Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སུན་སྣང་ཁྲོད་ཀྱི་ང་། ༼སྙན་ཚོམ་ཁག་བཞི།༽

Posted on 2016-01-182016-01-18 By ཁ་བརྡ 2 Comments on སུན་སྣང་ཁྲོད་ཀྱི་ང་། ༼སྙན་ཚོམ་ཁག་བཞི།༽

བྱ་མདོ་སྐལ་རྒྱམ།

 
སང་ཉིན་སང་ཉིན་ཟེར་བཞིན
མི་ལོ་མང་བོ་ཞིག་འདས་ནའང
མིག་ཟུང་བཙུམ་ཐེངས་རེ་ལ
ད་དུང་ཉི་མ་དམར་བོ་ལྟ་བུའི་བཞུད་ལམ་དེ་དྲན་འོང
ལོ་ཚོད་ལ་མི་རན་པའི་རྒས་རྟགས་འདིས
ངས་རང་གིས་བྱེད་སྟངས་ཡོད་ཚད
རང་དང་མི་འཚམ་པ་ཤ་སྟག་ཏུ་མཐོང
མུན་པ་འཐིབ་སྔ་བའི་རྐྱེན་གྱིས
ད་ལྟ་ཅི་ཡང་མི་མཐོང་ནའང
ང་རང་གི་ཚོར་བ་ལ་ཡིད་ཆེ་བརྟན་པོ་ཡོད
སང་ཉིན་གྱི་ནམ་གཤིས་དྲོད་འཇམ་ཡོང་ངེས

2015-11-27 རྡ་སར།

 

 
འཁོར་བ།

 
གློག་ཞུན་ཁྲ་ཁྲ་མི་མཐོང་བའི་བྲོ་ར་འདིར
དབྱངས་འགྲོས་གཅིག་ཁོ་ནའི་གདངས་ཀྱིས
མི་ཚོགས་ནི་རྒྱུགས་ཆུ་བཞིན
ཕར་ནས་ཕར་ལ་བཞུར་ཞིང
ཡུན་ཙམ་གྱི་རྗེས་སུ
སླར་ཡང་རླུང་བུ་བཞིན
ཚུར་ནས་ཚུར་ལ་འཁོར་བྱུང

བར་སྐབས་དེར
རང་ལ་མཁོ་མཁོ་འདྲ་བ་གང་མང་ཉེར་ཚགས་བྱས་རྗེས
དུས་བཞིའི་འཁོར་བསྐྱོད་འདི་ལ
ཧ་ཅང་དལ་བགྲོད་ཀྱིས་སུན་སྣང་སྐྱེས་ཀྱང
ཞིབ་འདང་རེ་རྒྱག་དུས
རང་གི་ལྷན་སྐྱེས་ཀྱི་སེམས་པའང
བོར་ནས་ཡུན་རིང་འདས་འདུག

2015-12-25 བཀྲས་ལྷུན་གསུང་ཆོས་རྭ་བ་ནས།

 

 
རེ་སྨོན།

 
མི་ཚེ་འདི དུས་ཚིགས་ཤིག་ཡིན་པའི་དབང་དུ་བཏང་ན
ད་ནི་སྟོན་གཞུག་ལ་སླེབས་འདུག
འགྱུར་ལྡོག་མང་བོ་ཞིག་གི་བརྒྱུད་རིམ་ཁྲོད
ངས རང་ཉིད་ལའང་ཐུགས་རྗེ་ཆེ་ཞུ་ན་འགྲིག

གྲོགས་པོ་ཚོས
ཁ་གཡང་དང་རེ་སྨོན་གྱིས
དྲ་ངོས་ཁེབ་པའི་ཉིན་འདིར
ངས་ཅི་ཡང་མ་བརྗོད་ཀྱང
གནམ་རྒན་མས་
ཡུལ་གྱར་བ་ཞིག་གི་སེམས་འདུན་རྟོགས་ངེས

2015-12-31

 

 
འབྲས་སྤུངས་དང་གྱེས་པ།

 
དེ་རིང་ཁྱོད་དང་གྱེས་པ་ན
ང་ནམ་ཞིག་ལ་ཕྱིར་ལོག་ཐུབ་མིན་རང་གིས་ཀྱང་མི་ཤེས
མི་ཚེ་ནི་འདི་འདྲའི་རང་ལའང་གསལ་ཁ་མེད་པའི་འགྲུལ་བཞུད་ཅིག་རེད
འགྲུལ་བཞུད་ཀྱི་འཚོ་བའི་ཁུགས་པ་རེ་ན
བྱེད་འོས་པའི་ཕྱིར་དྲན་རེ་ཡོད་ལ
ཕྱིར་དྲན་རེའི་སྣེ་མོ་ན
རང་སེམས་ཁོ་ནར་གསལ་བའི་གཏམ་རྒྱུད་རེ་ཡོད
བཀའ་དྲིན་ཆེ
ཁྱོད་ཀྱི་འཛད་མཐའ་མེད་པའི་བྱམས་བརྩེ་དང་བཟོད་སྒོམ
བཀའ་དྲིན་ཆེ
ཁྱེད་ཀྱི་བསླུ་བ་མེད་པའི་ལམ་སྟོན་དང་གུ་ཡངས
ནམ་ཞིག ང་སླར་ཡང་ཁྱེད་ཀྱི་པང་དུ་ལོག་ངེས

2016-1-8

སྙན་ངག

Post navigation

Previous Post: སྤེན་པ་ཚེ་རིང་། ང་རང་ཧང་སངས་སོང་།
Next Post: ནིའུ་ཡོག་ཏུ་ཚོགས་གཙོའི་གཏམ་བཤད་ཅིག

Comments (2) on “སུན་སྣང་ཁྲོད་ཀྱི་ང་། ༼སྙན་ཚོམ་ཁག་བཞི།༽”

  1. བྱ་གཞུང་དཔལ་རྡོར། says:
    2016-01-19 at 5:30 am

    སྙན་ངག་ཐོག་གོ་རང་ང་བླུགས་བཞག་ཡོད་གི སྙན་པོ་བྱུང་། རེད་ད་ཁ་བརྡ་འདི་མི་ལ་སྡིག་དམོད་བྱེད་ས་ཟིག་གི་ལོག་ཡོད། ཧ་་ཧ་་་ཧ་་་འདིའི་ནང་དུ་སྙན་ངག་ཞེ་དྲགས་མི་དྲིན་ཡ་་་་

  2. རིན་ཆེན says:
    2016-01-19 at 1:20 pm

    སྙན་ངག་ཟེར་བ་དེ་ཡང་ན་ཟུར་ཟ་དང་ཡང་ན་བསྟོད་པ་དེ་གཉིས་གང་རུང་ལས་གཞན་མི་འདུག་པས། མཐའ་གཉིས་སུ་ལྷུང་བ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme