Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཀྱི་རྨ་ཁ།

Posted on 2013-09-062013-09-06 By ཁ་བརྡ་ 3 Comments on སེམས་ཀྱི་རྨ་ཁ།

བསོད་ནམས་ནོར་བུ།
_T. C. ལ

ཡན་ལག་གཏུན་ལ་རྡུང་འདྲའི་ལུས་གོག་དང་།།
མཚོན་རྩེའི་དཀྱིལ་དུ་ལྷུང་འདྲའི་ཡ་ཆུང་འདི།།
སྐབས་རེར་བརྒྱལ་ཞིང་ལན་རེ་སོས་ན་ཡང་།།
ལྕི་མོའི་གོམ་ལྷག་ད་དུང་འདྲུད་བཞིན་ཡོང་།།

སེམས་པ་གཙང་མ་དར་དཀར་འདྲ་བ་ཞིག།
གཡོ་ཧམ་མི་ཡིས་ལག་ཏུ་མཉེད་མཉེད་ནས།།
ཡོད་ཚད་ཞེ་མེར་ལངས་པའི་ཚོར་འདུ་ཡིས།།
དམར་ནག་ཁྲག་གི་མིག་ཆུས་ཁོག་པ་གཤེར།།

སེམས་སོང་བུ་མོར་བྱམས་པ་བོས་ན་ཡང་།།
སྐད་ཆའི་ཚིག་གི་སྣེ་མོ་རེ་འཁྲུགས་དུས།།
སྙིང་ལ་སོས་མེད་སྦར་ཤད་བརྒྱབ་པའི་མཐར།།
མུན་ནག་ཐང་སྟོང་རེ་ལ་རྡོག་ཐོས་དེད།།

ས་སྒང་སྨག་གིས་བཏུམ་པའི་མཚན་མོ་དེར།།
ཤག་རོགས་སྔུར་པ་ལྷེམ་ལྷེམ་གཉིད་ཡུར་ཀྱང་།།
ཁོ་བོ་ཁྱེད་དང་འཁྲུག་པའི་རྨི་སྣང་དེས།།
ཧར་རེ་གཉིད་ལས་སད་པ་གཅིག་གཉིས་མིན།།

ཁེར་རྐྱང་རྐང་རྗེས་སྤར་བའི་སྐྱོ་སྣང་ཁྲོད།།
ནང་གི་འཛུམ་དཀར་ངོམ་ལ་ལོས་དགའ་སྟེ།།
སེམས་ཀྱི་མངར་ཁ་མ་ལུས་གཞིབ་པའི་རྗེས།།
གྱེས་བྲལ་ལག་བརྡ་གནང་བའི་གདུང་བ་ལྕི།།

མི་འདོད་ཁྲག་རླུང་སྟོད་ལ་རབ་འཚང་ཞིང་།།
ད་ནི་འུ་གཉིས་ནམ་ཡང་མི་འགྲོགས་ཞེས།།
སྒྲ་འཛིན་བུ་ག་གཤག་པའི་ཐ་ཚིག་དེས།།
གློ་མཆིན་བཏུབ་པའི་ན་ཟུག་བཟོད་གླགས་མེད།།

ལུས་པོ་རྨས་ན་ཧང་སང་མི་དགོས་ཏེ།།
ལུས་ཀྱི་སྨན་པ་ག་ས་གང་ན་འདུག།
སེམས་པ་ཤི་ན་ངོ་མ་ལོས་དཀའ་སྟེ།།
སེམས་ཀྱི་ཨེམ་ཆི་ཁྱེད་ལས་གཞན་མེད་དོ།།

སེམས་པ་སེམས་ལ་ཐིམ་པའི་གོ་རིམ་ནང་།།
སྙིང་ལ་དྲོད་ཐིག་སྦྱིན་པའི་ཞལ་རས་དེ།།
ད་དུང་དྲན་པའི་སྦུག་ན་འཛུམ་གྱིན་འདུག།
ཀྱེ་མ་གཏན་དུ་ནག་བསུབ་གཏོང་ཕོད་དམ།།

ལྷན་སྐྱེས་ཚོར་བས་སྦྲིད་པའི་ཉིན་ཞག་ཀློང་།།
ཁོག་ལ་མི་བཟོད་སྐྱུར་ཁ་གཏད་བྱུང་ན།།
ད་ནི་བརྩེ་སེམས་སྒོ་མོ་གཏོར་ཚར་བས།།
དཀར་ཁུང་ཡོད་ཚད་ཁྱེད་ཀྱི་འབྲོ་ལམ་ཡིན།།

ཕྱི་རོལ་ལྗོན་འདབ་རླུང་བུས་དྲག་ཏུ་གཡོ།།
རྒྱང་རིང་ཁྱི་སྤྱང་ངུ་སྒྲ་རྣ་ལ་གཟན།།
བྱང་ཁོག་སྟོང་པ་རྨ་ཁའི་ཟུག་རྔུས་མནར།།
དོ་ནུབ་མཚན་མོའི་དུས་ཡུན་ལོ་ལས་རིང་།།

སྙན་ངག

Post navigation

Previous Post: རྒྱལ་དབང་ཀརྨ་པ་མཆོག་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་པ།
Next Post: བོད་ནི་ཛ་དྲག་ཆེ་ཤོས་ཀྱི་ཡུལ་ཞིག་རེད་ཅེས་གསུངས།

Comments (3) on “སེམས་ཀྱི་རྨ་ཁ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-09-06 at 3:12 am

    སེམས་ཀྱི་རྨ་ཁ་ལུས་ཀྱི་རྨ་ལས་ཚ། །
    ལུས་ཀྱི་རྨ་རྣམས་སྨན་པས་གསོས་འགྱུར་ན། །
    སེམས་ཀྱི་རྨ་ཁ་སྙིང་སྡུག་ཁྱོད་མིན་པས། །
    སུས་ཀྱང་གསོ་བར་མི་ནུས་ཐུགས་འཇགས་འཚལ། །

  2. འཛུམ། says:
    2013-09-06 at 11:12 am

    མ་བཅོས་རང་གཤིས་རང་གིས་ངོམ་པ་ན།།
    གཡོ་ཅན་སྐྱེ་བོའི་སྣ་ལ་ཕོག་ཀྱང་ཕོག།
    ལྷན་སྐྱེས་སེམས་ལ་གྲུབ་པའི་ཚོར་བ་འདི།།
    ཤི་ཡང་དམྱལ་བའི་ཁམས་ནས་བརྗོད་ངེས་ཡིན།།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-09 at 11:21 pm

    ན་མོ་མ་ཧཱ་གུ་རུ་པདྨཱ་ཀ་རཱ་ཡ
    ་
    སེམས་ཀྱི་རྨ་ཁ་ལུས་ཀྱི་རྨ་ལས་ཚ།
    ལུས་ཀྱི་རྨ་རྣམས་སྨན་པས་གསོས་འགྱུར་ན།
    སེམས་ཀྱི་རྨ་ཁ་མི་སྡུག་སྒོམ་པ་དང་།
    སྟོང་ཉིད་སྒོམ་པས་གསོས་པ་ལགས་པར་གསུངས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme