Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཀྱི་ཐིགས་པ།

Posted on 2012-05-26 By ཁ་བརྡ་ 29 Comments on སེམས་ཀྱི་ཐིགས་པ།

གླིང་ཚ་ཚེ་བརྟན་རྡོ་རྗེ།

ཉོན་རྨོངས་དུག་གི་བཙོས་པའི་ལུས་པོ་འདི།།
འཆི་བདག་འཇིགས་པས་དབང་དུ་བྱིན་གྱུར་ཅིང་།།
བདེན་པའི་སྟོབས་ལ་འཚལ་བའི་ཕྱག་གསུམ་འདི།།
ཇི་སྲིད་གནས་པར་བདག་གིས་ཡིད་ཆེས་བྱེད།།

སྣ་ཚོགས།

Post navigation

Previous Post: "རྨ་རྒྱལ་སྦོམ་ར།" གངས་ཅན་པ་སྒྲོལ་མ་སྐྱབས།
Next Post: ༼རེབ་གོང་རིག་མཛོད༽་དྲ་བ་ཤར་གཏོང་བྱས་པ།

Comments (29) on “སེམས་ཀྱི་ཐིགས་པ།”

  1. འབའ་སྲས། says:
    2012-05-26 at 12:47 am

    ཉོན་རྨོངས་དུག་གིས་་་་
    འཆི་བདག་འཇིགས་པའི་་་་་
    ནམ་ཡང་ཁྱེད་ལ་མི་བཙོས།
    སྐུ་ཉིད་རྒྱལ་ལོ།
    བོད་རྒྱལ་ལོ།

  2. རྒྱ་གྲོལ་གངས་རི་ says:
    2012-05-26 at 1:19 am

    རྒྱལ་གཅེས་བ་སྐུ་ཞབས་ཚེ་རྡོར་ལགས་ཀྱི་བྱེད་ལས་དེས་རྩོམ་ཐུང་ཞིག་དྲན་བཅུག་སོང་། རིན་ཆེན་གསེར་ནི་ཧ་ཅང་རྩ་ཆེན་པོ་ཡིན་མོད་ཀྱང་། སྐྱེས་སྟོབས་དཔལ་འབར་བའི་རྒྱལ་གཅེས་རིང་ལུགས་པ་དག་ནི་རིན་ཆེན་གསེར་ལས་ཀྱང་རྩ་ཆེ་བའོ། ཞེས་ཨ་རིའི་སྲིད་འཛིན་ཨང་བཅུ་དྲུག་པ་ལིན་ཁེན་གྱིས།
    ང་ས་ཕྱོགས་གང་དུ་ཆས་ཀྱང་རྒྱལ་གཅེས་རིང་ལུགས་པ་དག་ཕྲན་གྱི་སྐྱབས་ཡུལ་ངོ་དེ་ཡིན།

  3. ཨ་རོགས་ཉི་མ། says:
    2012-05-26 at 1:23 am

    ཉོན་མོངས་དུག་ལས་གྲུབ་པའི་མི་ལུས་འདི།།
    བསམ་གྱིན་བསམ་ན་ཆུང་ལ་ཉམ་རེ་ང་།།
    ཡང་གཅིག་བསམ་ན་སྟོབས་ཆེན་གཅིག་པུ་དེ།།
    སྟོབས་ལྡན་འཇིག་རྟེན་འདི་ཡང་ཁ་ལོ་སྒྱུར།།

    སེམས་ཤུགས་མ་ཆག་གླིང་ཚའི་བུ་རྒོད་པོ།།
    ཉི་མ་རིང་པོ་ད་དུང་ལྷགས་ནས་ཡོད།།
    འཐབ་རྩོད་རིང་པོ་ད་དུང་ཡོང་རྒྱུ་ཡོད།།
    གནས་སྐབས་ཕྱིར་འཐེན་གནང་གང་འདྲ་འདུག།

  4. མདོ་ཁམས་པ། says:
    2012-05-26 at 1:27 am

    བརྩེ་བའི་བོད་ཤ་ཁྲག་རུས་གསུམ་ལགས། ཁྱོད་ཀྱིས་ཡོད་ཚད་བློས་གཏོང་གིས་ད་ཆར་བཙན་པོའི་གཞན་དབང་དུ་ཚུད་ཡོད་པ་རེད། ང་ཚོས་གདུང་སེམས་མཉམ་སྐྱེད་ཙམ་ཞུ་བ་ལས་ཁྱོད་ལ་ཕན་པ་གང་ཡང་མི་འདུག དེ་ནི་ལྟ་གྲུབ་སོགས་གཞན་གང་ལའང་ཁ་གཡར་ས་མེད་པར་ངོ་མ་ཁྱོད་ལྟ་བུར་སྙིང་སྟོབས་ཀྱིས་མ་འདང་བ་རང་ཡིན།
    གང་ལྟར་སྐད་ཆ་མང་པོ་ཞིག་བཤད་འདོད་འདུག་ཀྱང་ཅི་ལྟར་བཤད་དགོས་པ་མི་ཤེས་པས་ནམ་ཡང་སེམས་སྟོབས་ཆེན་པོས་མདུན་དུ་བསྐྱོད་ཅིག་ཟེར་བ་ནི་བདག་གིས་ཁྱོད་ལ་བཅངས་བའི་ཡིད་ཆེས་ཡིན།

  5. གནམ says:
    2012-05-26 at 1:37 am

    དམ་བཅའ་ཡོད་ཏལ་མོ། ད་ཤི་རེ་བྱོས།

  6. གནམ says:
    2012-05-26 at 1:38 am

    སྲིང་མོ་དང་ཨ་མ་སོགས་བདེ་མོ་རེད།

  7. ཁ་བའི་སྒྲོན་མེ། says:
    2012-05-26 at 2:30 am

    བོད་ནང་རྒྱལ་གཅེས་པ་དག་གི་ཆབ་སྲིད་ཀྱི་ལས་འགུལ་གང་ཞིག་སྤེལ་རུང་བློས་བཏང་ཁོ་ན་རེད་། ཡིན་ནས་བཙན་བྱོལ་ནང་ད་བར་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་དཔའ་བོ་འཇམ་དཔལ་ཤེས་རྣམས་གཉིས་མ་གཏོག་པའི་བློས་བཏང་ཆེ་པོ་དེ་འདྲ་ཞིག་གནང་ཐུབ་ཡོད་པའི་ལོ་རྒྱུས་མེད་པ་མ་ཚད་ད་བར་ལས་འགུལ་བ་མང་ཆེ་བས་ཚོགས་པ་དང་སྒེར་ལ་དཔལ་འབྱོར་རག་ཐབས་བྱེད་པའི་རྣམ་པ་གསལ་པོ་ཡོད་། དངོས་ཡོད་ཡིན་མིན་ལ་མ་སྟོས་པར་ལས་འགུལ་གང་ཞིག་སྤེལ་ན་དེ་ནི་བོད་དོན་དངོས་ཡིན་མིན་ལ་དེ་བས་དོགས་པ་སྐྱེས་པ་ཞིག་ཆགས་ཡོད་། འོན་ཀྱང་ཁྱེད་རང་ལ་དེ་འདྲའི་དོགས་པ་སྐྱེ་མཁན་མེད་རུང་ཁྱེད་རང་གི་ཨ་མ་དང་གཅུང་མོ་གཉིས་སྡ་སར་འབྱོར་ནས་དེང་སྐབས་གཅུང་མོ་སློབ་གྲ་འགྲོ་བའི་ཆེད་དགེ་ལུགས་སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་སོགས་ཀྱི་འབྲེལ་བ་བྱེད་པའི་སྐོར་དུས་བབ་གསང་ཁང་ནས་སྟོན་འདུག། དེས་ན་ཁོ་གཉིས་ཀྱི་ལས་འགུལ་བལ་ཡུལ་བར་ཕེབས་ནས་འཇུག་སྒྲིག་པ་འདྲ་། ཁྱེད་རང་ཡང་དེའི་བར་འཇུག་སྒྲིག་གི་ཡིན་ནམ་གལ་སྲིད་ཁྱེད་རང་གི་རྒྱ་དར་འཕྱར་ནས་བལ་ཡུལ་བར་ཕེབས་ན་འགྲིག་གི་ཡོད་པའི་ཐུགས་བསམ་བཞེད་པ་ཡིན་ནམ་། ཨ་ཁུ་རྨོག་བསྟན་ཚང་ནི་རྒྱ་དར་འཕྱར་ནས་སྡ་སར་འབྱོར་ཟིན་འདུག།

  8. མིག་བརྒྱད་པ། says:
    2012-05-26 at 3:05 am

    གོམ་གང་སར་ཡང་མ་ཕྱིན་པར།།ཁ་སྟོང་ནང་གི་ཚིག་སྟོང་བ།།
    བཙན་བྱོལ་ནང་ན་དེ་བས་མང་།།དཔའ་རྒོད་གླིང་ཚ་དེ་ལྟ་མིན།།

    རང་གཞན་ཕུང་སྦྱོར་དཀྲུགས་པའི་ཚིག།བདུད་ཀྱི་སྙིང་ཁམས་གསོན་པོ་ཞིག།
    ཅོལ་ཆུང་ཀླད་པས་མ་བཟོད་པ།།དཔའ་རྒོད་གླིང་ཚ་དེ་ལྟ་མིན།།

    རང་གིས་མི་འཇོན་གཞན་ལ་སྨོད།།ཚུལ་མིན་རྣམ་རྟོག་བརྒྱ་ཡིས་བཟུར།།
    ཆགས་ཞེན་མགོ་བོ་ཡོམ་ཡོམ་འཁོར།།དཔའ་རྒོད་གླིང་ཚ་དེ་ལྟ་མིན།།

    རེ་བའི་མིག་ཞགས་བོད་ལ་བཅོལ།།དབུ་མའི་ལམ་གྱི་རྒྱལ་དར་འཕྱར།།
    རྒྱ་བོད་མཐུན་པའི་ལམ་བཟང་དུ།།གོམ་བགྲོད་བྱེད་པ་གླིང་ཚ་ཡིན།།

  9. མདོ་ཁམས་པ། says:
    2012-05-26 at 5:07 am

    ཁ་བའི་སྒྲོན་མེ་སྒྲོན་མེ་སྒྲོན་མེ་མིན།། མུན་པ་ནག་པོའི་འཁྱོག་གཟུགས་ཡིན། ཧོ་ཅིན་ཐོ་ཡི་རྐུབ་བལྡག་ཅིག བོད་པ་རྒྱ་འདྲེར་གྱུར་བ་ཅིག
    གླིང་ཚའི་བུ་རྒོད་ལགས། ཁྱོད་ཀྱིས་སེམས་སྟོབས་འདི་ཙམ་བསྐྱེད་དེ་དཀའ་ངལ་དེ་ཙམ་བསྐྱངས་ནའང་ད་དུང་བསམ་མེད་པའི་ཁ་བའི་སྒྲོན་མེ་ཟེར་བ་སོགས་འདྲེ་སྲིན་དོལ་རྒྱལ་སྙིང་ཁམས་ཅན་འགས་ཁྱོད་ལ་ཟུར་ཟ་ལྟ་བུར་བྱེད་ཀྱིན་འདུག་མོད། གདོན་འདྲེ་འདི་ཚོར་འགོང་པོས་བྱིན་གྱི་རློབས་པ་ཡིན་པས་ང་ཚོ་བོད་རིགས་ཡོངས་རྫོག་ཁྱོད་དང་མཉམ་དུ་ཡོད།
    སློབ་དཔོན་རིན་པོ་ཆེ། བོད་ལ་དྲིན་ཅན་བྱས་ཀྱང་དྲིན་མི་གོ་ཟེར་ནས་གསུང་ཡོད་པའང་བོད་མི་ཅོལ་ཆུང་ཚོས་བྱ་སྤྱོད་ལ་དམིགས་པ་ཞིག་ཡིན་པས་སེམས་ཁྲལ་མ་བྱེད།
    དོན་གྲུབ་ལྷ་དར་སོགས་རེ་ཟུང་གིས་བཙན་བྱོལ་སྤྱི་ཚོགས་གང་ཐུབ་དཀྲུག་ཤིང་འདུག་ནའང་ཁོ་ཚོར་ལམ་འགྲོ་ཡོང་གི་མ་རེད། བུ་རྒོད་རྒྱལ་གྱུར་ཅིག

  10. དོམ་ནག says:
    2012-05-26 at 8:00 am

    སྐར་ལྔའི་དར་ཆ་དམར་པོ་དེ། བུ་ཁྱོས་སྐེ་ལ་འདོགས་རོགས་གྱིས། མར་མར་བོད་ལ་སླེབས་སོང་ན། གཏད་སོ་མེད་པའི་སྐད་ཆ་ཤོད།

  11. སྤྱང་ཤོག་བཀྲ་ཤིས says:
    2012-05-26 at 9:09 am

    བཟང་ངན་གྱི་ཁྱབ་པའི་ལས་འགུལ་འདི་ལ་ངས་བཟང་ངན་ཞུ་རྒྱུ་གང་ཡང་མེད།། དབུ་མའི་ལས་འགུལ་ཁང་གི་དངུལ་འབུམ་ཁ་ཤས་ཕྱག་རོགས་གནང་གི་རེད་ལ་སེམས་བདེ་མོ་གནང། བལ་ཡུལ་ལ་དངུས་ཡོད་ན་དོན་དག་འགྲུབ་ཀྱི་རེད།

  12. ཤུག་པ། says:
    2012-05-26 at 9:58 am

    ཁྱེད་ཀྱི་སེམས་ཁོང་ན་དྲག་ཏུ་འབར་བའི་བོད་ཞེན་དེ།
    ནམ་ཡང་དལ་མི་སྲིད་པའི་དུས་ཀྱི་མེ་དཔུང་རེད།
    ཁྱེད་ཀྱི་སེམས་ཁོང་ན་གྲོང་ངེར་འགྱིང་བའི་དཔའ་སྙིང་དེ།
    ནམ་ཡང་ཞུ་མི་སྲིད་པའི་སྲིད་པའི་གངས་རི་རེད།
    བདག་ལ་ཡིད་ཆེས་ཡོད། བདག་གི་གྷན་ངྷི་ལགས།

  13. ལོག་སྨྲ་ཚར་གཅོད་ནས། says:
    2012-05-26 at 10:13 am

    ཕོ་རྒོད་པོ་གླིང་ཚ་བུ་རྒྱུད་ལགས། ངའི་ལུས་པོ་རང་གནས་ཡོད་ན་ཡང་།
    སེམས་རྒྱལ་གཅེས་ཁྱེད་དང་མཉམ་དུ་ཡོད། ཁྱེད་ལུས་པོ་ཉོན་རྨོངས་འཕངས་གྱུར་ཀྱང་།
    བོད་བསྟན་སྲིད་སྐྱོབ་པའི་རྨང་རྡོ་ཡིན། ཁྱེད་མི་གཅིག་རྐང་གཅིག་སྙིང་སྟོབས་དེ།
    ངེད་བོད་པ་ཚང་གི་དཔའ་སྙིང་མཚོན། བོད་ཁ་བ་ཅན་གྱི་ཚ་རྒྱུད་ལ།
    ཁྱེད་འདྲ་བའི་བུ་རྒོད་འཕེལ་གྱུར་ཅིག

  14. ཡར་ཁམས་ཁྲི་རྒྱལ། says:
    2012-05-26 at 11:07 am

    གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། ཁྱེད་ཡི་ཐང་མ་ཆད་འཆི་བདག་འཇིགས་པ་སླེབས་པའི་དུས་ལ་བབས་མེད། ང་ཚོ་་བགྲོད་རྒྱུའི་རྐང་ལམ་ཧ་ཅང་རིང་ལ། ང་ཚོས་སྒྲུབ་དགོས་པའི་ལས་དོན་ཤིན་ཏུ་མང་། ད་དུང་མུ་མཐུད་རོགས། མ་འོངས་པར་བོད་ཕྱི་ནང་གཉིས་ནས་ཁྱེད་འདྲའི་ཁ་ལག་མཐུན་བརྩོན་མཁན་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་མང་རུ་འགྲོ་ནས་ཁྱེད་དང་མཉམ་དཔུང་བསྒྲིགས་ཡོང་བའི་རེ་བ་ཞིག་སེམས་ལ་།ར་རོགས།།

  15. མཚོ་ནག says:
    2012-05-26 at 2:22 pm

    ཁ་བཤད་གཡུ་འབྲུག་གྲགས་འདྲ། ལག་ལེན་ནམ་མཁའི་འཇའ་ཚོན།

  16. མཚོ་ནག says:
    2012-05-26 at 2:40 pm

    མདོ་སྨད་པར། མི་སྒེར་ལ་དམིགས་ནས་སྐྱོན་འཚོལ་དགོས་ན། ཁྱེད་ཀྱང་སྐྱོན་གྱི་མ་གོས་སྐུ་མདོག་དཀར་སོང་བ་དེ་འདྲ་ཡིན་ཚོད་མ་རེད། གཞོན་ལྷན་དོན་ལྷ་ལགས་ཀྱང། རང་གི་ལྟ་གྲུབ་གྱི་རྒྱབ་རྒྱང་དུ་དམིགས་ཡུལ་མེད་པ་ཞིག་མིན་དུས། བོད་སྤྱི་དོན་ཕན་ཐོག་མེད་པའི་འགན་འཁུར་ཆ་ཚང་མདོ་སྨད་པས་བྱེད་ནུས་སམ། མ་ནུས་ན་སོ་སོའི་ལངས་ཕྱོགས་བཟུང་ནས་བསྡོད། གཞན་ལ་བྱུས་གཏོག་མ་བྱེད། ཁྱེད་ད་ལྟའི་དབུ་ལམ་པས་མཛད་རིམ་འདི་ཚོ་དོག་གཞིའི་ནང་དུ་ལྷུང་ཟིན་པ་ཧ་གོ་མ་སོང་བས། ད་ལྟའི་དབུ་ལམ་པར་རེ་བ་དང་ཡིད་ཆེས་ནི་སྤུ་རྐང་གཅིག་གི་དོད་ཀྱང་མེད།

  17. རིན་ཆེན་ཚེ་རིང་། says:
    2012-05-26 at 4:48 pm

    དཀའ་སྤྱད་དང་སྙིང་སྟོབས་ལ་རྫོགས་མཐའ་མེད་པའི་བུ་ཚེ་རྡོར་ལགས། ཐག་རིང་དུ་བསྡད་དེ་གདུང་སེམས་མཉམ་བསྐྱེད་ཙམ་བྱེད་པ་ལས་ཕན་པ་གང་ཡང་མི་ཐོགས།
    ཡིན་ཡང་། གཞོན་ལྷན་གྱི་ཟ་འདྲེ་ཁག་ཅིག་ནང་བཞིན་ལས་རྒྱུ་འབྲས་སུ་མི་རུང་བའི་ཐལ་སྤྱོད་ཅན་གྱི་དམོད་མོ་བྱེད་ཀྱིན་མེད་པས་ཉིད་ཀྱི་བསམ་དོན་འགྲུབ་པའི་སྨོན་ལམ་ཁོ་ན་ནི་ངས་ཉིད་ལ་ཕུལ་བའི་སྙིང་གཏམ་ཡིན།

  18. དབང་ཕྱུག་ཚེ་རིང་། says:
    2012-05-26 at 4:55 pm

    བུ་རྒོད་ཚེ་རྡོར་ལགས། ཡོད་ཚད་བློས་བཏང་གི་སྙིང་སྟོབས་ཆེན་པོ་དེར་ངོ་མ་རྗེས་སུ་ཡི་རང་ཡོད། ཉིད་ཀྱི་རླབས་ཆེན་པ་དག་ལ་རྗེས་སུ་ཡི་རང་ཡོད།
    དེ་མིན་རང་བཙན་དང་དབུ་མ་ཟེར་བའི་ཁ་སྟོང་ནང་གི་ཚིག་སྟོང་ཅན་འདི་ཚོར་གང་ཡང་མེད་པ་ཕྱི་ལ་ཐོན་གྱིན་འདུག སེམས་ཁྲལ་མ་བྱེད་ཨ། བདེན་པ་རྒྱལ་ལོ།

  19. ཨ་རུ་ར། says:
    2012-05-26 at 5:31 pm

    གླིང་ཚེ་ལགས། ཁམས་བཟང་། འཕྲོད་བསྟེན་ལ་གཟབ་ཏེ་་མདུན་བསྐྱོད་བྱེད་རོགས། མཆན་འགོད་པའི་ཁྲོད་རྒྱ་དངུལ་གྱི་ནད་་ངན་ཕོག་པ་རེ་གཉིས་ཡོད་ཚོད་དང་། བཅོས་ཐབས་མེད་པའི་ནད་ངན་་དེ་ཕོག་དུས་སྨྲ་བརྗོད་ལ་ཚོད་འཛིན་དང་ཚད་གཞི་མེད་པ་རེད། བཏང་སྙོམས་སུ་བཞག་ན་ལེགས།

  20. མི་བུ་ says:
    2012-05-26 at 7:45 pm

    གལ་སྟེ་དེ་ལྟའི་བོད་ལ་ལོག་འདོད་ཡོད་ན་ཐོག་མ་ཉིད་ནས་ཕྱིར་ཡོང་རྒྱུ་བཞག་ནས་སླ྄ོ་གྲར་སོངཞིང་། ཤེས་ཡོན་ཡག་པོ་སྦྱང་ནས་ཕ་ཡུལ་ལ་ལེགས་སྐྱེས་ཕུལ་ན་འགྲིག་གི་རེད། ད་ལྟ་མང་པོ་ཞིག་གིས་ངར་ངར་མདོག་མདོག་གིས་བོད་ལ་མདུན་སྐྱོད་དང་བོད་ཀྱི་རིག་གནས་སྲུང་སྐྱོབ་བྱེད་ཅེས་འབོད་ནས་ལས་འགུལ་ཡོད་ཁུལ་བྱ་བཞིན་འདུག དེ་དག་ཚང་མ་སྙིངརྗེའི་ཡུལ་འབའ་ཞིག་ལས་གཞན་ཅི་ཡང་མ་ཡིན་ཞིང་བོད་དོན་དངོས་གནས་སྒྲུབ་འདོད་ཡོད་ན་དོན་སྙིང་ལྡན་པའི་དོན་མང་པོ་བྱེད་རྒྱུ་ཡོད། དཔེར་ན་སོ་སོའི་སློབ་གཉེར་ཡག་པོ་བྱེད་པ་དང་ཁྱིམ་ཚང་བུ་ཕྲུག་རྣམ་ཡག་པོ་སྐྱོང་དགོས་པ་ལྟ་བུ་ལགས།།

  21. བཀྲ་རྣམ། says:
    2012-05-26 at 8:35 pm

    ཉོན་རྨོངས་ཞེས་པའི་དོན་གང་ཡིན་ནམ་ཞེས་མཁས་དབང་རྣམ་པ་ལ་འདྲི་དགོས་བྱུང་སོང་བས་འགྲེལ་བ་གནང་ན་བཀའ་དྲིན་ཞུའོ།
    སྤྱིར་བདག་ནི་དྲ་འབུ་ཞིག་ཡིན་ཀྱང་དྲ་འབུའི་ནང་གི་འགོ་མ་ཞིག་ཡིན་པའི་སྤོབས་པ་ཞིག་བརྙེད་བྱུང་། རྒྱུ་མཚན་ནི་རང་གི་སྤྱི་ཚོགས་ནང་ལ་དཀྲུག་ཤིང་བྱེད་པར་ཡེ་ནས་མི་དགའ་བ་ཞིག་ཡིན་པས་སོ།

  22. ཟུར་གནས། says:
    2012-05-26 at 10:36 pm

    གླིང་ཚེ་དྲིན་པོ་ཆེ། སེམས་ཤུགས་དང་ལྷག་བསམ་ལ་ངོ་མ་ཡི་རངས་ཡོད། གཏོང་ཕོད་ཅན་གྱི་ཞུམ་མེད་སྙིང་སྟོབས་དེར་ཡིད་སྨོན་ཤོར་སོང་། ཡིན་ནའང་། ང་ཚོ་བོད་པར་ད་དུང་ལྷག་བསམ་ཅན་གྱི་བོད་པ་ཁྱེད་ལྟ་བུ་ཉུང་བ་ལས་མང་བ་མེད། ཁྱེད་ནས་ཀྱང་དགོངས་པ་རྒྱ་ཆེན་པོ་ཞིག་བཞེས་ནས། བསམ་གཞིགས་ནན་པོ་ཞིག་མཛོད། ཁྱེད་སྐུ་ཚེ་བཞུགས་ན་དེ་བས་ཀྱང་བསམ་ཡུལ་ལས་འདས་པའི་བྱ་བ་མང་པོ་ཞིག་སྤེལ་ཐུབ་ངེས་པས། ལམ་གསེང་ཁ་ལོ་འགྱུར་ནས། མ་འོངས་པ་ན་འདི་ལས་ཀྱང་སྟོབས་ཤུགས་ཆེ་བའི་ལས་འགུལ་ཞིག་བརྩམ་ཆེད། རེ་ཞིག་ཕྱིུར་འཐེན་རྒྱག་རོགས།

    དཔེར་ན། ཁྱེད་ནས་ལས་འགུལ་གཞན་པ་མང་པོ་སྤེལ་ཐུབ། བོད་པ་ན་གཞོན་རྣམས་ལ་སེམས་ཤུགས་དང་སྙིང་སྟོབས་སྦྱིན་པའི་ལས་འགུལ། ཁོང་རྣམ་ལ་རང་གི་ཕ་རྒྱུད་ཀྱི་རིག་གཞུང་འཇག་པ་ཡོང་ཐབས་ལ་བོད་ཡིག་སློབ་ཁྲིད་བྱེད་པ། ད་དུང་ཁྱེད་ཀྱི་སྙིང་ནས་བརྩེ་བའི་བུ་ཕྲུག་རྣམས་ལ་བོད་པའི་བརྩེ་བ་དང་འགན་འཁུར་དྲོན་མོ་ཞིག་སྦྱིན་ཐུབ་ན།

    གླིང་ཚ། ངས་ཁྱེད་རྒྱུས་མངའ་མེད། ཡིན་ནའང་། མི་རིགས་ཤིག་གི་ཕུགས་བསམ་གྱི་ཆེད་དུ། མི་རིགས་ཤིག་གི་མདུན་ལམ་གྱི་ཆེད་དུ། ལས་འགུལ་རྣལ་མ་ཞིག་གི་ཆེད་དུ། ཚུར་ལ་ལོག་ཕེབས་ཤོག

    སྐུ་མཁྱེན་ཞུ་བ་འབུལ་ལོ།

  23. སྤྲིན་དཀར་གྲོང་གཙོ says:
    2012-05-26 at 10:56 pm

    ཀུ་ཤུ་རྟགས་མའི་བར་གསང་དུ།།
    སྣ་ཚོགས་ཡིད་ཀྱི་སྒོ་བྱེས་ཏེ།།
    རྣལ་དུ་ཕབ་པའི་སེམས་ཀྱི་མདངས།།
    རང་བཞིན་འཇམ་པོར་གནས་གྱུར་ཅིག།

    དེ་ཡང་གང་གླེང་བར་བྱ་བ་ནི་་་དེང་དུས་འདིར་ཆེས་སྙན་པའི་གྲགས་པ་གོ་ལ་འདིར་ཁྱབ་པའི་iPhone ཀུ་ཤུ་རྟགས་ཅན་སྟེ་
    སྐྱེ་རྒུ་རྣམས་ཀྱི་སེམས་སུ་དཀའ་ངལ་སྣ་ཚོགས་ཞིག་བྱུང་དང་བྱུང་བཞིན་པ་རེད་རྐྱེན་གཙོ་བོ་ནི་རང་སེམས་གསོན་པོ་རྣམ་དུ་མ་བབ་པའི་སྐྱོན་དུ་རློམ། མི་མཐོ་དམན་ཀུན་ཀྱི་འདི་ལ་དགའ་མོས་དང་བརྩེ་མདངས་བླ་ལྷག་ཏུ་ཆེ་འདུག
    འདི་ལ་བེད་སྤྱོད་གཏོངས་ཐུབ་མཁན་རིགས་ཀྱིས་ཡིན་མདོག་གི་སྤྱི་ཚོགས་ནང་དུ་རྔམ་སྟོན་བྱས།
    དེའི་ཕྱིར་གང་ཟག་ཆེ་གེ་མོས་འདི་རྒྱན་དུ་ཁྱེར་ནས་བུ་ལོན་གང་མང་ཞིག་བླངས་ཏེ་ཉོས་་་་ཉོས་ནས་ཀྱང་ལག་དུ་སླེབས་མ་ཐག་ཡག་མདོག་དང་བེད་སྤྱོད་ཆེ་མདོག་གི་ཟླ་འགའ་ཤས་ལ་ལག་ཏུ་ཉལ་དེ་ནས་ཡུན་རིང་ལོན་པ་ན་ཨ་གསར་རྫོགས་ནས་གཞན་ཞིག་ཏུ་སྐོར་ཐབས་བྱས་་་་་དེའི་རྒྱུ་རྐྱེན་ཁོ་ལ་པད་ཤག་གི་དཀའ་ངལ་ཁོ་ན་ལས་གཞན་གང་ཡང་མ་རེད་བསམ།
    མཐའ་མར་སྔོན་གྱི་རིན་མོང་ལས་ལྡབས་འགྱུར་གྱི་རིན་གོང་དམའ་རུ་མི་གཏོངས་ཐབས་མེད་དུ་གྱུར།
    གྲོཊ་པོ་ཚོར་ཀུ་ཤུ་མ་ཉོ་བསམ་བློ་སྔོན་དུ་ཐོངས། ཀུ་ཤུ་ལག་ཏུ་སླེབས་ན་བེད་སྤྱོད་ཞན།།

  24. སྤྲིན་དཀར་གྲོང་གཙོ says:
    2012-05-26 at 11:07 pm

    གླིང་ཚ་ལགས་ལ་ཐུགས་རྗེ་བླ་མེད་ཞུ། ཉིད་ཀྱི་ལྷག་བསམ་དང་སྙིང་སྟོབས་འདི་བོད་མི་རིཊ་ཀྱི་གཟི་བརྗིད་རེད།

  25. མེ་ཏོག་དཀར་པོ། says:
    2012-05-27 at 2:02 am

    I love apple

  26. བོད། ཤ་ཁྲག་རུས་གསུམ། says:
    2012-05-27 at 2:36 am

    སྲིད་པའི་མཐའ་རུ་ཐུག་ཡང་ང་མི་འཇིགས།།
    ནམ་ཞིག་ཉེས་མེད་ཁྲི་འབུམ་དམར་གསོད་ཀྱི།།
    ཁྲག་གི་ལོ་ཟླ་ཞིག་ལ་མི་འདོད་པར།།
    ཞི་བདེ་སྙིང་གི་ལྷ་ལ་ཕྱག་གསུམ་འཚལ།།

    བདེན་པའི་སྟོབས་ཀྱི་ལས་ལ་འཇུག་ཉིན་ནས།།
    སྲིད་དང་དབལ་གྱི་ཕྱོགས་ལ་མ་འཐོམ་པར།།
    ཉམ་ཐག་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཆེད།།
    འཚེ་མེད་བདེན་པའི་ཤུགས་ལ་ལྷོད་མེད་བརྩོན།།

  27. བོད། ཤ་ཁྲག་རུས་གསུམ། says:
    2012-05-27 at 5:55 am

    ཚིག་ཐོ

    འགྲོ་བ་མི་རྣམས་ཀྱིས་རང་ཉིད་ལ་ཅི་ཙམ་དགའ་བ་དེ་ཙམ་གྱིས་འགྲོ་བ་གཞན་དག་ལ་དགའ་ཐུབ་པ་ཡིན་ན་ནི་དངོས་ནས་འཇིག་རྟེན་འདིར་བདེན་པར་རྒྱལ་ཁ་ཡོད་པ་དང་ཞི་བདེ་དང་རང་དབང་གི་འཚོ་བ་ལ་ཁ་ཐག་ཉེ་རུ་འགྲོ་བ་ལས་རྒྱང་དུ་ནམ་ཡང་འགྲོ་བ་མི་སྲིད་པ་ཡིན།

  28. རེབ་ཐོག་མདའ says:
    2012-05-27 at 1:28 pm

    ཉི་མ་འཁུར་ཀྱིན
    ཟླ་བ་རུམ་ཀྱིན
    གླིང་ཚ་ཁྱོད
    རྒྱ་གར་བརྒལ་ཏེ
    བལ་བོ་བསྙེགས་སོང
    ཚ་བའི་གདུང་ཀྱང
    རླུང་བའི་དེད་ཀྱང
    གླིང་ཚ་ཁྱོད
    ཟླ་ཉིན་མོ་བགྲོད་ཀྱིན
    མཚན་མོ་སྒོམ་ཀྱིན
    གོམ་ཁ་མ་ཆད
    གཞོན་ནུ་སྡུག་ཀྱང
    དབུ་མའི་བསྟོད་ཀྱང
    སེམས་པ་གཏམ་བཅའ
    སྙིང་ནས་མ་འོར
    རྒན་མོ་གཡུག་དེ
    རང་ལུས་ཕྲ་མོ
    ཨ་མའི་མཉམ་ཏུ
    ཆོལ་གསུམ་དོན་དུa
    འབེན་ལ་བཞག་པ
    གླིང་ཚ་ཁྱོད་ལས
    རང་དབང་ཡུལ་ན
    མི་བུ་སུ་ཞིག
    བུ་ཞིག་འཁྲུངས་འདུག
    ཨ་མདོ་བུ་རྒོད
    མནའ་བཞག་འདུག
    རྡོ་བརྐོས་རི་མོ
    ཁྱོད་སྐུ་བདེ་བའི
    བསམ་དོན་འགྲུབ་པའི
    སྐུ་གཟུགས་བདེ་བའི
    སེམས་གི་སྨོན་ལམ
    རྡ་སའི་གྲུ་ན
    སེམས་པ་ཞིག་གིས
    ཁྱོད་ཀྱིས་ཕྱོགས་ལ
    སྙིང་ནས་བཏབ་ཡོད

  29. ཡོན་བྷེ་ཆོས་རྗེ་མ། says:
    2012-05-28 at 4:13 am

    འཁྱམ་པོའི་སྤོབས་པ་ཉམས་པའི་གུས་ཕྱག་དེས། །བཙན་པོའི་རྒྱལ་ཁབ་ཞིག་པའི་མཚེར་ཤུལ་མཐོང་། །བོད་སྐྱོང་མགུར་ལྷ་གཉན་པོའི་གསེ་མཁར་ནས། །སྲིད་པའི་ཡབ་ཆེན་དག་གིས་ཤུགས་རིང་ཤོར། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme