Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད། ༡༠༽

Posted on 2015-03-312015-04-01 By ཁ་བརྡ 7 Comments on སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད། ༡༠༽

མི་གསོན་པོ།

 
སྤྱི་ཚེས་༢༧ སྟེ། དེ་རིང་གི་ཉིན་མོ་༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་གང་ཉིད་ཧཱ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ཆོས་ལུགས་སློབ་སྦྱོང་གི་བསྟི་གནས་ཁང་དུ་གདན་འདྲེན་ཞུས་ཏེ་སློབ་ཆེན་གྱི་སློབ་ཁྲིད་པ་མཁས་དབང་ཁག་དང་། ནང་ཆོས་ལ་ཞིབ་འཇུག་པ། དེ་བཞིན་ནང་ཆོས་ལ་སློབ་སྦྱོང་བྱེད་བཞིན་པའི་ཆེས་མཐོའི་སློབ་མ་ཁག་བཅས་ལྷན་འཛོམས་ཀྱིས་བགྲོ་གླེང་གནང་སོང་།
བགྲོ་གླེང་འདི་ཡི་གོ་སྒྲིག་པ་རྗེ་ནི་ཊི་རྒྱ་མཚོས་མཚམས་སྦྱོར་ཞུས་པ་ལྟར་མཁས་དབང་རྣམས་ཀྱིས་རང་གི་མི་ཚེའི་ཉམས་མྱོང་དང་སློབ་ཁྲིད་གང་བྱས་སྐོར་གྱི་ངོ་སྤྲོད་མདོར་བསྡུས་རེ་ཞུས་ཟིན་པའི་རྗེས་སུ་མདོ་འཛིན་པ་དང་གོ་སྒྲིག་འགན་ཁུར་བ་མཁས་དབང་མ་རྗེ་ནི་ཊི་རྒྱ་མཚོས་༧དཔལ་རྒྱལ་དབང་ཀརྨ་པས་དགེ་སློང་མའི་སྡོམ་པ་སྐྱར་གསོ་གནང་རྒྱུའི་གཏན་འབེབས་ཀྱི་ལས་རིམ་ལ་བསྔགས་བརྗོད་དང་། དགེ་སློང་མའི་སྡོམ་པ་སྐྱར་གསོ་གནང་རྒྱུའི་དགོངས་བཞེད་ཇི་ལྟར་འཁྲུངས་ཚུལ་དང་ལས་རིམ་གཏན་འབེབས་གནང་བའི་བརྒྱུད་རིམ་སྐོར་བཀའ་འདྲི་ཞུས་པའི་ལན་དུ་བཀའ་ལན་འདི་ལྟར་སྩལ་གནང་སོང་།

ཐོག་མར་གསལ་པོར་བཟོ་དགོས་པ་ཞིག་ནི་དགེ་སློང་མའི་སྡོམ་པ་སྐྱར་གསོ་བྱེད་རྒྱུའི་ལས་འཆར་དེ་ཉིད་ངས་སྣེ་ཁྲིད་དེ་གསར་གཏོད་བྱས་པ་དེ་འདྲ་ཞིག་མ་རེད། བཙན་བྱོལ་གྱི་སྤྱི་ཚོགས་ནང་དུ་༧གོང་ས་མཆོག་གིས་ལམ་སྟོན་དང་དབུ་ཁྲིད་འོག་ཆོས་བརྒྱུད་ཁག་གི་མཁས་དབང་མང་པོས་ཞིབ་འཇུག་དང་བགྲོ་གླེང་ཐེངས་མང་བྱས་པའི་ནང་དུ་ང་རང་ཞུགས་རྒྱུ་བྱུང་བ་དང་། མཁས་པ་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་བ་དེ་དག་གིས་ཤུགས་རྐྱེན་ཐེབས་པ་སོགས་ལ་བརྟེན་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་དོ་སྣང་སླེབས་པ་དང་། སྡོམ་རྒྱུན་དེ་ཉིད་སྐྱར་གསོ་བྱེད་འདོད་ཀྱི་ཀུན་སློང་དང་བསམ་བློ་ཞིག་སྐྱེས་ཏེ་དགེ་སློང་མའི་སྡོམ་རྒྱུན་སྐྱར་གསོ་བྱེད་རྒྱུའི་ལས་རིམ་ཞིག་བཟོས་ཡིན། དེས་ན་གོ་སྐབས་འདི་བརྒྱུད་དེ་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ་དགོས་པ་ནི་༧གོང་ས་མཆོག་དང་མཁས་དབང་ཁོང་རྣམ་པ་ཡིན་ལ་ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་ང་ལ་དགེ་སློང་མའི་སྡོམ་རྒྱུན་སྐྱར་གསོ་བྱེད་འདོད་ཀྱི་སེམས་ཚོར་དང་ཀུན་སློང་སྐྱེས་པ་ཡིན་དུས་དཀའ་ལས་དེ་ཁོང་རྣམ་པས་གནང་ཞིང་བྱས་རྗེས་དེ་ངས་ཁུར་ན་མ་འགྲིག་པ་རེད།

ལོ་རྒྱུས་ནང་དུ་བོད་ལ་དགེ་སློང་མའི་སྡོམ་རྒྱུན་ཡོད་མེད་ཀྱི་བཤད་ཚུལ་ཅི་རིགས་ཡོད་ཀྱང་། ངའི་ངོས་ནས་བོད་དུ་དགེ་སློང་མའི་སྡོམ་རྒྱུན་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། སྤྱིར་བོད་ཀྱི་རྒྱལ་བཙུན་རླབས་ཆེན་མང་པོ་ཞིག་རབ་ཏུ་བྱུང་ཡོད་དུས་ཁོང་རྣམ་པས་དགེ་སློང་མའི་སྡོམ་པ་བཞེས་ཡོད་རྒྱུ་རེད་དྲན་གྱི་འདུག དེ་ཙམ་མ་ཟད་ལོ་རྒྱུས་མང་པོའི་ནང་དུ་དགེ་སློང་མའི་སྡེ་བོད་དུ་བྱུང་ཚུལ་མཐོང་གི་འདུག་པས་ངས་དགེ་སློང་མའི་སྡོམ་རྒྱུན་བོད་དུ་བྱུང་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། བོད་དུ་དགེ་སློང་མའི་སྡེ་ཉམས་པའི་རྒྱུ་མཚན་གསལ་པོ་ཞིག་ད་བར་མཐོང་མ་སོང་། དེས་ན་ང་ཚོས་དེའི་ཐད་དུ་ད་དུང་ཞིབ་འཇུག་བྱེད་དགོས་ཀྱི་འདུག བླ་མ་གང་ཟག་རེ་ཟུང་གི་རྣམ་ཐར་ལོ་རྒྱུས་ནང་དུ་དགེ་སློང་མའི་སྡོམ་པ་གནང་ཡོད་པའི་ཚུལ་འདྲ་བོ་འདུག ཀརྨ་པ་མི་བསྐྱོད་རྡོ་རྗེས་ཀྱང་ཕལ་ཆེར་གནང་ཡོད་ས་རེད། བོ་དོང་པན་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་ཀྱང་གནང་ཡོད་སྐད་འདུག་ལ་ཁོང་གི་དྲུང་ནས་བསམ་ལྡིང་རྡོ་རྗེ་ཕག་མོས་དགེ་སློང་མའི་སྡོམ་པ་བཞེས་པའི་བཤད་སྲོལ་ཞིག་འདུག

བསམ་ལྡིང་རྡོ་རྗེ་ཕག་མོ་ནི་བོད་ཀྱི་བུད་མེད་སྤྲུལ་སྐུ་་མཐོ་ཤོས་དེ་རེད། ལོ་མང་རིང་དུ་དགེ་སློང་མའི་སྡོམ་རྒྱུན་སྐྱར་གསོ་བྱེད་རྒྱུའི་ཐད་དུ་དུས་ཡུན་རིང་པོར་བགྲོ་གླེང་བྱས་པ་དང་ཁ་ཤས་ཀྱིས་དེ་ལ་དགག་པ་ལྟ་བུར་མཛད་གནང་བ་དེ་དག་ཆ་ཚང་གཙོ་བོར་སྡོམ་རྒྱུན་དེ་རྣམ་པ་དག་པ་ཞིག་དང་དམ་ཆོས་འདུལ་བ་ལ་མི་འགལ་བ་ཞིག་གི་ཆེད་དུ་ནན་ཏན་བྱས་གནང་བ་རེད། སྤུས་ཚད་དག་པོ་ཞིག་ཡོང་བའི་ཆེད་དུ་དུས་ཚོད་མང་པོ་བཏང་དེ་བགྲོ་གླེང་གནང་བ་ཡིན་སྟབས་བགྲོ་གླེང་དེ་དག་ལ་བརྟེན་ནས་ང་རང་ལའང་བློ་བསྐྱེད་དང་གོ་རྟོགས་མང་པོ་ཞིག་ཐོབ་སོང་ལ་དེས་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་།
ང་རང་སྒེར་ངོས་ནས་དགེ་སློང་མའི་སྡོམ་རྒྱུན་སྐྱར་གསོ་བྱེད་རྒྱུའི་གནས་སྟངས་དེ་གློ་བུར་བ་ཞིག་གིས་ཐོག་ནས་བྱུང་བ་རེད། དེ་ཡང་༢༠༠༨ ལོར་བཀའ་བརྒྱུད་སྨོན་ལམ་དེ་འདུལ་བ་དང་མཐུན་པའི་ཐོག་ནས་གོ་སྒྲིག་ཞུ་རྒྱུ་ལ་འབད་བརྩོན་བྱས་ཡིན།

སྐབས་དེར་ཐེ་ཝན་གྱི་དགེ་སློང་མ་ཁ་ཤས་ཕེབས་ཡོད་སྟབས་དེ་དག་གྲལ་གང་དུ་འཇོག་དགོས་མིན་སོགས་ཀྱིས་ཐད་དུ་བསམ་གཞིག་བྱེད་དགོས་པ་བྱུང་། དེ་ནས་དེ་ལ་དོ་སྣང་གིས་དཔེ་ཀློག་བྱས་པ་བརྟེན་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་གནང་བའི་འདུལ་བའི་ལས་ཆོག་ནང་དུ་བོད་དུ་དགེ་སློང་མ་བསྙེན་པ་རྫོགས་དགོས་ན་ཕ་ཚོགས་ལ་བརྟེན་ནས་བསྙེན་པ་རྫོགས་དགོས་ཞེས་དགེ་སློང་མ་བསྙེན་པ་རྫོགས་ཚུལ་གྱིས་ལས་ཆོག་བསྒྲིགས་གནང་འདུག་པ་སོགས་མཇལ་བས་དོ་སྣང་སླེབས་ཏེ་ལས་འགུལ་སྤེལ་ཡིན།
སྤྱིར་བཏང་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་ཕྱི་རྒྱལ་གྱིས་བཙུན་མ་རྣམས་ཀྱིས་སྐད་བརྒྱབ་གནང་བ་ལས་བོད་ཀྱི་བཙུན་མ་རྣམས་ཀྱིས་དོ་སྣང་དང་འབོད་བསྐུལ་དེ་ཙམ་བྱེད་ཀྱི་མེད་པའི་རྣམ་པ་རེད། དེས་ན་དོན་གྱི་བདག་པོ་བོད་ཀྱི་བཙུན་མའི་སྤྱི་ཚོགས་ནང་དུ་དགེ་སློང་མའི་དགེ་ཕན་དང་གནས་སྟངས་སྐོར་ངོ་སྤྲོད་དང་ཤེས་རྟོགས་ཐེངས་མང་སྤེལ་བ་ཡིན།

སྤྱིར་དགེ་སློང་མའི་སྡོམ་རྒྱུན་དེའང་བཙུན་མ་གཅིག་པུའི་གནད་དོན་ཞིག་མིན་པ་སངས་རྒྱས་བསྟན་པའི་གནད་དོན་ཞིག་ཆགས་ཡོད་རེད། སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དགོས་པ་དང་ཆེ་བའི་ཚུལ་གྱི་ནང་དུའང་འཁོར་རྣམ་པ་བཞི་དེ་གལ་ཆེན་པོ་གསུངས་ཡོད་པ་དང་། སངས་རྒྱས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་གནས་པའི་རྒྱལ་ཁམས་དེ་ཡང་འཁོར་རྣམ་བཞི་ཚང་མིན་གྱིས་འཇོག་གི་ཡོད་པ་སོགས་གལ་ཆེན་ཡིན་སྟབས། དགེ་འདུན་པའི་སྤྱི་ཚོགས་ནང་དུའང་ངོ་སྤྲོད་དང་གལ་ཆེན་ཡིན་ཚུལ་མང་པོ་ཞུ་རྒྱུ་བྱུང་།
འོན་ཏེ་ང་རང་གི་གཤིས་ཀ་དེ་སྐད་ཆ་མང་པོ་བཤད་བསྡད་པ་ལས་ལག་ལེན་བལྟ་རྒྱུ་དེ་གལ་ཆེན་བརྩི་མཁན་ཞིག་ཡིན། ཡིན་ནའང་བགྲོ་གླེང་དང་གྲོས་བསྡུར་བྱེད་རྒྱུ་དེ་ཡང་གལ་ཆེན་དུ་བརྩིས་ཏེ་ལོ་ལྟར་བཀའ་བརྒྱུད་སྨོན་ལམ་འཚོགས་པ་དང་སྟབས་བསྟུན་ཀམ་ཚང་གི་མཁན་སློབ་དགེ་རྒན་མང་པོ་དང་ལྷན་བགྲོ་གླེང་གྲོས་བསྡུར་ཧ་ཅང་མང་པོ་བྱས་པ་ཡིན། ཁོང་ཚོ་ཡོངས་ཀྱིས་ང་ལ་དགེ་སློང་མའི་སྡོམ་རྒྱུན་སྐྱར་གསོ་བྱེད་རྒྱུ་དེ་མགོ་འཛུགས་བྱེད་དགོས་པའི་འབོད་བསྐུལ་གནང་བྱུང་བ་དེས་སེམས་ཤུགས་འདྲ་འཕར་ནས་༢༠༡༦ ལོར་ལས་གཞི་དེ་དངོས་སུ་འཛུགས་རྒྱུའི་འཆར་གཞི་གཏན་འབེབས་བྱས་པ་ཡིན།

འོན་ཏེ་འདུལ་བའི་སྡོམ་པ་ནི་གང་ཟག་ལས་ཀྱང་དགེ་འདུན་གཙོ་ཆེ་བ་བརྟེན་ང་རང་གཅིག་པུས་ཐག་གཅོད་དང་བྱ་གཞག་བསྒྲུབ་རྒྱུ་མ་ཡིན་པར་ཚོགས་པ་བཙུགས་ཏེ་བུད་མེད་ཀྱི་ཁེ་ཕན་དང་ཆེ་མཐོང་ལ་བརྩི་བཀུར་དང་ལྡན་པའི་སྒོ་ནས་ལས་རིམ་འདི་བསྒྲུབ་རྒྱུའི་ཐག་གཅོད་བྱས་པ་ཡིན། དགེ་ཚུལ་མ་དང་། དགེ་སློབ་མ། དགེ་སློང་མ་བཅས་སྡོམ་པ་རིམ་བཞིན་ཞུ་རྒྱུའི་ལས་རིམ་ལོ་བཅུ་ཙམ་འགོར་བགྱི་འདུག་དགེ་ཚུལ་དང་དགེ་སློབ་མའི་སྡོམ་རྒྱུན་དེ་རྒྱ་བརྒྱུད་ནང་བསྟན་དགེ་སློང་མའི་སྡོམ་རྒྱུན་ལས་ཞུ་རྒྱུ་དང་། དགེ་སློང་མའི་སྡོམ་པ་དེ་བོད་དུ་ཡོད་པའི་གཞི་ཐམས་ཅད་སྨྲ་བའི་སྡེ་ཡི་སྡོམ་རྒྱུན་ལྟར་ཕ་ཚོགས་ལས་བསྙེན་པ་རྫོགས་རྒྱུའི་འཆར་གཞི་ཡིན། སྤྱིར་སྡོམ་པའི་སྐོར་རབ་བྱུང་མ་ཡིན་པ་ལ་བཤད་ཆོག་དང་མི་ཆོག་ཅི་རིགས་ཡོད་པ་ཡིན་སྟབས་དེ་ཙམ་ལས་དམིགས་བསལ་ཞུ་རྒྱུ་མིན། ཞེས་བཀའ་སྩལ།

མཁས་དབང་ཞིབ་འཇུག་པ་ཞིག་གིས་དགེ་སློང་མའི་སྡོམ་རྒྱུན་སྐྱར་གསོ་དེ་བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བ་ཡོད་མེད་སྐོར་བཀའ་འདྲི་ཞུས་ལན་དུ་གསུངས་པ། སྤྱིར་འཛམ་གླིང་འདིའི་ནང་དུ་ཕོ་མོ་གཉིས་ལས་བུད་མེད་ཀྱི་གྲངས་འབོར་བུ་ལས་ཀྱང་མང་སྐད་འདུག བུད་མེད་ཀྱི་ནང་ནས་ཀྱང་ནང་ཆོས་ཉམས་ལེན་བྱེད་མཁན་ཆེས་མང་པོ་ཡོད་སྟབས་དེ་དག་གི་དགོས་མཁོ་བསྐང་རྒྱུ་ནི་ལས་འགན་ཞིག་ཆགས་ཡོད་རེད་དྲན་གྱི་འདུག བུད་མེད་ལ་དམིགས་བསལ་གྱི་ཤེས་རབ་དང་བྱམས་བརྩེའི་སོགས་ཡོན་ཏན་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་པར་བརྟེན། ཁོང་ཅག་འཛམ་གླིང་གི་དབུ་ཁྲིད་དང་ལམ་སྟོན་པ་ཆགས་ཐུབ་པའི་འཇོན་ནུས་ཡོད་ངེས་ཅན་ཡིན་ཕྱིར་ནང་ཆོས་ཀྱི་རིན་ཐང་དང་ཐོབ་ཐང་དེ་དག་ཁོང་ཚོ་ལའང་གཅིག་གྱུར་ཐོབ་དགོས་ངེས་རེད་དྲན་གྱིན་ཡོད། ཅེས་བཀའ་སྩལ།

ཡང་ཞིབ་འཇུག་པ་ཞིག་གིས་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་ཚན་རིག་དང་ཁྱད་པར་དབང་རྩ་རིག་པ་སོགས་ལ་དོ་སྣང་ཡོད་མེད་སྐོར་འདྲི་ཞུས་ལན་དུ་བཀའ་སྩལ་པ། སེམས་དང་སྲོག་གི་ཚན་རིག་ཚོགས་འདུ་ནང་དུ་ཐེངས་ཁ་ཤས་འགྲོ་རྒྱུའི་གོ་སྐབས་བྱུང་མྱོང་། དེ་ནི་༧གོང་ས་མཆོག་གིས་ཚོགས་འདུ་དེར་ཡོང་དགོས་པའི་བཀའ་གནང་བར་བརྟེན་བཅར་བ་ཡིན། བཀའ་གནང་བ་དེའང་ང་གཅིག་པུ་ཙམ་མ་ཡིན་པར་སྤྲུལ་སྐུ་ན་གཞོན་མང་ཆེ་བ་ལ་བཀའ་གནང་ནས་ཁོང་གིས་ཐུགས་རེ་ཆེན་པོ་བཅང་གནང་གི་འདུག ཚོགས་འདུ་དང་བགྲོ་གླེང་ལ་བཅར་ནས་ང་རང་ལ་བློ་བསྐྱེད་ཧ་ཅང་ཆེན་པོ་ཐོབ་སོང་། ཡིན་ནའང་དེང་སང་ཚོགས་འདུ་འཚོགས་ཡུལ་གྱི་ས་ཆ་བརྗེ་བོ་གནང་ནས་ལྷོ་ཕྱོགས་སོགས་ལ་འཚོགས་བཞིན་ཡོད་སྟབས་བཅར་ཐུབ་ཀྱི་མི་འདུག གང་ལྟར་ང་རང་ངོས་ནས་ཚན་རིག་ལ་དགའ་ཞེན་ཆེན་པོ་ཡོད་ལ་༧གོང་ས་མཆོག་གི་ཐུགས་རེ་ལ་ང་ཚོས་འགན་ཁུར་དགོས་པ་དེ་ཡང་རྩ་ཆེན་དུ་བརྩི་བཞིན་ཡོད་ཅེས་བཀའ་སྩལ།

གཞན་ཡང་ཞིབ་འཇུག་པ་དང་ཚན་རིག་པ་དེ་བཞིན་སློབ་ཕྲུག་སོགས་ཀྱིས་བཀའ་འདྲི་ལ་བཀའ་ལན་གནང་ཞིང་ཁོང་ཚོས་སློབ་ཁྲིད་དང་ཞིབ་འཇུག་གི་ལས་རིམ་རྣམས་སྙན་སེང་ཞུས་པ་ལ་གསན་ཞིབ་སོགས་གནང་ཟིན་རྗེས་ལས་རིམ་གོ་སྒྲིག་ཞུ་མཁན་མཁས་དབང་མ་རྗེ་ཊི་ནི་རྒྱ་མཚོས་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་ཁྱེད་ནི་ངོ་མ་དུས་རབས་ཉེར་གཅིག་པའི་ལམ་སྟོན་གྱི་དབུ་ཁྲིད་ཅིག་རེད་འདུག་ལ་ཁྱེད་ཀྱིས་བཀའ་སྩལ་བ་དག་ནི་མི་སེམས་ལ་འགུལ་བསྐྱོད་ཐེབས་ཐུབ་པའི་བཀའ་སློབ་རེད་འདུག་ཅེས་བསྔགས་བརྗོད་ཕུལ་ཏེ་བགྲོ་གླེང་གཉིས་པ་དམིགས་བསལ་གྱི་སློབ་ཕྲུག་རྣམས་ཀྱི་བཀའ་འདྲི་ཞུ་ཡུལ་དུ་གདན་འདྲེན་ཞུས་སོང་།
དམིགས་བསལ་སློབ་ཕྲུག་རྣམས་ཀྱི་བཀའ་འདྲི་ཞུས་པའི་གསུང་ལན་རྣམས་མུ་འགོད་བྱེད་རྒྱུ་བཅས།

གསར་འགྱུར།

Post navigation

Previous Post: དཔྱིད་མགོའི་སྙན་ངག་ཚན་པ་འགའ།
Next Post: འགྲུལ་བཞུད་ཀྱི་སྙན་ངག

Comments (7) on “སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། མུ་འགོད། ༡༠༽”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-03-31 at 1:03 am

    ་་་་་་་་་ བླ་མ་གང་ཟག་རེ་ཟུང་གི་རྣམ་ཐར་ལོ་རྒྱུས་ནང་དུ་དགེ་སློང་མའི་སྡོམ་པ་གནང་ཡོད་པའི་ཚུལ་འདྲ་བོ་འདུག ཀརྨ་པ་མི་བསྐྱོད་རྡོ་རྗེས་ཀྱང་ཕལ་ཆེར་གནང་ཡོད་ས་རེད། བོ་དོང་པན་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་ཀྱང་གནང་ཡོད་སྐད་འདུག་ལ་ཁོང་གི་དྲུང་ནས་བསམ་ལྡིང་རྡོ་རྗེ་ཕག་མོས་དགེ་སློང་མའི་སྡོམ་པ་བཞེས་པའི་བཤད་སྲོལ་ཞིག་འདུག ་་་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2015-03-31 at 1:04 am

    ་་་་་་་་་་་ སྐབས་དེར་ཐེ་ཝན་གྱི་དགེ་སློང་མ་ཁ་ཤས་ཕེབས་ཡོད་སྟབས་དེ་དག་གྲལ་གང་དུ་འཇོག་དགོས་མིན་སོགས་ཀྱིས་ཐད་དུ་བསམ་གཞིག་བྱེད་དགོས་པ་བྱུང་། དེ་ནས་དེ་ལ་དོ་སྣང་གིས་དཔེ་ཀློག་བྱས་པ་བརྟེན་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་གནང་བའི་འདུལ་བའི་ལས་ཆོག་ནང་དུ་བོད་དུ་དགེ་སློང་མ་བསྙེན་པ་རྫོགས་དགོས་ན་ཕ་ཚོགས་ལ་བརྟེན་ནས་བསྙེན་པ་རྫོགས་དགོས་ཞེས་དགེ་སློང་མ་བསྙེན་པ་རྫོགས་ཚུལ་གྱིས་ལས་ཆོག་བསྒྲིགས་གནང་འདུག་པ་སོགས་མཇལ་བས་དོ་སྣང་སླེབས་ཏེ་ལས་འགུལ་སྤེལ་ཡིན། ་་་་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-03-31 at 1:07 am

    ་་་་་་་་་་་ དགེ་ཚུལ་མ་དང་། དགེ་སློབ་མ། དགེ་སློང་མ་བཅས་སྡོམ་པ་རིམ་བཞིན་ཞུ་རྒྱུའི་ལས་རིམ་ལོ་བཅུ་ཙམ་འགོར་བགྱི་འདུག་དགེ་ཚུལ་དང་དགེ་སློབ་མའི་སྡོམ་རྒྱུན་དེ་རྒྱ་བརྒྱུད་ནང་བསྟན་དགེ་སློང་མའི་སྡོམ་རྒྱུན་ལས་ཞུ་རྒྱུ་དང་། དགེ་སློང་མའི་སྡོམ་པ་དེ་བོད་དུ་ཡོད་པའི་གཞི་ཐམས་ཅད་སྨྲ་བའི་སྡེ་ཡི་སྡོམ་རྒྱུན་ལྟར་ཕ་ཚོགས་ལས་བསྙེན་པ་རྫོགས་རྒྱུའི་འཆར་གཞི་ཡིན། སྤྱིར་སྡོམ་པའི་སྐོར་རབ་བྱུང་མ་ཡིན་པ་ལ་བཤད་ཆོག་དང་མི་ཆོག་ཅི་རིགས་ཡོད་པ་ཡིན་སྟབས་དེ་ཙམ་ལས་དམིགས་བསལ་ཞུ་རྒྱུ་མིན། ་་་་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2015-03-31 at 1:09 am

    ་་་་་་་་་་ སྤྱིར་འཛམ་གླིང་འདིའི་ནང་དུ་ཕོ་མོ་གཉིས་ལས་བུད་མེད་ཀྱི་གྲངས་འབོར་བུ་ལས་ཀྱང་མང་སྐད་འདུག བུད་མེད་ཀྱི་ནང་ནས་ཀྱང་ནང་ཆོས་ཉམས་ལེན་བྱེད་མཁན་ཆེས་མང་པོ་ཡོད་སྟབས་དེ་དག་གི་དགོས་མཁོ་བསྐང་རྒྱུ་ནི་ལས་འགན་ཞིག་ཆགས་ཡོད་རེད་དྲན་གྱི་འདུག བུད་མེད་ལ་དམིགས་བསལ་གྱི་ཤེས་རབ་དང་བྱམས་བརྩེའི་སོགས་ཡོན་ཏན་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་པར་བརྟེན། ཁོང་ཅག་འཛམ་གླིང་གི་དབུ་ཁྲིད་དང་ལམ་སྟོན་པ་ཆགས་ཐུབ་པའི་འཇོན་ནུས་ཡོད་ངེས་ཅན་ཡིན་ཕྱིར་ནང་ཆོས་ཀྱི་རིན་ཐང་དང་ཐོབ་ཐང་དེ་དག་ཁོང་ཚོ་ལའང་གཅིག་གྱུར་ཐོབ་དགོས་ངེས་རེད་དྲན་གྱིན་ཡོད། ་་་་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2015-03-31 at 1:10 am

    ་་་་་་་་་་་་་ གོ་སྒྲིག་ཞུ་མཁན་མཁས་དབང་མ་རྗེ་ཊི་ནི་རྒྱ་མཚོས་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་ཁྱེད་ནི་ངོ་མ་དུས་རབས་ཉེར་གཅིག་པའི་ལམ་སྟོན་གྱི་དབུ་ཁྲིད་ཅིག་རེད་འདུག་ལ་ཁྱེད་ཀྱིས་བཀའ་སྩལ་བ་དག་ནི་མི་སེམས་ལ་འགུལ་བསྐྱོད་ཐེབས་ཐུབ་པའི་བཀའ་སློབ་རེད་འདུག་ཅེས་བསྔགས་བརྗོད་ཕུལ་་་་་་་་་་་་་་་་་་་

  6. ཚེ་རིང་ says:
    2015-03-31 at 5:27 am

    ཀ་རྡོར་ལགས་ཁྱེད་རང་ལ་ལས་ཀ་མེད་པ་རེད་དམ་་་་ཧཧཧཧཧ་་ཀུ་རི་ཞུས་

  7. ཀརྡོ་གཉེར་ཕྱག་པ་ says:
    2015-03-31 at 8:34 am

    ཚེ་རིང་ལགས།
    ང་ལ་ལས་ཀ་མེད་བདེན། འོནད་ཀྱང་། སེམས་ཤུགས་རིལ་རིལ་ཡིན། ཀུ་རེའི་ལན་དུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme