Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། (མུ་འགོད་༡༣ པ།)

Posted on 2015-04-072015-04-07 By ཁ་བརྡ 17 Comments on སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། (མུ་འགོད་༡༣ པ།)

མི་གསོན་པོ།

 
སྤྱི་ཟླ་༤ པའི་ཚེས་ ༢ ཉིན་པི་རིན་སི་ཊོན་གཙུག་ལག་སློབ་ཆེན་གྱི་ཁོར་ཡུག་འགན་འཛིན་རོ་བྷེར་ཊི་ཡིས་གོ་སྒྲིག་ཞུས་ཏེ་སློབ་ཆེན་དང་འབྲེལ་ཡོད་ཀྱི་འཛམ་གླིང་ཐོག་ཏུ་ལས་དོན་བྱ་གཞག་སྤེལ་བཞིན་པའི་ཆེད་ལས་པ་ཁག་ཅིག་ལྷན་ཞུགས་ཀྱིས་༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གལ་ཆེའི་བཀའ་སློབ་སྩལ་གནང་བ་དང་། དེ་བཞིན་བཅར་འདྲི་ཁག་ལ་ལན་འདེབས་གནང་བ་མ་ཟད་ཁོར་ཡུག་སྐོར་གྱི་བགྲོ་གླེང་གཟབ་རྒྱས་ཀྱང་གནང་སོང་།
སྐབས་དེའི་བགྲོ་གླེང་གོ་སྒྲིག་པ་རོ་བྷེར་ཊི་ཡིས་པི་རིན་སི་ཊོན་གཙུག་ལག་སློབ་ཆེན་ནི་འཛམ་གླིང་ཐོག་ཏུ་ཚན་རྩལ་གྱི་སློབ་གསོའི་ནུས་ཤུགས་སྟེར་ཐུབ་པའི་སློབ་ཆེན་ཞིག་ཏེ། སློབ་ཆེན་འདི་ཡི་ནང་དུ་ཚན་རིག་པ་སྤྱི་དང་ཁྱད་པར་དངོས་ཁམས་རིག་པའི་ཡབ་ཆེན་དུ་གྲགས་པའི་ཨ་ཡི་སི་ཊོན་སྐུ་ངོ་མས་སློབ་ཁྲིད་བྱས་མྱོང་བ་དང་། དེ་བཞིན་འཛམ་གླིང་གི་གྲགས་ཆེན་མཁས་དབང་མང་པོས་སློབ་གསོ་སྤེལ་ཡུལ་ཞིག་ཡིན་པ་ལྟར། ད་ལན་༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་མཆོག་སློབ་ཆེན་འདིར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་བ་དང་བསྟུན། དེ་རིང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བགྲོ་གླེང་འདི་གོ་སྒྲིག་ཞུ་རྒྱུ་བྱུང་བས་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་བཞིན་ང་ཚོའི་སློབ་ཆེན་གྱི་ངོས་ནས་ཧ་ཅང་གལ་གནད་ཆེ་བའི་མི་སྣ་མཁས་དབང་ཌི་ཝི་ཌི་ཝིལ་ཀོ་སི་ཡང་བགྲོ་གླེང་ནང་དུ་མཉམ་ཞུགས་གནང་ཡོད། དེས་ན་མཁས་དབང་རྣམས་དང་ཆེད་ལས་པ་དག་གིས་ཐོག་མར་སོ་སོའི་ངོ་སྤྲོད་དང་ཁོར་ཡུག་སྐོར་ལ་གལ་གནད་ཆེ་བའི་བསམ་ཚུལ་དང་དྲི་བ་འདོན་རྒྱུའི་གོ་སྐབས་ཀྱང་འབུལ་རྒྱུ་ཡིན།

བགྲོ་གླེང་གི་ཁ་ཕྱོགས་དང་༧རྒྱལ་དབང་ཀརྨ་པ་མཆོག་གིས་སློབ་སྟོན་གནང་རྒྱུ་གཙོ་བོ་ནི། ནང་ཆོས་ཀྱི་ངོས་ནས་ཁོར་ཡུག་སྲུང་སྐྱོབ་ལག་ལེན་དུ་ཇི་ལྟར་བྱེད་རྒྱུ་དེ་ཡིན་དུས་ཐོག་མར་ང་རང་ཉིད་ཀྱིས་འདིའི་སྐོར་ལྟ་ཚུལ་དང་བཀའ་འདྲི་ཞུ་རྒྱུ་ཡིན། ངས་ངོས་ནས་བཤད་ན་ཆོས་ལུགས་དང་ཚན་རིག་ཟུང་འབྲེལ་བྱེད་རྒྱུ་དེ་ཧ་ཅང་ཁག་པོ་འདུག་ལ་དེ་ལས་ནང་ཆོས་ཀྱི་ལམ་ལུགས་ལས་ཚེ་ཐར་བཏང་རྒྱུ་འདི་ནི་ཚན་རིག་པའི་ངོས་ནས་བཤད་ན་ཁོར་ཡུག་ལ་ཧ་ཅང་གནོད་ཚབས་ཆེ་བ་ཞིག་རེད། ཚེ་ཐར་བཏང་བ་འདིས་ཁོར་ཡུག་དང་ཚེ་སྲོག་ལ་གནོད་ཚབས་ཆེན་པོ་གསུམ་ཐེབས་ཀྱི་འདུག

དང་པོ་ཚེ་ཐར་བཏང་བའི་དུད་འགྲོ་ཉ་འབུ་རྣམས་མཚོ་གླིང་གཞན་ནས་གཞན་དུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་འཚོ་གནས་ཀྱི་ཁོར་ཡུག་མི་འདྲ་བས་ཕན་ཚུན་དུག་རླངས་སྐྱེལ་འདྲེན་བྱས་པ་ལྟ་བུར་ཆགས་པ་དང་།

གཉིས་པ་ཉ་འབུའི་རིགས་རྣམས་མཚོ་དང་གཙང་པོ་སོགས་ཆུ་གླིང་གཞན་དུ་སླེབས་སྐབས་ཉ་རིགས་གཞན་གྱིས་ཟ་བ་སོགས་བྱེད་པ་དང་མ་ཟོས་ནའང་མཚོ་ཆུ་གཞན་གྱི་ནང་དུ་ཡུན་རིང་འཚོ་གནས་བྱེད་མི་ཐུབ་པར་འཆི་བར་ངེས་པས་མཚོ་ཆུ་སོགས་འབག་རྩོག་ཅན་དུ་འགྱུར་བ་དང་། ཉ་འབུ་སོགས་སྲོག་ཆགས་རྣམས་ཀྱི་ནད་རིགས་ཕན་ཚུན་འགོས་ཏེ་ཚེ་སྲོག་དང་ཁོར་ཡུག་ལ་ཉེན་ཚབས་ཅན་དུ་བཟོ་བ།

གསུམ་པ་བོད་ལྟ་བུར་མཚོ་གནས་ཀྱི་སྲོག་ཆགས་མང་པོ་མེད་པའི་ཡུལ་དུ་ཚེ་ཐར་གྱི་ཆེད་དུ་ཉ་འབུ་མང་པོ་ཁྱེར་ཡོང་སྟབས་དུག་རླངས་དང་ནད་འབུ་སོགས་ཀྱང་ལྷན་དུ་ཁྱེར་ཡོང་བར་བརྟེན་ཚེ་ཐར་བཏང་བ་དེས་ཚེ་སྲོག་མང་པོ་འཕྲོག་པའི་རྒྱུ་རུ་ཆགས་ཀྱི་ཡོད་པས་ནང་པ་སངས་རྒྱས་པའི་ངོས་ནས་ཚེ་ཐར་འདི་ཧ་ཅང་གལ་ཆེན་པོ་རེད་དམ། འདི་ལ་བསྒྱུར་བཅོས་འདྲ་བྱེད་རྒྱུ་ཡོད་མེད་ཀྱི་སྐོར་དགོངས་ཚུལ་ཇི་ཡོད་གསུངས་རོགས་གནང་ཞེས་ཞུས་སོང་བས་དེའི་ལན་དུ་༧རྒྱལ་དབང་མཆོག་གིས་བཀའ་སྩལ་པ།

དང་པོ་ངས་དམིགས་བསལ་གྱིས་ཞུ་རྒྱུ་ཞིག་ལ། ཚན་རིག་པ་དང་ཁོར་ཡུག་སྲུང་སྐྱོབ་པ་སོགས་ཁྱེད་རང་ཚོས་ཁོར་ཡུག་དཀའ་ངལ་གྱི་གནས་སྟངས་མང་པོ་ཞིག་ངོ་སྤྲོད་གནང་བར་བརྟེན་ང་ཚོས་གང་ཙམ་ཤེས་ཀྱི་ཡོད་རེད། འོན་ཏེ་ཁོར་ཡུག་གི་དཀའ་ངལ་དེ་ལ་ཐབས་ལམ་གང་འདྲ་ཞིག་དང་ལས་འགུལ་གང་འདྲ་སྤེལ་དགོས་མིན་གྱི་ལམ་སྟོན་དང་སློབ་གསོ་དེ་ཅུང་ཉུང་ཉུང་འདྲ་བོ་མཐོང་སོང་། དེ་ཡིན་དུས་ལག་ལེན་དངོས་ཀྱི་ཐད་ནས་སྤྱི་ཚོགས་ནང་དུ་ནུས་པ་ཐོན་པ་གང་འདྲ་ཞིག་བྱེད་དགོས་མིན་གྱི་སྐོར་ལམ་སྟོན་མང་ཙམ་གནང་ན་ང་ཚོས་གཞན་ལ་དེ་ལྟར་འབོད་སྐུལ་དང་བརྒྱུད་བསྒྲགས་བྱེད་སྟབས་བདེ་རུ་འགྲོ་ངེས། ཚེ་ཐར་བཏང་རྒྱུ་དེ་ནང་པ་སངས་རྒྱས་པའི་ངོས་ནས་གལ་ཆེན་རེད་ཅེས་བཤད་ཀྱི་ཡོད་རེད།
སྤྱིར་ནང་པ་སངས་རྒྱས་པ་དང་ཁྱད་པར་ཐེག་པ་ཆེན་པོས་སེམས་ཅན་གཞན་གྱི་ཚེ་སྲོག་དེ་ཧ་ཅང་རྩ་ཆེན་བརྩི་བཞིན་ཡོད་རེད། སེམསཅན་གཞན་གྱིས་ཚེ་སྲོག་རྩ་ཆེན་དུ་བརྩི་བའི་རྒྱུ་མཚན་གྱིས་དེ་སྲུང་སྐྱོབ་བྱེད་རྒྱུ་ནི་ཆོས་དང་མཐུན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་རེད། དེས་ན་ཚེ་ཐར་བཏང་བ་དེ་འགྲིག་གི་མི་འདུག་ལབ་ན་ཁ་ཐུག་ནང་ཆོས་ཀྱི་ལམ་ལུགས་ཤིག་ལ་ངོ་རྒོལ་བྱེད་པ་ལྟ་བུར་མཐོང་གི་ཡོད་སྟབས་ཆོས་དད་པ་མང་ཚོགས་ཀྱི་སེམས་ལ་དོ་ཕོག་འགྲོ་བགྱི་ཡོད་རེད། འོན་ཏེ་རྒྱུ་དངོས་དང་དཀའ་ངལ་ལ་མ་འཛེམས་པར་ཚེ་ཐར་བཏང་བ་དེ་སེམས་ཅན་གྱི་ཚེ་སྲོག་ལ་ཕན་སེམས་ཀྱིས་ཚེ་ཐར་གཏོང་གི་ཡོད་སྟབས་ལས་ཀ་དེས་སེམས་ཅན་གྱི་ཚེ་སྲོག་ལ་གནོད་པ་སྐྱེལ་གྱི་ཡོད་ན་བསམ་བློ་བཏང་དགོས་པ་ཞིག་ཏུ་ཆགས་ཡོད། དེས་ན་ཚན་རིག་པས་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་དེང་དུས་ཀྱི་ཚེ་ཐར་བཏང་སྲོལ་དེས་ཁོར་ཡུག་དང་ཚེ་སྲོག་གཞན་ལ་གནོད་པ་ཆེན་པོ་འགྱུར་བའི་ཚུལ་རྣམས་སྤྱི་ཚོགས་ཐོོག་ཏུ་ངོ་སྤྲོད་ཡག་པོ་བྱེད་ཐུབ་དགོས་ཀྱི་འདུག

ང་རང་གི་ངོས་ནས་ཁོར་ཡུག་ལ་མི་གནོད་ཅིང་གཞན་གྱིས་ཚེ་སྲོག་སྐྱོབ་ཐུབ་པའི་ཐར་ལམ་ཡག་ཤོས་དེ་ཤ་མི་ཟ་བ་དང་། ཤ་ཟ་བ་ཉུང་དུ་བཏང་རྒྱུ་ནི་འཚེ་མེད་ཞི་བའི་ཆོས་ཚུལ་དང་མཐུན་པའི་ཚེ་ཐར་བཏང་བའི་ཐབས་ལམ་ཡག་ཤོས་སུ་བརྩི་བཞིན་ཡོད། རྒྱུ་མཚན་དེས་ནང་པ་སངས་རྒྱས་པའི་སློབ་མ་རྣམས་ལ་ངས་དཀར་ཟས་ལ་སྤྱོད་རྒྱུའི་འབོད་སྐུལ་ཐེངས་མང་ཞུ་མྱོང་། གང་ལྟར་ནང་པ་སངས་རྒྱས་པའི་ངོས་ནས་ཀྱང་གནད་དོན་གཙོ་ཆེ་ཆུང་ལ་བལྟ་དགོས་པ་སངས་རྒྱས་ཀྱིས་དངོས་སུ་གསུངས་ཡོད་པས་ཚེ་ཐར་བཏང་བ་དེས་དེ་ལས་མང་བའི་སེམས་ཅན་གྱི་ཚེ་སྲོག་ལ་གནོད་རྐྱེན་ཆགས་ཀྱི་ཡོད་ན་ང་ཚོས་ཐབས་ལམ་གཞན་ཚོལ་དགོས་པ་དེ་གལ་ཆེན་རེད་དྲན་གྱི་ཡོད། དེས་ན་ཁོར་ཡུག་དང་སེམས་ཅན་གཞན་གྱི་ཚེ་སྲོག་ལ་མི་གནོད་བའི་སྒོ་ནས་སེམས་ཅན་གཞན་གྱི་ཚེ་སྲོག་སྐྱོབ་ཐུབ་པའི་ཐབས་ལམ་འདྲ་ཁྱེད་ཅག་གིས་མཁྱེན་རྟོགས་ཡོད་ན་ང་ཚོ་ལ་གསུངས་ན་ཡག་པོ་འདུག
གཞན་ཚེ་ཐར་བཏང་བ་དེ་མཚམས་འཇོག་བྱེད་དགོས་ཀྱི་འདུག་ལབ་ན་ཆོས་དད་མང་ཚོགས་ཀྱི་ངོས་ནས་སེམས་ཅན་གྱི་ཚེ་སྲོག་དེ་སྣང་མེད་དུ་བཏང་དགོས་ཀྱི་འདུག་ཟེར་བ་ལྟ་བུར་གོ་སྲིད་པ་དང་། དེ་བཞིན་སྲིད་གཞུང་དང་སྒྲིག་འཛུགས་ཀྱིས་ཁྲིམས་བཅས་ཏེ་ཚེ་ཐར་བཏང་མི་ཆོག་བརྗོད་ཚེ་མང་ཚོགས་ཀྱི་བསམ་བློ་དང་ཆོས་དད་རང་དབང་འཕྲོག་པའི་རྣམ་པ་ལྟ་བུར་ཆགས་ངེས། ནང་པ་སངས་རྒྱས་པ་གཙོ་བོར་བྱས་པའི་ཚེ་ཐར་གཏོང་མཁན་རྣམས་ཀྱིས་མིག་སྔར་གྱི་སེམས་ཅན་ཉམ་ཐག་པ་དེའི་སྡུག་བསྔལ་མཐོང་བ་ལས་དེའི་རྒྱལ་ལོགས་སུ་ཁོར་ཡུག་དང་སེམས་ཅན་གཞན་གྱི་ཚེ་སྲོག་ལ་ཉེན་ཁ་དང་གནོད་པ་ཤུགས་ཆེན་ཆགས་པ་དེ་ཤེས་ཀྱི་མེད་པ་ཡིན་དུས་ང་ཚོས་ཆོས་དད་མང་ཚོགས་ཀྱི་ཕན་སེམས་ལ་བརྩི་བཀུར་དང་སེམས་ཅན་གཞན་གྱི་ཚེ་སྲོག་ལ་གཅེས་སྤྲས་དེ་བཞིན་ཁོར་ཡུག་ལ་སྲུང་སྐྱོབ་བཅས་ཐུབ་པའི་ཐབས་ལམ་མཉམ་འབྲེལ་ཐོག་ནས་གོ་རྟོགས་དང་ལས་འགུལ་སྤེལ་དགོས་པ་དེ་གལ་ཆེན་རེད་དྲན་གྱི་ཡོད་ཅེས་བཀའ་སྩལ།

ཁོར་ཡུག་ཉམས་ཞིབ་པ་མཁས་དབང་ཌི་ཝི་ཌི་ཝིལ་ཀོ་སིས། དེང་སྐབས་འཛམ་གླིང་ཐོག་གི་བྱ་དང་བྱིའུ་སོགས་རྩ་ཆེན་གྱི་སྲོག་ཆགས་མང་པོ་ཞིག་ཁོར་ཡུག་དཀའ་ངལ་ཐོག་ནས་རྩ་མེད་འགྲོ་བཞིན་ཡོད་པས་དེའི་ཐད་དུ་༧རྒྱལ་དབང་མཆོག་གི་དགོངས་ཚོར་དང་ལམ་སྟོན་འདྲ་ཡོད་དམ་ཞེས་བཅར་འདྲི་ཞུས་ལན་དུ།
དེང་སྐབས་འཛམ་གླིང་གི་མི་འབོར་གྱི་གྲངས་ཚད་དེ་མང་དུ་འགྲོ་བ་དང་མིའི་འདོད་རྔམས་དེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། མིའི་དགོས་མཁོ་འདྲ་བོ་དེ་མང་དུ་ཕྱིན་ཏེ་ཁང་ཁྱིམ་སོགས་ཀྱི་ཆེད་དུ་རང་བྱུང་གི་ཁོར་ཡུག་ལ་ཉམས་ཆགས་ཤུགས་ཆེ་བཏང་བ་དང་སྲོག་ཆགས་ཀྱི་འཚོ་གནས་དང་རྟེན་གཞི་གྱུར་པའི་ཤིང་སྡོང་བཅད་པ་སོགས་ལ་བརྟེན་ནས་གནས་སྐབས་མིའི་དགོས་མཁོ་འདྲ་བོ་བསྐང་བཞིན་ཡོད་ཀྱང་། དེས་ཁོར་ཡུག་དང་སྲོག་ཆགས་གཞན་གྱི་ཚེ་སྲོག་ལ་གནོད་པའི་ལས་སུ་གྱུར་པ་མ་ཟད་མཐར་ཐུག་ས་ཆེན་གོ་ལར་བརྟེན་པའི་འགྲོ་བ་མི་ལའང་གནོད་ཀྱི་ཡོད།
སྤྱིར་བཏང་སྲོལ་རྒྱུན་གྱི་ལམ་ལུགས་ཁ་ཤས་ཁོར་ཡུག་ལ་ཕན་ཐོགས་ཧ་ཅང་ཡོད། དཔེར་ན་ང་རང་ཆུང་དུས་འཚོ་གནས་བྱེད་ཡུལ་གྱི་ངའི་ཕ་ཡུལ་བོད་ཤར་ཕྱོགས་སུ་རང་བྱུང་གི་ཁོར་ཡུག་ཆུ་བྲག་ཤིང་གསུམ་ལ་ཐུན་མིན་གྱི་ནུས་པ་ཡོད་པ་ཞིག་ལ་ངོས་འཛིན་གྱིས་གཏོར་བརླག་བྱེད་མི་ཕོད་པ་ལྟ་བུར་སོགས་ཀྱིས་ཁོར་ཡུག་ལ་དད་ཞེན་དང་སྲུང་སྐྱོབ་བྱེད་ཀྱི་ཡོད། རྒྱུ་མཚན་དེས་ང་རང་ཡང་ཁོར་ཡུག་ལ་ཧ་ཅང་དགའ་ཞེན་ཆེ་བ་དང་ཁོར་ཡུག་ལ་རང་བཞིན་གྱིས་དོ་སྣང་སླེབས་བསྡད་པ་ཞིག་ཡོང་གི་འདུག གང་ལྟར་མིའི་གནས་སྐབས་ཀྱི་ཕན་ཐོགས་ཙམ་གྱི་ཆེད་དུ་འདོད་རྔམས་ཆེན་པོས་ཁོར་ཡུག་དང་སེམས་ཅན་གཞན་གྱི་ཚེ་སྲོག་ལ་སྣང་མེད་བྱེད་རྒྱུ་ནི་ཧ་ཅང་ནོར་འཁྲུལ་རེད་དྲན་གྱི་འདུག
ང་ཚོས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ལ་མི་དང་ཁོར་ཡུག་གི་འབྲེལ་ཐག་ཉེ་རུ་བཏང་དེ་ཁོར་ཡུག་གི་དགེ་མཚན་དང་དེའི་ཕན་ཐོགས་སོགས་ཧ་གོ་བ་བྱས་ཏེ་ཁོར་ཡུག་ལ་དགའ་བ་དང་བརྩེ་བ་སླེབས་པ་ཞིག་ཡོང་ཐུབ་པ་དེ་གལ་ཆེན་རེད་དྲན་གྱི་ཡོད། དེས་ན་ཆོག་ཤེས་དང་ལྡན་པའི་སྒོ་ནས་ཁོར་ཡུག་དང་འཚོ་བར་བེད་སྤྱོད་བྱེད་རྒྱུར་ནང་བསྟན་ཆོས་ལུགས་ནས་བཤད་པ་འདི་ཉིད་དེང་རབས་ཀྱི་དུས་སུ་བེད་སྤྱོད་བྱེད་ཐུབ་ན་ཡག་པོ་མིན་ནམ་དྲན་གྱི་འདུག ཅེས་བཀའ་སྩལ།

ཡང་ཁོར་ཡུག་ཞིབ་འཇུག་པ་ཞིག་གིས་རྟེན་འབྲེལ་དང་ལྟོས་གྲུབ་ཐོག་ནས་ཁོར་ཡུག་གལ་ཆེན་ཡིན་པའི་ཚུལ་འགྲེལ་བཤད་གང་འདྲ་བྱས་ནས་རྒྱབ་དགོས་རེད་ཅེས་བཀའ་འདྲི་ཞུས་པའི་ལན་དུ་༧རྒྱལ་དབང་མཆོག་གིས་བཀའ་སྩལ་པ།
དེང་སང་འཕྲུལ་ཆས་སོགས་ཡར་རྒྱས་ཧ་ཅང་ཆེ་སྟབས་འཛམ་གླིང་འདི་ཆུང་ཆུང་འདྲ་བོ་ཆགས་ནས་གཅིག་ལ་གཅིག་བརྟེན་དགོས་པའི་གནས་སྟངས་དེ་ཆེ་རུ་ཕྱིན་པ་འདྲ་བོ་ཆགས་ཡོད། དེ་ཡིན་དུས་འཛམ་གླིང་འདིའི་ནང་ལུང་པ་དང་རྒྱལ་ཁབ་ཕན་ཚུན་འབྲེལ་བ་ཟབ་མོ་ཡོད་པ་དེས་ཁོར་ཡུག་གི་ཐོག་ནས་ཕན་ཚུན་ཤུགས་རྐྱེན་ལས་སླའོ་ཐེབས་ཀྱི་ཡོད་སྟབས་ལུང་པ་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་ཁོར་ཡུག་གི་དཀའ་ངལ་དེ་འཛམ་གླིང་གི་དཀའ་ངལ་ཆགས་ཀྱི་ཡོད། འཛམ་གླིང་ནང་དུ་དཔལ་འབྱོར་དང་ཁོར་ཡུག་སོགས་ཕན་ཚུན་འབྲེལ་བ་ཟབ་མོ་ཡོད་པ་དེ་ཤེས་རྟོགས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱི་ཡོད། ཅེས་བཀའ་སྩལ།

ཡང་ཉམས་ཞིབ་པ་ཞིག་གིས་མིའི་སེམས་ནང་དུ་ཁོར་ཡུག་སྲུང་སྐྱོབ་སྐོར་དེ་གལ་ཆེན་ཡིན་པའི་ཚོར་སྣང་་སླེབས་ཐབས་གང་འདྲ་ཞིག་བྱེད་དགོས་ཞེས་པའི་ལན་དུ་༧རྒྱལ་དབང་མཆོག་གིས་བཀའ་སྩལ་པ། སྤྱིར་གནད་དོན་གང་ཞིག་ལ་གལ་ཆེན་གྱི་འདུ་ཤེས་དང་བསམ་བློ་ཡོང་བ་ལ་གནད་དོན་དེའི་ལྡོག་ཕྱོགས་ཀྱི་ཉེན་ཁ་དང་གནོད་ཚབས་དེ་ཤེས་དགོས་ཀྱི་འདུག དཔེར་ན་མི་མང་པོས་ཆུ་ཟེར་བ་དེ་ཙམ་རྩ་ཆེན་དུ་འཛིན་གྱི་མེད་ཀྱང་ཨ་ཧྥི་རི་ཀའི་ལུང་པ་ཁ་ཤས་ནང་དུ་ཆུ་མེད་པའི་དཀའ་ངལ་འཕྲད་པ་མཐོང་མཁན་དག་གིས་ཆུ་དེ་ཧ་ཅང་རྩ་ཆེན་ཡིན་པར་མཐོང་ནས་ཆུད་ཟོས་སོགས་བཏང་མི་ཕོད་པར་ཆགས་ཀྱི་ཡོད། དེ་བཞིན་དངོས་ཡོད་གནས་སྟངས་ཐོག་ནས་ཁོར་ཡུག་གི་ཉེན་ཁ་དེ་མི་མང་ལ་གོ་རྟོགས་སྤེལ་ཐུབ་ཚེ་མིའི་སེམས་ཁམས་ལ་ཁོར་ཡུག་གི་དོ་སྣང་སླེབས་ཐུབ་རྒྱུ་རེད་དྲན་གྱི་འདུག་ཅེས་བཀའ་སྩལ།

༧རྒྱལ་དབང་མཆོག་གིས་ཚན་རིག་དང་འབྲེལ་བའི་ཁོར་ཡུག་སོགས་ཀྱི་སྐོར་བཀའ་འདྲི་གནང་བ་དག་ལ་ཚོགས་ཞུགས་མི་སྣ་རྣམས་ཀྱིས་བཀའ་ལན་ཕུལ་བ་དང་མཐར་སྡོམ་མཁས་དབང་རོ་བྷེར་ཊིས་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནི་དུས་རབས་ཀྱི་སློབ་སྟོན་པ་ངོ་མ་ཡིན་པའི་ངེས་ཤེས་རྙེད་སོང་ཞེས་ཚད་མཐོའི་བསྔགས་བརྗོད་དང་འབྲེལ་བགྲོ་གླེང་ལེགས་གྲུབ་བྱུང་སོང་། བགྲོ་གླེང་འདི་ལ་མཉམ་ཞུགས་གནང་མཁན་དག་ནི་ཉི་ཧོང་དང་། ཧྥ་རན་སི། རྒྱ་གར་སོགས་ཀྱི་ནང་དུ་ཁོར་ཡུག་ཐོོག་ཏུ་ཆེད་ལས་ཀྱི་བྱ་བ་གཉེར་བཞིན་པའི་མཁས་དབང་དང་ཞིབ་འཇུག་རྣམས་ལྷན་ཞུགས་བྱས་འདུག

མི་གསོན་པོས་ཟིན་བྲིས་བཏབས།

གསར་འགྱུར།

Post navigation

Previous Post: སྨྲེང་བ། Emotion
Next Post: ༧གོང་ས་མཆོག་གོ་ལའི་ཁོར་ཡུག་གླེང་སྟེགས་སུ་ཕེབས་པ།

Comments (17) on “སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། (མུ་འགོད་༡༣ པ།)”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-04-07 at 1:46 am

    ་་་་་་་་་་ ཚེ་ཐར་བཏང་བ་འདིས་ཁོར་ཡུག་དང་ཚེ་སྲོག་ལ་གནོད་ཚབས་ཆེན་པོ་གསུམ་ཐེབས་ཀྱི་འདུག ་་་་་་་་་་ ཟེར།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-04-07 at 1:47 am

    རྒྱལ་ཀརྨ་པས།
    ་་་་་་་་་ ང་རང་གི་ངོས་ནས་ཁོར་ཡུག་ལ་མི་གནོད་ཅིང་གཞན་གྱིས་ཚེ་སྲོག་སྐྱོབ་ཐུབ་པའི་ཐར་ལམ་ཡག་ཤོས་དེ་ཤ་མི་ཟ་བ་དང་། ཤ་ཟ་བ་ཉུང་དུ་བཏང་རྒྱུ་ནི་འཚེ་མེད་ཞི་བའི་ཆོས་ཚུལ་དང་མཐུན་པའི་ཚེ་ཐར་བཏང་བའི་ཐབས་ལམ་ཡག་ཤོས་སུ་བརྩི་བཞིན་ཡོད། ་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-04-07 at 1:49 am

    ་་་་་་་་་་་ སྤྱིར་བཏང་སྲོལ་རྒྱུན་གྱི་ལམ་ལུགས་ཁ་ཤས་ཁོར་ཡུག་ལ་ཕན་ཐོགས་ཧ་ཅང་ཡོད། དཔེར་ན་ང་རང་ཆུང་དུས་འཚོ་གནས་བྱེད་ཡུལ་གྱི་ངའི་ཕ་ཡུལ་བོད་ཤར་ཕྱོགས་སུ་རང་བྱུང་གི་ཁོར་ཡུག་ཆུ་བྲག་ཤིང་གསུམ་ལ་ཐུན་མིན་གྱི་ནུས་པ་ཡོད་པ་ཞིག་ལ་ངོས་འཛིན་གྱིས་གཏོར་བརླག་བྱེད་མི་ཕོད་པ་ལྟ་བུར་སོགས་ཀྱིས་ཁོར་ཡུག་ལ་དད་ཞེན་དང་སྲུང་སྐྱོབ་བྱེད་ཀྱི་ཡོད། ་་་་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2015-04-07 at 1:50 am

    ་་་་་་་་་་་་་ དེས་ན་ཆོག་ཤེས་དང་ལྡན་པའི་སྒོ་ནས་ཁོར་ཡུག་དང་འཚོ་བར་བེད་སྤྱོད་བྱེད་རྒྱུར་ནང་བསྟན་ཆོས་ལུགས་ནས་བཤད་པ་འདི་ཉིད་དེང་རབས་ཀྱི་དུས་སུ་བེད་སྤྱོད་བྱེད་ཐུབ་ན་ཡག་པོ་མིན་ནམ་དྲན་གྱི་འདུག ཅེས་བཀའ་སྩལ། ་་་་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2015-04-07 at 1:51 am

    ་་་་་་་་་་་་ དཔེར་ན་མི་མང་པོས་ཆུ་ཟེར་བ་དེ་ཙམ་རྩ་ཆེན་དུ་འཛིན་གྱི་མེད་ཀྱང་ཨ་ཧྥི་རི་ཀའི་ལུང་པ་ཁ་ཤས་ནང་དུ་ཆུ་མེད་པའི་དཀའ་ངལ་འཕྲད་པ་མཐོང་མཁན་དག་གིས་ཆུ་དེ་ཧ་ཅང་རྩ་ཆེན་ཡིན་པར་མཐོང་ནས་ཆུད་ཟོས་སོགས་བཏང་མི་ཕོད་པར་ཆགས་ཀྱི་ཡོད། ་་་་་་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2015-04-07 at 1:58 am

    ཆུ་མེད་ན་ཤིང་མེད།
    ཤིང་མེད་ན་རླུང་མེད།
    རླུང་མེད་ན་སྲོག་མེད།
    སྲོག་མེད་ན་ང་མེད།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-04-07 at 1:58 am

    སྲོག་མེད་ན་གོ་ལ་རྡོ།
    སྲོག་མེད་ན་ཛམ་གླིང་མེད།
    སྲོག་མེད་ན་དུད་འགྲོ་མེད།
    སྲོག་མེད་ན་མི་མེད།

  8. ཅོ་རི་ཉི་མ། says:
    2015-04-07 at 2:59 am

    འདོད་རྔམས་བྱེད་མི་ཉན་རབས་དང་ཆོག་ཤེས་བྱེད་དགོས་རབས་གསུངས་ཡོང་དུས་ཡ་མཚན་འདྲ་ཞིག་སྐྱེས་བྱུང་། འཛམ་གླིང་གི་མི་ཡོངས་རྫོགས་ལ་བོད་ཀྱི་བླ་ཆེན་ཚོའི་བླ་བྲང་ལྟ་བུའི་ཁང་པ་དང་། བོད་ཀྱི་བླ་ཆེན་ཚོའི་འཚོ་གནས་ལྟ་བུ་དགོས་པར་འདོད་རྔམས་བྱས་ན་ཁོར་ཡུག་ཡོངས་རྫོགས་ལ་གཏོར་སྐྱོན་བཏངས་ན་མ་གཏོགས་དཔལ་འབྱོར་གྱིས་འདངས་ཀིན་མ་རེད།

    མི་སྒེར་རེ་རེ་ལ་ཁང་མིག་བརྒྱ་ཕྲག་ཅན་གྱི་ཁང་པ་བཟོ་དགོས་ན་ཁོར་ཡུག་གཏོར་སྐྱོན་མ་གཏོང་ཐབས་མེད། ལྕགས་གཏེར་བཏོན་དགོས། ལྕགས་བཟོ་དུས་མེ་གཏོང་ཆེད་དུ་རྡོ་སོལ་གྱི་གཏེར་ཁ་བཏོན་དགོས། ཤིང་གཅོད་དགོས། རྡོ་བཅག་དགོས།

    འཛམ་གླིང་གི་མི་དམངས་ཡོངས་ཀྱིས་བོད་ཀྱི་བླ་ཆེན་ཚོའི་འདོད་རྔམས་བྱས་པ་ལྟར་མི་རེ་ལ་ཁང་པ་ཁང་མིག་བརྒྱ་ཕྲག་ཡོད་པའི་ཁང་པ་རྒྱབ་པ་ཡིན་ན་འཛམ་གླིང་གི་ཁོར་གཡུ་ཡོངས་རྫོགས་གཏོར་ན་མ་གཏོགས་ཅང་འདང་ཨེ་ཡོང་ངམ།་་་་་ཧཧཧ རྩེད་མོ་ཡིན་ད།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-04-07 at 3:09 am

    ་་་་་་་་་་་ འཛམ་གླིང་གི་མི་དམངས་ཡོངས་ཀྱིས་བོད་ཀྱི་བླ་ཆེན་ཚོའི་འདོད་རྔམས་བྱས་པ་ལྟར་མི་རེ་ལ་ཁང་པ་ཁང་མིག་བརྒྱ་ཕྲག་ཡོད་པའི་ཁང་པ་རྒྱབ་པ་ཡིན་ན་འཛམ་གླིང་གི་ཁོར་གཡུ་ཡོངས་རྫོགས་གཏོར་ན་མ་གཏོགས་ཅང་འདང་ཨེ་ཡོང་ངམ།་་་་་ཧཧཧ རྩེད་མོ་ཡིན་ད། ་་་་་་་་་་་་་་

  10. དགའ་སྐུ་ says:
    2015-04-07 at 7:17 am

    རྒྱལ་བའི་གསུངས་ཉན་ཤེས་ན་དགོས་འདོད་ཐམས་ཅད་འདིར་འདུས་འདུག་་་་སངས་རྒྱས་ཀརྨ་པ་ལོས་ཡིན།

  11. དྲི་མེད་ལྷག་བསམ། says:
    2015-04-07 at 10:19 am

    རང་ཉིད་སུ་ལ་དད་པ་དེའི་གསུང་གཞན་ལས་ཁྱད་པར་འཕགས་པ་ཡིན་སྣང་འཆར་གྱི་འདུག སུ་ལ་དགའ་བ་དེ་མཛེས་པ་ཡིན་པའི་འཆར་ཚུལ་མི་ཀུན་ལ་ཡོད། དེ་བཞིན་གཞན་ཞིག་གི་ངོས་ནས་བལྟས་ན་ལྡོག་ཕྱོགས་ཀྱི་འཆར་སྣང་ཡང་ཡོང་གི་ཡོད། དེ་ལ་བརྟེན་ནས་དགེ་འདུན་ཆོས་འཕེལ་གྱིས། ཆོས་ཅན་མཐུན་སྣང་མེད་ཚུལ་གྱི་དོགས་སློང་བྱས་པ་འདྲ། །

  12. ཚེ་རིང་། says:
    2015-04-07 at 12:32 pm

    དུས་རྒྱུན་ཀརྨ་པ་གོས་ཆེན་རིན་ཐང་ཅན་དང་། རྒྱས་སྤྲོས་ལ་དགའ་པོ་ཡོད་རབས་མང་དུ་ཐོས་མྱོང་། ད་རིང་བཀའ་སློབ་བལྟས་ན་ཡིན་བཟོ་མི་འདུག

  13. ལྡོང་གསེར་མིག says:
    2015-04-07 at 12:58 pm

    བོད་ཀྱི་བླ་མ་མང་ཆེ་བས་གསུང་སྟངས་དང་གནས་སྟངས་གཉིས་རྦད་དེ་ཁ་ཁར་གྱུར་ཡོད། སྤྱི་ཚོགས་ཁྲོད་གཡམ་རྒྱུགས་ཁོ་ནར་དགའ་བ་ཚོར་བླ་མའི་གསུང་ཞེས་གཙིགས་སུ་འཛིན་པའི་དད་པ་རྫུན་མ་རེ་མིའི་མཐོང་ངོར་ཡོད་ཀྱང་། བླ་མར་ཡུན་རིང་འདྲིས་རྗེས་རྒྱབ་གཏད་དུ་གྱུར་བའི་སློབ་མ་རྙིང་པ་ཚོར་ག་ལེར་དྲིས་ན་བླ་མས་རྫུན་བཤད་རབས་དང་། མགོ་སྐོར་བཏང་རབས། དངུལ་བསྡུས་རབས། ཚོང་རྒྱབ་རབས། བཙན་གཡེམ་བྱས་རབས་སོགས་ལོག་སྤྱོད་མང་དུ་ཐོས་རྗེས་བླ་མའི་ཁ་ནས་སྙིང་རྗེ་དང་བྱང་སེམས་ཞེས་གཞན་དོན་བཤད་པ་དང་། ལག་གིས་རང་ཉིད་ཀྱི་འདོད་ཞེན་ཁོ་ན་ལོངས་སུ་སྤྱོད་པ་གཉིས་འགལ་བ་ལྟག་སྤྱོད་དུ་གྱུར་ཡོད། གང་ལྟར་བོད་ཀྱི་བླ་མ་མང་པོ་ཞིག་གིས་ལྕགས་ཀྱི་གདོང་འབག་རེ་གྱོན་ཏེ་རྒྱལ་ཁབ་ཕྱི་ནང་མང་པོར་གར་འཁྲབ་པ་ཆོས་བཙོང་བ་མཐོང་དུས་སྙིང་ལ་ཚ་ཤེད་རེ་རྒྱུགས་ཅིང་། སེམས་ནས་སྙིང་རྗེ་རེ་སྐྱེ་གི། ཅི་འདྲའི་ཕང་སེམས་སྐྱེ་བ་ཞིག །

  14. དགའ་སྐུ་ says:
    2015-04-07 at 1:19 pm

    བོད་ཀྱི་བླ་མ་མང་པོ་ཞེས་སྤྱི་ལ་འདོགས་ན་ཡག་པོ་མེད། ང་ཚོའི་སྤྱི་ཚོགས་སུ་རྐུ་མ་ཡོད་པའི་རྒྱུ་མཚན་གྱི་ཚང་མར་རྐུ་མ་རེད་བརྗོད་ན་རང་ཉིད་གང་འདྲ་ཞིག་ཡིན་པ་སྟོན་པ་རེད། གང་ལྟར་རྒྱལ་དབང་ཀརྨ་པ་སྐུ་དངོས་བཞུགས་ཡོད་རེད། རྣམ་པ་ཚོ་ཡང་རྣམ་དཔྱོད་ཅན་སོང་གཞན་གྱི་ཟེར་སྒྲོས་རྗེས་སུ་མི་འཇུག་པར་བློ་བོ་གཟུར་གནས་ཀྱི་རང་གི་ཤེས་རབ་བེད་སྤྱོད་གནང་ན་བོད་ཡ་རབས་པ་ཟེར་བ་དེ་དོན་ལ་གནས་རེད།

  15. ཁྱུང་སེ། says:
    2015-04-07 at 2:45 pm

    བོད་ཀྱི་བླ་མ་དག་བཞུགས་ས་ཤར་ཕྱོགས་སུ་ཡིན་པར་བརྟེན་ཁོང་ཚོས་མི་དེ་ཚོའི་ལྟ་བ་དང་བསྟུན་ནས་བྱས་པ་རེད་བསམ། གང་ཡིན་ཟེར་ན་བོད་དང་རྒྱ་ནག་ལས་སོགས་ཤར་ཕྱོགས་པའི་མི་མང་ཆེ་བ་མི་རྫིག་པོ་དང་ཉམས་ཆེན་རྒྱུ་ཆེན་དེ་ཚོར་གུས་ཞབས་དང་གདེང་འཇོག་བྱེད་པ་ལས་ཉམས་ཆུང་དང་ཡོན་ཏན་ཅན་དེ་ཚོར་དོ་སྣང་བྱེད་ཀྱི་མ་རེད། ཁ་དཔེ་ཞིག་ལ། འབྲུག་པ་ཀུན་ལེགས་ནི་གྲུབ་ཐོབ་ཀྱི་ཚུལ་དུ་ཟས་གོས་ངན་ངོན་ཙམ་ལས་མེད་པས་ཞིང་འབྲོག་གང་དུ་སོང་ཀྱང་བསོད་སྙོམ་རག་གི་མེད། ཉིན་ཅིག་ཁོང་གི་སྐུ་མཆེད་འབྲུག་ཐམས་ཅད་མཁྱེན་པས་གོས་ཆེན་གྱི་སྟོད་འགག་དང་ཐེར་མའི་གཟན་ཤམས་སྤྲད་ནས་བཏང་བས་མར་ཕྱུར་སོགས་ཧ་ཅང་གི་མང་པོ་རག་ཡོད་་་་དེ་ནས་ཀུན་ལེགས་ཀྱིས་སྣོད་ཟངས་ཆེན་པོའི་ནང་དུ་མར་རྣམས་བཞུས་ཤིང་དེའི་ནང་དུ་ཐེར་གཟན་དང་གོས་ཆེན་སོགས་བཅུགས་ནས་འདི་ཁྱོད་ལ་སྤྲད་པས་ཁྱོད་རང་བཟོ་ཞེས་བཤད་ཡོད་དེ་ལ་སོམ་དང་ཤེས་པར་འགྱུར། བོད་རྨོངས་དད་པ་ཟེར་མཁན་དེ་འདི་འདྲ་ཞིག་ཡོད་རེད།

  16. རྩམ་པ says:
    2015-04-08 at 8:41 am

    བཀྲ་ཤིས་བདེ་ལེགས

  17. རྒྱ་མཚོ་ཆེན་པོ། says:
    2015-04-08 at 1:06 pm

    བཀའ་བསྡོས་རྩོམ་བཤུས་དང་ཟེར་རྐྱང་བྲིས་ཤིང་མ་ཟད་ཆེད་རྩོམ་ཚང་མ་ལ་མཆན་མཐོང་རྒྱུ་ཡོད་པ་ལ་བལྟས་ན་ལས་མེད་དུས་སྟོང་ཞིག་ཡིན་པ་འདྲ་བས་མཆན་འདེབས་ས་ཁོངས་ལ་ཟེར་སོགས་འགེངས་བཞིན་འདུག་ངས་རེ་བ་ལ་མཆན་ཉོག་མ་རྒྱག་རོགས་དྲ་ལམ་ཉུལ་བའི་དྲ་འབུ་མང་ཆེ་བ་ཤེས་ཡོན་པ་རྐྱང་གིས་ཁེངས་ཡོད་པས་གོ་ལོན་ཐུབ་ཀྱི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme