Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཅན་ཐམས་ཅད་གླེང་མཁན་༩༩% ནི་དོན་དངོས་ཀྱི་སྒེར་སེམས་ཅན་ཚོ་རེད།

Posted on 2016-05-022016-05-02 By ཁ་བརྡ 2 Comments on སེམས་ཅན་ཐམས་ཅད་གླེང་མཁན་༩༩2 ནི་དོན་དངོས་ཀྱི་སྒེར་སེམས་ཅན་ཚོ་རེད།

ཨ་ནུ་ཐང་བསོད་ནམས།

 
སེམས་ཅན་ཐམས་ཅད་གླེང་མཁན་ནི་ཐེག་ཆེན་པོ་སྟེ། བོད་བརྒྱུད་སངས་རྒྱས་ཆོས་ལུགས་གཙོ་བོོ་ཡིན་ཞིང་། ཁོང་ཚོས་དུས་ཀུན་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་དེ་ལྟར་བརྗོད་པ་ནི་རང་དོན་འགྲུབ་བྱེད་ཀྱི་མཚོན་ཆ་ལྟར་བེད་སྤྱོད་བྱེད་ཆེེད་དུ་རེད།

སངས་རྒྱས་ཀྱི་ཆོས་གཞུང་དང་ལྷག་པར་དུ་ཆོས་དཔོན་ཁག་གིས་དུས་རྒྱུན་དུ་གཞན་དོན་བསྒྲུབ་རྒྱུ་ནི་རང་དོན་འགྲུབ་བྱེད་ཀྱི་རྩ་བ་ཡིན་ཚུལ་བསྒྲགས་ཤིང་། གཞན་དོན་བསྒྲུབ་དགོས་པའང་མཐར་ཐུག་ན་རང་དོན་འགྲུབ་རྒྱུའི་ཆེད་དུ་ཡིན་པ་གསལ་བཤད་གནང་བས་ཡིན། དེར་བརྟེན། ཁོང་ཚོས་རང་དོན་འགྲུབ་ཡ་དང་། རང་ཉིད་ལ་སྐྱིད་པོ་ཞིག་ཡོང་རྒྱུའི་ཆེད་དུ་གཞན་དོན་སྒྲུབ་བཞིན་ཡོད་ལ། ཁག་ཅིག་གིས་གཞན་དོན་སྒྲུབ་རྒྱུ་ཡི་ཁ་གཡང་ཁོ་ན་བསྒྲགས་ཤིང་། ལྐོག་ཏུ་རང་དོན་འབའ་ཞིག་གཉེར་བཞིན་ཡོད། དེ་ནི་སྡུག་ས་ནས་བརྗོད་ན་གཡོ་ཐབས་རེད།

གཡོ་ཐབས་དེས་མཚམས་རེ་རང་གཞན་གཉིས་ལ་ཕན་ཐོགས་མང་དུ་སྐྱེལ་ཡོད་ལ། མཚམས་རེ་གནོད་པའང་མང་དུ་སྐྱེལ་ཡོད། འོན་ཀྱང་། ཕན་དང་གནོད་གཉིས་བསྡུར་བ་ཡིན་ན་སྤྱི་ཚོགས་ཁྲོད་དུ་ཕན་པ་ལས་གནོད་མང་དུ་བསྐྱེལ་ཞིང་སྐྱེལ་བཞིན་ཡོད་པ་ད་ལྟའི་བོད་ཀྱི་གནས་སྟངས་དང་། འདས་བའི་བོད་ཀྱི་གྲུབ་མཐའ་ཁག་གི་དམག་འཁྲུག ལྷག་པར་དུ་ཆོས་དཔོན་ཚོས་ཐབས་ལམ་སྣ་ཚོགས་སྤྱད་ནས་སྦྱིན་བདག་དང་སློབ་མ་རྩོད་རེས་བྱས་ཏེ་སྤུན་ཟླ་ནང་དམེ་བྱས་པའི་ལོ་རྒྱུས་དག་གིས་འགྲེལ་བཤད་གནང་ཡོད།

དེ་ལྟར་བརྗོད་ཚེ་མང་པོ་ཞིག་གིས་ད་དུང་ཡང་བདེན་དུ་རློམ་དཀའ་ཡང་། ཐག་རིང་དུ་འགྲོ་མི་དགོས་པར་ད་ལྟའི་བོད་ཀྱི་ཆོས་དཔོན་དག་གི་བྱེད་ལས་ལ་གཟིགས་དང་གསལ་བོ་མཁྱེན་ངེས་རེད། ཆོས་བརྒྱུད་མང་པོ་ཡི་བླ་ཆེན་ཁག་དང་། ཆོས་སྤེལ་མཁན་པོ་མང་པོས་ད་ལྟར་ཕྱི་ཕྱོགས་སུ་ཆོས་ལུགས་དར་སྤེལ་གཏོང་སྐབས་སུ་ང་ཚོས་ཆོས་བྱེད་ཀྱིན་ཡོད་པས། ཆབ་སྲིད་ལ་དོ་སྣང་མི་བྱེད་གསུང་བཞིན་ཡོད། ཆབ་སྲིད་ལ་དོ་སྣང་མི་བྱེད་གསུངས་པའི་དོན་ནི་དོན་གྱིས་བོད་དོན་ལ་དོ་སྣང་མི་བྱེད་ཟེར་བའི་དོན་རེད།

གལ་སྲིད་བོད་དོན་ཏེ། བོད་ཀྱི་ཆབ་སྲིད་ཀྱི་སྒང་ལ་ཁོང་ཚོས་ཐེ་ཇུས་བྱེད་ཚུལ་བརྗོད་པ་ཡིན་ན། སྦྱིན་བདག་དང་སློབ་རྒྱུད་མང་དུ་འཕེལ་བར་འགོག་རྐྱེན་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་རིགས་སློབ་རྒྱུད་དང་སྦྱིན་བདག་འཕེལ་བར་དེ་བས་འགོག་རྐྱེན་ཐེབས་པས་རེད། རྒྱུ་མཚན་ནི། རྒྱ་རིགས་ ༩༩% ཡིས་བོད་ཀྱིས་རྒྱ་ནག་ལ་ངོ་རྒོལ་བྱེད་པ་མི་འདོད་པས་ཡིན་ཁར། ནུབ་ཕྱོགས་ཀྱི་ཆོས་ལུགས་ལ་དོ་སྣང་བྱེད་མཁན་མང་ཤོས་ཀྱི་མང་ཤོས་ཚོའང་ལས་ཀ་ལ་དེ་ཙམ་མི་མོས་མཁན་དང་། རང་དོན་མ་གཏོགས་ཅི་ཡང་མི་བསམ་མཁན། ཡང་ན་ལས་ཀ་མི་དགོས་པར་ཐབས་ལམ་གྱི་ཐོག་ནས་འཚོ་ཐབས་གཉེར་མཁན་ཤ་སྟག་ཡིན་པ་མ་ཟད། ཁོང་ཚོས་ཆབ་སྲིད་ལ་དགའ་བོ་མི་བྱེད་ཅིང་། མི་བྱེད་དགོས་དོན་ཡང་ཆབ་སྲིད་ཀྱི་ཐོག་ནས་ཁོང་ཚོ་ལ་ཁེ་ཕན་རེག་རྒྱུ་མེད་པ་གསལ་བོ་ཚོར་བས་རེད།

དེར་བརྟེན། ཆོས་དཔོན་མང་པོས་རང་གི་སློབ་རྒྱུད་འཕེལ་ཆེད་དུ་ཆབ་སྲིད་ལ་དོ་སྣང་མི་བྱེད་གསུངས་ཤིང་། གསུངས་དགོས་པ་ལྟ་བུའི་གནོན་ཤུགས་ཡོད་པས། ཆབ་སྲིད་ལ་དོ་སྣང་མི་བྱེད་གསུངས་དགོས་དོན་ཡང་མཐར་ཐུག་ན་རང་གི་ཁེ་ཕན་གྱི་ཆེད་དུ་རེད། ཡིན་ཏེ། སློབ་མ་ཅི་ཙམ་འཕེལ་ན་དེ་ཙམ་གྱིས་མཚན་སྙན་དང་སྦྱིན་བདག་མང་དུ་ཡོང་ཞིང་། ཅི་ཙམ་མཚན་སྙན་དང་སྦྱིན་བདག་མང་དུ་ཆགས་ན། དེ་ཚོད་ཀྱིས་ཆོས་དཔོན་ཁོང་ཉིད་སྟོབས་དང་ལྡན་པ་ཆགས་ཕྱིན། རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་བོད་དོན་བློས་གཏོང་བཞིན་ཡོད།

རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་བོད་དོན་བློས་གཏོང་མཁན་ཏེ། ཕ་མེས་ཡང་མེས་ཀྱི་ཕ་ས་དང་རེ་བ་བློས་གཏོང་བྱེད་མཁན་ཞིག་གིས་ཁ་ནས་སེམས་ཅན་ཐམས་ཅད་བརྗོད་ཀྱང་། དོན་དངོས་རང་དོན་ལས་བསམ་རྒྱུ་མེད་པས། དེ་ལས་སྒེར་སེམས་ཆེ་བ་ཞིག་འཇིག་རྟེན་ན་གང་དུ་ཡོད། མེད་དེ་ཁོང་ཚོས་དེ་ལྟར་གནང་བ་ཆོས་ལུགས་དང་། ཆོས་རྒྱུད་ཀྱི་ཆེད་དུ་ཡིན་ཚུལ་གསུངས་ཀྱང་། ཆོས་ལུགས་དང་ཆོས་རྒྱུད་ཀྱི་རྩ་བ་རང་གི་ཁེ་ཕན་དང་། ལྟོ་གོས་ལ་ཁ་ཐུག་གིས་འབྲེལ་བ་ཡོད་པས། ཁོང་ཚོས་དེ་ལྟར་གནང་བ་ཐམས་ཅད་མཐར་ཐུག་ན་རང་དོན་འབའ་ཞིག་གི་ཆེད་དུ་ཡིན་པས། སེམས་ཅན་ཐམས་ཅད་བརྗོད་མཁན་ནི་དོན་དངོས་ཀྱི་སྒེར་སེམས་ཅན་རྣམས་ཆགས་ཡོད།

ཆོས་བྱེད་པས་ཆབ་སྲིད་ལ་དོ་སྣང་མི་བྱེད་དམ།

ཆོས་དཔོན་མང་པོ་ཞིག་གིས་ཁོང་ཚོས་ཆོས་ལུགས་ལས་ཆབ་སྲིད་ལ་དོ་སྣང་མི་བྱེད་ཅིང་། མི་བྱེད་དགོས་དོན་ཡང་ཆབ་སྲིད་ནི་མགོ་བདེ་དྲན་འཕྲུལ་གྱི་འཐབ་ར་ཞིག་ཏུ་ཡིན་ཚུལ་དང་། དེ་ལྟར་ངོས་འཛིན་བྱེད་པས་རེད། ཡིན་ཡང་། དེ་ནི་བདེན་པ་ཁོ་ན་མིན་ཏེ། ཁོང་ཚོས་དེ་ལྟར་མི་ཆོས་ཀྱི་ཆབ་སྲིད་རིག་པ་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཆབ་སྲིད་ནི་རང་ཉིད་སྲུང་སྐྱོབ་དང་། འཕེལ་རྒྱས་སུ་གཏང་རྒྱུའི་ཐབས་ཇུས་ཤིག་ཡིན་པས། མི་ཀུན་དང་། ཚོགས་པ་ཀུན། ཆོགས་ལུགས་ལ་མེད་དུ་མི་རུང་བའི་རྩ་བའི་ཆ་རྐྱེན་ཞིག་ཆགས་ཡོད་ལ། དེ་ཆགས་པས་ཁོང་ཚོ་དེ་དང་གཏན་ནས་འབྲལ་ཐུབ་མེད།

ཁོང་ཚོོས་ཆབ་སྲིད་ལ་སྐྱོན་བརྗོད་བྱེད་དགོས་དོན་ཡང་། དོོན་དངོས་ཁོང་ཚོ་དང་ཁོང་ཚོའི་ཁ་ཟས་ཆོས་ལུགས་གནས་ཆེད་དང་། རང་ཉིད་དར་སྤེལ་གཏོང་ཆེད་དུ་ཡིན་པས་ཁོང་ཚོ་ཆོས་ལུགས་ཀྱི་ཆབ་སྲིད་པ་ཆགས་ཡོད། ཡིན་ཏེ། དེ་ནི་ཆོས་ལུགས་དེ་དང་། རང་ཉིད་ཀྱི་ནུས་པ་མུ་མཐུད་དུ་སྤྱི་ཚོགས་ཁྲོད་ལ་གནས་ཆེད་ཀྱི་སྲིད་ཇུས་ཡོད་ན་མེད་ན་ཞིག་ཡིན་པས་རེད། དེས་ཆོས་དཔོན་ཚོས་རང་སྲུང་གི་ཐབས་ཇུས་འཛིན་བཞིན་ཡོད་པས་སྲིད་དོན་ཚན་རིག་པས་དེའི་མིང་ལ་ཆོས་ལུགས་ཀྱི་ཆབ་སྲིད་ཅེས་བརྗོད་བཞིན་ཡོད།

ཆོས་བྱེད་པས་རང་སྲུང་གི་ཆབ་སྲིད་ཀྱི་སྲིད་ཇུས་དེ་བཟུང་ཞིང་། ཐབས་ལམ་སྣ་ཚོགས་བེད་སྤྱོད་བཏང་ནས། མཚམས་རེ་ཧིན་རྡུ་དང་ནང་པ་འཕྲད་སྐབས་སུ་སྟོན་པ་ཤཱཀ་ཐུབ་ཁྱབ་འཇུག་གི་སྤྲུལ་བ་ཡིན་ཚུལ་དང་། བན་དྷེ་དང་བོན་པོ་འཕྲད་སྐབས་སུ་སྟོན་པ་གཉིས་ལ་འབྲེལ་བ་ཡོད་ཚུལ་ལམ། ཆོས་ལུགས་གཉིས་འདྲ་མཚུངས་ཡིན་ཚུལ། ལྷག་པར་དུ་འདུལ་བ་དུས་དང་བསྟུན་དགོས་ཚུལ་དང་། གདུལ་བྱའི་ཁམས་དང་བསྟུན་དགོས་ཚུལ་གྱི་འགྲེལ་བཤད་སྣ་ཚོགས་བརྗོད་ནས་རང་ཉིད་དར་སྤེལ་གཏང་རྒྱུའི་ཐབས་ཇུས་འཛིན་ཞིང་ངོམ་བཞིན་ཡོད། རང་སྲུང་གི་སྲིད་ཇུས་དེ་འདྲ་ཆོས་ལུགས་ཀུན་ལ་ཡོད་ཅིང་། ཡོད་པས་དེའི་མིང་ལ་ཆོས་ལུགས་ཀྱི་སྲིད་དོན་བསྟན་བཅོས་བརྗོད་བཞིན་ཡོད་པས། ཆོས་བྱེད་པ་ཆབ་སྲིད་དང་བྲལ་ཞེས་པ་ནི་བདེན་པ་མ་རེད། གལ་སྲིད་དོན་དངོས་དེ་ལྟར་བྲལ་བ་ཡིན་ན་ཆོས་ལུགས་དེ་གནས་ཐབས་གཏན་ནས་མེད།

སྤྱིར་ན་ཆབ་སྲིད་ལ་དམག་དོན་ཆབ་སྲིད་དང་དཔལ་འབྱོར་ཆབ་སྲིད། སྲིད་དོན་ཆབ་སྲིད། ཆོས་ལུགས་ཀྱི་ཆབ་སྲིད་སོགས་ཡོད་པས་དེ་དག་གི་རྩ་བ་ནི་རང་སྲུང་དང་། རང་ཉིད་འཕེལ་རྒྱས་སུ་གཏོང་ཐབས་ཡིན་པས་སྲིད་དོན་བསྟན་བཅོས་རེད། ཡིན་ཡང་། སྡེ་ཚན་མི་འདྲ་བས་ཚན་པ་མི་འདྲ་བ་ཆགས་ཡོད་ཅིང་། ཚན་པ་མི་འདྲ་བ་ཙམ་རྒྱུ་མཚན་དུ་བྱས་ནས་སྲིད་དོན་ཆབ་སྲིད་མ་གཏོགས་གཞན་རྣམས་ཆབ་སྲིད་མ་རེད་ཅེས་བརྗོད་པ་ཡིན་ན། ཆབ་སྲིད་ཀྱི་གོ་བ་གཏིང་ཟབ་མ་ལོན་པ་དང་། ལྷག་པར་དུ་རྒྱལ་སྤྱིིའི་ཆབ་སྲིད་རིག་པའི་འགྲོ་ཕྱོགས་དང་བསྟན་བཅོས་ཀྱི་རྣམ་བཞག་ལ་རྨོངས་པའི་སྐྱོན་དུ་ཟད།

མ་གཞི་ཆབ་སྲིད་ནི་རང་སྲུང་དང་རང་ཉིད་འཕེལ་རྒྱས་སུ་གཏོང་ཐབས་ཀྱི་ཇུས་བཀོད་ཅིག་ཡིན་ཡང་། མཚམས་རེ་ཧམ་སེམས་ཀྱི་དབང་གིས་དེ་བེད་སྤྱོད་གཏང་རྒྱུ་ཚད་ལས་བརྒལ་ནས། ཆོས་ལུགས་དང་དམག་དོན། དཔལ་འབྱོར་དང་བདག་དབང་གི་སྒང་ནས་རང་ཉིད་དར་སྤེལ་དང་སྲུང་སྐྱོབ། འཕེལ་རྒྱས་སུ་གཏོང་རྒྱུར་དམིགས་ནས་ཉམ་ཆུང་ལ་གཉའ་གནོན་དང་། ཐུབ་ཚོད། བཙན་འཛུལ་བཏང་ཞིང་གཏོང་བཞིན་ཡོད་པ་འཛམ་གླིང་གང་སར་མཐོང་ཆོས་ལྟར་རེད། དཔེར་ན། ཆོས་ལུགས་ཆེན་པོས་ཆུང་བ་ལ་ཐུབ་ཚོད་དང་། རྒྱལ་ཁབ་ཆེ་བས་ཆུང་བ་ལ་བརྙས་བཅོས། དཔལ་འབྱོར་ཆེ་བས་ཆུང་བ་ལ་སྟངས་འཛིན་བྱེད་པ་སོགས་རེད།

སྣ་ཚོགས།

Post navigation

Previous Post: ཁ་བྱང་མེད་པའི་སྨྲ་བ་ཞིག
Next Post: བཙན་བྱོལ་ན་ཁྲིམས་ལས་གང་ཟག་གལ་ཆེར་འཛིན་པའི་རུལ་དྲི་འཐུལ་བཞིན་ཡོད།

Comments (2) on “སེམས་ཅན་ཐམས་ཅད་གླེང་མཁན་༩༩% ནི་དོན་དངོས་ཀྱི་སྒེར་སེམས་ཅན་ཚོ་རེད།”

  1. ཟླ་བ། says:
    2016-05-04 at 3:11 am

    ང་དེ་ལྟར་ཡིན་དོན་གྱིས་གཞན་དག་དེ་ལྟར་ཡིན་པར་སྒྲུབ་པ་ནི་ཧམ་པ་རེད། རང་རེ་ནང་པར་སེམས་ཅན་ཐམས་ཅད་ཟེར་བའི་ཐ་སྙད་འདི་ཁོ་ན་ཡོད་པའང་གཟི་བརྗིད་རེད། ཆོས་ལུགས་གཞན་དང་། མི་རིགས་ཕལ་ཆེ་བར་ང་ཁོ་ན་ལས་མེད་དུས། ཁོ་ཚོའི་མིག་ནང་རང་ལས་གཞན་རྣམས་རང་ཉིད་ཀྱི་འཚོ་བའི་མཐུན་རྐྱེན་ཙམ་དུ་ངོས་འཛིན་གྱིས། གསོད་གཏུབ་ལ་ཡ་ང་བ་ཙམ་ཡང་མེད་པ་རེད། ཁྱོད་ཀྱིས་དབྱིན་རྒྱ་སོགས་སྐད་རིགས་གཞན་ཤེས་ཀྱི་མེད་པའི་རེ་བ་དང་སྨོན་ལམ་ཡོད། ཅི་སྟེ་རྩོམ་ཡིག་འདི་འདྲ་ཞིག་གཞན་སྐད་དུ་བྲིས་ཡོད་ན། སངས་རྒྱས་ཆོས་ལུགས་ལ་དམའ་འབེབས་དང་། ལྷག་པར་ཐེག་ཆེན་ལ་དམད་པ་བསམ་བརྗོད་ལས་འདས་པས། ནང་ཆོས་ལ་གོ་རྟོགས་དབེན་པའི་མི་དག་ལ་བརྡ་ལན་རྫུན་མ་དང་། ནང་ཆོས་ལ་གོ་བ་ཅུང་ཟད་ཡོད་མཁན་ཚོར་ཐེ་ཚོམ་སྐྱེ་གཞིར་འགྱུར་ཞིང་། རང་རེའི་བླ་སྤྲུལ་ཁག་ཟོག་པོར་བསྒྲུབས་པ་མ་ཡིན་ནམ། འདི་ལྟའི་ལོག་རྩོམ་ནི་སེམས་ནས་དྲན་པ་རང་གི་ཤེས་ཚད་ཀྱིས་མ་འདང་བ་ཡིན་འཆི་ཡང་། ཡིག་ངོར་ཕབ་སྟེ་དྲྭ་ལམ་དུ་སྤེལ་བ་ནི་སྡིག་ཉེས་ཆེན་པོའོ།།

  2. རྒྱ་ཞིང་མྱི་དཀར། says:
    2016-05-07 at 8:31 am

    ཨ་ནུ་ཐང་ཟེར་བའི་མྱི་འདིའི་སྐད་ཆ་དང་རྩོམ་ཡིག་ག་རེད་ཡིན་ན་ཁ་གསལ་དང་གོ་བདེ་བོ་དེ་ཙམ་མེད་པ་མ་ཟད་རང་ཉིད་ཀྱི་མཐོང་ཐོས་དོགས་གསུམ་རང་ཉིད་ཀྱིས་ཚད་མར་འཛིན་མཁན་གྱི་མྱི་ཁོམ་ལོང་ཡོད་མཁན་ཞིག་ཡིན་པ་ཧ་ཅང་གསལ་བོ་རེད་ད་རུང་ཁོ་རང་གི་སྐད་ཆའི་རྒྱབ་ལྗོངས་ན་ཁོ་རང་དང་ཧ་ཅང་ཐག་ཉེ་ཞིང་ཧ་ཅང་འབྲེལ་ཆེ་བའི་མྱི་སྣ་དག་གི་སྐད་ཆ་དང་བཤད་སྒོ་རྣམ་གསུམ་རྒྱུ་མཚན་དུ་བཟུང་ནས་སྤྱི་ཚོགས་ནང་དཀྲུག་ཤིང་རྐྱང་རྐྱང་བཟོ་ནས་བསྡད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme