Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཁུར་གྱི་སྐད་ཆ།༼བོད་འབྱོར་རྩོམ་ཡིག༽

Posted on 2008-08-05 By དབང་ཕྱུག་ 1 Comment on སེམས་ཁུར་གྱི་སྐད་ཆ།༼བོད་འབྱོར་རྩོམ་ཡིག༽

བོང་སྟག་རིལ་ལུའི་སེམས་ཁུག་ཞིག་གླེང་བ།
འབྲོང་ཕྲུག

བོང་སྟག་རི་ལུས་དཔེ་དེབ་ཅིག་པར་བསྐྲུན་བྱ་རྩིས་ཡོད་པའི་ཁ་པར་དེ་ཟླ་བ་བཞི་ལྔ་ཞིག་གི་ཡར་སྔོན་ལ་སླེབས་བྱུང་ལ། ཟླ་བ་བཞི་ལྔ་ཞིག་གི་རིང་ལ་བདག་གིས་ཀྱང་འབོལ་རྩོམ་དང་སྙན་ངག་བསྡུས་པའི་དཔེ་དེབ་ཅིག་གི་མ་ཕྱི་བསྒྲིགས་ཟིན། དུས་ཚོད་འདིའི་ནང་དུ་ང་ལ་སེམས་ཁུར་ཞིག་ཡོང་པ་ནི་ངས་ཀློག་མཁན་དག་གི་འདོད་བློ་བསྐོང་ཐུབ་མིན་དེ་རེད། བར་སྐབས་འདིར་བོང་སྟག་རི་ལུས་རྒྱང་རིང་ནས་ང་ལ་སེམས་ཁུར་ཞིག་བསྐུར་ཡོང༌།
དུས་རྒྱུན་པར་རང་གི་ཀློག་མཁན་དག་གི་འདོད་བློ་བསྐོང་རྒྱུ་དེ་ཆུང་མ་དང་བུ་ཆུང་གི་འདོད་བློ་བསྐོང་རྒྱུ་ལས་ཀྱང་གལ་ཆེ་བར་བསམ་ན་ཡང༌། ཞིབ་འདང་རེ་བརྒྱབ་ན། ངས་ད་དུང་གཞན་སུ་ཞིག་གི་འདོད་བློ་ཡང་བསྐོང་ཐུབ་ཀྱིན་མི་འདུག འོན་ཀྱང་བོང་སྟག་རི་ལུ་ང་དང་མི་འདྲ་སྟེ། ཁོས་རང་ཉིད་ཀྱིས་བཤད་པ་ནང་བཞིན་ཁོའི་ཀློག་མཁན་གྱི་གྲས་སུ་མཐོ་བ་དཔོན་པོ་དང་མཁས་པ་ཡོད་ལ། དམའ་བ་ཡིག་རྨོངས་པ་སེལ་བར་བརྩོན་ཞིང༌། ཁོའི་སྙན་ངག་གིས་སྒྱུ་རྩལ་གྱི་ཕོ་བྲང་བཞེངས་བར་བྲེལ་བ། ཁོའི་འབོལ་རྩོམ་གྱིས་རྟོགས་སད་ཀྱི་དུང་བརྡ་འབུད་པར་རྔམ་པ་བཅས་ཀྱིས་མཚོན་ནུས་པ་དེའོ།།
དེ་ཐེངས་རྒྱལ་སྤྱིའི་རིག་གནས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་༼སེམས་ཀྱི་ཁུར་བོ༽ ཅེས་པའི་དཔེ་དེབ་འདི་ནི། ན་གཞོན་སྙན་ངག་པ་བོང་སྟག་རི་ལུའི་༼ང་རང་ངོ་མ་འཚོ་འདོད༽ དང་༼ཤ་ཚ་བའི་གཏམ་ལ་སྙན་མོ་མེད༽ ཅེས་པ་གཉིས་ཀྱི་འཕྲོར་བརྩམས་གྲུབ་བྱུང་བའི་དཔེ་དེབ་གསུམ་པ་ཡིན་ལ། འདིའི་ནང་དུ་རྩོམ་པ་པོས་ཉེ་བའི་ལོ་འདི་གའི་རིང་ལ་བརྩེ་དུང་དང་བྱ་བཞག འཚོ་གནས་བཅས་སུ་སེམས་ཁུར་བྱས་པའི་གནད་དོན་ཁ་ཤས་སྟེ། ༼ལུག་རྫི་བུ་མོ༽ དང་༼ཉིན་གཅིག་གི་ལུག་རྫིའི་ཟིན་ཐོ༽༼སྒྲོལ་མར་ཕུལ་བའི་སྙན་ངག༽༼ང་དང་ངའི་རོ་སྒམ༽༼སྙན་ངག་འདི་འདྲ་མི་འབྲི་ག་མེད་བྱུང་སོང་༽བཅས་ཀྱིས་མཚོན་པའི་སྙན་ངག་དང་༼ང་ཚོ་སྐྲག་དགོས་ས་དེ་འདྲེ་མ་རེད༽ དང་༼མི་རིགས་ཀྱི་འདུ་ཤེས་མེད་པའི་ཕྱི་རབས་པ་ཚོ༽༼སྙིང་རྗེ་སྐྱེ་འོས་པའི་ལུ་གུ་ཆུང་ཆུང་༽༼རང་སྐྱོན་ངོས་ལེན༽༼དཔེ་ཆ་མི་དགོས་པའི་དཔེ་ཆ་བ་ཚོ༽བཅས་ཀྱིས་མཚོན་པའི་འབོལ་རྩོམ་གྱིས་གྲུབ་ཡོད་པས། རྩོམ་པ་པོའི་སྐད་ཆ་གཅིག་ནང་བཞིན་༼དགོད་སྤྱད་དགོད་སྤྱད་ཅིག་ལ་དེའི་ནང་ན་ད་དུང་གོ་རྒྱུ་ཞིག་ཀྱང་ཡོད༽འདུག
ངས་དཔེ་དེབ་བཀླགས་མ་ཚར་གོང་དུ་དགེ་གྲོགས་ཞིག་གིས་གཡར་སོང་ནས་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་རྗེས་སེམས་འགུལ་ཆེན་པོས། བོང་སྟག་རི་ལུ་ཟེར་བ་ར་དཻ་བུ་ངར་བ་ཞིག་རེད་ཅེས་བཤད་སོང་ལ། ཆུང་མས་ཀྱང་ཚར་གཅིག་བལྟས་རྗེས་ཞི་ལི་འདིས་སྐྱིད་པོ་དག་བཤད་ཡོང་ཁུ་ཟེར། སྤྱིར་བཏང་གི་སྐད་ཆ་འདི་གཉིས་ཀྱིས་ངས་བོང་སྟག་རི་ལུར་བརྗོད་དགོས་པའི་སྐད་དེ་དག་སྤྱི་བསྡོམས་བྱས་ཟིན་པས་ན། ངས་བརྗོད་འདོད་པ་ནི། གྲོགས་པ་ལགས། བུ་ངར་གི ད་དུང་མུ་མཐུད་དུ་སྐྱིད་པོ་ཏག་ཏག་འབྲི་དགོས། ཞེས་པ་ནི་ཁ་མིན་ཁོག་གི་སྐད་ཆའོ།།

སྣ་ཚོགས།

Post navigation

Previous Post: མི་རྐྱང་གླུ་བའི་མིང་ལ་རི་ལུ་ཟེར།༼བོད་འབྱོར་རྩོམ་ཡིག༽
Next Post: ཕ་ཡུལ་གྱི་གཏམ་རྒྱུད།

Comment (1) on “སེམས་ཁུར་གྱི་སྐད་ཆ།༼བོད་འབྱོར་རྩོམ་ཡིག༽”

  1. karchen says:
    2008-08-06 at 2:33 am

    བཀུར་འོས་རྩོམ་འབྲི་བ་འབྲོང་ཕྲུག་ལགས

    གལ་སྲིད་ཁྱེད་ལ་ཁོམ་ལོང་འདྲ་ཡོད་ན། ཁྱེད་ཀྱིས་བོང་སྟང་རི་ལུའི་འབོལ་རྩོམ་མི་རིགས་ཀྱི་འདུ་ཤེས་མེད་པའི་ཕྱི་རབས་པ་ཚོ་ཞེས་པ་དེ་དྲ་ངོས་འདིར་བཀོད་ཐུབ་ན་ཧ་ཅང་ལེགས། ང་ཚོ་དེ་བལྟ་རྒྱུར་སྒུག་ནས་བསྡད་ཡོད།

    རྗེས་སུ་མང་དུ་འཕྲད་པའི་རེ་བ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme