Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་གཏམ་རྟ་རིན་མ།(ལྗཊ་ནག་ཟིན་ལན)

Posted on 2013-12-182013-12-18 By ཁ་བརྡ་ 22 Comments on སེམས་གཏམ་རྟ་རིན་མ།(ལྗཊ་ནག་ཟིན་ལན)

རྫ་ཚེ་རིང་བཀྲ་ཤིས།

ལྗགས་ནག་པ་འདི་དགེ་རྒན་ཞིག་རེད་འདུག ཁོང་ལ་ནང་ཆོས་ཀྱི་ཤེས་རྟོགས་དང་ཤ་ཞེན་ཡོད་པ་ནི་ཁོང་གི་བཤད་པ་ལྟར་ཡིན་རྒྱུ་རེད། དེ་ལ་ཡིད་ཆེས་ཡོད། འོན་ཀྱང་། ཐབས་ལམ་གྱི་ཆ་ནས་ངེས་པར་ང་ཚོས་ཕྱིར་རྟོག་དགོས་པ་དག་ཡོད་དེ། གོང་དུ་ཁྱེད་ཀྱིས་དྲངས་པའི་སློབ་ཚན་དག་ཞིབ་ཏུ་བཤད་ན་ཆོས་ལུགས་པའི་ཞན་ཆ་ཙམ་གླེང་པ་ཡིན་སྲིད་མོད། འབྲོག་ཁུལ་ནས་ཡོང་མཁན་གྱི་ལས་དང་པོ་པ་ཞིག་ལ་འདི་དག་འཁྲིད་པ་ནི་ཡང་ན་ཁོང་ཚོའི་ཀླད་པ་གཟེར་སྤྱད་ཅིག་དང་། ཡང་ན་ཁོང་ཚོའི་ཀླད་པ་འགྱུར་སྤྱད་ཅིག་ཡིན་པ་རེད།
མ་གཞི་མི་ཆོས་ཀུན་སྤྱོད་དང་རིག་གནས་ཀྱི་བསམ་བློ། དེང་རབས་རིག་གནས་ཀྱི་རྨང་གཞིའི་རྒྱུན་ཤེས་སོགས་གཞི་རྩའི་ཤེས་བྱ་གལ་ཆེན་ཧ་ཅང་མང་པོ་དག་དང་། སྔོན་གྱི་མཁས་གྲུབ་དག་དང་། དེང་སང་གི་སྐྱེས་བུ་དམ་པ་རང་གི་ཆོས་དང་རིག་གཞུང་གི་རིན་ཐང་མཐིལ་རྟོགས་པའི་བརྩམས་ཆོས་དག་གཙོ་བོར་བྱས་ནས་མི་འདེམས་པར་དོན་རྒྱལ་ལྟ་བུའི་ཆོས་ལུགས་ལ་ལྟ་ཚུལ་ཅི་བས་ཞན་པ་ཞིག་གི་སྐད་ཆ་ཁོ་ན་བསྐྱར་བཟློས་དགོས་པ་འདི་དོན་ལ་ང་ཚོའི་བསམ་བློའི་ནད་རྟགས་ཤིག་དང་མུ་གེ་ཤིག་ཞན་ཆ་ཞིག་ཅིས་ཀྱང་རེད།

དང་པོ་ནས་ཁྱེད་ཀྱི་སྐད་ཆའི་ཁྲོད་ནས་སློབ་དེབ་ཀྱི་ནང་དོན་དོན་གྲུབ་རྒྱལ་དང་འབྲེལ་བའི་རྣམ་གྲངས་མང་པོ་དེ་དག་མཐོང་མ་ཐག་པ་ནས་ང་ལ་ཡང་ཐེ་ཚོམ་ལོག་གེ་བ་ཞིག་སྐྱེས་བྱུང་། ངས་ཁོའི་འདྲེ་འབོད་རྐང་གླིང་ལྟ་བུའི་རྩོམ་ཡིག་དག་བཀླགས་མྱོང་བས་གུར་པར་ཁོའི་བརྩམས་ཆོས་ཀྱི་གཞི་རྩའི་བསམ་བློར་རྩ་བའི་ཆ་ནས་ཆ་རྒྱུས་ཏོག་ཙམ་ཡོད། འོན་ཀྱང་། ཁོང་གི་ལར་ཞེན་དང་རྩོམ་རྩལ་སོགས་གོང་བཀུར་བྱ་རྒྱུ་དེ་སྐབས་འདིར་ཡང་ངས་རྩིས་མེད་བྱས་མེད།
unnamedངས་འདི་ལྟར་བཤད་དུས་ཀློག་པ་པོ་ཚོས། ང་གྲྭ་པ་ཞིག་ཡིན་པ་དང་། ཆོས་ལུགས་མི་སྣ་ཤིག་ཡིན་པའི་ཆ་ནས་ཞེན་ཁོག་གི་སྐད་ཆ་བཤད་ཀྱི་འདུག་མ་དགོངས་རོགས། ང་ཚོའི་བསམ་བློ་གཏོང་སྟངས་མང་པོ་ཞིག་ལ་ཁྱོན་ཡོངས་ནས་རྒྱ་ནག་གི་ཉེ་རབས་བསམ་བློའི་ཤན་ཤུགས་ཆེན་པོ་ཤུགས་མ་ཐུབ་པའི་ཚུལ་དུ་བསླེབས་འདུག

གལ་ཏེ་ང་ཚོའི་ཆོས་དང་རིག་གཞུང་གི་བསམ་བློ་འདི་ཡག་པོ་ཞིག་མིའི་གཤིས་རྒྱུད་ལ་འཇགས་དགོས་ན་ཐོག་མར་ལྷ་སྒྲུང་ནས་མགོ་འཛུགས་དགོས། རིག་པའི་གཞུང་ལུགས་ཀྱི་ཤོམ་ར་གཏན་ནས་འཐེན་རྒྱུ་མེད། ངས་ཀྱང་ནུབ་ཕྱོགས་ཀྱི་སློབ་གསོའི་སྐོར་གྱི་ཆེད་མཁས་པ་ཡིན་ཟེར་མཁན་དེ་འདྲར་འདིའི་སྐོར་གྱི་བསམ་ཚུལ་རེ་འདྲི་མྱོང་། ཁོང་ཚོས་ཀྱང་། ལོ་བཅུ་གསུམ་ལ་མ་སླེབས་ཀྱི་བར་གྱི་སློབ་གསོ་གཙོ་བོ་སྒྲུང་དང་གཏམ་བརྒྱུད་སོགས་ལས་བརྩམས་དེ་ཅུང་རྩིང་བའི་རྣམ་པ་ཅན་གྱི་ཐབས་ལམ་འཚམས་པོ་ཡོད་པའི་ཚུལ་ཡང་ཡང་བཤད་ཀྱི་འདུག
དེ་བཞིན་དེང་སང་ཡར་ཐོན་ཅན་གྱི་སློབ་གྲྭ་དང་གྲོང་ཁྱེར་ཆེན་པོའི་ཁོར་ཡུག་ན་སློབ་མ་ལ་ཁྱིམ་ཚང་སློབ་གསོ་དང་ཕ་མའི་བྱམས་བརྩེ། རང་བྱུང་གི་ཁོར་ཡུག་ནས་ཐོབ་པའི་སློབ་གསོ་དེ་དག་གིས་ཕོངས་ནས་མཇུག་འབྲས་ངན་པ་མང་པོ་ཐོན་གྱིན་ཡོད། དེའི་ཕྱིར་ང་ཚོས་དེང་རབས་སྤྱི་ཚོགས་ཀྱི་སློབ་གསོ་དང་ལེན་བྱེད་པ་དང་ཆབ་གཅིག་སྔར་ཡོད་བསམ་བློ་དང་འདུ་ཤེས་ཀྱི་འཛིན་སྟངས་མང་པོ་ཞིག་ལ་ངོས་འཛིན་བསྐྱར་མ་དགོས་ཀྱི་འདུག འདི་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ཡག་པོ་རེད་ཟེར་བ་ཙམ་གྱིས་མཐུས་པ་ཞིག་གཏན་ནས་མ་རེད། དེ་ནི་འཇར་མན་གྱི་མི་ཞིག་གིས་བྲིས་པའི་སྨོན་ལམ་གྱི་ལག་པ་ཞེས་པའི་རི་མོ་སྐད་གྲགས་ཅན་དེའི་སྨྱུག་ཁ་བཞིན་ཞིབ་ཚགས་པོའི་ལྟ་དགོས་པ་ཞིག་རེད་འདུག

ང་ཚོས་ཐོག་མར་ལས་སླ་པོས་སེམས་ལ་འཇུག་པའི་རྣམ་ཐར་དང་སྐྱེས་རབས། རྟོགས་རྗོད་དང་གྲུབ་རྟགས་སོགས་ངེས་པར་འཆད་དགོས། དེ་ལ་ཡིད་ཆེས་དང་ངེས་ཤེས་སྐྱེ་བའམ། དད་པས་མིག་ཆུ་འཆོར་བ་ཞིག་བྱུང་ན་ཡག་ཤོས་ཡིན། མདོ་སྡེ་མཛངས་བླུན་ལྟ་བུའི་སངས་རྒྱས་ཀྱི་སྐྱེས་རབས་ཀྱི་ལམ་ནས་ལས་འབྲས་དང་ཚེ་འདི་ཕྱི་ལ་ཡིད་ཆེས་པའི་འཇིག་རྟེན་ཡང་དག་གི་ལྟ་བ་དང་། གཞན་གྱི་ཚེ་སྲོག་ལ་གཅེས་པར་འཛིན་པའི་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་སོགས་བསྐྲུན་དགོས། འདིས་མི་ཚེ་ལ་སློབ་སྟོན་ལོག་པ་གང་ཡང་བྱེད་ཀྱི་མ་རེད། མ་ཟད། འདིའི་རིགས་ཀྱིས་ང་ཚོའི་སེམས་རྒྱུད་ལས་སྐད་ཆས་ཚབ་བྱེད་མི་ཐུབ་པའི་མངོན་རྟོགས་ཀྱི་ས་བོན་སྐྲུན་གྱི་ཡོད། རླང་རྟའི་དར་ཅོག་དང་མ་ཎི་རྡོ་འབུམ། ད་དུང་ཨ་མའི་ལག་པ་གཉིས་ཀྱིས་མཐོ་སར་བཏེགས་བཞིན་པའི་འབྲུ་མར་གྱི་ཀོང་བུ་དང་ཡིད་ཆེས་ཀྱི་བརྐྱངས་ཕྱག་བཅས་ནི་ང་ཚོའི་མི་རིགས་འདིའི་ཐུན་མོང་མིན་པའི་རིན་ཐང་སློབ་གསོ་ཞིག་གི་འཛུབ་ཁྲིད་ཡིན།
འདི་ལྟར་བཤད་དུས་ཁག་ཅིག་གིས་ངས་གློས་བཤད་ཀྱིན་འདུག་དྲན་རྒྱུ་རེད། དེ་ལ་ཁྱད་པར་མི་འདུག དང་རབས་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་ཤེས་བྱ་ངེས་པར་དགོས་ན་ཡང་། དེས་ང་ཚོའི་སེམས་ཀྱི་རིན་ཐང་དང་ལེགས་བྱང་གི་ཚབ་མི་བྱེད། ད་ལྟའི་དུས་འདིར་ཕྱིའི་འགྱུར་བ་དང་བསམ་བློའི་འདུ་ཤེས་མང་པོ་ཞིག་ངེས་པར་དུ་འགྱུར་རྒྱུ་ཡིན་པར་ཐག་ཆོད་ཟིན། འདི་ནི་བྱ་དངོས་ཀྱི་ཆོས་ཉིད་ལ་གོ་རྟོགས་ཏོག་ཙམ་ཡོད་མཁན་ཞིག་ཡིན་ན་ཧ་གོ་ངེས་ཡིན། འདིའི་ཐད་ལ་སེམས་ཁུལ་འཕར་མ་མང་པོ་མ་བྱས་ན་ཡང་འགྲིག །

སེམས་པ་རྣམ་དག་ཡིན་པའི་འབྲོག་པའི་སློབ་ཕྲུག་ཅིག་ལ་འབག་སྐུའི་ཞལ་རས་ལྟ་བུའི་སློབ་ཚན་ཞིག་གི་ཐོག་ནས་སྐད་ཆ་བཤད་པ་ཡིན་ན་སྐབས་དིའི་སྐད་ཆ་དག་གི་ཁོའི་སེམས་ཀྱི་ཁུ་སིམ་དག་རིམ་གྱི་དཀྲོགས་པ་དང་ཆབ་གཅིག མ་མཐའ་ཡང་། གཞུང་ལུགས་ཀྱི་ངོས་ནས་ལྟ་བ་མ་ལོག་ན་ཡང་། ལག་ལེན་གྱི་ཐོག་ནས་རིམ་གྱིས་ཉིན་རེ་བཞིན་སེམས་ཀྱི་བག་ཆགས་མང་པོ་ཞིག་སྟོར་བར་འགྱུར། འདི་ལ་ངའི་ངོས་ནས་སེམས་འཚབས་བྱེད་ཀྱིན་ཡོད།
ད་དུང་བཤད་ན། དེང་སང་དཔེ་ཆ་ཙམ་བལྟས་ནས་དགོན་པ་དང་སློབ་གྲྭ་འབའ་ཞིག་གི་ཁོར་ཡུག་ནས་ནར་སོན་པའི་མཁན་པོ་དང་དགེ་བཤེས། དགེ་རྒན་དག་གི་སྤྱི་ཚོགས་སློབ་གསོ་སྤྲོད་སྟངས་འགའ་ཞིག་ལ་ང་ཚོས་བསྐྱར་དུ་བསམ་བློ་གཏོང་དགོས་པ་འདུག ངའི་ཕ་ཡུལ་རྫ་ཆ་ཁར་མཚན་ཉིད་ཡུན་རིང་པོར་བལྟས་མཁན་ཞིག་གིས་ཇོ་དར་དཔར་བ་དང་། ས་ཚ་འདེབས་པ། རྡོ་ལ་མ་ཎི་བརྐོ་བ་བཅས་ཆོས་མ་རེད་ལབ་འདུག་ལ། དེས་དད་ལྡན་པ་མང་པོ་ཞིག་གི་སེམས་ལ་རང་གི་སྔར་བྱས་ཀྱི་ལས་ལ་དོགས་པ་དང་ཐ་ན་དེ་ནི་དོན་འབྲས་མེད་པ་ཞིག་ཡིན་ནམ་སྙམ་པའི་བསམ་བློ་སྐྱེས་འདུག་སྐད། ཁོང་གི་དགོངས་གཞི་དེ་ཅིག་བྱས་ན། སྤྱིར་བཏང་གི་དགེ་སྦྱོར་དག་ངེས་དོན་གྱི་ཆོས་མ་རེད། ཐོས་བསམ་སྒོམ་གསུམ་བྱས་ན་དེ་ལྷག་གི་རེད་བསམ་པ་ཡིན་སྲིད་མོད། སྐད་ཆ་དེས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བཞག་འདུག་ལ། འཇོག་གི་ཡང་རེད།

སྐད་ཆ་དེ་གོ་སྐབས་ང་རང་ཧང་སང་སོང་། འདི་དག་ནི་དོན་ལ་ཆོས་ཀྱི་སློབ་གསོ་སྐྱོན་མེད་པ་ཞིག་རེད་ལ། ཆོས་ཉམས་སུ་ལེན་སྟངས་གྱི་བྱེ་བྲག་ཀྱང་རེད། ཁྱད་པར་རོང་འབྲོག་པའི་སྤྱིར་བཏང་གི་མི་དག་ལ་མཚོན་ན་བསྟན་པའི་གོ་རིམ་དང་མཐུན་པའི་ཆོས་ཀྱི་ལག་ལེན་དང་། ཕྱི་རབས་ཚ་རྒྱུད་དག་ལ་ང་ཚོའི་ནང་སེམས་ཀྱི་རིག་གནས་འདི་རྒྱུད་སྤྲོད་བྱེད་པའི་ལག་ལེན་དངོས་ཀྱི་སློབ་གསོ་རེད། འདི་དག་ཚང་མ་ང་ཚོས་ཤེས་དགོས། སྔོན་གྱི་ངའི་ཕ་ཡུལ་གྱི་མཁས་པ་དཔལ་དགེ་རྒྱལ་པོ་ལ་སོགས་པས་ནི་ཆོས་ཉམས་སུ་ལེན་པའི་གང་ཟག་གི་ངོས་ནས་ཀྱང་འདི་དག་ལ་མཐོང་ཆུང་བྱས་མི་འདུག མི་མང་ལ་རྩོད་པ་སློབ་པ་དང་། ནང་ཆོས་ངོ་སྤྲོད་བྱེད་པ་ནི་གལ་ཆེ་མོད། སློབ་གསོའི་ཐབས་ལམ་ཡོངས་རྫོགས་རྩོད་སྒྲུབ་རིག་པ་རང་གི་བསམ་བློའི་འཇུར་མིག་ཏུ་འཛུད་པར་འདོད་པ་ནི་ནམ་ཡང་ནོར་བ་སྟེ། དེ་བཞིན་རང་གི་གོ་རྟོགས་དང་གནས་ཚད་གཞན་གྱི་མ་དཔེར་འཇོག་པ་ནི་དར་མའི་གཟུགས་རིང་ཞིག་གི་ལྭ་བ་ཚད་གཞིར་བཞག་ནས་བྱིས་པ་བུང་ཐུང་ཞིག་ལ་གོས་དྲུབ་པ་བཞིན་དེ་བས་ཀྱང་ནོར་བ་ཡིན་ནོ། །ནང་བསམ་བློའི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སེམས་ཁམས་རྒྱལ་བར་གྱུར་ཅིག །

རྫ་ཚེ་རིང་བཀྲ་ཤིས་ཀྱིས་2013/12/18ཕྱི་དྲོ་སེང་རྡོར་དྲ་ཐོག་ནས་ལྗགས་ནག་པ་ཞེས་པའི་དྲ་གྲོགས་ཤིག་གིས་ངའི་སློབ་མ་ཚོས་ང་ལྟ་ལོག་པ་རེད་ཟེར་ཞེས་པའི་ཟིན་བྲིས་སྤེལ་འདུག་པ་བཀླགས་རྗེས་ཤར་མར་ཞབས་མཆན་དུ་བཏགས་པ་ཅུང་ཟད་མང་བར་གྱུར་པས་ལོགས་སུ་སྤེལ་བའོ། །

སྣ་ཚོགས།

Post navigation

Previous Post: ཨེ་རླུང་གིས་སྤྱི་འཐུས་ཚོགས་གཙོ་མཆོག་ལ་གླེང་མོལ་ཞུས་པ།
Next Post: མི་དང་གློག་ཀླད། བསླབ་པ་ཕྱིར་འབུལ་དང་ཁ་པར། ད་དུང་ལུང་རྒྱུན་དང་ཁྲིད་རྒྱུན།

Comments (22) on “སེམས་གཏམ་རྟ་རིན་མ།(ལྗཊ་ནག་ཟིན་ལན)”

  1. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-12-18 at 11:07 am

    མི་མང་ལ་རྩོད་པ་སློབ་པ་དང་། ནང་ཆོས་ངོ་སྤྲོད་བྱེད་པ་ནི་གལ་ཆེ་མོད། སློབ་གསོའི་ཐབས་ལམ་ཡོངས་རྫོགས་རྩོད་སྒྲུབ་རིག་པ་རང་གི་བསམ་བློའི་འཇུར་མིག་ཏུ་འཛུད་པར་འདོད་པ་ནི་ནམ་ཡང་ནོར་བ་སྟེ།
    ཟེར་་
    གཡོན་ལྷུང་ལྟ་བ་ཅན་ཞིག་ཡིན་ཐག་ཆོད་རེད་བྱ།

  2. བོད་ཀྱི་བུ་ says:
    2013-12-18 at 12:24 pm

    ་་་་་་་་་གོང་དུ་ཁོས་ཟེར་བ་ནི་ཆོས་ལ་ཐོས་བསམ་བྱེད་དགོས་པ་མ་རེད་རྨོངས་དད་བྱས་ན་སྒོམ་པའི་ཉམས་རྟོགས་སྐྱེ་ཡོང་གི་རེད་་ཟེར་བ་དེ་རེད་
    བཀའ་བསྟན་འགྱུར་ཡོངས་རྫོགས་ནང་གཅིག་འགྱུར་གྱི་དགོངས་པ་གཅིག་ཡོད་པ་ནི་ཐོས་བསམ་སྒོམ་གསུམ་གྱི་རྟོགས་པ་རྣམས་རིམ་ཅན་ཁོ་ནར་སྐྱེ་བ་མ་གཏོག་ཐོས་བསམ་མེད་པའི་སྒོམ་པའི་ཉམས་རྟོགས་ཞིག་ནམ་ཡང་མི་སྐྱེ་བ་དེ་རེད་་་་་་དེ་རྨོངས་རྒན་ཁྱེད་ཚོས་ཨེ་ཤེས་གི་

  3. དགའ་སྐུ་ says:
    2013-12-18 at 1:22 pm

    ལེགས་འདུག་་་ཆོས་དང་འཇིག་རྟེན་ཡ་མ་བྲལ་ཞིག་རེད་སྙམ་་་ཁམས་དང་མོས་པ་ལས་སོགས་སོ་སོ་ཡིན་པའི་ཕྱིར་ན་མཐའ་གཅིག་ཏུ་འདི་ཡག་ཟེར་བ་ནི་ཡིན་པ་མི་སྲིད་པའི་དངོས་པོ་ཡིན་པའི་ཕྱིར་་་

  4. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-12-18 at 2:00 pm

    འགའ་ཤས་ཀྱི་ལུགས་ལ་ཕ་འདི་ཡིན་དང་མ་འདི་ཡིན་ཟེར་ནས་འཇོག་མི་ཤེས་པས་ནོར་ཉེན་འདུག
    འཇིག་རྟེན་ན་ཡག་གཙོག་གི་རྣམ་བཞག་འཇོག་ཡ་མེད་ན་ཀུན་རྫོབ་ཀྱི་རྣམ་བཞག་ཐམས་ཅད་འཇིག་འགྲོ་གི་རེད། 
    དེ་ལྟར་ན་ལྟ་བ་དེ་ཧ་ཤིང་གི་ལྟ་བ་ཡིན་མིན་ལ་དོགས་པ་ཡོད་མ་རེད་ལགས།

  5. བློ་བཟང་ says:
    2013-12-18 at 8:21 pm

    མ་རྩོམ་ལ་ལན་ཡག་པོ་ཞིག་མི་ཕོག་ཐོག་གང་ཟག་ལ་རྨོད་མོ་བྱས་པ་ནི་ཐོབ་ཆག་གི་མི་རེད་དོ།

  6. རྫ་ཚེ་རིང་བཀྲ་ཤིས། says:
    2013-12-18 at 10:43 pm

    བོད་ཀྱི་བུ་སོགས་ཀྱིས་མཆན་བཏབ་པ་དང་བསམ་ཚུལ་གསུངས་པར་ཉན་ཡོད་ཞུ། བཀྲ་ཤིས་བདེ་ལེགས།

  7. བོད་ཀྱི་བུ་ says:
    2013-12-18 at 11:05 pm

    ཉན་ཏེ་ལགས་ལེན་དོན་འཁྱོལ་ཡོང་བ་བྱེད་རྒྱུ་གལ་ཆེ་
    ཉན་པ་ཙམ་ཅི་ཕན་ལམ་ནོར་ལྡོག་བྱུང་ན་ལེགས་

  8. རྒྱང་མིག says:
    2013-12-19 at 12:39 am

    རང་རེའི་དྲ་གྲོགས་འགས་རྩོམ་ཡིག་དང་བརྗོད་དོན་ཐད་ནས་བསམ་ཚུལ་མི་བརྗོད་པར། དང་པོ་རང་ནས་མི་གཞི་ལ་ཚིག་མཚོན་དང་བཅས་ཁྱད་གསོད་དམའ་འབེབས་སོགས་བྱེད་པ་ནི་ཧ་ཅང་ཐབས་སྡུག་གི་ལས་ཤིག་རེད།

  9. གང་བ་བཟང་པོ་ says:
    2013-12-19 at 1:06 am

    བདེན་ཏེ། ལག་ལེན་གསེར་གྱི་དྭངས་མ་ཡིན། ཁ་བཤད་ཆུ་ཡི་ལྦུ་བའམ་དབུ་བ་ཡིན། ཞེས་པ་ཐོས་སོ།

  10. ཨ་ཕྱི་ཆོས་སྒྲོན says:
    2013-12-19 at 1:32 am

    དངོས་ནས་ལྷག་བསམ་དང་ཤེས་ཡོན་པའི་གསུངས་སུ་མཐོང་ངོ་།

  11. སྤོབས་པ་མཐའ་ཡས། says:
    2013-12-19 at 2:20 am

    ཇོ་དར་དཔར་བ། ཚ་ཚ་འདེབས་པ། རྡོ་ལ་མ་ནི་བརྐོ་བ་སོགས་ཆོས་ཡིན་སྟངས་ག་འདྲ་རེད་གསུངས་རོགས

  12. བན་དེ་བ། says:
    2013-12-19 at 3:48 am

    བོན་པོའི་ལུགས་སྲོལ་དག་རྐུ་བཤུས་བྱས་པར་ད་གཞི་ནས་བརྟག་དཔྱད་བྱེད་པའི་དུས་སུ་སླེབས་སོང་་་ག་ལེ་ག་ལེ་ནམ་སངས་མཐའ་བསལ་ཡོང་གི་རེད།

  13. ཨ་ནུ་ཐང་བསོད་ནམས། says:
    2013-12-19 at 3:57 am

    བྱིས་བའི་སྐབས་ནས་ཆོས་ལུགས་དང་ཉེན་ཚབས་ཅན་གྱི་གྲུབ་མཐའ་གང་ཞིག་གིས་བསམ་བློ་སྒྱུར་ཡ་ནི་མི་རིགས་ཤིག་ལ་མཚོན་ན་ཧ་ཅང་གི་གྱོང་གུད་རེད། རྒྱུ་མཚན་ནི། རང་གིས་གསར་བཏོད་བྱེད་མ་ཐུབ་ཀྱང་ཡར་རྒྱས་ལྡན་པའི་ལུང་པ་གཞན་ལ་དཔེ་ལྟས་ན་ཤེས་ཐུབ། ད་ལྟའི་བར་དུ་གཞན་གྱི་འགྲོ་ཕྱོགས་སུ་མི་འགྲོ་ཟེར་ནས་གྱོང་ཁ་རེག་པ་རེད། ང་ཚོའི་ངེས་བར་དུ་ལོ་རྒྱུས་ཀྱི་ཕམ་ཉེས་ལ་ངོས་ལེན་བྱེད་པའི་སྙིང་སྟོབས་དགོས་ཤིང་ལེགས་བཅོས་བྱེད་པའི་སྤོབས་པ་དེ་བས་དགོས། དེ་ལྟར་མེད་ན། འགྱེད་ས་ནས་ནམ་ཡང་ལངས་མི་སྲིད་དོ།
    དྲང་མོ་བཤད་ན། ནང་ཆོས་ནི་བོད་ཀྱི་མིན་ཞིང་ཡིན་ཡང་། མི་རིགས་བློས་བཏང་ནས་དེ་ཙམ་ཤ་ཞེན་བྱེད་དགོས་བའི་གནས་སུ་མ་མཐོང་། ལྷག་པར་དུ་མི་རིགས་འདིར་ཆགས་འཇིག་གི་གནས་སུ་ལྷུང་བའི་སྐབས་སུ་མི་རིགས་སྐྱོབ་ཡ་དང་པོ་དང་། ཆོས་ལུགས་གཉིས་པ་རེད་སྙམ། ཡིན་ཡང་། ཆོས་དད་ཤུགས་ཆེན་ཡོད་མཁན་ཚོ་ལ་དེ་ལྟར་མིན་པ་བསམ་ཤེས་བཏང་ཐུབ་ཅིང་། དེ་ལྟར་ཡིན་པ། བོད་ཀྱི་ཆོས་པ་ཁོ་ན་མིན་པ་ཆོས་དད་ཤུགས་ཆེ་ཡོད་པའི་མི་སྣ་མང་ཆེ་ཤོས་ཀྱི་རང་གཤིས་རེད། ཡིན་ཏེ། རང་ལྟ་རང་ལ་གལ་ཆེ་བས་རེད། འདི་ནི་འགྲོ་བ་མིའི་མ་དག་པའི་གཤིས་སྤྱོད་ཅིག་ཡིན་ལ། གཤིས་སྤྱོད་འདི་ལས་ཐར་ཐུབ་མཁན་ཧ་ཅང་གི་ཉུང་བ་སེམས།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-12-19 at 4:13 am

    སྤྱིར་ཆོས་ལ་འགྲོ་དང་མི་འགྲོ་ཀུན་སློང་ལ་རག་ལས་པས། ཀུན་སློང་དག་པས་ཇོ་དར་དཔར་བ་དང་། ས་ཚ་འདེབས་པ། རྡོ་ལ་མ་ཎི་བརྐོ་བ་ཆོས་མིན་ན། མཆོད་རྟེན་བཞེངས་པ་དང་། ལྷ་སྐུ་བཞེངས་པ་དང་། ལྷ་ཁང་བཞེངས་པ་ཡང་ཆོས་མིན་པར་ཐལ་ལོ།།

  15. བོད་ཀྱི་བུ་ says:
    2013-12-19 at 6:31 am

    སངས་རྒྱས་པའི་ཆོས་ཡིན་མིན་ནི་སྐ྄ེ་བ་ཕྱི་མ་ཕན་ཆད་ཀྱི་རྒྱུར་འགྲོ་བ་ཞིག་བྱུང་ན་ཆོས་རེད་དེ་མིན་པའི་ཆོས་ཞིག་ཡོད་པ་མ་རེད་་་་་་སྔར་རྒས་པོ་དགོན་པར་སྐོར་བ་མང་པོ་འགྲོ་བ་དང་མན་དྲལ་མང་པོ་འཕུལ་སྡོད་པ་ཞིག་ལ་འབྲོམ་སྟོན་པས་རྒས་པོ་ལ་”ཁྱོད་དེ་ལྟར་བྱས་པ་ལས་ཆོས་ཞིག་བྱས་ན་མི་བཟང་ངམ”གསུང་པ་རེད་་་་་་་འདིས་གོང་གི་སྐད་ཆ་ཚང་མ་གསལ་པོ་ཆག་པའི་རེ་བ་ཡོད་
    ངས་གཅིག་འདྲི་་་་་་་རྫ་ཚེ་ཟེར་བ་དེ་བཤད་གྲ་ཚད་ལྡན་གང་ནས་ཐོན་པའི་མཁན་པོ་རེད་དམ་་་་་་་་་གང་ལྟར་མཁན་པོ་ཡིན་ནི་ཟེར་བཞིན་འདུག་་་་་་་དེ་འདྲ་མི་ཆོས་བླ་མའི་རྫུན་མི་ཆག་གམ

  16. བོད་ཀྱི་བུ་ says:
    2013-12-19 at 6:32 am

    ཡང་ན་མི་ཆོས་བླ་མའི་རྫུན་གྱི་ངོ་བོ་ཇི་ལྟར་འཇོག་གམ་

  17. ལྷ་སྡེ་གནམ་ལོ་ཡག says:
    2013-12-19 at 8:22 am

    རྒན་རྫ་ཚེ་རིང་བཀྲ་ཤིས་ལགས། གལ་སྲིད་ཁྱེད་རང་ཐེ་ཝན་དུ་བཞུགས་ཡོད་ན། ཡིག་སྒམ dongsai@gmail.com ནང་འབྲེལ་བ་ཞིག་གནང་རོགས།

  18. མེ་ཏོག་དཀར་པོ says:
    2013-12-19 at 9:19 pm

    རྫ་ཚེའི་གསུང་ལ་གོ་རྒྱུ་འདུག

  19. བཀྲ་ཤིས། says:
    2013-12-19 at 9:52 pm

    འགའ་ཤས་ཀྱི་ལུགས་ལ་ཕ་འདི་ཡིན་དང་མ་འདི་ཡིན་གྱི་རྣམ་
    བཞག་གསལ་པོ་འཇོག་རྒྱུ་ཡོད་པ་འདྲ།

  20. གླག་རྒོད། says:
    2013-12-19 at 10:16 pm

    རྫ་ཚེའི་བཤད་པ་དེའང་ཆོས་ལུགས་པ་གཅིག་པོའི་ངོས་ནས་མི་དམངས་འདུལ་ཐབས་ཙམ་ལ་བསམ་ན་བདེན་པ་རེད་ལ་དེ་འདྲ་ཞིག་དགོས་ངེས་ཡང་རེད། དེ་ལ་དབྱིན་ཇིའི་མིང་ཚིགས་ནང་fiction ལབ་ཀྱི་རེད། བོད་པར་མཚོན་ན་ཆོས་ལུགས་པའི་ལྷ་སྒྲུང་བཤད་ནས་དམངས་ཀྱི་སེམས་ཁམས་བསྒྱུར་ཐབས་དེ་རེད། ཏན་ཏན་རྟོག་སྒྲུང་དང་ལྷ་སྒྲུང་དེ་ཚོས་མིའི་སེམས་ཁམས་ལ་སྐྱིད་པོ་ཡོང་ཡ་དང་འཇིགས་སྐྲག་སྐྱེ་ཡ་གཉིས་ཀ་ཡོང་ཐུབ་ཀྱི་ཡོད་རེད།

  21. ཨ་ཕྱི་ཆོས་སྒྲོན says:
    2013-12-20 at 2:15 am

    བུ་སོ་སྒོ་ཅན་ལ་བློ་སྒོ་ཆེ། །རྟ་སྤུ་རིས་ཅན་ལ་རྒྱུག་རྩལ་ཆེ། །ཟེར་བ་ཅི་མ་བདེན། རྫ་ཚེས་གསུངས་ལ་བདེན་པར་སྣང་ངོ་།

  22. མེ་ཏོག་དཀར་པོ says:
    2013-12-20 at 2:46 am

    འདི་ཡིན་ཏེ། ཐབས་ཕྱོགས་དང་ཤེས་རབ་ཕྱོགས་སོ།། ལས་དང་པོ་པར་ཤེས་རབ་ཕྱོགས་སྟོན་སྟངས་མ་འགྲིག་ན་ཆད་ལྟ་བ་ཆགས་ཉེན་ཡོད། ཉམས་མྱོང་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme