Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སུས་ཀྱང་བཤད་མ་མྱོང་བའི་སྙིང་གཏམ་ཚིག་གསུམ།

Posted on 2012-12-172012-12-17 By སྤོབས་པ་མཐའ་ཡས། 2 Comments on སུས་ཀྱང་བཤད་མ་མྱོང་བའི་སྙིང་གཏམ་ཚིག་གསུམ།

“རྒྱ་དམར་གྱིས་ཁྱོད་ལ་ལྐོག་རྔན་ཕུལ། ཁྱོད་ཀྱིས་རྒྱ་དམར་ལ་ལྐོག་རྔན་སྤྲད།”

བོད་མི་མང་ཙམ་གནས་སྡོད་བྱ་ཡུལ་ཕྱིའི་ཡུལ་ལུང་ལ་ལར་བོད་དུ་གཉེན་འཕྲད་དང་། ལྟ་སྐོར། ལས་ཀ་སོགས་བྱེད་དུ་འགྲོ་མཁན་གྱི་བོད་རིགས་སུ་ཡིན་ཡང་རྒྱ་དམར་གཞུང་གིས་དམིགས་བསལ་དུ་བསྐོས་པའི་ལས་བྱེད་བརྒྱུད་ནས་འགྲོ་དགོས་པ་ཞིག་བཟོས་འདུག རྒྱ་དམར་གྱི་གཞུང་ཚབ་མང་པོར་དེའི་ཆེད་དུ་བོད་རིགས་སམ་བོད་སྐད་ཡིག་ཤེས་མཁན་གྱི་ལས་སྣེ་ཡང་ཡོད། དེ་ནི་ཕྱོགས་གཅིག་ནས་བོད་རིགས་ཚོ་ཕྱིའི་ཡུལ་ལུང་གི་མི་སེར་ལག་ཁྱེར་ཡོད་མེད་ལ་མ་ལྟོས་པར་མི་དགོས་པའི་ལམ་ཁ་གཞན་ཞིག་བརྒྱུད་དགོས་པའི་ཆབ་སྲིད་ཀྱི་གོ་སྐབས་བཟུང་བའི་གནོན་ཤུགས་སྤྲོད་ཐབས་མ་རབ་ཅིག་རེད། ཕྱི་སྡོད་རྒྱ་དམར་གཞུང་ཚབ་ཁག་ཏུ་བསྐོ་བཞག་བྱས་པའི་བོད་རིགས་སམ་བོད་སྐད་ཤེས་མཁན་གྱི་ལས་བྱེད་དེ་ཚོའི་ལས་འགན་ནི་བོད་རིགས་ཚོའི་བོད་བསྐྱོད་ཐོངས་མཆན་གྱི་ལས་ཀ་ཙམ་ཞིག་མ་རེད། ཁོང་ཚོར་ལས་འགན་ཧ་ཅང་ཆེ། ལས་འགན་གཙོ་བོ་དེ་ནི་ཕྱི་སྡོད་བོད་རིགས་ཚོར་འབྲེལ་བ་བཟུང་ནས་ཁོང་ཚོར་གང་ལ་གང་འོས་ཀྱིས་བྱེད་ཐབས་སྤྱད་ཅིང་རྒྱ་དམར་ལ་ངོ་རྒོལ་ལས་འགུལ་སྤྱི་དང་ཁྱད་པར་དུ་བོད་རང་བཙན་ལས་འགུལ་ལ་མི་ཞུགས་པར་བྱ་རྒྱུ་དེ་རེད། བོད་བསྐྱོད་ཐོངས་མཆན་དང་འབྲེལ་བའི་བསླུ་བྲིད་འཇིགས་སྐུལ་ནི་ལས་གཞི་དེའི་ཆ་ཤས་ཤིག་རེད།

བོད་དང་རྒྱ་ནག་ནང་དུ་ལས་ཀ་བྱེད་འདོད་པ་དང་འགྲོ་འདོད་ཡོད་མཁན་ཚོར་ཁོང་ཚོས་བསླུ་བྲིད་དང་འཇིགས་སྐུལ་གང་མང་ཞིག་བྱེད་ཐུབ། དཔེར་ན། མི་དེ་རང་གི་ཐོངས་མཆན་སོགས་ལས་དོན་སྒྲུབ་ཆེད་ཕར་འགྲོ་ཚུར་ཡོང་གི་ལམ་གྲོན་རྒྱ་དམར་གཞུང་ཚབ་ཁང་གིས་གཏོང་བ། དམིགས་བསལ་རྒྱ་དམར་གཞུང་ཚབ་ཀྱིས་བཀོད་སྒྲིག་བྱས་པའི་འདུ་འཛོམ་སོགས་ལ་མཉམ་ཞུགས་བྱས་ན་ལམ་གྲོན་དང་རྔན་པ་སྦྱིན་པ། དེ་ཡང་ཆབ་སྲིད་དང་འབྲེལ་བ་གཏན་ནས་མེད་མདོག་གིས་རིག་གནས་བགྲོ་གླེང་དང་མི་རིགས་འདུ་འཛོམ་སྤྲོ་ཚོགས་སོགས་ལ་བོད་རིགས་འགུགས་ཐབས་བྱེད་པ། རྒྱ་དམར་གཞུང་གིས་བཀོད་སྒྲིག་འགྲོ་སོང་བཏང་ནས་རྒྱ་ནག་ནང་ལ་ལྟ་སྐོར་དུ་ཁྲིད་པ། མི་རང་ཉིད་དང་རང་གི་ནང་མི་བུ་ཕྲུག་སོགས་འབྲེལ་ཡོད་ཀྱིས་རྒྱ་ནག་ནང་དུ་ལས་ཀ་དང་སློབ་སྦྱོང་བྱེད་འདོད་ན་དེ་ལ་ཐོངས་མཆན་དང་མཐུན་རྐྱེན་གང་འཚམས་ཀྱིས་རོགས་རམ་བྱེད་པ། ཚོང་ལས་སོགས་ཀྱི་འཆར་གཞི་ཡོད་མཁན་ཚོར་རྒྱ་ནག་ནང་ལ་ཚོང་འབྲེལ་བྱེད་པའི་གོ་སྐབས་སྤྲོད་པ་སོགས་གཞུང་ངོས་ནས་བསྒྲུབ་ཐུབ་པའི་བྱ་བ་རྣམས་ལ་རོགས་རམ་འཆར་གཞི་ཡོད་འདུག མཐུན་རྐྱེན་རོགས་རམ་ག་ཚོད་ཅིག་སྤྲོད་དང་མི་སྤྲོད་དེ་ཡང་མི་དེས་ཁོང་ཚོའི་འདོད་འདུན་ག་ཚོད་ཅིག་སྒྲུབ་དང་མི་སྒྲུབ་ལ་རག་ལས་ཡོད། མཐུན་རྐྱེན་དེ་དག་ནི་དོན་དུ་ཁོང་ཚོས་ང་ཚོར་ལྐོག་རྔན་འབུལ་བཞིན་ཡོད་པ་རེད།
ཁོང་ཚོ་བརྒྱུད་ནས་བོད་དང་རྒྱ་ནག་ལ་འགྲོ་མཁན་ཚོར་མིང་སྙན་པོ་བཏགས་ཡོད། རྒྱལ་གཅེས་ཕྱིར་སྡོད་བོད་རིགས། ཚུར་ལོག་བོད་རིགས་སྤུན་ཟླ། ཀྲུང་གོ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཕྱི་སྡོད་བོད་མི་ཡག་པོའི་ཚབ་མཚོན་སོགས་ཀྱིས་མཚོན་པའི་ཆབ་སྲིད་དགོས་མཁོར་འཚམས་པའི་མིང་གང་སྙན་སྙན་འདོགས། འདིའི་ཁོངས་སུ་ཆབ་སྲིད་བཙོན་ཟུར་ཚོ་ཡང་ཚུད་ཡོད། སྔོན་ཕ་ཡུལ་དུ་ཡོད་དུས་བོད་རང་བཙན་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཡོད་མཁན་ཡིན་ཡང་དེང་ཕྱིན་དེ་ལྟར་མི་བྱེད་པའི་དམ་བཅའ་བྱས་ཕྱིན་ཁོང་ཚོས་དགའ་བསུ་ཞུ།
ཁོང་ཚོའི་ལས་གཞི་དེ་བརྒྱུད་ནས་བོད་དུ་གཉེན་འཕྲད་ལྟ་སྐོར་ཙམ་ལ་ཕེབས་བསམ་མཁན་ཚོས་སྐད་ཆ་ཤོད་སྟངས་གཟབ་ན་ཡག བོད་མི་ཚོ་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱད་གང་ཐུབ་བྱེད་བཞིན་པ་མ་གཏོགས་གཅེས་དྲགས་པ་མ་ཡིན་སྟབས་བོད་མི་ཚོའི་སྐད་ཆ་ཤོད་སྟངས་དང་འགྲོ་ལུགས་འདུག་སྟངས་ཚང་མ་ཁོ་ཚོའིི་དགོས་མཁོར་བེད་སྤྱད་ངེས་ཡིན། དཔེར་ན། སྔོན་མ་དུས་འགྱུར་སྐབས་སུ་རྒྱ་དམར་དམག་དཔུང་ལ་དྲག་རྒོལ་བྱེད་མྱོང་མཁན་བོད་མི་རྒན་པོ་ཞིག་བོད་དུ་ལོག་སྐབས་རྒྱ་དམར་གྱི་ཡིག་ཆ་རྩོམ་སྒྲིག་བྱེད་མཁན་གྱི་དྲི་བར་ལན་འདི་ལྟར་བཏབ། “ངས་ཚེ་སྟོད་དུ་རྒྱ་དམག་ལ་ངོ་རྒོལ་བྱས་ཤིང་མི་གསོད་རྟ་བསྒྱེལ་སྡིག་ལས་མང་པོ་བསགས་ཡོད། ད་ནི་ཚེ་སྨད་འདིར་བོད་དུ་ལོག་ནས་ཆོས་བསྒྲུབས་ཤིང་སྡིག་བཤག་བྱ་འདོད་ཡོད་”ཅེས་བཤད། དེ་ལ་རྒྱ་དམར་གཞུང་གིས་དེ་ཁ་བསྒྱུར་ནས་རྒྱལ་གཅེས་ཚུར་ལོག་བོད་རིགས་སྤུན་ཟླ་དེས་ཁོས་”སྔོན་མ་ཀྲུང་གོའི་བཅིངས་འགྲོལ་དམག་ལ་ངོ་རྒོལ་བྱས་པ་དེ་ནོར་འཁྲུལ་ཡིན་པས་ད་ནི་ཀྲུང་གོ་གུང་ཁྲན་ཏང་ལ་སྡིག་བཤག་བྱ་རྒྱུ་ཡིན་”ཞེས་བརྗོད་སོང་ཟེར་བ་དུས་དེབ་སོགས་སུ་བཀོད།
རྨ་ཁ་ལ་ཕན་ན་ཁྱི་ཚིལ་གྱི་དཔེ་བཞིན་དུ་རང་རེ་ཕྱི་སྡོད་བོད་རིགས་སྤུན་ཟླ་སུ་ཡིན་ཡང་ཁོང་ཚོའི་ལས་གཞི་འདི་བརྒྱུད་ནས་ཕེབས་དགོས་ཐུག་མཁན་ཚོར་དེ་ལྟར་མ་བྱེད་ཅེས་ཞུ་བའི་ཐོབ་ཐང་སུ་ལ་ཡང་མེད། ཡིན་ན་ཡང་བོད་མི་ཀླད་མེད་རྡར་མ་ཁ་ཤས་ཀྱིས་རྒྱ་དམར་གཞུང་ཚབ་ཀྱི་བོད་རིགས་ལས་བྱེད་ཚོར་བོད་བསྐྱོད་ཐོངས་མཆན་ཙམ་ཐོབ་ཆེད་ལྐོག་རྔན་ལྟ་བུ་སྤྲོད་བཞིན་ཡོད་ཚུལ་ཐོས་རྒྱུ་འདུག དེ་ཡང་ཕྱི་སྡོད་བོད་མི་ལ་ལས་རྒྱ་དམར་གཞུང་ཚབ་ཀྱི་བོད་རིགས་སམ་བོད་སྐད་ཤེས་མཁན་ལས་བྱེད་དེ་ཚོ་གསོལ་མགྲོན་དུ་འབོད་པ། ལག་རྟགས་རྔན་པ་སྤྲོད་པ། དངུལ་སྤྲོད་པ་སོགས་ཧ་ཅང་བླུན་པའི་ལས་ཀ་བྱེད་མཁན་ཡོད་ཚུལ་འདུག དེ་མི་དགོས་པ་ཞིག་རེད། རྒྱལ་གཅེས་ཕྱིར་སྡོད་བོད་རིགས་སྤུན་ཟླའི་མིང་ཐོག་ནས་བོད་དུ་ལོག་མཁན་ཞིག་ཡིན་ཕྱིན་བོད་རང་བཙན་ལས་འགུལ་མི་སྤེལ་རྒྱུའི་ཁས་བླངས་ནས་འགྲོ་བཞིན་ཡོད་པ་རེད། ང་ཚོར་ཡང་དེ་ལས་ལྷག་པའི་བློས་བཏང་ཞིག་བྱ་ཐབས་མེད་ལ་ཁོང་ཚོར་ཡང་དེ་ལས་ལྷག་ཅིག་མི་དགོས་པ་རེད། དེའི་སྟེང་དུ་ལས་བྱེད་ཕོགས་ཟན་དེ་ཚོར་ང་ཚོའི་ལས་གླ་ཕྲན་བུ་དེ་སྤྲད་ནས་གང་བྱེད།
ངས་ཕྱིའི་མི་ཁོངས་སུ་ཞུགས་ཟིན་པའི་བོད་མི་མང་པོ་ཞིག་གིས་འདི་བརྒྱུད་ནས་ཕ་ཡུལ་བོད་དུ་འགྲོ་བཞིན་པ་ཤེས། མི་སྣ་དེ་ཚོའི་གྲས་སུ་ཆོས་འཇིག་རྟེན་གྱི་གཙོ་འཛིན་ང་ཡིན་ཟེར་མཁན་གྱི་མི་ཆེན་པོ་ཡང་འདུག ཟ་རྒྱུ་མ་གཏོགས་གང་ཡང་མི་དགོས་ཟེར་མཁན་གྱི་མི་ཆུང་ཆུང་ཡང་འདུག མི་ཆེན་པོ་ལ་ལས་དེ་གོ་སྐབས་ཤིག་ཏུ་བཟུང་ནས་བོད་དུ་ལོགས་ཤིང་ཆོས་འཇིག་རྟེན་གྱི་བྱ་བ་རླབས་ཆེན་རྩོམ་མཁན་ཡང་འདུག ལ་ལས་རང་གི་མདུན་ལམ་དེ་འགྲིགས་སོང་ན་ཆོས་དང་སྲིད་དེ་ཚོ་གང་ལ་སོང་ན་ཡང་སོང་བསམ་མཁན་ཡང་འདུག མི་ཆུང་ཆུང་ཡིན་ཟེར་མཁན་དེ་ཚོའི་གྲས་སུ་ཡང་ངའི་ཟ་རྒྱུ་གོན་རྒྱུ་འགྲིགས་སོང་ན་དེའི་རྒྱབ་ལྗོངས་ཚོ་གང་ཡིན་ཡང་ཡིན་བསམ་མཁན་འདུག ཟ་རྒྱུ་གོན་རྒྱུ་གང་ནས་ཀྱང་བཙལ་ཐུབ་པས་རང་གི་སྤྱི་ཚོགས་ཀྱི་ལ་རྒྱའི་སྟེང་ནག་ཐིག་མི་འཇོག་པའི་སྙིང་སྟོབས་ཡོད་མཁན་ཡང་འདུག
དཔེར་ན། ཧྥ་རན་སིར་སྡོད་མཁན་བོད་རིགས་ཤིག་གིས་རྒྱ་དམར་གཞུང་ཚབ་བརྒྱུད་ནས་ཕྱིར་སྡོད་རྒྱལ་གཅེས་པའི་མིང་ཐོག་ནས་བོད་དུ་བསྐྱོད་པ་ཡིན་ན་བོད་མི་དེའི་ཞིབ་ཕྲའི་གནས་ཚུལ་རྒྱ་དམར་གཞུང་ཚབ་བོད་དོན་ལས་བྱེད་པའི་ཡིག་མཛོད་དུ་ཉར། ལས་བྱེད་དེ་བརྗེས་ཀྱང་ཡིག་ཆ་དེ་དག་ལས་བྱེད་རྗེས་མ་ལ་རྩིས་སྤྲོད། དུས་རྒྱུན་དུ་མི་དེའི་འགུལ་སྐྱོད་ལ་སོ་ཉུལ་བྱེད། རྒྱབ་ལྗོངས་ལ་ཞིབ་འཇུག་བྱེད། དངོས་བརྒྱུད་ཞི་དྲག་གིས་ཁོང་ཚོའི་ཕྱོགས་སུ་འགུགས་ཐབས་བྱེད། གལ་སྲིད་བོད་མི་དེས་རྒྱ་དམར་གཞུང་ཚབ་ཁང་གི་དངུལ་བླངས་པ་དང་འདུ་འཛོམ་སྤྲོ་སྐྱིད་ལ་ཞུགས་པ་སོགས་བྱས་ཡོད་ན་དེ་ལུགས་ཁོང་ཚོའི་ཡིག་མཛོད་དུ་ཉར་ནས་མ་འོངས་པའི་ཆབ་སྲིད་ལོ་རྒྱུས་ཀྱི་དཔང་རྟགས་ལ་གསོག་འཇོག་བྱེད། གླགས་ཁེལ་ས་རེད་བསམ་ན་རྒྱ་དམར་གཞུང་ཚབ་ཁང་གིས་བཀོད་སྒྲིག་བྱས་པའི་འདུ་འཛོམ་སྤྲོ་སྐྱིད་སོགས་ལ་ཡང་མགྲོན་བརྡ་གཏོང་། གལ་སྲིད་བོད་མི་དེ་བོད་རང་བཙན་ལས་འགུལ་ལ་ཞུགས་མཁན་ཞིག་ཡིན་པའི་མཐོང་ཚུལ་བྱུང་ན་དེའི་གཉེན་ཉེ་བོད་ནང་དུ་ཡོད་མཁན་ཚོ་ཡང་དོག་གཞི་ཅན་གྱི་ཁོངས་སུ་བརྩི། གསལ་འདོན་མིན་པའི་དཀའ་ངལ་ཡང་འཕྲད་ངེས། དཔེར་ན། བོད་ནང་གི་སྤུན་ཉེ་དེ་ཚོ་བཅིངས་འགྲོལ་དམག་ལ་ཞུགས་དཀའ། གུང་ཁྲན་ཏང་ཡོན་སོགས་ཆབ་སྲིད་དང་འབྲེལ་བའི་གནད་ཡོད་ལས་ཀ་ཐོབ་དཀའ། ཡུལ་དེར་ཆབ་སྲིད་ཀྱི་གནད་དོན་བྱུང་ན་སྣེ་ཁྲིད་མཁན་ཀྱི་དོག་གཞི་ཅན་གྱི་མི་སྣའི་མིང་ཐོར་བཀོད་ཡོད་པས་བཀག་ཉར་འདྲི་རྩད་སོགས་དཀའ་ངལ་འཕྲད་ངེས།
མདོར་ན་བོད་མི་ཕལ་མོ་ཆེས་རྒྱ་དམར་གཞུང་ཚབ་ཀྱི་བོད་དོན་ལས་བྱེད་པར་འབྲེལ་བ་བཟུང་ནས་བོད་བསྐྱོད་ཐོངས་མཆན་ལེན་པ་དེ་ནི་ཨུ་ཐུག་ཐབས་ཟད་པ་མ་གཏོགས་དགའ་བཞིན་སྤྲོ་བཞིན་དུ་དེ་ལྟར་བྱེད་ཀྱིན་མེད་པར་ཐག་ཆོད། ཡིན་ན་ཡང་ཁོང་ཚོ་མང་པོ་ཞིག་གིས་འདིའི་སྐོར་སྤྱི་ཚོགས་ནང་དུ་གསལ་པོར་བཤད་འདོད་མི་འདུག མང་ཆེ་བས་དེ་ནི་སྒེར་དོན་སྒྲུབ་ཆེད་དུ་རྒྱ་དམར་གཞུང་ཚབ་དམིགས་བསལ་ལས་བྱེད་པར་འབྲེལ་བ་བཟུང་བ་དེ་བོད་མི་ཞིག་གི་ཆ་ནས་ནག་ཉེས་ནོར་འཁྲུལ་ཡིན་པས་གསང་བ་བྱེད་འདོད་མཁན་དང་། ཀླད་མེད་ལ་ལ་ཞིག་གིས་དེ་ནི་ཁོ་རང་མི་སྒེར་གྱི་འཇོན་ཐང་དུ་བརྩིས་ནས་འཇོག་མཁན། ཁ་ཤས་ཀྱིས་མི་ཤེས་པའི་དབང་དུ་གྱུར་ནས་རྒྱ་དམར་གཞུང་ཚབ་ཀྱི་ལས་བྱེད་པར་དངུལ་སྤྲོད་པ་དང་། ལག་རྟགས་རྔན་སྦྱིན། གསོལ་མགྲོན་དུ་འབོད་པ་སོགས་བྱས་ཡོད་པས་དེ་ནི་ཁྲིམས་འགལ་ལྟ་བུར་རློམ་མཁན་སོགས་ཀྱང་ཡོད་ངེས་པས་གང་ལྟར་ཡང་མ་ཤེས་ཁུལ་བྱེད་མཁན་མང་པོ་འདུག
མདོ་དོན་སྙིང་པོ། གཅིག་ནས་རྒྱ་དམར་གཞུང་ཚབ་དུ་བོད་རིགས་དང་འབྲེལ་བའི་ལས་དོན་སྒྲུབ་མཁན་གྱི་ལས་སྣེ་དེ་ཚོ་ནི་ཆེད་དུ་ཕྱི་སྡོད་བོད་མི་ཚོར་སྣེ་ལེན་བྱེད་མཁན་དུ་བསྐོས་པ་ཡིན་པས་དེ་ཚོ་བརྒྱུད་ནས་བོད་དུ་འགྲོ་བསམ་མཁན་ཚོས་ལས་སྣེ་དེ་ཚོར་དངུལ་སྤྲོད་མི་དགོས། ལག་རྟགས་རྔན་སྦྱིན་མི་དགོས། གསོལ་མགྲོན་དུ་བོས་ནས་འགྲོ་སོང་གཏོང་མི་དགོས། བོད་རང་བཙན་གྱི་ལས་འགུལ་མི་སྤེལ་རྒྱུ་ཁས་བླངས་པ་དེ་ལས་ལྷག་ཅིག་མི་དགོས། གཉིས་ནས་རྒྱ་དམར་གཞུང་གིས་སྤྲོད་བཞིན་པའི་ལམ་གྲོན་དང་གསོལ་སྟོན་སོགས་མཐུན་རྐྱེན་དེ་ཚོར་ལོངས་སུ་མ་སྤྱོད་ཅེས་སུ་ལ་ཡང་ཞུ་མི་ཕོད། དགོས་པ་དགག་བྱ་གང་ཆེར་བསམ་བློ་གཏོང་ཐུབ་མཁན་ཚོར་ནི་དེ་དེ་བཞིན་ནོ་ཞེས་མགྲིན་པ་གཟེངས་སུ་བསྟོད་ནས་ལགས་སོ་ཞུ་བ་ལས་གཞན་མེད། ཡིན་ན་ཡང་དེ་ནི་དཔའ་བོ་དཔའ་མོ་འབུམ་ཕྲག་མང་པོས་ལུས་སྲོག་ལོངས་སྤྱོད་བློས་བཏང་ནས་བསྲུངས་བའི་རྒྱལ་ཁབ་ཆེན་པོ་ཞིག་དགྲ་ལ་བཙོང་བའི་རིན་འབབ་ཡིན་པར་བསམ་ཤེས་ན་ཁྱེད་ལ་ཐོབ་བཞིན་པའི་ལྐོག་རྔན་དེ་ནི་ཟ་ཆོག་ཆོག་ཅིག་མིན་པ་རྟོགས་པའི་རེ་བ་ཡོད།

རྩོམ་རིག

Post navigation

Previous Post: བྱང་པུཥྤ་ཧ་རི།
Next Post: སྲིད་པ་ཆགས་གླུ།

Comments (2) on “སུས་ཀྱང་བཤད་མ་མྱོང་བའི་སྙིང་གཏམ་ཚིག་གསུམ།”

  1. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-12-17 at 5:00 am

    ལེགས་སོ། ལེགས་སོ། ཧ་ཅང་གི་ལེགས་སོ། ཀླད་པའི་ནང་ལ་ཞོ་བླུགས་མེད་ན་་་་བསམ་བློ་གཏོང་དགོས་ངེས་རེད།

  2. རོགས་གཅེས says:
    2012-12-17 at 1:23 pm

    བཀྲིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme