ་སུ་སུ་རེད། ཧ་ཧ་ཧ།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-04-18 at 4:36 am

    གཟིགས་དང་། སྐུ་པར་བཞི་པའི་ནང་ལ། བུད་མེད་གཅིག་གིས་ལག་གཉིས་ཐལ་མོ་སྦྱར། བུད་མེད་གཅིག་གིས་་་་་་

  8. ནུབ་ཕྱོགས་གངས་ཕྲུག says:
    2015-04-19 at 3:21 pm

    བོད་ཀྱི་བླ་མ་ཚོར་ནུབ་ཕྱོགས་པའི་མགོ་བསྐོར་བཏང་ནས་འཁྲིད་འགྲོ་གི་འདུག ཁོང་ཚོར་བྱ་དགའ་འབུལ་ནས་ནས་མིང་སྙན་པོ་བཏགས་པ་དང་། བྱམས་བརྩེའི་བཀའ་སློབ་གནང་དུ་བཅུག་ནས། ཨ་རི་མི་ཉུང་ཤས་དང་ཨེ་ཤི་ཡའི་མི་འགའ་ཤས་་ལ་མགོ་བསྐོར་བཏང་། ཕྱོགས་གཞན་དུ་དྲག་པོས་ཉིན་ལྟར་དགྲ་བོར་ཡ་ང་སྙིང་རྗེ་མེད་པར་ཁ་བཏད་བཅག ད་དེ་ཚོ་བོད་པ་དགའ་ཡ་ཡོད་མ་རེད། ཆབ་སྲིད་ཀྱི་རྩེད་མོ་རང་རེད།

  9. ཤར་པ་ says:
    2015-04-22 at 3:42 am

    རེད་ཡ་ དཔལ་རྒྱལ་བ་ཀརྨ་པ་མཁྱེན་ནོ། རྩ་བའི་མཛད་སྤྱོད་དང་བླ་ཉམ་སོགས་བོད་སྤྱི་ལ་ཕན་པར་སེམས། ཡིན་ན་ཡང་རྒྱ་འདྲེ་དམར་པོ་ལ་དམིགས་ཕུག་པའི་དགག་པ་དང་། དོལ་འདྲེ་སྐོར་བཀའ་ནན་པོ་ཞིག་གནང་གལ་ཆེ། ད་ལྟ་ང་ཚོ་འཛམ་བུ་གླིང་བོད་པའི་མཚོན་རྟགས་ཅིག་པུ་ནི་གོང་ས་མཆོག་ཡིན་ན་། བླ་ཆེན་མི་ཆེན་ཚོས་གོང་ས་མཆོག་ལ་བརྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་གལ་ཆེ། སོ་སོ་ལ་དོལ་ཚོགས་ངོ་རྒོལ་བརྒྱབ་མི་ཡོང་ངམ་སྙམ་པའི་ཞེ་སྣང་དེ་བོད་པའི་བླ་ཆེན་མི་ཡོང་ནས་སྦྱང་རིང་དུ་སྤང་གལ་ཆེ། ཀརྨ་པ་མཁྱེན་ནོ་། ཁྱེད་སྐུ་ཚེ་དྲང་སོང་ཚེ་མཐའ་ཡས་པའི་ངོ་བོ་བཞུགས་སུ་གསོལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme