Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སུ་མ་ཏི་ཀིརྟི་ལ་མཆོད་པ་སྤྲིན་གྱི་ནོར་བུ།

Posted on 2015-12-052015-12-05 By ཁ་བརྡ 10 Comments on སུ་མ་ཏི་ཀིརྟི་ལ་མཆོད་པ་སྤྲིན་གྱི་ནོར་བུ།

unnamed-1——ཨེ་མ་ཧོ།

 
ན་མོ་གུ་རུ་སུ་མ་ཏི་ཀིརྟི་ཡེ།
ཆོས་དབྱིངས་སྤྲོས་བྲལ་ནམ་མཁའི་ཀློང་།།
ཆོས་ཅན་སྣང་སྲིད་ཉི་ཟླའི་འོད།།
གང་དགར་འཆར་བའི་སྒྱུ་འཕྲུལ་དཔལ།།
འཇིག་རྟེན་སྒྲོན་མེ་སྙིང་ནས་དྲན།།
རྒྱལ་ཀུན་འདུས་ཞལ་པདྨ་འབྱུང་།།
ཇོ་བོའི་སྤྲུལ་པ་བློ་བཟང་གྲགས།།
གངས་ལྗོངས་བདེ་སྐྱིད་འདྲེན་པའི་དཔལ།།
མདོ་སྔགས་བསྟན་པའི་བདག་པོ་དྲན།།
ཀུན་བཟང་མཆོད་སྤྲིན་ཡིད་བཞིན་ནོར།།
ཚོགས་གཉིས་མཐའ་ཡས་དགེ་ལེགས་ཚོགས།།
རྒྱལ་ཀུན་མཆོད་དང་འགྲོ་ལ་སྦྱིན།།
ཕན་བདེ་མི་ཟད་གཏེར་ཏུ་སྨོན།།

ཞེས་པ་རབ་གནས་སྨིན་དྲུག་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་གྱི་ལྟ་གོན་ཉིན་སློབ་མ་དཔལ་ལྡན་ལྷ་མོས་ལྔ་མཆོད་ཆེད་དུ་མེ་ཏོག་དཀར་དམར་སྣ་ཚོགས་པ་དྲི་ཞིམ་གྱི་ངད་དང་མ་ཡལ་བ་དག་མཆོད་བཤམས་འབུལ་བ་ལ་ཡི་རང་བཅས་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་ཝ་ཛྙྰ་ན་གུ་རུའི་ལྷ་ཁང་ནས་གསོལ་བ་འདེབས་པར་དགེའོ།། །།

སྙན་ངག

Post navigation

Previous Post: དགེ་བཤེས་བློ་བཟང་གྲགས་པ་དང་རྗེ་རྒྱལ་བ་གཉིས་པ། འཇམ་མགོན་བླ་མ། རྗེ་བདག་ཉིད་ཆེན་པོ།
Next Post: རྒྱ་ནག་གིས་དངོས་ཡོད་གནས་སྟངས་སྦས་གསང་བྱས་པར་སྐྱོན་བརྗོད་ཤུགས་ཆེ་བྱས་པ།

Comments (10) on “སུ་མ་ཏི་ཀིརྟི་ལ་མཆོད་པ་སྤྲིན་གྱི་ནོར་བུ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-12-05 at 1:23 am

    བསྟན་པའི་བདག་པོ་སྟོན་པ་ཤྰཀྱ་ཐུབ། །
    སླར་ཡང་པདྨ་འབྱུང་གནས་ཨ་ཏི་ཤ །
    བློ་བཟང་གྲགས་པ་རྩ་བའི་བླ་མ་སོགས། །
    དབྱེར་མེད་སྤྲུལ་པའི་བྱིན་རླབས་འཇུག་པར་ཤོག །

  2. ཀརྡོ་གཉེར་ཕྱག་པ་ says:
    2015-12-05 at 1:28 am

    དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
    དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
    གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
    བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

  3. ཀརྡོ་གཉེར་ཕྱག་པ་ says:
    2015-12-05 at 1:38 am

    ཙོང་ཁ་པ་ནི་བློ་བཟང་གྲགས་པའི་རྗེ། །
    ཐོས་བསམ་མཐར་ཕྱིན་སྒོམ་འབྱུང་མཛད་པའི་ཚེ། །
    འཇམ་དབྱང་དངོས་གཟིགས་གདམས་ངག་ཞལ་ནས་སྩལ། །
    འཇམ་དབྱངས་དངོས་བྱོན་བརྒྱུད་པའི་བླ་མར་འདུད། །

  4. ཏི་སི། says:
    2015-12-05 at 1:55 am

    ཆོས་རྗེ་ཙོང་ཁ་ཆེན་པོར་སྒོ་གསུམ་གུས་པ་ཆེན་གསོལ་བ་འདེབས་སོ་བྱིན་གྱིས་རླབ་ཏུ་གསོལ།
    ???????????????????????

  5. ཇུང་ཏོག་ says:
    2015-12-05 at 3:26 am

    ཀ་དགས་ཕྱག་རྒྱ་བློ་བཟང་གྲགས་པའི་དཔལ་།
    ཁ་བའི་ཡུལ་དུ་ཁྱེད་ཀྱིས་འགྲོ་དོན་མཛད་།
    ག་བུར་ཙན་དན་དྲི་ཞིམ་མེ་ཏོག་སོགས་།
    ང་རྒྱལ་སྤངས་པའི་མཆོད་སྤྲིན་ཁྱེད་ལ་འབུལ་།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-12-05 at 4:39 am

    ན་མོ་གུ་རུ་སུ་མ་ཏི་ཀིརྟི་ཡེ། ཞེས་མ་དག་པའི་ལེགས་སྦྱར་མཆོད་བརྗོད་དེ་ཉིད་དག་པར་བྱེད་ན། འདི་ལྟརཱ
    ན་མོ་གུ་རུ་སུ་མ་ཏི་ཀཱིརྟ་ཡེ།
    ་
    ཞེས་མ་དག་པ་དག་པར་བྱས་པའི་དགེ་བས། རྗེ་ཙོང་ཁ་པ་ཆེན་པོའི་མཛད་པ་འཕྲིན་ལས་ཀྱི།
    ་
    བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།
    ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།
    སྙིང་རྗེ་ཆེན་པོ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།
    ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །
    ་
    བྱང་ཆུབ་ལམ་རིམ་ཆེན་མོའི་མཇུག་བྱང་ལས་ཕྱུངས་པའིཚིགས་བཅད་དོ།

  7. པདྨ says:
    2015-12-05 at 5:24 am

    ལ་དྭགས་པས་གསུངས་པ་ཤིན་ཏུ་རྨད་དོ། ཀྰིརྟ་ཡེ་དང་ཡང་ན་ཀྰིརྟི་ཡ་ཞེས་པ་ལས་དབྱངས་གཉིས་མཚུངས་མེད་པར་སྒྲ་གཞུང་ལས་གསལ། ཨེ་མ་ཧོས་སྒྲ་མཚམས་སྦྱོར་ལྔ་བ་ཙམ་ཡང་ལྟ་མྱོང་མེད་པར་འདྲ།

  8. པདྨ says:
    2015-12-05 at 5:30 am

    དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
    དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
    དོལ་འདྲེ་མ་ལུས་འཇོམས་མཛད་གསང་བའི་བདག །
    གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
    བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

  9. ཀརྡོ་གཉེར་ཕྱག་པ་ says:
    2015-12-05 at 12:34 pm

    ཕྱི་རོལ་ཉན་ཐོས་སྤྱོད་པ་བཟུང་། །
    ནང་དུ་བྱང་སེམས་རྩེ་གཅིག་སྒོམ། །
    གསང་བར་གསང་སྔགས་ཉམས་ལེན་མཛད། །
    ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །

  10. ཀརྡོ་གཉེར་ཕྱག་པ་ says:
    2015-12-06 at 12:39 am

    གང་གང་རྐྱེན་ལ་རག་ལས་པ། །
    དེ་དེ་རང་བཞིན་གྱིས་སྟོང་ཞེས། །
    བསྟོད་མཛད་ཀླུ་སྒྲུབ་གཉིས་པ་ལ། །
    གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme