Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། (མུ་འགོད་བཅུ་བཞི་པ།)

Posted on 2015-04-082015-04-08 By ཁ་བརྡ་ 8 Comments on སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། (མུ་འགོད་བཅུ་བཞི་པ།)

མི་གསོན་པོ།

 
སྤྱི་ཟླ་༤ ཚེས་༦ དགོང་མོར་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཨ་རི་ནིའུ་ཧེ་ཝེན་ལ་ཡོད་པའི་གྲགས་ཅན་གྱི་གཙུག་ལག་སློབ་ཆེན་ཡེལ་གྱི་ནང་དུ་ཆིབས་བསྒྱུར་གནང་སྐབས་སློབ་ཆེན་གྱི་ལས་བྱེད་བོད་རིགས་རྣམས་ལ་སློབ་ཆེན་གྱི་ངོས་ནས་དམིགས་བསལ་གྱི་གོ་སྐབས་སྩལ་བ་ལྟར་ཕེབས་བསུ་ཞུས་ཟིན་རྗེས། སློབ་ཆེན་གྱི་སློབ་གཙོ་གཞོན་པ། ཁོར་ཡུག་གི་འགན་འཛིན། གཙུག་ལག་སློབ་ཆེན་གྱི་ཆོས་ལུགས་སློབ་དགེ་དང་འགན་འཛིན། དེ་བཞིན་སློབ་གྲྭའི་གནད་ཡོད་ཀྱི་མི་སྣ་རྣམས་ཀྱིས་ཆེད་དུ་གོ་སྒྲིག་ཞུས་ཏེ་དགོང་མོའི་གསོལ་ཚིགས་དང་ལྷན་བགྲོ་གླེང་དང་དགོངས་ཚུལ་བརྗེ་རེས་གནང་།

unnamed

ལོ་ཤས་གོང་ནས་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ཡེལ་གཙུག་ལག་སློབ་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་གྱི་ཧི་མ་ལའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དབུ་འཛིན་དང་སློབ་སྟོན་པ་རུ་གསོལ་བ་བཏབས་པ་ལྟར་༧རྒྱལ་དབང་མཆོག་གིས་ཧི་མ་ལའི་ཁོར་ཡུག་ལ་སྲུང་སྐྱོབ་དང་། ལམ་སྟོན། ལས་འགུལ་སོགས་སྤེལ་མཛད་པར་སློབ་གྲྭའི་གནད་ཡོད་མི་སྣ་རྣམས་ཀྱིས་བསྔགས་བརྗོད་དང་གུས་བཀུར་ཞུས་གནང་བ་དང་། པར་བ་མཁས་དབང་ཞིག་གིས་བོད་དང་ཧི་མ་ལའི་རི་བརྒྱུད་དུ་བསྐྱོད་དེ་པར་ལེན་བྱས་པའི་པར་རིས་རྣམས་གཟིགས་འབུལ་དང་འབྲེལ་སྐར་མ་སུམ་ཅུ་ཙམ་གྱི་དུས་ཡུན་རིང་དུ་འགྲེལ་བརྗོད་ཀྱི་གཏམ་བཤད་ཀྱང་སྙན་སེང་ཞུས་པར་༧རྒྱལ་དབང་མཆོག་གིས་དགྱེས་ཚོར་ཆེན་པོས་གསན་གཟིགས་གནང་སོང་།

སྤྱི་ཚེས་བདུན་གྱི་ཞོགས་པ་སྟེ། དེ་རིང་གི་ཆུ་ཚོད་བཅུ་པར་གོ་སྒྲིག་པ་སློབ་དགེ་ཁག་ཅིག་དང་ལྷན་སློབ་གྲྭའི་ཡུལ་ལྗོངས་དང་བཀོད་པ་ལ་གཟིགས་ཞིབ་གནང་བ་དང་། གཙུག་ལག་སློབ་ཆེན་གྱི་གཞི་རྒྱ་ཆེ་བའི་དཔེ་མཛོད་ཁང་དུ་ཕེབས་ཏེ་ཕྱག་དཔེ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ། ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་མངའ་བའི་དཔེ་མཛོད་ཁང་དུ་ཡོད་པའི་བོད་ཀྱི་དཔེ་རྙིང་དང་ཐང་ཀ་སོགས་རྩ་ཆེན་གྱི་རིག་དངོས་རྣམས་༧རྒྱལ་དབང་མཆོག་ལ་སྤྱན་བསྟར་གཟིགས་འབུལ་ཞུས་སོང་། དེ་བཞིན་གནའ་རབས་ཀྱི་ཡིག་རྙིང་ཁག་ལ་གཅེས་སྤྲས་དང་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ་དང་མཐོར་ཞིག་སོང་བ་རྣམས་སླར་གསོ་དང་ཉར་ཚགས་བྱེད་ཚུལ་སོགས་ཀྱི་ལག་ཤེས་དང་ལག་ལེན་ལ་༧རྒྱལ་དབང་མཆོག་གིས་བཀའ་འདྲི་ཉམས་ཞིབ་གནང་བ་སོགས་ཞར་བྱུང་གི་མཛད་སྒོ་རྣམས་ལེགས་པར་གྲུབ་རྗེས། འཛམ་གླིང་མི་མང་ལ་སེམས་འགུལ་ཐེབས་པའི་ལས་དོན་དང་བྱ་གཞག་སྤེལ་མྱོང་བའི་རླབས་ཆེན་གྱི་སྐྱེས་བུ་དག་ལ་་གཙུག་ལག་སློབ་ཆེན་ཡེལ་གྱི་ངོས་ནས་སྤྱི་ལོ་༡༩༣༦ ནས་ཆབ་བྷི་ཧྥི་ལོ་ཤིབ་པི་ཞེས་པའི་ཆེ་མཐོང་གི་མཚན་སྙན་གཟེངས་བསྟོད་ཕུལ་བའི་ལུགས་སྲོལ་བཞིན། དེ་རིང་སྤྱི་ཟླ་༤ ཚེས་༧ ཉིན་ ༢༠༡༥ལོའི་ཆབ་བྷི་ཧྥི་ལོ་ཤིབ་པི་ཡི་ཆེ་མཐོང་གི་མཚན་སྙན་དེ་བོད་ཀྱི་བླ་ཆེན་༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་ཕུལ་སོང་།

unnamed-1

ཆེ་མཐོང་གཟེངས་བསྟོད་འདི་ནི་སྤྱི་ཚོགས་ཐོག་ཏུ་རང་དབང་དང་ཞི་བདེ། སྤྱི་ཚོགས་དང་ཁོར་ཡུག སྒྱུ་རྩལ་དང་སློབ་གསོ་སོགས་ཀྱི་ཐད་དུ་གཟེངས་སུ་ཐོན་པའི་བྱས་རྗེས་ཅན་གྱི་མི་སྣ་རྣམས་ལ་ཕུལ་བ་བཞིན་འདས་པའི་ལོ་རྒྱུས་ཐོག་ཏུ་རླབས་ཆེན་གྱི་བྱས་རྗེས་མངའ་བའི་ཨ་རི་སྲིད་འཛིན་བཞི་དང་། ནོ་ཝེལ་ཞི་བདེ་གཟེངས་རྟགས་ཐོབ་མྱོང་བའི་ཁོ་སི་ཊོ་རི་ཁའི་སྲིད་འཛིན་ཨོ་སི་ཁར་དང་། འབར་མའི་ལྕམ་ཨང་སན་སུ་སོགས་ཀྱིས་མཚོན་པའི་སྐྱེས་མཆོག་དམ་པ་མང་པོས་མཚན་སྙན་འདི་བཞེས་ཏེ་ལམ་སྟོན་གྱི་བཀའ་སློབ་སྩལ་མྱོང་བ་ལྟར་༧དཔལ་རྒྱལ་ཀརྨ་པ་མཆོག་ལ་ཡེལ་གཙུག་ལག་སློབ་ཆེན་གྱིས་ཇི་ལྟར་གསོལ་བ་བཏབས་པ་བཞིན་སྙིང་རྗེའི་རྣམ་འགྱུར་ལྡན་པའི་ནང་ཆོས་དང་ཁོར་ཡུག་ཅེས་པའི་བརྗོད་གཞི་ཐོག་ཏུ་བཀའ་སློབ་ལམ་སྟོན་ཟབ་རྒྱས་སྩལ་གནང་སོང་། ཆེས་རིན་ཐང་དང་ལྡན་ལ་དུས་རབས་ཉེར་གཅིག་པའི་ནང་དུ་ཧ་ཅང་དགོས་མཁོ་ཅན་གྱི་བཀའ་སློབ་དེ་ཉིད་མི་རྣམས་ཀྱིས་བརྗེད་པར་ཕངས་ནས་ཟིན་བྲིས་བཏབས་ཡོད་པས་རྗེས་སུ་མུ་འགོད་ཞུ་ཆོག

ཆེ་མཐོང་གི་མཚན་སྙན་ཕུལ་ཏེ་བཀའ་སློབ་གྲུབ་རྗེས་ཆབ་བྷི་ཧྥི་ལོ་ཤིབ་པི་ཡི་གཟེངས་བསྟོད་འབུལ་མཁན་གྱི་ཉེ་བའི་རིགས་བདག་ཁང་དུ་ཡེལ་གཙུག་ལག་སློབ་ཆེན་གྱི་མཐོ་སློབ་ཁག་གི་འགན་འཛིན་དང་སློབ་དགེ་སོགས་གནད་ཡོད་མི་སྣ་བརྒྱ་ཕྲག་ལ་ཉེ་བས་༧རྒྱལ་དབང་ཀརྨ་པ་མཆོག་ལ་མཇལ་འཕྲད་དང་གསུང་གླེང་གསོལ་ཚིགས་སོགས་ཀྱིས་མགྲོན་བསུ་གནང་སོང་། ཐོག་བརྩེགས་གསུམ་ཅན་གྱི་ཉེ་བའི་རིགས་བདག་ཁང་གི་མགྲོན་བསུ་བསྟི་གནས་སུ་འདས་པའི་ལོ་རྒྱུས་ཐོག་ཏུ་ཆབ་བྷི་ཧྥི་ལོ་ཤིབ་པི་གཟེངས་བསྟོད་བཞེས་མྱོང་བའི་རླབས་ཆེན་གྱི་མི་སྣ་རྣམས་ཀྱི་སྐུ་པར་བྱུང་རིམ་བཞིན་བཤམ་བཀོད་གནང་འདུག རླབས་ཆེན་གྱི་མི་སྣ་དག་གི་བྱས་རྗེས་ནམ་ཡང་ཡལ་དུ་མེད་པར་མཚོན་པའི་ཚོན་མདངས་རྣམ་པ་བཀྲ་བའི་སྐུ་པར་དེ་དག་གི་ཁྲོད་དུ་སྐུ་ན་གཞོན་ལ་གཟི་བརྗིད་ཆེ་བའི་༧རྒྱལ་དབང་མཆོག་གི་ཞལ་རས་འཛུམ་མདངས་དང་ལྡན་པའི་སྐུ་པར་ཆེས་གསོན་ཉམས་དང་ལྡན་པར་མཇལ་རྒྱུ་ཡོད་པ་འདི་ནི་གངས་ཅན་བོད་ཀྱི་ལོ་རྒྱུས་ནང་དུ་གཟི་བརྗིད་ཀྱི་རྒྱལ་ཁ་གསར་པ་ཞིག་ཅི་ལ་མིན།

unnamed-2

བོད་ཀྱི་ལོ་རྒྱུས་ནང་དུ་བོད་ཀྱི་མི་སྣས་གཟེངས་བསྟོད་འདི་ཉིད་བཞེས་པ་ཐེངས་དང་པོའང་རེད་འདུག་པས་དད་འདུན་དང་དགའ་བསུ་ཁྲོད་ནས་ལོ་ན་ཆུང་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ཁོང་ལ་བཀྲ་ཤིས་བདེ་ལེགས་དང་དགའ་བསུ་གྲངས་མེད་ཞུ་ལོས་འོས།
གངས་ཅན་བོད་ཀྱི་ན་གཞོན་ཚོ། ཁོང་ནི་ང་ཚོའི་རེ་བ་དང་མིག་དཔེའི་ཚབ་མཚོན་གསོན་པོ་ཞིག་ཡིན་པས་ཁོང་གི་མཛད་འཕྲིན་དང་ཕུགས་རྒྱང་རིང་པོའི་གཟིགས་རྒྱ་བཅས་ཀྱིས་ང་ཚོ་ལ་རེ་བ་དང་སྤོབས་པ་སྩལ་བྱུང་། ༧གོང་ས་ཐམས་ཅད་མཁྱེན་པའི་ཐུགས་རེ་དང་ལམ་སྟོན་ཆུད་ཟོས་སུ་བཏང་མ་སོང་ལ་གངས་ཅན་བོད་པ་ཚང་གི་དད་འདུན་དང་ཡིད་ཆེས་ལ་ཐེ་ཚོམ་སྤྲད་མ་སོང་། ༧རྒྱལ་དབང་ཀརྨ་པ་སྐུ་ཚེ་ཞབས་པད་བརྟན་ཁྱེད་ནི་ངའི་སེམས་ནང་གི་དུས་རབས་ཀྱི་ལམ་སྟོན་པ་ངོ་མ་དེ་ཡིན།

མི་གསོན་པོས་ཡེལ་གཙུག་ལག་སློབ་ཆེན་ནས་མགྱོགས་བྲིས་བྱས།

གསར་འགྱུར།

Post navigation

Previous Post: སྒང་པ་བོད་ན་འཕེལ་བཞིན་པའི་དཀར་ཟས།
Next Post: བཀྲ་ཤིས་གྱ་སྟོན།

Comments (8) on “སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། (མུ་འགོད་བཅུ་བཞི་པ།)”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-04-08 at 1:02 am

    ་་་་་་་་་་ ཆེས་རིན་ཐང་དང་ལྡན་ལ་དུས་རབས་ཉེར་གཅིག་པའི་ནང་དུ་ཧ་ཅང་དགོས་མཁོ་ཅན་གྱི་བཀའ་སློབ་དེ་ཉིད་མི་རྣམས་ཀྱིས་བརྗེད་པར་ཕངས་ནས་ཟིན་བྲིས་བཏབས་ཡོད་པས་རྗེས་སུ་མུ་འགོད་ཞུ་ཆོག ་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2015-04-08 at 1:03 am

    ་་་་་་་་་་ བོད་ཀྱི་ལོ་རྒྱུས་ནང་དུ་བོད་ཀྱི་མི་སྣས་གཟེངས་བསྟོད་འདི་ཉིད་བཞེས་པ་ཐེངས་དང་པོའང་རེད་འདུག་པས་དད་འདུན་དང་དགའ་བསུ་ཁྲོད་ནས་ལོ་ན་ཆུང་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ཁོང་ལ་བཀྲ་ཤིས་བདེ་ལེགས་དང་དགའ་བསུ་གྲངས་མེད་ཞུ་ལོས་འོས། ་་་་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-04-08 at 1:04 am

    ་་་་་་་་་་་་་ ༧གོང་ས་ཐམས་ཅད་མཁྱེན་པའི་ཐུགས་རེ་དང་ལམ་སྟོན་ཆུད་ཟོས་སུ་བཏང་མ་སོང་ལ་གངས་ཅན་བོད་པ་ཚང་གི་དད་འདུན་དང་ཡིད་ཆེས་ལ་ཐེ་ཚོམ་སྤྲད་མ་སོང་། ༧རྒྱལ་དབང་ཀརྨ་པ་སྐུ་ཚེ་ཞབས་པད་བརྟན་ཁྱེད་ནི་ངའི་སེམས་ནང་གི་དུས་རབས་ཀྱི་ལམ་སྟོན་པ་ངོ་མ་དེ་ཡིན།
    མི་གསོན་པོས་ཡེལ་གཙུག་ལག་སློབ་ཆེན་ནས་མགྱོགས་བྲིས་བྱས། ་་་་་་་་་་་་་

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-04-08 at 9:45 am

    ༧རྒྱལ་བ་ཀརྨ་པའི་མཛད་རིམ་གནས་ཚུལ་མི་གསོན་པོས་བྲིས་པ་ན།
    ་
    “དགོང་མོའི་གསོལ་ཚིགས་དང་ལྷན་བགྲོ་གླེང་དང་དགོངས་ཚུལ་བརྗེ་རེས་གནང་།”

    དུས་ཀྱི་དགོངས་དང་བཞེད་པའི་དགོངས་གཉིས་ལ་ཡི་གེ་དག་གཅིག་པ་དགོས་པ་ལན་མང་དུ་བྲིས་ཟིན་ཀྱང་། ཁོ་བོ་སྒེར་ལ་ཉེས་སྐྱོན་གང་ཡང་མེད། འོན་ཀྱང་ཀློག་པ་པོ་རྣམས་ཀྱི་བོད་ཀྱི་མཁས་པའི་དག་ཆ་ལ་གཅེས་པ་ཡོད་ན། སྔར་གྱི་དཔེ་ཆ་དག་དང་། དེ་དག་གི་དོན་བསྡུས་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་སོགས་ལ་གཟིགས་ནས་ཉམས་ལེན་དགོས་སོ།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-04-08 at 11:54 am

    དགོངས་ཟས་ཟས་ནས་དགོངས་པར་འཁོར།
    དགོངས་ཟས་མི་ཟར་དགོངས་བཅད་ཟེར།
    དགོངས་བཅད་བྱས་ན་ལུས་སེམས་ཡང་།
    དགོངས་མོའི་དགོངས་བཅད་འཕྲོད་བསྟེན་ཕན།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-04-08 at 11:58 am

    གཞོན་ནུ་དོན་གྲུབ་ཀྱིས།
    དགོངས་མོའི་དུས་སུ་མཉམ་པར་བཞག །
    དགོངས་མོའི་སྲོད་ལ་བདུད་རྣམས་བཏུལ། །
    དགོངས་མོ་ཡོལ་ནས་ས་ལམ་ཐོབ། །
    ཐོ་རང་སྔ་དྲོར་རྫོགས་སངས་རྒྱས། །

  7. ཀརྡོ་གཉེར་ཕྱག་པ་ says:
    2015-04-08 at 12:00 pm

    ཞོགས་ཟས། = breakfast
    ཉིན་ཟས། = lunch
    དགོངས་ཟས། = dinner

  8. རྒྱང་མིག says:
    2015-04-08 at 1:15 pm

    གང་ལྟར་ཡང་། དགུང་གཞོན་ཀརྨ་པ་ཁོང་ནི་འཛམ་གླིང་མི་མང་གི་དོ་སྣང་བྱ་ཡུལ་ཞིག་དང་། བོད་ཀྱི་མཚུངས་ཟླ་མེད་པའི་རྒྱན་ཞིག་ཆགས་ཀྱིན་འདུག ཁོང་གི་མཛད་འཕྲིན་ཕྱོགས་ཀུན་རྒྱས་པར་སྨོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme