Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསུང་ཆོས་རིང་གི་ཝར་ཎའི་ཁང་གླ་གནམ་ལ་སྙེག

Posted on 2008-12-202008-12-20 By དབང་ཕྱུག་ 2 Comments on གསུང་ཆོས་རིང་གི་ཝར་ཎའི་ཁང་གླ་གནམ་ལ་སྙེག

འབོད་པ།
སྤྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༨ ཉིན་ནས་ཝ་ར་ཎ་སིར་ྋགོང་ས་མཆོག་གི་གསུང་ཆོས་ཡོད་སྟབས། ཉིན་འདི་ཚོའི་རིང་ཕྱོགས་བཞི་མཚམས་བརྒྱད་ནས་ཆོས་ཞུ་པ་ཚོས་ཁ་པར་བརྒྱུད་འདི་གར་གཏན་སྡོད་པ་ཚོར་གསུང་ཆོས་རིང་སྡོད་ཁང་འཚོལ་རྒྱུར་བཀོད་མངགས་བྱེད་ཀྱི་འདུག་ལ། ང་ཡང་རོགས་པ་ཚོའི་རེ་སྐུལ་ལྟར་གཡས་གཡོན་གྱི་རྒྱ་གར་གྲོང་གསེབ་ཁག་ལ་གསུང་ཆོས་སྐབས་ཁོ་ཚོར་སྡོད་ཁང་ཞིག་འཚོལ་དུ་སོང་ནའང༌། ཁང་གླ་ཧ་ཅང་མཐོ་དྲགས་པའི་རྐྱེན་གྱིས་ངའི་རོགས་པ་ཆོས་ཞུ་པ་ཉམ་ཆུང་ཚོར་འཚམས་པའི་སྡོད་ཁང་ཞིག་གཏན་ནས་རག་མ་སོང༌།
ངས་རྒྱ་གར་གྲོང་གསེབ་པ་ཚོར་ཐུགས་རྗེ་གཟིགས་ཁང་གླ་ཏོག་ཙམ་ཁེ་བོ་གནང་རོགས། ད་ལྟ་ཁང་པ་དགོས་མཁན་ཚང་མ་ཆོས་ཞུ་པ་རྐྱང་རྐྱང་མ་གཏོགས་ཚོང་པ་དེ་འདྲ་མིན་ཚུལ་བཤད་ནས་ཁང་གླ་ཏོག་ཙམ་ཁེ་བོ་གནང་དགོས་པའི་རེ་བ་ཞུས་ཀྱང༌། ཁོ་ཚོས་ང་ལ་ད་ལན་འདི་ཁོ་ཚོ་ལ་མཚོན་ན་ཡོང་སྒོའི་དུས་ཚིགས་ཤིག་ཡིན་པས་ཁང་གླ་ཁེ་བོ་གནང་ཐབས་ཁྱོན་ནས་མེད་ཟེར། གལ་སྲིད་ཁྱེད་ལ་གསུང་ཆོས་རྗེས་ནས་དགོས་ན་ཉིན་བཅུའི་རིང་ལ་སྒོར་ ༥༠༠༠ ཅན་གྱི་ཁང་པ་ཞིག་གསུང་ཆོས་ཚར་རྗེས་ཟླ་བ་རེ་ལ་སྒོར་༥༠༠ བྱ་ཆོག་ཟེར།
དེར་བརྟེན་ད་ཆ་སྡོད་ཁང་གི་གླ་ཆ་ཧ་ཅང་མཐོ་དྲགས་པའི་རྐྱེན་གྱིས་ཆོས་ཞུ་པ་མང་པོ་ཞིག་གིས་མེ་འཁོར་འཛིན་བྱང་ཕྱིར་སློག་བྱེད་ཀྱིན་ཡོད་རབས་འདུག
སྡོད་གུར་ཐབས་ཆག་ཅིག་ལ་ཉིན་བཅུའི་རིང་སྒོར་ ༢༠༠༠ དགོས་ཀྱི་ཡོད་ནའང་དེ་ལྟའི་སྡོད་གུར་རག་རྒྱུ་ཧ་ཅང་ཁག རྒྱུན་ལྡན་སྒོར་ ༥༠༠ དགོས་སའི་ཁང་པ་ཐབས་ཆག་རེ་ལ་ཉིན་བཅུའི་རིང་སྒོར་ ༥༠༠༠ དང༌། སྒོར་ ༡༥༠༠ དགོས་སའི་ཁང་པ་བདེ་མོ་ཞིག་ལ་ཉིན་བཅུའི་རིང་སྒོར་ ༡༠༠༠༠ རེ། མ་ཧེ་འཇུག་ས་ཁང་ངན་རེ་ལ་ཉིན་བཅུའི་རིང་སྒོར་ ༨༠༠༠ རེ་དང༌། ཅ་ལག་འཇོག་སའི་མུན་ཁང་སྒེའུ་ཁུང་མེད་ས་སྡོམ་ཐག་དཔྱངས་པ་རེ་ལ་སྒོར་ ༣༠༠༠ སྤྲོད་དགོས་ཀྱི་འདུག ངའི་རོགས་པས་བཤད་ན་ཁ་རྩང་ཁོ་ལ་རྒྱ་གར་བ་ཞིག་གིས་ཁྱི་ཚང་ཞིག་བསྟན་ནས་སྒོར་ ༣༠༠༠ དགོས་ལབ་བྱུང་ཟེར་ནས་ནང་ལ་ཕྱིར་བསླེབས་རྗེས་ཁོང་དགོད་བྱེད་ཞོར་མགོ་བོ་ཕར་གཡུག་ཚུར་གཡུག་བྱེད་ཀྱི་འདུག འོན་ཀྱང་སྟབས་ཡག་ནས་ང་ལ་དེ་འདྲ་ལབ་མཁན་མ་བྱུང༌།
སར་ཎའི་ཉེ་འཁོར་གྱི་མགྲོན་ཁང་ཚང་མ་ཆོས་ཞུ་པ་འབྱོར་ལྡན་པ་ཚོས་སྔོན་ནས་མངགས་ཚར་འདུག ཝར་ཎའི་སློབ་གྲྭའི་སྒོ་འགྲམ་ནས་གླ་འཁོར་ལ་སྒོར་དྲུག་ཅུ་རེ་སྤྲད་ནས་འགྲོ་དགོས་སའི་ས་ཆ་ཞིག་ལ་མགྲོན་ཁང་ཁ་ཤས་ཡོད་ནའང༌། རྒྱུན་ལྡན་ཞག་མ་གཅིག་ལ་སྒོར་ ༧༠༠ དགོས་ས་ཞིག་ལ་གསུང་ཆོས་སྐབས་ཞག་མ་རེ་ལ་སྒོར་ ༣༠༠༠ རེ་སྤྲོད་དགོས་ཀྱི་འདུག
ཉིན་ཤས་སྔོན་ཆོས་ཞུ་པ་ཚོའི་དཀའ་ངལ་ལ་དམིགས་ནས་ཝ་ར་ཎ་སི་མཐོ་སློབ་ཀྱི་སྤྱི་ཚོགས་ཞབས་ཞུ་ཚན་པས་ཆོས་ཞུ་པ་ཚོར་སྡོད་གུར་ཞིག་གྲ་སྒྲིག་བྱེད་ཀྱི་ཡོད་རབས་ཤིག་གོ་མྱོང་ཡང་ད་ལྟ་བཤད་རྒྱུ་ཅང་མི་འདུག་པས་ཕལ་ཆེར་ཡོད་ས་མ་རེད། དེར་བརྟེན་ངས་གསུང་ཆོས་གོ་སྒྲིག་གནང་མཁན་གྱི་སྦྱིན་བདག་གཏོང་ཕོད་ཅན་ཚོར་ཆོས་ཞུ་པ་ཉམ་ཆུང་ཚོའི་ཚབ་ཞུས་ནས་གང་མགྱོགས་ཆོས་ཞུ་པ་ཚོར་ཅུང་ཟད་ཁེ་བོ་ཡིན་པའི་སྡོད་གུར་སྟབས་བདེ་རེ་གྲ་སྒྲིག་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད། གང་ཡིན་ཞེ་ན། སྦྱིན་བདག་དབྱིན་མོ་དང་རྒྱ་མོ་གསུམ་བཞི་རེས་བསྐོར་ནས་ཕེབས་བཞིན་པའི་སྤྲུལ་སྐུ་ཚོར་ཁྱད་མ་མཆིས་ཀྱང༌། ད་ལན་གསུང་ཆོས་ལ་ཡོང་མཁན་མང་ཤས་གྲྭ་རྐྱང་དཀྱུས་མ་དང་མི་དམངས་ཉམ་ཆུང་ཤ་སྟག་ལ་བརྟེན་དེ་འདྲའི་སྡོད་གུར་སྟབས་བདེ་རེ་གོ་སྒྲིག་བྱེད་ཐུབ་ཚེ་ཁྱད་པར་ཧ་ཅང་མཆིས། གལ་སྲིད་གསུང་ཆོས་གོ་སྒྲིག་གནང་མཁན་གྱི་སྦྱིན་བདག་ཚོས་ས་གནས་འདིར་ཆོས་ཞུ་པ་ཚོར་སྡོད་གུར་གྲ་སྒྲིག་གནང་མ་ཐུབ་ཚེ། གསུང་ཆོས་གནང་སའི་ས་གནས་རྡ་རམ་ས་ལར་བརྗེ་སྤོར་གནང་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད། གང་ཡིན་ཞེ་ན། ལོ་རྟག་པར་སྨོན་ལམ་དང་གསུང་ཆོས་སྐབས། ཀིརྟི་གྲྭ་ཚང་དང༌། མཚན་ཉིད་གྲྭ་ཚང༌། རྣམ་རྒྱལ་གྲྭ་ཚང༌། ཚེ་མཆོག་གླིང༌། དགའ་ལྡན་ཆོས་གླིང་སོགས་ནས་ཆོས་ཞུ་པ་ཚོར་སྡོད་ཁང་གཡར་བོ་གནང་གི་ཡོད་སྟབས། ཆོས་ཞུ་པ་ཚོར་དཀའ་ངལ་མེད་པར་མ་ཟད། སྟབས་ཧ་ཅང་བདེ་བོ་ཡོང་གི་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: ནུབ་ཕྱོགས་ཀྱི་འཇིག་རྟེན་དང་ཤར་ཕྱོགས་ཀྱི་ནང་ཆོས།
Next Post: ལྷག་དོན་དུ་བོད་ཀྱི་སྤྱི་འཐུས་རྣམ་པས་ཅི་ཞིག་སྒྲུབ་བཞིན་ཡོད་དམ།

Comments (2) on “གསུང་ཆོས་རིང་གི་ཝར་ཎའི་ཁང་གླ་གནམ་ལ་སྙེག”

  1. རིག་རྒྱམ། says:
    2008-12-20 at 3:41 am

    གསུང་ཆོས་གོ་སྒྲིག་ཞུ་མཁན་ཚོས་གསུང་ཆོས་ཞུ་མཁན་ཚོའི་འགན་ཁུར་གྱི་ཡོད་པ་རེད། དཔེར་ན། མདོ་སྨད་རྒྱུན་ལས་ནས་སྔ་རྒྱུག་དགོང་རྒྱུག་གིས་གསུང་ཆོས་ཀྱི་ཆེད་དུ་ཡིན་ཟེར་ནས་ཞལ་འདེབས་བསྡུ་བཞིན་འདུག དེ་ག་རེའི་ཆེད་དུ་བསྡུ་ཡི་ཡོད་པ་རེད། ནམ་རྒྱུན་གོང་ས་མཆོག་གི་གསུང་ཆོས་སྐབས་རྡ་རམ་ས་ལ་དམིགས་བསལ་རེད་མ་གཏོགས། གཞན་ས་ཆ་གང་ནས་གསུངས་ནའང་གོ་སྒྲིག་ཡོད་ཡོད་པ་རེད། ད་ནི་རྒྱལ་བ་རིན་པོ་ཆེས་ལོ་སུམ་ཅུའི་རིང་གི་ཤེས་ཡོན་འཐུས་ཤོར་ལ་ཐུགས་ཕམ་གྱི་སྟེང་ལ། གསུང་ཆོས་གོ་སྒྲིག་གི་ཕྱོགས་ནས་ཀྱང་ཐུགས་ཕམ་གནང་གཞི་ཆགས་ན་ཡག་པོ་ཨེ་ཡོད། གསུང་ཆོས་ཞུ་མཁན་གྱི་སྦྱིན་བདག་ཚོས་གོ་བསྡུར་ཞིག་བྱེད་རན་རེད། གྲྭ་བ་གྲྭ་རྐྱང་ཆོས་ཞུ་བ་ཚོར་དགཽངས་པ་ཞིག་བཞེས་རན་རེད། དྲིན་ཆེན་སྦྱིན་བདག་རེ་ཡོད་ན་གཏོང་ཕོད་ཀྱི་ཕྱག་རྐྱོང་རན་ནས་འདུག གསུང་ཆོས་ཞུ་མཁན་ཚོས་མ་བྱུང་བ་ཡིན་དུས། གཏོང་ཕོད་ཅན་གང་ན་སུ་བཞུགས་ནས་ཕྱོགས་འདིར་དགོངས་པ་ཞིག་བཞེས་རྒྱུ་གལ་ཆེ་བར་འདུག་གོ།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-20 at 4:42 am

    ༧གོང་ས་མཆོག་གི་གསུང་ཆོས་གནང་རྒྱུའི་གསལ་བསྒྲགས་རྒྱ་གར་ཡུལ་ཕྱོགས་གསར་བ་གང་ཞིག་ཡིན་མིན་བསྒྲགས་མ་ཐག དེ་རུ་གནས་པའི་ཡུལ་མི་དེ་དག་གི་རྣ་ལམ་དུ་གསར་འགྱུར་དེ་འབྱོར་ཡོད་ལ། ཁོང་ཚོས་དེ་ནི་རང་ཉིད་ཀྱི་མི་ཚེ་ནང་གི་རང་ཉིད་ཕྱུག་པོར་འགྱུར་ཐབས་ཀྱི་དུས་ཚིགས་ཁྱད་པར་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས། ཆོས་ཞུ་བ་དག་ཉམ་ཆུང་ཡིན་མིན་སོགས་ལ་བསམ་བློ་གཏོང་བས་རྣམ་དཔྱོད་དེ་དག་ཁོང་ཚོ་ལ་མེད། ལྷག་པར་དུ་བོད་པ་ཚང་གི་འབྱོར་ལྡན་པ་རེ་ཟུང་གི་མི་དམངས་ཡོངས་ཀྱི་ཆོས་ཞུ་བ་དག་གི་བདེ་སྡུག་ལ་བསམ་བློ་མི་གཏོང་བར་ཧིན་སྒོར་སྟོང་ཕྲག་ཁ་ཤས་ལ་གང་ཡང་བརྩི་བཞིན་མེད་པར་སྤྲོད་རྐྱང་བྱེད་ཀྱི་ཡོད། དེ་ནི་ཁོང་ཚོ་གནས་ཡུལ་གྱི་རྒྱལ་ཁབ་ཁག་གི་སྒོར་མོ་དང་བསྡུར་ན་ཧིན་སྒོར་སྟོང་ཕྲག་ཁ་ཤས་ནི་སྒོར་མོ་བརྒྱ་ཉིས་བརྒྱ་ཡིན་པ་དང་། ལྷག་པར་དུ་ཁོང་ཚོས་རྒྱ་གར་ནང་གི་ཆོས་ཞུ་བ་ཉམ་ཆུང་དག་གི་འགྲོ་སོང་གཏོང་ཐུབ་ཀྱི་ཡོད་མེད་ལ་བསམ་བློ་གཏོང་མྱོང་མེད་པས་རེད། གང་ལྟར། ད་ནི་ཐབས་ཤེས་གཞན་ཞིག་འཐེན་དགོས་པ་དེ་ནི་གསུང་ཆོས་ཚོགས་པ་ནས་ཐུགས་འགན་རེ་བཞེས་ཐུབ་མིན་དེ་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་རེད། དེ་མིན་གསུང་ཆོས་དེ་ནི་རྒྱུ་ཡོད་མེད་ཀྱིི་ས་མཚམས་འདྲ་བོ་ཆགས་ན། ༧གོང་ས་མཆོག་གི་གསན་ན་ཐུགས་སེམས་ཕམ་སྲིད་པ་ནི་བཤད་མ་དགོས་པ་ཡིན་ལ། རྗེས་ཕྱོགས་འདི་འདྲའི་གནས་ཆེན་ཁག་ནས་གསུང་ཆོས་གནང་རྒྱུར་རེ་བ་ཡང་ཆུང་ཆུང་ཡིན་ངེས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme