Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད་བཅོ་ལྔ་པ།

Posted on 2015-04-092015-04-10 By ཁ་བརྡ་ 2 Comments on སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད་བཅོ་ལྔ་པ།

མི་གསོན་པོ།

 
སྤྱི་ཟླ་༤ ཚེས་༨ ཉིན་༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཉིད་ཡེལ་གཙུག་ལག་སློབ་གྲྭའི་ཁོར་ཡུག་འགན་འཛིན་དང་ལས་བྱེད་མི་སྣས་གདན་ཞུས་ཀྱིས་༧རྒྱལ་དབང་མཆོག་གི་དགོངས་བཞེད་དང་མཐུན་པའི་ཤིང་སྡོང་འདེབས་འཛུགས་བྱེད་རྒྱུའི་ལས་རིམ་ལྟར་ཞོགས་པ་སྔ་མོ་གནམ་གཤིས་གྲང་ངར་ཅུང་ཆེ་ཡང་སློབ་གྲྭའི་ཁོར་ཡུག་ཏུ་༧རྒྱལ་དབང་ཀརྨ་པ་སྐུ་ངོ་མས་ཤིང་སྡོང་འདེབས་འཛུགས་གནང་སོང་། དེ་བཞིན་ནིའུ་ཧེ་ཝེན་གྱི་ཁོར་ཡུག་ལ་རྒྱང་གཟིགས་ཀྱིས་བསྐོར་བསྐྱོད་གནང་ཞིང་ཁོར་ཡུག་དང་གནད་དོན་མང་པོའི་ཐད་དུ་གནད་ཡོད་མི་སྣ་རྣམས་དང་ལྷན་བགྲོ་གླེང་དང་བཀའ་མོལ་ལྷུག་པོར་གནང་། གཙུག་ལག་སློབ་གྲྭའི་སྤྱི་ཁྱབ་ཀྱི་འགོ་གཙོ་ཆེན་མོའི་ལས་ཁང་དུ་གདན་འདྲེན་ཞུས་ཏེ་ཆུ་ཚོད་གཅིག་ལྷག་ནང་མོལ་གྱི་བཀའ་བགྲོས་གནང་བ་དང་། སྤྱི་ཁྱབ་ཆེན་མོ་མཆོག་གིས་ཡེལ་གཙུག་ལག་སློབ་གྲྭའི་ནང་དུ་འབྱུང་འགྱུར་༧རྒྱལ་དབང་ཀརྨ་པས་ལས་འཆར་དང་ཐུགས་རེ་གང་ཡོད་བསྒྲུབ་རྒྱུའི་ཁས་ལེན་དང་ཞལ་བཞེས་ཀྱང་གནང་།

unnamed-1

༧རྒྱལ་དབང་ཀརྨ་པས་སྐུ་ཉིད་ཀྱིས་ལྗགས་རྩོམ་གནང་བའི་”སྙིང་རྗེའི་ནུས་པ”་ཞེས་པའི་དེབ་དང་བོད་ལུགས་ཀྱི་ཞལ་ཐང་མཚན་རྟགས་བཀོད་དེ་གནང་སྦྱིན་དང་བཅས་ཆེས་བཀུར་འོས་ཀྱི་རླབས་ཆེན་མི་སྣ་ཟུང་གི་མཇལ་འཕྲད་ལེགས་པར་གྲུབ། ནིའུ་ཧེ་ཝེན་ཁུལ་དུ་ཡོད་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་དང་གདན་ཞུས་ལྟར་ས་གནས་དེའི་བོད་རིགས་བཞི་བརྒྱ་ཉེ་བ་ལ་བླང་དོར་གྱི་བཀའ་སློབ་ཟབ་མོ་སྩལ་གནང་བ་ནི།
དེ་རིང་འདིར་ས་གནས་འདིའི་ཉེ་འཁོར་དུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམ་པ་དང་མཇལ་རྒྱུ་བྱུང་བར་སྙིང་ཐག་པ་ནས་དགའ་སྤྲོ་ཆེན་པོ་བྱུང་། དེས་ན་ཚང་མ་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ད་ལན་ང་རང་ཨ་རི་ལ་སླེབས་པ་ཐེངས་གསུམ་པ་འདྲ་བོ་རེད། ཚང་མས་མཁྱེན་གསལ་ལྟར་སྤྱི་ལོ་༡༩༩༩ ལོའི་ལོ་འཇུག་ཏུ་ང་རང་བོད་ནས་བྲོས་བྱོལ་དུ་ཡོང་བ་རེད། སྐབས་དེར་བོད་ནས་བྲོས་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཕྱི་རྒྱལ་དུ་ཡོད་པའི་འབྲེལ་ཡོད་ཀྱི་མི་སྣ་རྣམས་དང་། ཁྱད་པར་དུ་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་པའི་བོད་མི་རྣམས་ལ་ཐུག་འཕྲད་བྱེད་རྒྱུའི་ཆེད་དུ་བྲོས་བྱོལ་དུ་ཡོང་བ་རེད། ཡིན་ནའང་ད་ལྟའི་བར་དུ་ཨ་རི་ལ་ཐེངས་གསུམ་ཙམ་དང་འཇར་མེན་ལ་ཐེངས་གཅིག་ཙམ་ལས་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་རྒྱུའི་གོ་སྐབས་མང་པོ་བྱུང་ཡོད་མ་རེད།
གང་ལྟར་ང་རང་ངོས་ནས་ས་གནས་གང་དུ་སླེབས་ནའང་ས་གནས་དེའི་བོད་རིགས་སྤུན་ཟླ་རྣམས་དང་ཐུག་འཕྲད་བྱེད་རྒྱུ་དེ་གལ་ཆེན་དུ་བརྩི་བཞིན་ཡོད། ང་ཚོ་ཚང་མ་སྐྱབས་བཅོལ་དུ་འབྱོར་ནས་ཧ་ཅང་དཀའ་ངལ་དང་ཉམ་ཉེས་ཀྱི་འོག་ཏུ་གཅིག་གྱུར་གྱིས་སྐྱིད་སྡུག་གཅིག་པའི་གནས་སྟངས་འོག་ཤ་ཁྲག་རུས་གསུམ་གྱི་བརྒྱུད་པའང་གཅིག་པ་ཡིན་པའི་རྒྱུ་མཚན་གྱིས་མཉམ་དུ་འཛོམས་རྒྱུ་བྱུང་བ་དེ་རང་ངོས་ནས་ཧ་ཅང་གལ་ཆེན་བརྩི་བཞིན་ཡོད།

ད་ལན་ང་རང་ཡེལ་གཙུག་ལག་སློབ་ཆེན་དུ་ཡོང་བ་ཐེངས་དང་པོ་དེ་ཡིན་སྟབས་མཛད་རིམ་མང་པོ་དང་བྲེལ་བ་ཆེན་པོས་ཧ་ཅང་དམ་པོ་འདྲ་བོ་ཞིག་བྱུང་ཏེ། ང་རང་ཚོ་ལྷོད་ལྷོད་ཀྱི་སྒོ་ནས་ཐུག་རྒྱུའི་གོ་སྐབས་བྱུང་མ་སོང་ཡང་གང་ལྟར་བོད་མི་ཚོ་དང་མཉམ་དུ་ཐུག་ཙམ་བྱེད་རྒྱུ་བྱུང་བ་དེའང་ཧ་ཅང་དགའ་བོ་བྱུང་། དམིགས་བསལ་གྱིས་ཞུ་རྒྱུ་གང་མེད་ཀྱང་གོང་དུ་ཚོགས་གཙོ་མཆོག་གིས་འབོད་བསྐུལ་གནང་བ་ལྟར་དོན་ཚན་ཁ་ཤས་ཀྱི་སྒོ་ནས་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

དོན་ཚན་དང་པོ་དེ་ང་རང་ཚོ་གཞིས་བྱེས་གཉིས་སུ་གྱེས་ནས་གནས་སྟངས་མང་པོ་ཞིག་གི་འོག་ཏུ་དཀའ་ངལ་ཆེན་པོ་ཞིག་བྱུང་ཡོད་རེད། འོན་ཏེ་བཟང་ཕྱོགས་ཀྱི་ཆ་ནས་བཤད་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་དེ་ཙམ་མེད་གཅིག་གྱུར་གྱི་གནས་སྟངས་འོག་ཏུ་གོང་བུ་ཆིག་སྒྲིལ་འདྲ་བོ་བྱས་ཏེ་བསྡད་ཐུབ་པར་བྱུང་བ་རེད། བོད་བཙན་པོའི་སྐབས་སུ་ལས་གཞན་འདས་པའི་ལོ་རྒྱུས་ཐོག་ཏུ་འདི་ལྟར་ཆོལ་ཁ་གསུམ་ཡོངས་རྫོགས་གཅིག་གྱུར་འོག་ཏུ་གནས་ཐུབ་མེད་པ་ལྟ་བུར་རེད།
ངའི་ཕ་ཡུལ་ནི་ཁམས་ཁུལ་གྱི་གྲོང་གསེབ་ཅིག་ནས་རེད། མི་མང་པོས་ངའི་ཕ་ཡུལ་གྱི་མིང་ལབ་དུས་ཤེས་ཀྱི་མི་འདུག གང་ལྟར་སྔོན་མར་ངའི་ཕ་ཡུལ་གྱི་མི་རྣམས་ཀྱིས་བོད་ཟེར་དུས་དབུས་གཙང་གཅིག་པུ་ལ་ངོས་འཛིན་བྱེད་པ་ལྟ་བུར་དང་ཨ་མདོ་དང་ཁམས་ཁུལ་གྱི་ལུང་པ་གཞན་ནས་ཀྱང་དེ་ལྟར་བྱེད་ཀྱི་འདུག

unnamed

ད་ལྟ་བོད་ཆོལ་ཁ་གསུམ་པོ་ཡོངས་རྫོགས་འདུ་ཤེས་དང་དམིགས་ཡུལ་གཅིག་པའི་གནས་སྟངས་ཀྱིས་གོང་བུ་ཆིག་སྒྲིལ་འདྲ་བོ་བྱུང་ཐུབ་ཡོད་རེད། དེ་ལྟར་ཡོང་བའི་རྒྱུ་མཚན་གཙོ་བོ་ནི་ང་རང་ཚོ་ལ་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྟ་བུར་དབུ་ཁྲིད་བཟང་པོ་ཞིག་ཡོད་པ་དང་། དེ་བཞིན་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་ཀྱང་ནུས་ཤུགས་གཅིག་ཏུ་སྤུངས་ཏེ་ཆིག་སྒྲིལ་གནང་བར་བརྟེན་ནས་བྱུང་བ་ཞིག་རེད། ད་ལྟའི་བོད་པའི་སྤྱི་ཚོགས་དམངས་གཙོའི་ལམ་དུ་འགྲོ་བགྱི་ཡོད་རེད།
འོན་ཏེ་༧གོང་ས་མཆོག་གི་བཀའ་དྲིན་དང་ལམ་སྟོན་ལ་བརྟེན་ནས་གཅིག་གྱུར་གྱི་ནུས་པ་ཡོང་གི་ཡོད་དུས་ང་ཚོ་བོད་པའི་གཏམ་དཔེར་ལ། ནོར་བུ་རང་ལ་ཡོད་དུས། ནོར་བུ་ནོར་ཉམས་ཆོད་དགོས་ཟེར་བ་ལྟར་ཁོང་གི་བཀའ་དྲིན་དང་ལམ་སྟོན་དེ་མ་བརྗེད་པར་བྱེད་དགོས། གང་ལྟར་དབུ་ཁྲིད་རྩ་ཆེན་པོ་ཡོད་པ་དེ་ངོ་ཤེས་པ་བྱས་ནས་དེའི་ལམ་སྟོན་དེ་ལག་ལེན་དུ་བསྟར་རྒྱུ་གལ་ཆེན་པོ་རེད།

མི་མང་པོས་སྤྱི་ཚོགས་ནང་དུ་མི་ཡིས་གང་བཤད་པ་དེ་ཉིད་རྗེས་ཟློས་ལྟ་བུར་གྱིས་༧རྒྱལ་བ་རིན་པོ་ཆེ། ༧སྐྱབས་མགོན་རིན་པོ་ཆེ། ཞེས་ཁ་ནས་རྩ་ཆེན་པོ་འདྲ་བོ་ཞིག་བཤད་པ་ཙམ་མ་ཡིན་པར་སོ་སོར་རང་གི་མྱོང་བ་སེམས་ཐོག་ནས་རྩ་ཆེན་པོ་ཡིན་པ་དེ་ཤེས་པར་བྱེད་དགོས། སྐྱོན་དང་ཡོན་ཏན་གང་ཡིན་བཤད་ཚོད་མི་ཐེག་ཀྱང་ང་ཚོ་བོད་པའི་རང་གཤིས་ཤིག་ལ་འུར་རྗེས་འབྲངས་རྒྱུ་དགའ་བོ་ཡོད་བསྡད་པ་ལྟ་བུར་རེད། འུར་རྗེས་འབྲངས་པ་དང་ལད་ཟློས་བྱས་པ་ལྟ་བུར་མ་ཡིན་པར་སེམས་གཏིང་༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ངོ་ཤེས་པ་བྱེད་དགོས།
ང་རང་ལྟ་བུར་ཡིན་ནའང་འུར་རྗེས་འབྲངས་པ་ཙམ་མ་ཡིན་པར་བསམ་བློ་གཏིང་ཟབ་མོས་༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་དྲན་གྱི་ཡོད།

དོན་ཚན་གཉིས་པ་དེ་བོད་མི་རིགས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་དེ་ཧ་ཅང་རྩ་ཆེན་པོ་རེད། ང་རང་རྒྱ་གར་དུ་སླེབས་ནས་ལོ་བཅོ་ལྔ་ཙམ་འགྲོ་བཞིན་འདུག ད་ལྟར་ང་ཚོ་བོད་མི་མང་པོ་ཞིག་ཕྱི་རྒྱལ་དུ་འགྲོ་བཞིན་ཡོད་རེད། ངས་བརྩིས་མི་ཤེས་ཀྱང་མོ་འདྲ་བོ་ཞིག་རྒྱབ་ཁུལ་བྱེད་ཀྱིན་ཡོད་རེད། ང་ལ་ཕྱི་རྒྱལ་དུ་འགྲོ་བགྱི་ཡིན་མོ་འདེབས་རོགས་གྱིས་ཟེར་མཁན་མང་པོ་ཡོང་གི་འདུག ཁ་ཤས་མོ་ལྟར་ལམ་འགྲོ་རྒྱུགས་ནས་ཡག་པོ་བྱུང་མཁན་དང་ཁ་ཤས་དཀའ་ངལ་འཕྲད་མཁན་དེ་འདྲ་བྱུང་ཡོད་ས་རེད། གང་ལྟར་ངས་གོ་ཐོས་ལ་ལོ་རེ་འཆར་ཅན་ལྟར་བོད་མི་སྟོང་ཕྲག་བཞི་རེ་ཙམ་ཕྱི་རྒྱལ་དུ་འགྲོ་བཞིན་ཡོད་རེད་ཟེར། མ་འོངས་པ་རྒྱ་གར་ནང་དུ་ལྷག་མཁན་ཉུང་ཉུང་ཆགས་ས་རེད།

ང་ཚོའི་སེམས་ཁྲལ་ཆེ་ཤོས་དེ་ཨ་རི་སོགས་ལ་གཞིས་ཆགས་མཁན་གྱི་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཉམས་གུད་ཆེན་པོ་འགྲོ་བཞིན་ཡོད་པའི་ཚོར་སྣང་ཡོང་གི་འདུག ང་ལ་ཐུག་འཕྲད་བྱེད་མཁན་མང་པོ་ཞིག་བོད་སྐད་མི་ཤེས་པ་ཙམ་དུ་མ་ཟད་བོད་པ་རེད་ཅེས་གཞན་གྱིས་ངོ་སྤྲོད་མ་བྱས་ན་བོད་པ་ཡིན་པ་ཧ་གོ་མི་ཐུབ་པ་དེ་འདྲ་འདུག ཉི་ཧོང་པ་འདྲ་བོ་དང་། ཀོ་རི་ཡ་འདྲ་བོ་རྒྱལ་ཁབ་གཞན་གྱི་མི་ལྟ་བུར་ཆགས་ཚར་འདུག
བོད་སྐད་མི་ཤེས། བོད་ཀྱི་ལོ་རྒྱུས་དང་དེ་བཞིན་ཆོས་དང་རིག་གཞུང་ལ་གོ་རྟོགས་མེད་པ་དེ་འདྲ་འདུག ངས་སེམས་ཁྲལ་བྱས་པ་གཅིག་པུ་མ་ཡིན་པར་ང་ཚོ་བོད་མིའི་ཤ་ཁྲག་རུས་གསུམ་ནས་མཆེད་པའི་རྒྱུ་མཚན་གྱིས་བོད་ཀྱི་ཁྱད་ཆོས་དེ་མེད་པ་ཆགས་ན་མི་འགྲིག་པ་རེད།
ཡང་བོད་མི་མང་པོས་ད་ལྟར་གནས་སྐབས་འགྲིག་ཙམ་བྱུང་ན་བོད་དུ་ལོག་ཆོག་གི་རེད་བསམ་གྱིན་ཡོད་པ་འདྲ། སྔོན་མར་ང་ཚོས་ཀྱང་དེ་ལྟར་བསམ་མྱོང་དེ་བོད་དུ་ལོག་རྒྱུ་དེ་སྟབས་བདེ་བོ་རང་མེད་པ་འདྲ། མཐར་ཐུག་བོད་དུ་ལོག་རྒྱུ་ཡོང་ངེས་ཀྱང་ད་ལྟའི་ཁ་ཚ་དགོས་གཏུག་གི་མདུན་ལམ་དང་བུ་ཕྲུག་གི་མི་ཚེ་ལ་ང་ཚོས་དོ་སྣང་བྱས་ཏེ་བོད་ཀྱི་རིག་གཞུང་མ་ཉམས་པར་བྱེད་དགོས།
སྤྱིར་ང་ལ་ཁ་སྟོང་པ་ཙམ་ལས་ནུས་པ་ཆེན་པོ་དེ་འདྲ་གང་མེད་ཀྱང་། ང་ཚོ་ཚང་མས་”ཧར་རུབ་སྦར་རུབ་”བྱས་ཏེ་ནུས་ཤུགས་མཉམ་དུ་ཕྱུངས་དགོས། འདིར་བུ་ཕྲུག་ལོ་ཆུང་མང་པོ་ཞིག་ས་ཆ་འདིར་སྐྱེས་ཤིང་འཚར་ལོང་བྱུང་བ་ཡིན་སྟབས་ཁོར་ཡུག་དང་དུས་རབས་ལ་མཐུན་པའི་སྒོ་ནས་བོད་མི་རིགས་ཀྱི་རིག་གཞུང་མ་ཉམས་པ་ཞིག་བྱེད་རྒྱུ་གལ་ཆེ།

unnamed-2

དོན་ཚན་གསུམ་པ་དེ། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་ལོ་ལྟར་ཨ་རི་ལ་ཕེབས་ཀྱི་ཡོད་རེད། དེ་བཞིན་བོད་ཀྱི་བླ་ཆེན་ཁག་དང་། ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པ་ཡང་ཡང་ཕེབས་ཀྱི་ཡོད་སྟབས་ས་གནས་ཀྱི་བོད་མི་རྣམས་མཉམ་འཛོམས་ཀྱི་གོ་སྐབས་ཡོང་གི་ཡོད་རེད། ཕྱི་རྒྱལ་ནས་མི་མང་ཆེ་བ་ལས་ཀ་དང་འཚོ་བ་སོགས་སོ་སོ་སྒེར་གྱི་གནས་སྟངས་ལྟ་བུའི་འཚོ་བ་སྐྱེལ་ནས་བསྡད་ཡོད་སྟབས་སྤྱི་པའི་གནས་སྟངས་དེ་བརྗེད་འགྲོ་བ་ལྟ་བུར་ཡོང་གི་ཡོད་རེད། མཉམ་འཛོམས་ཀྱི་སྐབས་སུ་དྲན་གསོ་དང་སེམས་ཤུགས་མཐུན་འབྲེལ་སོགས་ཡོང་བའི་རྒྱུ་རྐྱེན་འདྲ་བོ་ཆགས་ཀྱི་ཡོད་རེད། སྐབས་རེ་ང་ཚོ་ལ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་རྙོག་སྒྲ་ཏོག་ཙམ་ཡོང་གི་ཡོད་རེད། དེར་བསམ་བློ་ཡག་པོ་ཞིག་བཏང་དགོས་རྒྱུ་དེ་གལ་ཆེན་པོ་རེད།
འདས་པའི་ལོ་རྒྱུས་ནང་དུ་ང་ཚོས་ནོར་འཁྲུལ་མང་པོ་བྱས་ཡོད་རེད། གཙོ་བོར་ཆོས་བརྒྱུད་ཕྱོགས་རིས་ཀྱི་འཁྲུག་རྩོད་དང་ལུང་ཚན་ཕན་ཚུན་འཐེན་ཁྱེར་གྱིས་རྙོག་སྒྲ་དང་དཀའ་ངལ་མང་པོ་བཟོས་པ་རེད། དེ་འདྲའི་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་དང་ཉམས་མྱོང་བླངས་ནས་ང་ཚོ་ཆིག་སྒྲིག་བྱེད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་རེད་དྲན་གྱི་ཡོད། ད་ལྟར་གཞིས་ལུས་རྒྱ་ཆེན་མི་མང་གི་བློས་བཏང་དང་ཆོད་སེམས་གང་འདྲ་འདུག དངོས་གནས་བྱས་ན་བྱེས་སུ་ཡོད་པའི་ང་རང་ཚོ་རང་དབང་ལུང་པའི་ནང་དུ་གོ་སྐབས་དང་། མཐུན་རྐྱེན་ཁོ་ཚོ་ལས་ཆེ་བ་ཡོད་སྟབས་དེ་དང་མཐུན་པའི་ལས་དོན་ཞིག་བསྒྲུབ་དགོས་རྒྱུ་གལ་ཆེན་པོ་རེད། དེ་རྣམས་ཐུགས་ལ་བཞག་རོགས་གནང་།
མཐའ་དོན་མ་འོངས་པར་གོ་སྐབས་བྱུང་ན་ཡང་ཡང་འཕྲད་པའི་སྨོན་ལམ་དང་། ཁྱེད་རང་ཚོ་སྐུ་གཟུགས་བདེ་ཐང་དང་ཚེ་རིང་ནད་མེད་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ།

དགོང་མོར་ཆབ་བྷི་ཧྥི་ལ་ཤིབ་པི་སློབ་གཉེར་བ་རྣམས་ཀྱི་བཀའ་འདྲི་དང་མ་འོང་སློབ་གཉེར་བྱེད་ཕྱོགས་སོགས་ཀྱི་ཐད་དུ་བཀའ་སློབ་ལམ་སྟོན་དང་༧རྒྱལ་དབང་སྐུ་ཉིད་ཀྱི་གནས་སྟངས་ངོ་སྤྲོད་བཅས་སྩལ་གནང་དེ་ཉིན་འདིའི་མཛད་སྒོ་ལེགས་གྲུབ་བྱུང་སོང་།

ཡེལ་གཙུག་ལག་སློབ་གྲྭ་ནས་མི་གསོན་པོས་ཟིན་བྲིས་བཏབས།

གསར་འགྱུར།

Post navigation

Previous Post: བརྟན་བཞུགས་འབུལ་བ་ནི་རྨོངས་དད་ཅིག་མ་རེད་དམ།
Next Post: བྱིས་པས་བརྙན་འཕྲིན་ལྟ་བར་སྟངས་འཛིན་ཇི་ལྟར་བྱེད་དགོས་སམ།

Comments (2) on “སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད་བཅོ་ལྔ་པ།”

  1. དགའ་སྐུ་ says:
    2015-04-10 at 12:07 am

    དེ་ལྟར་༧རྒྱལ་དབང་མཆོག་གི་གསུངས་མ་ལུས་པ་ཟིན་ཐོ་གནང་ནས་འདིར་བཀོད་པ་ལ་མངོན་པར་བསྟོད་དོ། རྗེས་སུ་ཡིད་རང་ངོ་།

  2. དྲི་མེད་ལྷག་བསམ། says:
    2015-04-10 at 9:37 pm

    གསུང་པ་ལེགས། ༼གཙོ་བོར་ཆོས་བརྒྱུད་ཕྱོགས་རིས་ཀྱི་འཁྲུག་རྩོད་དང་ལུང་ཚན་ཕན་ཚུན་འཐེན་ཁྱེར་གྱིས་རྙོག་སྒྲ་དང་དཀའ་ངལ་མང་པོ་བཟོས་པ་རེད། དེ་འདྲའི་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་དང་ཉམས་མྱོང་བླངས་ནས་ང་ཚོ་ཆིག་སྒྲིག་བྱེད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་རེད་དྲན་གྱི་ཡོད།༽བུ་རེ་བ་ཅན་ཁྱོད་ལ་ཞུ་རྒྱུ། བཀའ་བརྒྱུད་ནང་ནང་ཁུལ་གྱི་རྩོད་པ་ཆོས་ཕྱོགས་སུ་ཞི་བ་དང་། ཀརྨ་པ་རྣམ་གཉིས་ཀྱི་མཐུན་སྒྲིལ་ལྡོག་རྩ་གཅིག་སྒྲིལ་གནང་པ་དང་། སྤྲུལ་སྐུ་ཉམ་ཆུང་རྣམས་ཀྱི་དཔུང་བ་གྱེན་འདེབས་ལ་གྲོགས་ཏན་མཛད་པ་དང་། འདས་པའི་རིས་མེད་ཟེར་བཞིན་དོན་དུ་རིས་སུ་གཅོད་པ་དེ་དག་གི་དྲི་མས་མི་གོས་པ་ཞིག་ཡོང་རྒྱུར་རེ་བ་ཆེ། །ལྷག་པར་ཆོས་རྒྱུན་གཅིག་གི་དབང་བསྒྱུར་གྱི་ལམ་ལུགས་དེར་ཐུགས་སྣང་ཟབ་མོ་གནང་བར་ཞུ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme