Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སུ་ཞིག་གིས་བོད་ཡུལ་ཟང་ཟིང་བཟོས་པ་རེད།

Posted on 2011-04-27 By ཁ་བརྡ་ 8 Comments on སུ་ཞིག་གིས་བོད་ཡུལ་ཟང་ཟིང་བཟོས་པ་རེད།

འཇིགས་མེད་ཚེ་རིང་།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༦ ཉིན་ཁོ་བོས་<<སུ་ཞིག་གིས་བོད་ལྗོངས་ཀྱི་གནད་དོན་རྙོག་འཛིང་ཅན་དུ་བསྒྱུར་བ་རེད་>>ཅེས་པའི་ཉོག་བཤད་ལུང་བ་གང་ཅན་གྱི་ཡིག་ཚོགས་ཤིག་བཀླགས་པ་ཡིན། ཡིག་རྙོག་དེ་མཐོང་བས་ཁོ་བོའི་སེམས་སུ་“ཧམ་པ་ཅན་བཤད་མཁས་ན་བདེན་པ་ཅན་ངུ་ཤོར་”ཟེར་བའི་བཤད་རྒྱུན་འདིའི་ཚོར་བ་བོད་མི་ཆེས་ཉུང་ཤས་ལ་འབྱུང་སྲིད་སྙམ་པའི་སེམས་ངལ་ཞིག་བྱུང་ཞིང་། ལས་དོན་འདྲ་མིན་གྱི་དབང་གིས་རང་རེའི་བོད་ཀྱི་ལོ་རྒྱུས་ཐད་གསལ་ཆ་མེད་པའི་མི་རྣམས་ལ་ཁོ་བོའི་གསལ་བཤད་འདི་ཕན་པའི་ཆ་ཡོད་ངེས།
བོད་མི་རིགས་བྱུང་ནས་ཕྱི་ལོ་ ༡༩༥༢ བར་དུ་བོད་ནི་གཞི་རྩའི་ཡོངས་ཁྱབ་སྲིད་གཞུང་དང་། སྒྲིག་འཛུགས། སྲིད་ལུགས། གཞུང་ཞབས་ཀྱི་གནས་རིམ་བཅས་ཆ་ཚང་བའི་ཟུར་བཏོད་ཀྱི་གཤིས་ཀ་ལྡན་པའི་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་དམར་པོའི་གཞུང་གི་བཀའ་བཀོད་འོག་བོད་ཡུལ་དུ་དྲག་པོའི་བཙན་འཛུལ་བྱས་པ་ནས་རྒྱ་ནག་དང་ས་འབྲེལ་ཡིན་པའི་བོད་ཀྱི་མཐའ་མཚམས་མི་དམངས་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བ་དང་། གོམས་སྲོལ། དད་མོས་བཅས་ཀྱི་རང་དབང་ཤོར་ཞིང་། བག་ཕེབས་ཀྱི་མི་སེམས་ཟང་ཟིང་ལང་ལོང་བཟོས། རྒྱ་གཞུང་གི་དྲག་པོའི་དམག་མིའི་རླབས་རྒྱུན་རིམ་བཞིན་བོད་ཡུལ་ཡོངས་སུ་ཁྱབ་མགོ་ཚུགས་ཤིང་། བོད་མི་རྣམས་ཀྱིས་ཚུལ་འདི་ལ་“རས་ལ་སྣུམ་འཐིམས་པ་ལྟར་སླེབས་”ཞེས་ཟེར་བ་རེད།
བོད་མི་རྣམས་ནི་སྙིང་རྗེ་ཆེན་པོ་དང་ལྡན་པའི་འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་བྱ་དང་། མ་ཎི་ཡི་གེ་དྲུག་མའི་ཀློག་འདོན་རང་བཞིན་གྱི་ཤེས་པའི་མི་རིགས་ཤིག་ཡིན་ཞིང་། མ་ཎི་ཡི་གེ་དྲུག་མ་ནི་སྙིང་རྗེ་དང་། བྱམས་སེམས། བརྩེ་བ་བཅས་ཀྱི་མཚོན་དོན་བླ་ན་མེད་པ་དེ་རེད། རླབས་ཆེན་གྱི་སེམས་ཁམས་འདི་འདྲ་འཁྱེར་བའི་མི་རྣམས་ཀྱི་མདུན་དུ་མི་གསོད་ཁྲག་སྦྱོར་གྱི་ལས་ངན་བསགས་པར་སྡིག་པ་མིག་བཙུམས་བྱེད་པའི་སྙིང་རྩ་སྦོམ་པོ་དེ་ཡོད་མི་སྲིད་པ་ཞིག་ཡིན། དེའི་རྐྱེན་གྱིས་རྒྱ་དམར་གཞུང་གིས་ཕྱི་ལོ་༡༩༥༢ལོར་ང་ཕོད་སོགས་ལ་རང་གི་དབང་ཚད་ལས་བརྒལ་བའི་གྲོས་ཆོད་དོན་ཚན་བཅུ་བདུན་བཙན་ཤུགས་དང་། འཇིགས་སྐུལ་འོག་འཇོག་བཅུག་པར་བོད་དབུས་གཞུང་ནས་རེ་ཞིག་མོས་མཐུན་གནང་ཡང་། ཁ་བཤད་དོན་ལ་མི་གནས་ཤིང་། ཡིག་ཐོག་གི་ཆོད་དོན་ལ་ཐེངས་མང་གཙིས་མེད་རྡོག་རོལ་རྒྱ་དམར་རང་ནས་བཏང་བས་གྲོས་ཆོད་དེ་ལ་གཞི་རྩའི་ཁྲིམས་ནུས་ཀྱི་རང་བཞིན་ཤོར་ཡོད། ཕྱི་ལོ་༡༩༥༩ ལོར་བོད་མི་ཡོངས་ཀྱི་རླབས་ཆེན་གྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་གཞུང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། གྲོས་ཆོད་དོན་ཚན་བཅུ་བདུན་གཙིས་མེད་ཡིན་པའི་གསལ་བསྒྲགས་བསྐྱངས།
དེ་ནས་བཟུང་བོད་ཡུལ་དུ་རྒྱ་དམར་གྱི་བཀས་བཀོད་རྒྱུན་འཛིན་མཁན་གྱི་དཔོན་ངན་དག་གིས་གཉའ་གནོན་དང་འཇིགས་སྐུལ་མཚམས་ཆད་མྱོང་མེད། བོད་ནི་སྲིད་པ་ས་ལ་ཆགས་པ་ནས་རྒྱ་ནག་གི་ཆ་ཤས་ཤིག་དང་། རྒྱ་དམར་གྱི་དབང་བསྒྱུར་བྱེད་སའི་བྲན་ཡུལ་ཅིག་ཏུ་བཤད་དེ་ལོ་རྒྱུས་ཀྱི་ངོ་གདོང་ལ་ཚོས་གཞི་འདྲ་མིན་བྱུགས་ནས་འགྲོ་བ་ཡོངས་ལ་མགོ་སྐོར་གཏོང་བའི་ནག་ཉེས་བསགས་ཀྱིན་ཡོད་པ་མ་ཟད། བྱིས་པའི་དྭངས་གཙང་གི་ནམ་མཁར་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་ཟས་ཡིན་པ་ལྟ་བུའི་ཧམ་པ་བཤད་ཀྱི་ཡོད། འོན་ཀྱང་། བདེན་པ་ནི་ནམ་ཡང་བདེན་པའི་ངོར་གནས་ཤིང་། བདེན་པ་བརྗོད་པའི་སྐྱེ་བོ་ཡང་འཇིག་རྟེན་སྟེང་ཡལ་མི་སྲིད་པ་ཡིན། རྒྱ་ནག་རང་གི་ཤེས་ལྡན་པའི་ཁྲོད་དུ་བོད་ཀྱི་ལོ་རྒྱུས་ཐད་ཕྱེས་པའི་མིག་དབང་ལ་མདངས་གསར་བ་ཞིག་སླེབས་ཤིང་། བོད་དང་མན་ཇུ། ད་དུང་རྒྱ་ནག་གསུམ་གྱི་ཐ་དད་པའི་སྟོབས་ཤུགས་དང་། གཅིག་འོག་གཅིག་བསྡུས་ཀྱི་བྱུང་བ། སོག་པོས་དབང་བསྒྱུར་འོག་ནས་བོད་དང་རྒྱ་ནག་ལ་རང་བཙན་ཐོབ་པའི་དངོས་ཡོད་ཀྱི་ལོ་རྒྱུས་གསལ་བསྒྲགས་གནང་། ཞི་འཇམ་བག་ཕེབས་ཀྱི་བོད་ཀྱི་འཚོ་བ་འུར་འུར་ཟང་ཟིང་བཟོས་ཤིང་། ལོ་རྒྱུས་ཀྱི་བདེན་པ་བཀབ་ཀྱང་མངོན་འོངས་པའི་དུས་ལ་སླེབས་དུས། རྒྱ་དམར་གཞུང་འུ་ཐུག་ཐབས་ཟད་ཀྱིས་རང་གི་བདེན་པར་རང་གིས་ཚད་གཞི་བཟོས་ཤིང་། རང་ཉིད་གཅིག་བུའི་ཁེ་ཕན་ད་གཟོད་བདེན་པར་ཡིད་ཆེས་ཀྱི་ཡོད་པ་རེད། ཡ་མཚན་པ་ཞིག་ལ་རྒྱ་དམར་གཞུང་གིས་ནམ་ཡང་བོད་ནི་མི་རིགས་གཞན་ཞིག་གི་བཀོད་འདོམས་འོག་སོང་ཡོད་པ་དང་། འགྲོ་དགོས་པར་བརྗོད་དེ་བོད་མི་རྣམས་ཀྱི་སེམས་ཚོར་དང་མངོན་འདོད་ལ་དུས་རྒྱུན་དུ་འགྲེལ་བཤད་ཡ་མཚན་པ་རེ་བྱེད་པ་རེད།
དོན་དངོས་སུ་རྒྱ་དམར་གཞུང་བོད་མི་མང་གི་མངོན་འདོད་ལ་སྐྲག་སྣང་སྐྱེས་ཀྱི་ཡོད་པ་དང་། སྐྲག་སྣང་དེ་ནི་༧གོང་ས་༧ཏྰ་ལའི་བླ་མ་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་གྱི་བདེན་སྟོབས་ལས་ཀྱང་འཇིགས་ཡེར་བ་ཞིག་ལ་བརྩི་བཞིན་ཡོད། ༧གོང་ས་ཏྰ་ལའི་བླ་མ་མཆོག་གིས་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ལག་ལེན་གནང་སྟེ་བོད་མི་རྣམས་ཀྱི་མངོན་འདོད་ལ་གཙིགས་ཆེན་པོ་མ་གནང་བ་ཡིན་ན་རྒྱ་དམར་གཞུང་གི་ཞེད་སྣང་ཡལ་རྒྱུ་ཡིན་ཡང་། བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧ཏྰ་ལའི་བླ་མ་མཆོག་ནི་དགུང་ལོ་གཞོན་པའི་དུས་ནས་མང་གཙོའི་ལམ་ལུགས་ལ་ཐུགས་མོས་ཤིན་ཏུ་ནས་ཆེན་པོ་གནང་གི་ཡོད་ཅིང་། ཁོང་གིས་ནམ་ཡང་མི་མང་གི་མངོན་འདོད་ལ་གཙིས་མེད་གནང་བ་ཡེ་ནས་མེད།
༧གོང་ས་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་། བཙན་བྱོལ་བོད་གཞུང་མང་གཉིས་ཀྱི་དབུ་ཁྲིད་མཚན་ཐོག་ནས་དབུ་མའི་ལམ་གྱི་དགོངས་དོན་གསལ་བསྒྲགས་གནང་བའི་སྔ་ཕྱི་གང་དུའང་“མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱེད་ཀྱི་རེད་”ཅེས་པའི་བཞེངས་ཕྱོགས་འདི་ཡིས་རྒྱ་ནག་དམར་གཞུང་གི་སྙིང་རྩ་ཚ་བེར་རེར་གཏོང་གི་ཡོད་པ་དང་། མི་མང་གི་མངོན་འདོད་ལ་རྡོག་རྫིས་དང་། དམར་གཞུང་གི་བཀའ་བཀོད་མུ་མཐུད་སླད་བོད་ཀྱི་མི་མང་རྣམས་ལ་ཚ་གཅུན་གྱི་སྲིད་བྱུས་མང་པོ་ལག་བསྟར་བྱས་ཏེ་སུན་སྣང་སྟེར་གྱི་ཡོད། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཞི་བའི་སྐད་འབོད་གནང་སྟེ་རང་ཉིད་ཀྱི་མངོན་འདོད་བསྒྲགས་པ་ཙམ་ལའང་རྒྱ་དམར་གཞུང་གིས་“རྡུང་གཅོག་གསོད་འཕྲོག་”གིས་དུས་རབས་གཅིག་མ་ཟིན་ཙམ་གྱི་རིང་བོད་ཡུལ་གྱི་སྤྱི་ཚོགས་བརྟན་བརླིང་མེད་པ་དང་། མི་སེམས་སྡུག་བསྔལ་གྱིས་མནན་པ་སོགས་འུར་འུར་ཟང་ཟིང་དུ་གྱུར་ཏེ་ཞི་བདེ་བག་ཕེབས་དང་། དུས་རབས་དང་མཐུན་པའི་འཚོ་བའི་ལོངས་སྤྱོད་ཡོངས་སུ་རྨེག་མེད་དུ་བཏང་ཡོད།
ཕྱི་ལོ་༢༠༡༡ ཟླ་༤ ཚེས་༢༦ཉིན།

རྩོམ་རིག

Post navigation

Previous Post: དུད་སྤྲིན་ནག་པོས་དྲི་བ་ལན་གཅིག་དྲིས།
Next Post: འབྲས་སྤུངས་དགོན་པས་ཀིརྟི་དགོན་པར་གདུང་སེམས་མཉམ་བསྐྱེད་གནང་ཡོད།

Comments (8) on “སུ་ཞིག་གིས་བོད་ཡུལ་ཟང་ཟིང་བཟོས་པ་རེད།”

  1. ལྷ་སྡེ་གནམ་ལོ་ཡག says:
    2011-04-28 at 2:32 am

    རྩོམ་ཡག་པོ་ཞིག་སྤེལ་འདུག མུ་མཐུད་དུ་འདི་དག་ཐད་དོ་སྣང་དང་འབྲི་རྩོམ་གནང་བའི་རེ་བ་ཡོད།

  2. བཀྲ་ཤིས་ནག་ལྡང་། says:
    2011-04-28 at 2:38 am

    དགྲ་ཁར་ལངས་པའི་བོད་ཀྱི་གཞོན་ནུ་ཞིག་ཡོད་ན་ཧ་ཅང་བཟང་གི། ཧ་ཅང་དགོས་ངེས་ཀྱི་རྩོམ་ཡིག་ཅིག་རེད།

  3. ལུང་རྟོགས། says:
    2011-04-28 at 3:29 am

    འཇིག་མེད་ཚེ་རིང་ལགས། ཁྱོད་ལྟ་བུའི་རྩོམ་པ་པོ་ནི་ང་ཚོ་ལ་ཇི་འདྲའི་མཁོ་ཨང་། བཙན་བྱོལ་ཁྲོད་ཀྱི་རྩོམ་པ་པོ་དང་མཆན་འདེབས་མཁན་ཕལ་ཆེ་བ་ནི་ནང་ཁུལ་གྱི་བརྩོད་རྙོག་ཞིག་བྱུང་ན་དེ་ལ་ཚང་ཁ་རྒྱབ་པ་ལས། ཁྱོད་ལྟར་དུ་མདུང་རྩེ་ཕྱི་ལ་བསྐོར་ཐུབ་མཁན་ནི་ཤིན་ཏུ་ཉུང་ཉུང་རེད། དེས་ན་ཁྱེད་རང་མང་ཙམ་ཕེབ་རྒྱུའི་རེ་བ་ཞུ།

  4. འཇིགས་མེད་ཚེ་རིང་། says:
    2011-04-28 at 3:55 am

    བཀུར་འོས་ཀློག་པ་པོ་རྣམས་པ་ལགས།
    གུས་པའི་རྩོམ་ཡིག་འདིའི་ནང་ཕྱི་ལོ་༡༩༥༢ཞེས་བཀོད་ཡོད་པ་དེ་ཕྱི་ལོ་༡༩༥༡ཞེས་འགོད་དགོས་པར་ཕྲན་ལ་ནོར་འཁྲུལ་ཤོར་ཡོད་པས་དགོངས་སེལ་དང་བསྒྲགས། དེ་དོན་བཅོས་ཡོང་བ་མཁྱེན།

  5. འཇིགས་མེད་ཚེ་རིང་། says:
    2011-04-28 at 4:19 am

    དྲ་གྲོགས་རྣམ་པ་ལགས་ད་དུང་བཀྲ་ཤིས་མིང་བཀོད་པ་འདིས་ཏ་ལའི་བླ་མའི་ཚུལ་དང་མི་མཐུན་པའི་ཆབ་སྲིད་བསྒྱུར་བཅོས་ཀྱི་ལྟ་བ་གླེང་བ་ཟེར་བ་ཞིག་བྲིས་འདུག་པས་འདིས་ཐད་རང་རང་གི་བསམ་ཚུལ་འབྲི་ཐུབ་ན་ཕན་ཐོགས་ཆེན་པོ་རེད་བསམ་གྱི་འདུག

  6. གཅན་བཟོད་རྒྱམ། says:
    2011-04-28 at 5:34 am

    འཇིགས་མེད་ལགས་ཀྱི་རྩོམ་ཡིག་འདི་འདྲ་ངོ་མ་མཁོ་བའི་སྒང་རེད། ཚིག་དོན་གཉིས་ཐད་ནས་ངོ་མ་བློར་བབ་སོང་། སྨྱུག་ཁ་སྐོར་ས་ཡང་ནོར་མི་འདུག
    ཨོ་རེད། ༡༩༥༩ དེ་༡༩༥༡་ལ་བཅོས་དགོས་པ་ཡིན་ནམ།

  7. ལ་སྟོད་བུ། says:
    2011-04-28 at 5:46 am

    འཇིགས་མེད་ཚེ་རིང་ནས་རྩོམ་ལེགས་པོ་ཞིག་སྤེལ་བར་གུས་འདུད་ཡོད།
    སུ་ཞིག་གིས་བོད་ཡུལ་ཟང་ཟིང་བཟོས་པ་རེད་ཟེར་ན།
    དེ་ལ་རྒྱུ་རྐྱེན་མང་པོ་ཡོད།
    ང་ཚོ་ནི་བདེན་པ་དང་བདེན་པར་ཡིད་ཆེས་བྱེད་པའི་མི་རིགས་ཤིག་ཡིན་པར་བརྟེན་ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་བདེན་པའི་གནད་དོན་ཤོད་དགོས།
    དེ་ནི་རང་སྐྱོན་དང་གཞན་སྐྱོན་ནམ་རང་རྐྱེན་དང་གཞན་རྐྱེན་གཉིས་ཀ་དེ་ཡི་ནང་དུ་སླེབས་ཡོད།
    རང་རྐྱེན་ནི་བོད་མི་རིགས་འདི་ཆོས་དད་ཆེ་ཞིང་གློ་སྙིང་བྲང་གསུམ་གྱི་ཡོད་ཚད་ཚང་མ་་ཆོས་ལ་གཏད་དེ་ནོར་འཁྲུལ་ཀྱང་མི་ཉུང་བ་ཞིག་ཟོས་ཡོད།
    གྲི་གུམ་གྱི་སྐབས་སུ་བོན་གྱི་ཆོས་དད་མི་སྣས་ཆབ་སྲིད་ལ་འཐེ་བྱུས་ཀྱིས་མཐར་རྒྱལ་པོས་བོན་བསྣུབ་པའི་ལོ་རྒྱུས་ཀྱི་ལེའུ་ཤར་དགོས་བྱུང་བ་དང་དེ་ནས་བོན་ལ་དད་མོས་ཆེ་བའི་མི་སྣས་བཙན་པོ་གྲི་རུ་བཀུམ་པས་རྒྱལ་དང་དམངས་མགོ་འཇུག་མེད་པའི་ལེའུ་ཞིག་ཐོག་མར་བརྩམས་ཡོད།
    དེ་རྗེས་བོད་མི་རིགས་འདི་ཡི་རིགས་གཞུང་ཐམས་ཅད་རྒྱ་གར་ནས་བྱུང་རབས་བཤད་དེ་བོད་མི་རིགས་འདི་དུས་རབས་བདུན་པའི་ཡར་སྔོན་དུ་གླེན་པ་ཁྱུ་གཅིག་འཚོགས་པའི་ཀླད་མེད་རིག་མེད་ཀྱི་མི་རིགས་ཤིག་ཏུ་སྒྲུབ་བཞིན་ཡོད།
    དེ་རྗེས་ཆོས་རྒྱུད་ནང་ཕན་ཚུན་དབར་འགྲན་སེམས་ཁོ་ནས་བོད་མི་རིགས་འདི་ལ་ཟང་ཟིང་མང་པོ་ཞིག་སླངས་ཡོད།
    དཔེར་ན་རྙིང་མས་རྒྱ་གར་ནས་མཁས་པ་ལས་སོགས་གདན་དྲངས་ནས་བོད་ནང་ཁུལ་དུ་རྩོད་པའི་གཞི་འགྲམ་ཞིག་བསྟེངས་ཡོད།
    དེ་ནས་ས་སྐྱས་སོག་དམག་དྲངས་ཏེ་བོད་ལ་མི་བདེ་བ་ཟོས་ཡོད།
    དེ་ནས་བཀའ་རྒྱུད་པས་གྷོར་དམག་བོད་དུ་གདན་དྲངས་ནས་བོད་ལ་མི་བདེ་བ་ཟོས་ཡོད།
    དེ་ནས་དགེ་ལུགས་ཀྱིས་རྒྱ་ལ་རྒྱབ་བརྟེན་བྱས་ཏེ་རྒྱ་ཡི་འཇའ་ས་དང་ཐེམ་ཀ་ལས་སོགས་ཀྱི་དབང་ཅན་གྱི་ཡིག་དུམ་དང་གསེར་དུམ་ངོམ་ཏེ་མི་བདེ་བ་ཟོས་ཡོད།
    ཏ་ལི་བླ་མའི་ཡང་སྲིད་ངོས་བཟུང་གནང་ཕྱོགས་ལའང་བོད་པས་རྒྱ་ནག་ནས་རྒྱབ་གཉེར་གྱི་གསེར་དུམ་གྱི་ཡི་གེ་བླངས་ཡོད།
    དེ་ནས་སྐུ་དྲག་རིང་ལུགས་ཀྱིས་དམངས་ལ་དགོས་པའི་ཕན་ཐོགས་སྣ་གཅིག་མེད་པར་གཉའ་གནོན་བཤུ་ཤོག་ཁོ་ནས་ལས་ཀ་བྱས་པས་དམངས་སེམས་ལོག་སྟེ་མཐའ་མཚམས་ཀྱི་ས་ཁུལ་དང་མི་སེར་ཐམས་ཅད་གཞན་ལ་ཤོར་བའི་རྒྱུ་རྐྱེན་སྒྲུབ་ཡོད།
    ད་དུང་མང་པོ་གླེང་རྒྱུ་ཡོད་མོད་དེ་རིང་དེ་ཙམ་ཡིན།
    འོན་ཀྱང་དེ་ཡི་གནས་སྐབས་སུ་བོད་ནི་རང་བདག་རང་དབང་ཅན་གྱི་རྒྱལ་ཁབ་ཞིག་ཡིན་པ་ལས་རྒྱ་ནག་གི་ཆ་ཤས་ལས་སོགས་གང་ཡང་མ་ཡིན།
    གཞན་རྐྱེན་ནི་སྤྱི་ལོ་༡༩༥༠་རྗེས་ནས་ཟང་ཟིང་ཐམས་ཅད་རྒྱ་ནག་གིས་བྱས་པ་ཡིན།
    འོན་ཀྱང་རྒྱ་ནག་གིས་རྟག་ཏུ་དབོན་ཞང་གིས་འབྲེལ་བ་ཡོད་པའི་རྒྱུ་མཚན་འདྲེན་པ་ནི་རྒྱུ་མཚན་བགྲངས་རྒྱུ་མེད་ནས་འུ་ཐུག་པའི་གཏམ་ཁོ་ནར་ཟད།་་་་དེ་ལྟར་ན་བོད་འདི་བལ་པོའི་མངའ་ཁོངས་ཤིག་ཏུའང་བསྒྲུབ་ཆོག
    རྒྱ་གར་གྱི་དགེ་ཕྲུག་ཡིན་པས་དགེ་རྒན་རྒྱ་གར་གྱི་དབང་བསྒྱུར་བྱེད་ཆོག་་
    མདོར་ན་གླིང་འདིར་རྒྱལ་ཁབ་མང་པོ་སྔར་དུས་ཕན་ཚུན་འབྲེལ་མེད་དོན་གཞན་ནམ་གཅིག་རྟེན་གཅིག་རྟེན་མེད་པའི་མི་རིགས་ཤིག་ཡོད་མི་སྲིད།་དེ་ལྟར་ན་རྒྱ་གར་འདི་ཨི་ཏྲ་ལི་ཡི་ཆ་ཤས་སུ་སྒྲུབ་ཐུབ་བམ།ད་ལྟ་དབྱིན་ཡུལ་གྱི་རྒྱལ་མོ་དང་ཨ་རི་བ་སྐྱེས་པ་གཉིས་འཇིག་རྟེན་གྱི་འབྲེལ་བ་ཆགས་ཡོད་པས་དེ་ཡང་ཨ་རིའི་རྒྱལ་ཁབ་འདི་བཞིན་དབྱིན་ཡུལ་གྱི་ཆ་ཤས་ཤིག་ཡིན་ནམ།
    འོན་ཀྱང་འདི་དག་ཐམས་ཅད་ཆོས་ལ་བསྐུར་བའི་ངན་འབྲས་ཤིག་ཡིན་པ་ཟུར་ལྟས་ལེབ་མཐོང་ཡིན།
    ད་ལྟ་ཡང་ང་ཚོ་ནི་རྒྱ་གར་གྱི་དགེ་ཕྲུག་ཡིན།
    ང་ཚོ་ནི་རྒྱ་ནག་དང་ཐེ་ཝན་གྱི་ཤ་ཉེ་ཡིན་མོན་ཏ་ཝང་ཡང་རྒྱ་གར་གྱི་ཡིན་ཟེར་བ་ལས་སོགས་ཀྱང་ལོ་རབས་བརྒྱ་ཕྲག་གི་རྗེས་སུ་དེ་དག་བོད་འདི་རྒྱ་དཀར་ནག་གི་ཆ་ཤས་ཤིག་ཏུ་བསྒྲུབ་རྒྱུའི་རྒྱུ་མཚན་དང་ཆ་རྐྱེན་གཙོ་བོ་ཞིག་ཆགས་སྲིད།
    ཀླུ་མཁར་འབྱམས་ཀྱིས་་ཀྱང་རྒྱུ་མཚན་འདི་ལྟར་གཟིགས་པ་ཡིན་རྒྱུ་ཡིན་སྲིད།

  8. འཇིགས་མེད་ཚེ་རིང་། says:
    2011-04-28 at 8:09 am

    གཅན་བཟོད་རྒྱམ་ལགས། ཕྱི་ལོ་༡༩༥༩དེ་བཅོས་དགོས་པ་མ་ཡིན་པར་༡༩༥༢ དེ་༡༩༥༡ལ་བཅོས་རོགས་གནང་།
    རྣམ་པ་དག་གིས་སེམས་ཤུགས་སྤར་བར་སྗིང་ནས་དགའ། ཞིབ་འཇུག་པ་ལྷ་སྡེ་གནམ་ལོ་ཡག་གིས་གཟིགས་པར་ཡིད་སྤྲོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme