Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཀྱི་མཛའ་མོ་དྲན་པ།

Posted on 2012-11-032012-11-03 By ཁ་བརྡ་ 8 Comments on སེམས་ཀྱི་མཛའ་མོ་དྲན་པ།

ནམ་མཁའ།

དྲན་པའི་སེམས་ཀྱི་བུ་ཆུང་འཁྱམས་པོ་འདི།།
གངས་རིའི་ལྗོངས་ཀྱི་དབྱངས་ཅན་ངག་གི་སྤུན།།
མཚོ་ཆེན་སྔོན་མོའི་འགྲམ་རུ་འཁྲུངས་པ་ཡི།།
དཔལ་གྱི་ལྷ་མོའི་ཕྱོགས་སུ་ཡང་ཡང་ཤོར།།
སྲབ་སྒྲོག་དྲན་ཤེས་ནན་གྱིས་བསྟེན་ན་ཡང་།།
ཐོགས་མེད་ཚོར་བ་སུ་ཡིས་འགོག་ནུས་སམ།།

འགོག་པར་འདོད་ཀྱང་མི་ནུས་དྲན་པའི་སེམས།།
འགོག་པའི་ཐབས་ལ་སྒྱུ་མའི་རང་བཞིན་སྟེ།།
འགྱུར་བའི་གཤིས་ཀྱི་མི་རྟག་འཇའ་ཚོན་སེམས།།
སེམས་པ་སྒྱུ་མའི་གྲོང་དུ་རྒྱུ་བའི་ཚེ།།
སྲིན་འབུ་སྡོམ་ཡང་རང་གི་དྲྭ་རྒྱ་རུ།།
གང་ཞིག་འཛིན་ལ་ཡིབ་སྒུག་བྱས་པ་བཞིན།།
རང་སེམས་རང་གིས་མྱོང་བ་མི་མཐོང་ཚེ།།
གཞན་གྱིས་སེམས་སུ་གསང་བའི་རི་མོ་ཡང་།།
ལྐོག་གྱུར་གནས་ཀྱི་ཐིག་རྩའི་བཟོ་བོ་ཡིས།།
ཚོན་གྱིས་རྒྱན་ཆས་སྤྲས་ལ་སུ་ཡིས་ཤེས།།

སྙན་ངག

Post navigation

Previous Post: དགེ་ལྡན་པས་གནས་ཆུང་དང་རྟ་མགྲིན་དང་ལྷ་མོ་སོགས་བརྟེན་པའི་འབྱུང་ཁུངས།
Next Post: རྒན་ o ལགས་དང་ཡང་བསྐྱར་མཇལ་བ།

Comments (8) on “སེམས་ཀྱི་མཛའ་མོ་དྲན་པ།”

  1. འདྲེ་རྐང་ཐོ། says:
    2012-11-03 at 12:46 am

    ཨ་ཁུ་གནམ་མཁའི་སྙན་ངག་འདི་ངོ་མ་གོ་ཁག་སེ་འདུག་ག་་་ཐེངས་གཉིས་ལ་བཀླགས་པས་གཞི་ནས་དོན་སྤྱི་ཙམ་བློ་ངོར་བབ་སོང་་་་་གྲོགས་པོ་ལགས་་ཁྱོད་ཀྱིས་དཔྱད་རྩོམ་དང་་སྒྲུང་རྩོམ་བྲིས་ན་ངོ་མས་་སྙན་ངག་ལས་ཡག་གི་བསམ་བྱུང་།

  2. རེབ་སྐྱིད་མཚོ says:
    2012-11-03 at 1:42 am

    རྒན་ནམ་མཁའ་ལགས་ཀྱིས་ལྐོག་འགྱུར་གྱི་སྙན་རྩོམ་དེར་གོ་བ་གཏིང་ཟབ་ཡོད་པ་འདྲ་
    འོན་ཀྱང་རང་སེམས་རང་གིས་མ་མྱོང་བ་དེ་ནི་ལུང་རིག་གང་ལ་འགལ་ཏེ། རང་སེམས་
    རང་རིག་མངོན་གསུམ་གྱིས་དུས་རྣམ་ཀུན་ཏུ་མྱོས་པས་སོ། ཡང་གོ་བ་གཞན་ཞིག་ཡོད་
    ན་ཐུགས་དག་པར་གནང་རོགས།

  3. རིན་ཆེན says:
    2012-11-03 at 5:22 am

    བདེན་པ་རེད་གོང་གི་དྲ་གྲོགས་གཉིས་ཀྱིས་གསུངས་ལ་མངོན་པར་བསྟོད་དོ་ཞུ་རྒྱུ་ཡིན།ད་ཐེངས་ཀྱི་འདི་མཁྲེགས་པོ་འདྲ་ཞིག་འདུག

  4. ཀླུ་རྟ། says:
    2012-11-03 at 7:06 am

    ནམ་མཁས་སྙན་ངག་ལ་གོ་བ་ཅུང་གཏིང་ཟབ་མོ་རེད། འདིར་འཛོམས་པའི་དྲ་གྲོགས་ཚོས་གོ་བ་ལོན་ཐབས་ལ་སེམས་ཀྱི་རང་བཞིན་ལ་དཔྱད་ཞིབ་བྱེད་དགོས་འདུག་སྙམ་བྱུང་། སེམས་ཀྱི་འགྱུར་ལྡོག་དང་སེམས་གཏད་ས་སོགས་འགྱུར་མེད་རྟག་བརྟན་ཞིག་མིན་པའི་ཆ་ནས་་ཕྱོགས་གང་ལཡང་འཁོར་འགྲོ་བ་འདིའི་རྒྱུ་མཚན་འཚོལ་དགོས་སྙམ་པའོ།

  5. lhamotsering says:
    2012-11-03 at 8:38 am

    སྙན་ངག་འདི་དྲ་གྲོགས་ཚོས་གོ་བ་ལེན་ཕྱོགས་མ་འདྲ་བ་བྱུང་འདུག ཡིན་ན་ཡང་འདིས་ང་ཚོའི་སེམས་ཀྱི་འགྱུ་སྟངས་ཀྱི་དབང་གིས་གང་ཞིག་ཡིད་ལ་དྲན་པ་ཡང་སྐད་ཅིག་ཉིད་ལ་འགྱུར་བའི་འཇའ་ཚོན་ལྟར་གྱུར་བ་དང་།ཡང་ན་ཐད་གར་དུ་གོ་བ་བླངས་ཚེ།བུ་མོ་ཞིག་དྲན་ན་ཡང་རང་གི་སེམས་ཡང་སྒྱུ་མའི་གྲོང་ཁྱེར་ནང་ནས་འཁྲུལ་འགྲོ་བས་གང་ཞིག་ལ་གཏད་དགོས་བ་མི་ཤེས་ཚེ།གཞན་གྱི་སེམས་སུ་གཉར་བའི་གསང་བ་ཞིག་རྟོགས་ག་ལ་ཐུབ།དེ་ནི་ལྷ་བྲིས་པ་ཞིག་གིས་ཐིག་རྩ་རྒྱབ་ཀྱང་ཚོན་མདངས་ཀྱིས་རྒྱན་མིན་བཞིན་ཐག་གཅོད་མིན་ལྟར་རེད་སྙམ་སོང་།དེ་མིན་ལུང་རིག་དང་འགལ་མིན་མི་ཤེས།

  6. རེབ་སྐྱིད་མཚོ says:
    2012-11-03 at 2:49 pm

    lha motseringལགས་ཀྱིས་འགྲེལ་བ་ཟོར་པོ་རེད་ཡིན་ཡང་ཁྱེད་ཀྱི་གོ་བ་ལེན་ཐབས་དེ་ལྟར་ན་
    སེམས་བུ་མོ་ཁོ་ན་འཁོར་བ་བརྟག་དགོས་པ་མིན་ཞིང་གཙོ་བོ་རང་སེམས་ཀྱི་གཡོ་སྒྱུ་སོགས་
    མ་དག་པའི་ལས་ལ་་འཇུག་པའི་ཚེ་རང་ངོར་གྲུབ་མིན་ལ་དཔྱད་དགོས་པར་སེམས། ཡང་ཀླད་
    རྙིང་མཁྲེགས་ཟུང་ལྟ་བུར་སོང་ན་ལ་མ་དག་མོད།

  7. lhamotsering says:
    2012-11-03 at 3:49 pm

    བུ་མོ་རེབ་སྐྱིད་མཚོ་ལགས། རེད་ལགས་མི་རེ་རེ་གོ་བ་ལེན་སྟངས་འདྲ་གི་ཡོད་ཀྱི་མ་རེད། ཡིན་ཡང་ངས་འགྱུར་བའི་གཤིས་ཀྱི་མི་རྟག་འཇའ་ཚོན་སེམས་ཟེར་བ་འདི་ལ་གོ་བ་ཅུང་ཟད་ལེན་སྟངས་དེ་འདྲ་མིན་ནམ་སྙམ།མཆོག་ཉིད་ཀྱི་གསུངས་པ་ལ་ཡང་གནས་ལུགས་གསལ་བོ་རེ་ཡོད་ཐག་གིས་ཆོད།

  8. འདྲེ་རྐང་ཐོ། says:
    2012-11-03 at 7:53 pm

    ཨ་ཁུ་ཚང་གི་སྙན་ངག་འདིའི་ཚིག་རྐང་དང་བོར་འདྲེ་ངའི་གོ་བར་ལོན་ཚུལ་ཙམ་ཞུས་ན་འདོད།
    དྲན་པའི་སེམས་ཀྱི་བུ་ཆུང་འཁྱམས་པོ་འདི།།གངས་རིའི་ལྗོངས་ཀྱི་དབྱངས་ཅན་ངག་གི་སྤུན།།
    འདིས་ཨ་ཁུ་རང་གི་སེམས་པ་སྟེ་བུ་ཕྲུག་ལྡོམ་པོ་ཞིག་གི་གཟུགས་སུ་བྱས་ཏེ་གངས་རིའི་ལྗོངས་ཀྱི་སྙན་ངག་སྨྲ་བ་དག་གི་དོ་ཟླར་འོས་ཞེས་ཨ་ཁུ་རང་ཉིད་སྙན་ངག་པ་ཞིག་ཡིན་པར་སྟོན་གྱིན་ཡོད་པ་འདྲ།
    མཚོ་ཆེན་སྔོན་མོའི་འགྲམ་རུ་འཁྲུངས་པ་ཡི།།
    དཔལ་གྱི་ལྷ་མོའི་ཕྱོགས་སུ་ཡང་ཡང་ཤོར།།
    འདི་གཉིས་ཀས་་་དཔའ་དོན་འགྲུབ་རྒྱལ་སོགས་མཚོ་སྔོན་པོའི་ཉེ་འགྲམ་དུ་སྐྱེས་པའི་སྙན་ངག་སྨྲ་བ་དག་གི་རྗེས་སུ་ཨ་ཁུ་ང་རང་ཡང་ནས་ཡང་དུ་སེམས་པ་ཤོར་བའམ་དྲན་གྱིན་ཡོད་ཟེར་དགོས་པ་འདྲ།
    ཚིག་བཞིའི་འདི་ཚིག་སྙན་མོ་འདུག་ཀྱང་་་་བརྗོད་དོན་དངོས་མི་གསལ་བས་་་ཨ་ཁུའི་སྙན་ངག་འདི་ལ་་ཞེ་དྲག་དགའ་མ་སོང་་ངོ་མ་ཡིན་་་་འདི་ལ་འགྲེལ་སྟངས་གཞན་ཞིག་ཡོད་རྒྱུ་ཡོད་ཀི་ར་་་་འགྲེལ་བདེ་མོ་རང་མི་འདུག་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme