Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེང་གེས་ཉི་མའི་མདུན་ལ་ནོར་བུ་འདེགས་སམ།

Posted on 2011-03-202011-03-20 By ཁ་བརྡ་ 13 Comments on སེང་གེས་ཉི་མའི་མདུན་ལ་ནོར་བུ་འདེགས་སམ།

tibet_flagབྱ་རྒོད་རྒྱལ་པོས།

ད་བར་གླེང་སློང་བྱས་པའི་འོས་ཤོག་གི་དངོས་གཞི་ཉིན་མོ་དེ་རིང་གུས་པའང་བསམ་བློ་མང་པོ་བཏང་ནས་ཉིན་གུང་གི་ཟ་མ་ཡང་མ་ཟ་བར་དྲ་རྒྱ་ཁག་དང་ཚགས་པར་ཁག་ལ་བལྟས་ནས་བསྡད། ད་དུང་ཐག་གཅོད་མ་ཐུབ་པར་འོས་སྒམ་འཁྲིས་སུ་སླེབས་ནས་ལག་དུ་འོས་ཤོག་གི་ཤོག་ལྷེ་གཅིག་རང་ལེན་ནས་ཡག་པོ་བལྟ་བའི་དུས་བཀའ་ཁྲིའི་འོས་མི་གསུམ་གྱི་མཚན་རྟགས་ནི། སེང་གེ་དང་ཉི་མ་ནོར་བུ་མེ་འབར་བཅས་རེད་འདུག་པས་བོད་ཀྱི་རྒྱལ་དར་གྱི་རི་མོའི་ནང་དོན་ཉི་མའི་མདུན་ངོས་སུ་སེང་གེས་ནོར་བུ་འདེགས་པ་དེ་ལྷང་ལྷང་དྲན་སོང་།
གང་ལྟར་བཀའ་ཁྲི་སུ་འཁེལ་ཡོང་དེ་ནི་བོད་མི་མང་གི་འདོད་མོས་ཐོག་བྱ་རྒྱུ་ཡིན་པ་ནི་དམངས་གཙོ་འགྲོ་ལུགས་དང་མཐུན་པའི་སྲོལ་བཟང་ཞིག་ཡིན་གཤིས། ང་ཚོས་སླད་མར་སོ་སོས་འོས་ཤོག་འཕེན་པའི་བཀའ་ཁྲི་འོས་མི་ལ་མ་ཐོབ་ནའང་མི་མང་གིས་འདེམས་ཟིན་བྱས་པའི་བཀའ་ཁྲི་དེར་རྩིས་བཀུར་དང་མོས་མཐུན་བྱ་རྒྱུ་དེ་ནི་ཕུག་བསམ་དང་དྲང་བདེན་གྱི་བྱ་བཞག་ཞིག་ཡིན་པ་ངེས་དགོས། བཀའ་ཁྲིའི་ངོས་ནས་ཀྱང་སོ་སོར་ཁྲི་དེ་རགས་པའི་རྗེས་ཁོང་ཚོ་ང་ལ་རྒྱབ་སྐྱོར་བྱེད་མཁན་མ་རེད་འདི་ཚོ་རེད་ཅེས་རྒྱ་གར་སྲིད་དོན་པ་ཐེབས་ཆགས་དེ་འདྲ་ལྟ་བུ་མིན་པར་། བསམ་བློ་ཁོག་ཡངས་པོ་དང་དྲང་བདེན་དང་མི་མང་ཡོངས་རྫོགས་ལ་བརྩེ་སེམས་བཅངས་དགོས་པ་ཡིན། ང་ཚོ་བོད་མི་རིགས་འདི་ནི་ཕ་སྤྲེལ་རྒན་དང་མ་བྲག་སྲིན་གྱི་ཕྲུག་གུ་ཡིན་པའི་རྒྱུ་མཚན་ལས་མི་རིགས་མཐོ་དམན་དང་ཁྱིམ་རྒྱུད་ལེགས་མིན་དང་ཆོལ་ཁ་དང་ལུང་ཚན་ཆོས་ལུགས་སོགས་གང་ནས་ཀྱང་དབྱེ་འབྱེད་མི་ཆོག་པ་ཡིད་ལ་ངེས་དགོས། བཀའ་ཁྲི་ལས་འགན་ནི་༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་བོད་དོན་བསྒྲུབ་རྒྱུ་དང་མི་མང་ལ་བལྟ་སྐྱོང་བྱ་རྒྱུ་ཡིན། གུས་པས་བཀའ་ཁྲི་འོས་མི་གསུམ་ག་་བཀྲིས་བདེ་ལེགས་ཡོད་ལ། ང་ཚོར་ཁྱེད་གསུམ་ག་ལ་འོས་བླུགས་རྒྱུའི་ཐོབ་ཐང་མེད་པར་ཡིན་དུས་མི་གཅིག་མི་འདེམས་དཀའ་མེད་བྱུང་སོང་ཡང་གསུམ་གར་རྒྱབ་སྐྱོར་ཡོད། ད་ལན་བཀའ་ཁྲིའི་འོས་ཤོག་མི་ཐོབ་པ་ཚོས་སེམས་ཤུགས་མ་ཆགས་པར་བོད་དོན་ལ་འབད་རྒྱུ་དང་། ཐོབ་མཁན་གཅིག་པུ་དེས་ཀྱང་སོ་སོར་རྒྱབ་སྐྱོར་བྱེད་མིན་ལ་མ་ལྟོས་པར་བོད་མི་ཡོངས་ལ་ཆ་སྙོམས་བྱ་རྒྱུ་ད་ལྟ་ནས་ཡིད་ལ་གོམས་པར་བྱ་དགོས། བོད་རྒྱལ་གྱུར་ཅིག

སྣ་ཚོགས།

Post navigation

Previous Post: གསལ་བཤད་དང་འབོད་བསྐུལ།
Next Post: བྱམས་བརྩེ་ལ་རྒྱལ་མཚམས་མེད། བརྩེ་བ་གནོད་ཁུལ་དུ་སྐྱེལ

Comments (13) on “སེང་གེས་ཉི་མའི་མདུན་ལ་ནོར་བུ་འདེགས་སམ།”

  1. དཀར་མཚོ་སྐྱིད། says:
    2011-03-20 at 4:56 pm

    བོད་ཀྱི་རྒྱལ་དར་གྱི་ངོས་སུ་ཉི་མའི་མདུན་དུ་སེང་གེས་ནོར་བུ་བཏེགས་པའི་རྟགས་དང་རྟེན་འབྲེལ་ལ་བལྟས་ན་བཀྲ་ཤིས་དབང་འདུས་ཀྱི་མདུན་དུ་བློ་བཟང་སེང་གེས་བསྟན་འཛིན་རྣམ་རྒྱལ་གཙུག་ཏུ་བཀུར་རྒྱུ་ཡིན་པར་ངེས་སོ། །

  2. ཀརྡོ་རབ་འབྱམས་པ་ says:
    2011-03-20 at 5:06 pm

    སེང་གེས་ཉི་མའི་མདུན་ལ་ནོར་བུ་འདེགས་སྲིད་པ་རེད།

  3. གཞོན་ནུ་ཟླ་མེད། says:
    2011-03-20 at 7:02 pm

    ད་ནོ་བོད་མི་དམངས་ཀྱི་བཀའ་ཁྲི་ཕལ་ཆེར་འདེམས་ཟིན་པ་རེད། འོས་གཞི་གསུམ་གྱིས་ལྡོག་ཕྱོགས་ཀྱི་སྐྱོན་བརྗོད་བྱས་མིན་ལ་མ་བལྟས་པར། སེམས་ཤུགས་ཀྱིས་བཀའ་ཁྲི་འོས་གཞི་ནང་བཞུགས་པ་ནི་གཟི་བརྗིད་དང་བསྔགས་འོས་སུ་མཆིས། བཀའ་ཁྲི་སུ་ཞིག་ལ་ཐོབ་མིན་ལ་མ་བལྟས་པར། གསུམ་ཆ་ལ་གུས་བརྩི་དང་རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ།

  4. ཨ་བུ། says:
    2011-03-21 at 3:43 am

    སེང་གེ་དང་ཉི་མ་གཉིས་ཀྱི་བར་དུ་གནས་པའི་ནོར་བུ་དེ་ཅི་འདྲའི་ཉམ་ཆུང་ཞིག་རེད་ཨང་།

  5. རིན་པོ་ཆེ། says:
    2011-03-21 at 6:50 am

    ནམ་མ་ལངས་གོང་ནས་བྱ་སྐད་མ་བརྒྱབ།བཀའ་ཁྲི་སུ་ལ་ཐོབ་མིན་སྤྱིར་བཏང་གཏན་འཁེལ་ཟིན་ཡང་ད་ལྟ་འོས་བསྡུ་ལས་ཁང་ནས་གཅིག་གྱུར་ངང་བསྡོམ་རྩིས་བརྒྱབ་ནས་གསལ་བསྒྲགས་མ་གནང་སྔོན་རླུང་འཕྲིན་ག་རེའི་གསར་འགོད་པས་སྦ་གསང་མེད་པར་རང་གི་འོས་རྟགས་རྒྱག་ཡུལ་དེ་ཡིན་ཟེར་བཤད་པ་ཆེས་ཉུང་ཤས་ཀྱི་མང་ཉུང་ལ་བརྒྱ་ཆ་སྐོར་ནས་ཚོད་རྩིས་བྱས་པར་ཡིད་ཆེས་ཀྱི་ལག་ཐོག་ཁ་པར་བརྒྱུད་པྱི་རྒྱལ་ཡུལ་གྲུ་ཁག་ཏུ་སེངྒེར་རྒྱལ་ཁ་ཐོབ་ཚུལ་སྦིར་གྲགས་བྱས་པའི་གནས་ཚུལ་ཨ་རི་དང་ཧོང་ཀོང་ནང་ཡོད་པའི་རྒྱ་མིའི་གསར་འགོད་པས་དངོས་བདེན་ཡིན་མིན་དྲི་རྩད་བྱེད་ཀྱི་འདུག་ན་དེ་ལྟའི་ཆ་འཕྲིན་ནོར་བ་ལ་ཡིད་ཆེས་བྱས་ན་གསལ་བསྒྲགས་ངོ་མ་འདོན་ཡོང་དུས་ངོ་ཚ་ཁ་ཀེངས་ཡོང་གི་རེད།དོན་དུ་ཁ་སང་སྔ་དྲོའི་ཚོུད་༡༠པར་རྷ་ས་ཐེགས་ཆེན་ཆོས་གླིང་ཐང་ཆེན་དུ་དྲོ་སྐྱིད་ཉི་མའི་འོད་ཟེར་འཕྲོ་བཞིན་པར་ཐོག་མ་ནས་གྲ་སྒྲིག་ཨང་གསར་ཡོད་པའི་སེངྒེས་གཡུ་རལ་ངོམ་བཞིན་དུ་མི་ཚོགས་དཀྱིལ་དུ་ཐོན་ཡོང་སྐབས་རྒྱབ་སྐྱོར་བ་ཚོས་དགའ་བའི་འབོད་སྒྲ་དང་ཐལ་མོ་བརྡབ་བཞིན་པར་རང་གི་རང་ལ་འོས་འཕེན་ནས་རང་རློམ་ང་ཡིན་བསམ་པའི་ངང་ཚུལ་ཞིག་པྱིར་ངོམ་ཡོད་ཀྱང་བློ་ཡུལ་ལས་འདས་པ་ཞིག་ལ་མི་རྣམས་ཀྱིས་དགའ་མོས་ཆེ་བའི་ཉམས་ཆུང་མངོན་མེད་ཀྱི་ནོར་བུ་འོད་འབར་དེ་སེངྒེའི་ལག་གཉིས་ཀྱིས་གོང་དུ་བཏེགས་བཅུག་ཡོད་པ་ནི་ལྡོག་ཐབས་མེད་པའི་ལས་དབང་ཞིག་ཡིན་པ་དངོས་ཡོད་གནས་ཚུལ་དེ་ཉིན་གྲངས་བཅུ་གྲངས་གཉིས་ཙམ་རྗེས་མི་ཚང་མས་ཤེས་རྟོགས་ཐུབ་པ་རེད།གང་ལྟར་ཡང་ཉི་མ་དང་སེངྒེ་ནོར་བུ་འོད་འབར་བཅས་མི་མང་པོས་དགའ་མོས་དང་རྒྱབ་སྐྱོར་ཞུས་པ་ཡིན་སྟབས།ཚང་མར་གུས་ཞབས་དང་དྲིལ་བསྒྲགས་གང་ལེགས་བྱུང་སོང་།་དེ་ནི་བོད་མིའི་མང་གཙོའི་ལྟ་བ་དང་སྤྲོ་སྣང་འཛུལ་ཞུགས་བྱས་པའི་གནས་ཚད་གོང་འཐོར་པྱིན་ཡོད་པ་མཚོན་གྱི་ཡོད་ན་དྲ་རྒྱའི་ནང་ཆ་ཤས་ལེན་མཁན་ཡོངས་ལ་ཐུགས་རྗེ་ཆེ་བཀྲིས་བདེ་ལེགས་ཡོད།།

  6. རྡོ་རྗེ་ཚེ་རིང་།  says:
    2011-03-21 at 10:01 am

    རྟེན་འབྲེལ་བཟང་པོ་འདུག ནོར་བུ་བཀའ་བློན་དུ་འཁོད། སེང་གེས་བཀའ་བློན་ཕྱག་རོགས་གཙོ་བོ་བྱས། ཉི་མར་སློབ་སྟོན་པའམ་ཀྲུ་ཞིའི་གོ་མིང་གནང་ཏེ་བོད་ས་ཡོངས་སུ་རྫོགས་པ་ཆབ་སྲིད་གཅིག་པུའི་ལམ་ནས་སྐྱོང་ན་ད་བཟོད་རྒྱ་ནག་བོད་ཀྱི་ཆོས་དང་རིག་གཞུང་ལ་གཏོར་གཤིག་གཏོང་རྒྱུ་བར་མཚམས་ཆད་ཀྱི་རེད་ལ། ང་ཚོར་ཚད་མཐོའི་རང་སྐྱོང་མ་ཚད། རང་བཙན་ཡང་ཐོབ་རྒྱུ་གཏན་འཁེལ་རེད། བོད་རྒྱལ་ལོ། 

  7. བན་ནག་ཚང་ says:
    2011-03-21 at 10:26 am

    སེང་གེས་ཉི་མའི་མདུན་ལ་ནོར་བུ་འདེབས་སྲིད་དམ།

  8. བྱ་རྒོད་རྒྱལ་པོ། says:
    2011-03-21 at 12:48 pm

    ཕྱི་སུ་བཀའ་བློ་ཁྲི་པ་བྱ་འདོད་ཡོད་མཁན་གང་གིས་ད་ལྟ་རང་ནས་མཚོན་རྟགས་གངས་རི་དང་ནོར་བུ་དགའ་དཁྱིལ་གཉིས་བདག་པོ་རྒྱོབ། རྗེས་མ་བཀའ་ཁྲིའི་ས་མཚམས་སུ་འབྱོར་དུས་མཚན་རྟགས་ཚང་མ་རྫོགས་ནས་ཁྱི་དང་གླང་དང་ལུག་བཟོ་འདྲ་འརྒྱག་དགོས་ན་ངོ་ཚ་པོ་རེད།

  9. དྲི་མེད་ལྷག་བསམ། says:
    2011-03-21 at 1:26 pm

    སྐྱོན་མེད། ལྷ་ཁྱི་ནག་པོ། ལྷ་གླང་གྭ་བ། ལྷ་ལུག་དཀར་པོ་སོགས་བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུའི་གཅེས་ནོར་རེད། བོད་ལྷ་མི་གཉིས་ལ་མཁོ་རྒྱུ་ཞིག་ཡིན་པ་འདྲ། འོས་འདེམས་ཐད་སྔོན་དཔག་ཅིག་བྱས་ན། བོད་སྤྱི་ལ་ཕན་ཤོས་བཀྲས་མཐོང་ལགས་རེད་དེ། བློ་བཟང་སེངྒེ་ལ་ཐོབ་ནས་འདུག བོད་ཀྱི་གངས་སེང་རྒྱ་ནག་གི་ཁྱི་མོ་ཞིག་གི་ཁ་ལ་མི་ཤོར་པའི་སྨོན་ལམ་འདེབས། བཤད་ཚོད་ལ་བྷོ་སི་ཀྲོན་ན་བློ་སེང་ལ་ངོ་ཤེས་ཀྱི་རྒྱ་མོ་མང་པོ་ཡོད་འདུག་པ་དེ་ཚོ་བརྩམས་སྒྲུང་ཡིན་པའི་རེ་བ་ཡོད།

  10. ཟླ་བ་འཇིགས་མེད། says:
    2011-03-21 at 2:56 pm

    སེང་གེས་ནོར་བུ་བཏེགས་པ་འདིས་བཀྲ ས་མཐོང་ལ་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་འགྲིགས་འདུག བོད་མགོ་ནག་རྟེན་འབྲེལ་ལ་དགའ་བ་ཚོས་བལྟས་ན་འདི་འདྲ་ཞིག་མ་རེད་དམ།
    བྱ་རྒོད་རྒྱལ་པོས་༼བཀའ་ཁྲི་ལས་འགན་ནི་༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་བོད་དོན་བསྒྲུབ་རྒྱུ་དང་མི་མང་ལ་བལྟ་སྐྱོང་བྱ་རྒྱུ་ཡིན།༽ཟེར། ད་༸གོང་ས་མཆོག་བགྲེས་ཡོལ་གནང་སོང་དུས་བཀའ་ཁྲི་ལ་༸གོང་ས་མཆོག་གི་དགོངས་པ་གཞིར་བཟུང་བྱེད་དགོས་པའི་ལས་འགན་མེད། དེ་ལྟར་མ་བྱས་ནའང་ཁྲིམས་འགལ་ཆགས་ཀྱི་་ཡོད་པ་རེད། དབུ་ཁྲིད་ཀྱི་བཀའ་དང་འགལ་བ་ཆགས་ཀྱི་ཡོད་པ་མ་རེད། འོན་ཀྱང་བཟང་སྤྱོད་ལ་བལྟ་ས་ཡོད་པ་རེད། ལས་དོན་འགྲུབ་མི་འགྲུབ་ལ་བལྟ་ས་ཡོད་རེད།

  11. འཇིག་མེད་ says:
    2011-03-21 at 8:43 pm

    ད་ཚར་སོང་ སུ་བཀའ་ཁྲིར་ཕེབས་ཡང་བཀྲིས་བདེ་ལེགས་དང་ བྱ་བ་ལམ་འགྲོ་ཡོང་ཤོག། ཡང་གོས་༸རྒྱ་བའི་སྐུ་ཚེ་རྟེན་པ་ཤོག།

  12. སྤངས་སྤོས། says:
    2011-03-22 at 2:16 am

    ང་ཚོས་ད་ལྟ་བར་དུ་དྲྭ་རྒྱའི་ནང་བཀའ་ཁྲིའི་སྐོར་ལ་ཁ་དམག་བརྒྱབས་ཚར་བ་དང་། ད་བཟང་ཐག་ངན་ཐག་ཆོད་པའི་དུས་ཚོད་འདིར་བཀའ་ཁྲི་སུ་ཕེབས་ཀྱང་མཛད་འཕྲིན་གོང་འཕེལ་ཡོང་བ་དང་། ཁ་བཤད་ལག་ལེན་གྱིས་མགོན་པོ་དོན་གྱི་བདག་པོའི་བཀའ་དགོངས་ཚུལ་བཞིན་སྒྲུབ་ཐུབ་པའི་སྨོན་འདུན་ཞུ།

  13. ལྷ་སྡེ་གནམ་ལོ་ཡག says:
    2011-03-22 at 3:18 am

    རྒན་སྤངས་སྤོས་ལགས་ཀྱིས་གསུངས་བ་དེ་ག་རང་ཡིན།

    སང་ཉིན་བཀའ་ཁྲིར་སུ་སླེབས་ཀྱང་བོད་མིའི་བཀའ་ཁྲི་ཡིན་པ་དང་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་མང་མོས་རྩེ་བཏོགས་ལ་བརྩི་བཀུར་བྱེད་འོས་པར་མ་ཟད། བཟང་སེམས་ཁུར་ནས་ནོར་འཁྲུལ་དུས་ལྟར་ཡོ་བསྲང་ལ་འབད་རྒྱུའི་འོས་འགན་ཡང་ཚང་མར་ཡོད་པ་རེད། དམངས་གཙོ་རྒྱལ་ལོ། བོད་རྒྱལ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme