Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཅན་དམྱལ་བའི་སྲུང་མ་རྣམས་འགྲོ་བ་རང་རྒྱུད་པ་ཡིན་མིན་གྱི་སྐོར།

Posted on 2013-03-072013-03-07 By ཁ་བརྡ་ 8 Comments on སེམས་ཅན་དམྱལ་བའི་སྲུང་མ་རྣམས་འགྲོ་བ་རང་རྒྱུད་པ་ཡིན་མིན་གྱི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

སེམས་ཅན་དམྱལ་བའི་སྲུང་མ་རྣམས་འགྲོ་བ་རང་རྒྱུད་པ་ཡིན་མིན་དང༌། ༼སྤྱོད་འཇུག་ལས།༽ ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང༌། །ཞེས་པའི་དྲི་བ་སྔར་ནས་བཀོད་མྱོང་ཡོད། དེའི་དྲིས་ལན་ནི། དེ་འདྲ་དེ་དག་ཐམས་ཅད་ཀྱང༌། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པ་འདི་ཡིན་ལ། དེར་འགྲེལ་བཤད་བསྐྱོན་སྟངས་མི་འདྲ་བ་གཉིས་བྱུང་ཡོད།
དང་པོ་ནི། དེ་དག་བྱེད་པོ་གང་ཟག་གཞན་ཞིག་གིས་ཆེད་དུ་བཀོད་སྒྲིག་བྱ་པ་མིན་པར། ཚེ་སྔོན་མར་ལས་ངན་བསགས་པའི་རྣམས་སྨིན་ཙམ་ཡིན་ཞེས་དང༌།
གཉིས་པ་ནི། ཞིང་ཁམས་ཞེས་པའི་ཡུལ་གྲུ་ལྟ་ན་སྡུག་པ་ཞིག་དང༌། དམྱལ་ཡུལ་ཞེས་པའི་གྲོང་ཁྱེར་འཇིགས་སུ་རུང་བ་དེ་འདྲ་ལོགས་སུ་མེད། ལས་དག་ན་སྡོད་ས་འདི་ཉིད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དང༌། ལས་མ་དག་ན་དམྱལ་བ་རྡོ་རྗེ་གནད་དེ་ཡང་འདི་རང་ཡིན། ཞེས་པ་སྟེ། སྔ་མ་འདི་གཞུང་ལུགས་པ་དང༌། ཕྱི་མ་འདི་གདམས་ངག་པ་ཚོས་བཏབ་པའི་ལན་རེད། ལན་སྔ་མ་དེ་ལས་ངན་བསགས་པ་ཙམ་གྱིས་ལས་འབྲས་ལྕགས་སྲེག་གི་ས་གཞི་དང༌། ཤལ་མ་ལའི་བུད་མེད་དེ་ཚོ་འབད་མེད་དུ་བྱུང་ཆོག་ན། ༼ཞེས་པའི་(འབད་མེད་)ཅེས་པ་དེར་ཅུང་ཟད་དཔྱད་རྒྱུ་ཡོད་དེ། བཟང་ངན་གྱིས་ལས་སྔོན་སོང་ལ་བརྟེན་ནས། འབྲས་བུ་བདེ་སྡུག་བྱུང་ངེས་པའི་དོན་ལ་གོ་ཡི་ཡོད་ན་མི་འགྲིག་པ་ཆེར་མེད་ཀྱང༌། ལས་ལས་བྱུང་བ་ཡིན་ན། འབད་མེད་ཅེས་པའི་ཚིག་སྦྱོར་དེ་དེ་མ་ཐག་ཏུ་ཅུང་མི་བདེ་བར་སེམས་སོ།།

གོང་དུ་བཀོད་པ་རྣམས་ཀྱི་ལན་མདོར་བསྡུས་ནི་འདི་ལྟར་དུ་འདེབས་རིགས་ཏེ། རྒྱལ་ཁབ་གང་ཡང་རུང་བ་ཞིག་གི་ནང་དུ་མི་བསད་པ་ལ་སོགས་པའི་ཁྲིམས་འགལ་གྱིས་ལས་ངན་བསགས་པ་ཙམ་གྱི་ལས་འབྲས་ཡིད་དུ་མི་འོང་བའི་བཙོན་ཁང་དང༌། བཙོན་བསྲུང་བའི་མི་བུ་དེ་དག་ཀྱང་ཐབས་བཀོད་ཀྱིས་ཚོལ་མི་དགོས་པ་བཞིན་ནོ།།༽ ལས་དཀར་ནག་འདྲེས་མ་བསགས་པའི་མི་ཡུལ་འདིར་ཡང༌། ས་ཁང་ཤིང་དང་ལས་གཟུགས་ཀྱི་མི་མོ་གདོང་དམར་མ་ཚོ་༼ལས་སྔོན་སོང་ལ་བརྟེན་ནས་༽རང་ཤུགས་སུ་འབྱུང་མི་ཆོག་པའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་མཚུངས་པ་བགྲེ་བའི་ཐལ་འགྱུར་འཕངས་པ་དེ་ལ་ལན་ཐེབས་པའི་རེ་བ་མེད་༼པ་མ་ཡིན་ཏེ། ལས་དབང་དེའི་འབྲས་བུ་མི་ཡུལ་ཕྱི་དངོས་པོའི་གཟུགས་དབྱིབས་སྣ་ཚོགས་རྣམས་ཀྱང། རྒྱུ་དེ་ལས་གྲུབ་པའི་ཕྱིར་རོ།།༽
ཕྱི་མ་དེ་ནི་དངོས་ལན་མ་ཐེབས་པར་ཚིག་ཤིན་ཏུ་འདྲེད་པ་ཞིག་སྨྲས་ནས་གཡོལ་ཐབས་བྱ་པ་ཙམ་དུ་སྟེ། འོག་མིན་གྱི་ཁང་བཟང་ལ་བཞེངས་མཁན་དགོས་མིན་དང༌། དམྱལ་བའི་སྲུང་མ་སེམས་ཅན་ཡིན་མིན་ལ་ལན་ཅུང་ཟད་ཀྱང་བཏབ་མི་འདུག་པས་སོ། །༼ཞེས་པ་དེ་ནི་རང་ཚིག་སྔ་ཕྱི་ཙམ་ལ་ཡང་ཡིད་ཟབ་མ་གནང་བའི་བདེན་རྟགས་ཤིང་ཡིན་ཏེ། གང་ཟག་སྔ་མ་ཞིག་གིས་ལན་བཏབ་ཟིན་པ་དེའི་རྗེས་སུ། ཡིན་གཅིག་མིན་གཅིག་ཕྱི་མ་དེས་ལན་སྐྱར་མ་ཞིག་གམ། དེ་ལས་མི་འདྲ་ཙམ་གསུངས་དགོས་པའི་ངེས་པ་མེད་པའི་ཕྱིར།༽ འདི་འདྲའི་ཉེས་སྐྱོན་སྔ་མ་འདི་རི་བོ་དགེ་ལྡན་པའི་གྲུབ་མཐའ་འཛིན་པའི་དགེ་བཤེས་མགོ་མཁྲེགས་དེ་ཚོས་ཁུར་དགོས་ཤིང༌། ཕྱི་མ་འདི་ས་དྭགས་རྙིང་གསུམ་གྱི་ཁྲོད་དུ་ཡོད་པའི་གྲུབ་ཆེན་ཧམ་པ་ཅན་ཁོ་ཚོས་ཁུར་དགོས་པ་ཡིན། ༼ཞེས་པ་རྣམས་ནི་གཞི་མེད་ཧམ་རྩོད་ཀྱིས་ཚིག་ཕྲེང་དུ་ཟད་དོ།།༽

ཡང་རེ་སེ་དཀོན་མཆོག་རྒྱ་མཚོ་སོགས་ཁ་གཅིག་གིས། ཐེག་ཆེན་པའི་ལུགས་ལ་དམྱལ་བ་སེམས་སྣང་ཙམ་ཡིན། ཞེས་ཟེར་བཞིན་འདུག་སྟེ། དེ་ནི་དོན་དུ་དམྱལ་བ་ཁས་མི་ལེན་ཞེས་ཟེར་འདོད་ཡིན་པས། ཐེག་ཆེན་པ་གཞན་ཚོའི་ཐུགས་ལ་བབ་མིན་ཁོ་བོས་མི་ཤེས་སོ།། ཅིས་ཀྱང་མི་ངན་ལ་ཆད་པ་གཅོད་ས་དམྱལ་བ་དང༌། མི་བཟང་ལ་དཔེ་བཟང་སྤྲད་སའི་ལྷ་ཡུལ་ཞེས་པ་དེ་འདྲ་ཞིག་ཡོད་ན། མི་ཡུལ་རང་དང་འདབས་འབྲེལ་དུ་ཡོད་འོས་པ་ལས། གོ་རིག་དང་མཐོང་ཐོས་ཅུང་ཟད་ཀྱང་མི་ཐུབ་པའི་ཡུལ་ཞིག་ཏུ་ཆགས་དགོས་དོན་ཅི་ཡོད། གཤིན་རྗེ་ཆོས་རྒྱལ་གྱིས་འགོ་ཁྲིད་པའི་ཁྲིམས་ཁང་དྲང་བདེན་ཅན་དེའང༌། མི་ཡུལ་འདི་རང་དུ་བཙུགས་ནས་མིག་སྔོན་པོས་སྔོན་པོར་ཕར་ལྟ་ཚུར་ལྟ་བྱས་ཏེ། གདོང་བཤེར་བརྒྱབ་ཕོད་ན་ཕོ་རབ་ཀྱི་ལས་ཀ་ཡིན་གྱི། ས་འོག་གི་འཇིག་རྟེན་ཞིག་ཏུ་གབ་ནས་ཤི་སྒུག་བྱེད་པ་ནི། ཐབས་རྡུག་པའི་བྱ་བ་མ་ཡིན་ནམ། སངས་རྒྱས་རྣམ་པར་ཐུགས་རྗེ་དང་ནུས་པ་དེ་འདྲ་ཆེ་ན། ལས་འབྲས་མངོན་སུམ་དུ་བསྟན་ནས། མ་འོངས་སྔོན་འགོག་གནང་དགོས་པ་ལ། དེ་ལྟར་མི་གནང་བར་ནམ་མཁའ་ཇི་སྲིད་བར་དུ་སྤྱན་ཆབ་ཁོ་ན་ཕྱུངས་ཏེ་བཞུགས་པ་ནི། ཐབས་ལ་མི་མཁས་པའི་མཛད་པ་རེད། བརྟག་དཔྱད་དེ་ཙམ་ཡང་མི་བཟོད་ན་རིགས་པས་གྲུབ་པའི་ཆོས་ལུགས་ཞེས་པའང་དེ་ཙམ་དུ་ཟད་དོ།།
ལར་རྟེན་སྣོད་ཀྱི་འཇིག་རྟེན་འདིར་འོག་ཏུ་དམྱལ་བའི་ཡུལ་གྲུ་དང༌། བླ་རུ་ལྷ་ཡི་ལུང་པ་དེ་འདྲ་མེད་པར་ཐག་ཆོད་ཚར་ཡོད་པས། བརྟེན་པ་ལྷ་དང་དམྱལ་བ་ཞེས་པ་དེ་ཚོའང་གྱང་མེད་པའི་རི་མོ་ལྟར་ཡར་འགྲོ་བ་ལས་འོས་ཅི་ཞིག་ཡོད། དེ་ལྟར་བསམ་ན་མི་མངོན་པའི་འཇིག་རྟེན་དེ་ཚོ་ནི། དེ་འདྲའི་དཔྱད་མི་བཟོད་པ་ཞིག་དང༌། མེས་པོ་ཚོའི་བསམ་བློ་དེ་དག་ནི། དེ་འདྲའི་དགོད་བྲོ་བ་ཞིག་རེད་བཞག་བསམ་ནས་སྙིང་ཡང་རྗེ་འོང་བར་འདུག སངས་རྒྱས་ཆོས་ལུགས་རང་ཁོ་ནའི་ངོས་ནས་བཤད་ནའང༌། ལྷ་དང་དམྱལ་བ་མེད་པ་ཙམ་གྱིས་མགོ་ཐོག་ཏུ་གནམ་རྡིབ་འོང་བ་མ་ཡིན་ཞིང༌། རྐང་འོག་ཏུ་ས་རྡིབ་འགྲོ་བ་མ་ཡིན་ནོ་སྙམ་དུ་ཁོ་བོས་བསམ་བཞིན་ཡོད།

རྩོམ་རིག

Post navigation

Previous Post: བཀའ་དྲིན་རྗེས་དྲན། ཆབ་མདོ་ངག་ཕུན།
Next Post: མདོ་སྔགས་ཀྱི་ཆོས་ཚུལ་མདོར་བཤད་བྱིས་པ་འཇུག་བདེའི་འབབ་སྟེགས།

Comments (8) on “སེམས་ཅན་དམྱལ་བའི་སྲུང་མ་རྣམས་འགྲོ་བ་རང་རྒྱུད་པ་ཡིན་མིན་གྱི་སྐོར།”

  1. ཀླུ་སྨྱོན། says:
    2013-03-07 at 2:20 pm

    འཆིམ་མཛོད་དུ་དམྱལ་བའི་ལས་མཁན་དག་ནི་འགྲོ་བ་རང་རྒྱུད་པ་ལས་དབང་གིས་དེར་སྐྱེས་པ་འབའ་ཞིག་ཡིན་ཚུལ་དང་། ཁོ་ཚོས་སེམས་ཅན་ལ་མནར་གཅོད་བཏང་བའི་ལས་འབྲས་ཀྱི་དབང་གིས་ཁོ་ཚོ་ཡང་དམྱལ་བར་སྐྱེ་དགོས་ཚུལ་བཤད་འདུག

  2. རྟེན་འབྱུང་། says:
    2013-03-07 at 9:03 pm

    ནང་ཆོས་མི་ཤེས་ན་ནང་ཆོས་ལ་སྦྱོང་དགོས་ནང་ཆོས་མི་ཤེས་པར་ནང་ཆོས་ལ་འགྲེལ་བྱེད་བྱས་ན་རང་འཚང་བསྟན་ནོ་དེ་རེད། ཁྱེད་རང་ཚོ་བཤད་སྟངས་འདི་དཔེར་ན་ཁྱོད་གཉིད་ཁུག་འདོད་ན་གཉིད་མ་སད་ཟེར་བ་དང་གཅིག་མཚུངས་རེད་དེ་ལས་ལྐུགས་པ་ཞིག་གང་ཡོད། རང་བཞིན་གྱིས་མ་གྲུབ་པ་དང་རྟེན་འབྱུང་གི་དོན་དག་མ་ཤེས་ན་ལས་འབྲས་ཀྱི་དོན་དག་རི་བོང་གི་རྭ་རེད།

  3. རི་རྒྱལ་ཏི་སེ། says:
    2013-03-07 at 9:07 pm

    དྭགས་པོ་ཐར་རྒྱན་ལས། སྲུང་གི་འཁོར་དེ་དག་སེམས་ཅན་ཡིན་ནམ་མ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི། སེམས་ཅན་ཡིན་པར་འདོད། མདོ་སྡེ་པ་རྣམས་སེམས་ཅན་མ་ཡིན་པར་འདོད། རྣལ་འབྱོར་སྤྱོད་པ་དང༌། མར་པ་དང་མི་ལ་ཡབ་སྲས་ཀྱི་བཞེད་པ་ནི། སེམས་ཅན་སྡིག་པ་བྱས་པའི་དབང་གིས་རང་གི་སེམས་ཉིད་དེ་ལྟར་སྣང་བར་འདོད། དོན་འདི་དང་མཐུན་པར་སྤྱོད་འཇུག་ལས།
    སེམས་ཅན་དམྱལ་བའི་མཚོན་ཆ་རྣམས།།
    སུ་ཞིག་གིས་ནི་ཆེད་དུ་བྱས།།
    ལྕགས་བསྲེགས་ས་གཞི་སུ་ཡིས་བྱས།།
    མེ་ཚོགས་དེ་དག་ཅི་ལས་བྱུང༌།།
    དེ་འདྲ་དེ་དག་ཐམས་ཅད་ཀྱང༌།།
    སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་འབྱུང་ངོ༌།།

  4. རྒྱ་མཚོ་ཆེན་པོ་ says:
    2013-03-07 at 10:16 pm

    དྲ་རྩོམ་པ་ཁྱེད་ལ་ཡི་རངས་བསྔགས་བརྗོད་ཞུ་ སྐུ་ཉིད་ནས་རྩོམ་འདྲ་མིན་གྱིས་དཔྱད་རྩོམ་རྒྱུན་སྤེལ་གནང་བར་བརྟེན་དྲ་གྲོགས་མང་དག་ཞིག་ལ་བློ་བསྐྱེད་བྱུང་བ་གདོན་མི་ཟ་ན་གཞན་ཕན་གྱི་སྤོབས་པ་ཆེན་པོའི་ཐོག་ནས་ཡང་ནས་སླར་ཡང་ལུ་གུ་རྒྱུད་དུ་སྤེལ་བར་དགའ་བསུ་ཡོད་

  5. ལྷོ་ཕྱོགས་རྒྱ་མཚོ། says:
    2013-03-09 at 9:56 am

    འཁོར་བ་དང་ནི་མྱ་ངན་འདས། །གཉིས་སུ་ཡོད་པ་མ་ཡིན་ཏེ། །འཁོར་བའི་རང་བཞིན་ཤེས་པ་ན། །དེ་ལ་མྱ་ངན་འདས་ཞེས་བརྗོད།། ཅེས་མ་གི་འཁོར་བ་དང་། ཡ་གི་ཞིང་ཁམས་སོགས་བདེན་འཛིན་དང་མཚན་འཛིན་གྱིས་སྒྲོ་བཏགས་ཤ་སྟག་ལས། དོན་གྱིས་མ་གྲུབ་པའམ། གྲུབ་མ་མྱོང་བ་སངས་རྒྱས་དང་སློབ་དཔོན་ཡབ་སྲས་ཀྱིས་ལན་མང་གསུངས་ཡོད་པ་མ་མཇལ་ལམ། དེང་སང་ཆོས་པ་ཚོས་ཁོང་ཚོའི་ནང་ནས་མདོག་ངན་པ་ཞིག་སྟོན་ཡོང་གི་འདུག་ད།

  6. ཀརྡོ་གཉེར་ཕྱག་པ་ says:
    2013-03-09 at 10:49 am

    སངས་རྒྱས་རང་ཉིད་ཞལ་བཞུགས་དུས་མོོགལ་གྱི་བུས་རྫུ་འཕྲུལ་ལ་བརྟེན་ནས་དམྱལ་བའི་ཡུལ་དུ་ཕེབས་པ་དང་། དེ་ནས་ལོན་བསྐུར་བ་ཡང་འཁྱེར་ནས་ཡོང་བ་སོགས་ཀྱང་ཡོད་པས། ལས་འབྲས་སྐོར་འདི་ཤིན་ཏུ་ལྐོག་འགྱུར་ཡིན་པས། ལུང་གཙོ་བོར་བརྟེན་དགོས་པ་གལ་ཆེ་བ་ཡོད་དོ། །

  7. སྤོབས་པ་མཐའ་ཡས། says:
    2013-03-09 at 1:31 pm

    དམྱལ་བ་མེད་ན་དགའ། ཡིན་ན་ཡང་ཆོས་པ་འདི་ཚོས་མི་གོ་དགུ་གོ། དམྱལ་ཟེར་བ་ཞིག་ཡོད་ན་ཤེས་ས་མ་རེད། དེང་གི་མིས་དངོས་སུ་མཐོང་བ་ལྟར་ན་སའི་འོག་ཏུ་ཚ་ཚད་ཆེས་མཐོ་བའི་རྡོ་ཞུན་ཁོལ་མ་འཁྱིལ་ཡོད་པ་མཐོང་གི་ཡོད་པ་རེད། ཆོས་ལུགས་པས་དམྱལ་བ་ས་འོག་ན་ཡོད་ཚུལ་དང་ཁྲོ་ཆུ་ཁོལ་མའི་ནང་དུ་བཙོ་ཚུལ་བཤདའདུག ཆོས་པས་བཤད་པ་དང་དེང་སང་མཐོང་བ་གཉིས་ཆ་མཚུངས་ཡོང་གིན་འདུགདེང་རབས་ཡིན་ཟེར་ནས་འདྲ་མི་འདྲ་མ་བྱེད་མ་གཏོགས་ས་འོག་གི་mgnaནང་ལ་ལྷུང་ན་ཤེས་ས་མ་རེད་ད

  8. རི་རྒྱལ་ཏི་སེ། says:
    2013-03-09 at 8:47 pm

    ཆོས་ལུགས་ནས་བཤད་པའི་དམྱལ་ཞེས་པ་དེ་ནི། མི་རྣམས་ལ་ཞེད་སྣང་སྐུལ་བྱེད་ཙམ་ལས་གཞན་གང་ཡང་མ་རེད་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme