Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སུ་ཇཱའི་སློབ་ཕྲུག་བརྒྱ་ལྷག་གིས་སློབ་གྲྭ་ནས་ངྷ་ས་བར་གྱི་གོམ་བགྲོད།

Posted on 2012-12-272012-12-27 By ཁ་བརྡ་ 8 Comments on སུ་ཇཱའི་སློབ་ཕྲུག་བརྒྱ་ལྷག་གིས་སློབ་གྲྭ་ནས་ངྷ་ས་བར་གྱི་གོམ་བགྲོད།

གནས་ཚུལ་མཁོ་གཏོང་བ། གསར་འགོད་པ་ཨ་རིག་འགྱུར་མེད།

དེ་རིང་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༧ ཉིན་རེས་གཟའ་ཕུར་བུའི་ཞོགས་པའི་ཆུ་ཚོད་བདུན་པའི་སྟེང་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་བའི་སློབ་ཕྲུག་གཉིས་ཀྱིས་གཙོ་འགན་ཁྱེར་ཏེ། སློབ་མ་ ༡༠༣ ཙམ་གྱིས་སློབ་གྲྭ་ནས་ངྷ་ས་བར་གྱི་ཉིན་གཉིས་རིང་གི་ཞི་བའི་གོམ་བགྲོད་ཅིག་འགོ་འཛུགས་གནང་ཡོད་ཅིང་། སློབ་ཕྲུག་དེ་དག་མཉམ་དུ་སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི་རྣམ་པ་གཉིས་ཀྱང་ཕེབས་ཡོད་འདུག དེ་རིང་གི་ངྷ་སའི་དགུན་གྱི་གནམ་གཤིས་དེ་ཙམ་ལེགས་རྒྱུ་མེད་ཅིང་གུས་པ་དང་གུས་པའི་གྲོགས་པོ་བློ་བཟང་ཐོས་བསམ་གཉིས་ངྷ་ས་ནས་ལམ་ལ་ཆས་སྐབས། སྨུག་སྤྲིན་བན་བུན་ཞིག་གིས་ངྷ་སའི་གཡས་གཡོན་གྱི་ཁོར་ཡུག་བཏུམས་འདུག་ལ། ཆར་བ་འབབ་རྒྱུ་རེད་བསམ་བསམ་ཞིག་དང་མཉམ་དུ་གསར་འགོད་པའི་ཉེར་མཁོའི་ཅ་ལག་དག་ཁྱེར་ཏེ་གོམ་བགྲོད་པ་དག་གི་མདུན་དུ་བསྐྱོད་པ་ཡིན། སྐབས་དེར་ཆུ་ཚོད་ ༡ ཡོལ་ཙམ་རེད། ངྷ་ས་དང་སུ་ཇཱ་གཉིས་ཀྱི་ས་མཚམས་སུ་ཁེལ་ཡོད་པའི་པ་ལིམ་པུར་ (Palampur) ལ་མ་ཐོན་གོང་ངེད་གཉིས་གོམ་བགྲོད་ནང་ཞུགས་པའི་སློབ་མ་དག་དང་འཕྲད་བྱུང་། སློབ་ཕྲུག་དག་གིས་རྒྱབ་ཏུ་བོད་ཀྱི་རྒྱལ་དར་དང་མདུན་ངོས་སུ་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རེ་རེའི་མཚན་དང་ལོ་འཁོད་པའི་འཕྲེད་དར། ད་དུང་སློབ་ཕྲུག་ཕལ་ཆེ་བས་ཆེ་རྒྱུ་ཆུང་རྒྱུ་མེད་པའི་རྒྱབ་ཁུག་ཆུང་ཆུང་རེ་བཅས་ཁུར་ཏེ་གོམ་བགྲོད་གནང་གིན་འདུག སྐབས་དེར་ཉིན་རྒྱབ་ཀྱི་ཆུ་ཚོད་ ༢ དང་ཕྱེད་ཀ་ཟིན་འདུག་ཀྱང་། སློབ་ཕྲུག་དག་གིས་ཉིན་གུང་གི་ཟ་མ་ཟོས་མི་འདུག་ལ། དངུལ་ཆུ་ཁྲོམ་ཁྲོམ་བཞུར་བཞིན་སློབ་ཕྲུག་དག་དང་མཉམ་དུ་གོམ་བགྲོད་གནང་མཁན་གྱི་སློབ་གྲྭའི་དབུ་འཛིན་དངོས་གྲུབ་དབང་འདུས་ལགས་ཀྱིས་གསུངས་ན། ཁོང་ཚོས་ལམ་བར་ཞིག་ནས་ངལ་གསོ་བྱས་ཏེ། ཇ་རེ་འཐུང་བའི་ཕན་ནས་ད་དུང་གུང་ཟས་ཟོས་མེད། སློབ་སྤྱི་མཆོག་དང་རླངས་འཁོར་ཁ་ལོ་བ། སློབ་ཕྲུག་གཅིག་བཅས་ཀྱིས་རླངས་འཁོར་ནང་ཉིན་གུང་གི་ཟ་མ་ཁྱེར་ནས་ཡོང་གི་ཡོད་སྟབས། སྟབས་བདེ་ས་ཞིག་ནས་གུང་ཟས་ཟ་གི་ཡིན་ཞེས་གསུངས། དེ་ནས་ཆུ་ཚོད་གཅིག་ཙམ་ལ་གོམ་བགྲོད་གནང་རྗེས་མ་ཇཱའི་ (maja) ཟམ་ཁར་འབྱོར་བ་དང་དེ་གར་སློབ་སྤྱི་སོགས་ཀྱིས་སློབ་གྲྭ་ནས་ཁྱེར་ཡོང་བའི་ཞོག་ཁོག་བརྔོས་མ་དང་། ཀྲིན་མོག་སོགས་རླངས་འཁོར་ལས་མར་བླངས་ཏེ་ཇ་བསྐོལ་ནས་བསྒུགས་འདུག་ལ། སློབ་མ་རྣམས་དེ་གར་འབྱོར་བ་དང་ཉིན་གུང་གི་ཟ་མ་ཟོས། ངེད་གཉིས་ཀྱིས་ཀྱང་ཐེངས་འདིའི་གོམ་བགྲོད་ཁྲོད་ཞུགས་པའི་དགེ་སློབ་དག་དང་མཉམ་དུ་ཟ་མ་ཟོས་པ་ཡིན། དེ་ནི་གུས་པ་སུ་ཇཱ་སློབ་གྲྭ་དང་ཁ་བྲལ་ཏེ་མི་ལོ་ ༨ ཙམ་གྱི་རྗེས་ནས་ཐེངས་དང་པོར་སུ་ཇཱའི་ཞོག་ཁོག་བརྗོས་མ་དང་ཀྲིན་མོག་ཟོས་པའང་ཡིན།
ཟ་མ་ཟོས་རྗེས་ཐེངས་འདིའི་ཞི་བའི་གོམ་བགོད་ཀྱི་སྣེ་ཁྲིད་མཁན་དང་འཛིན་རིམ་བཅུ་བའི་སློབ་མ་དཀོན་མཆོག་རིན་ཆེན་དང་སྐལ་བཟང་ཚེ་རིང་གཉིས་ལ་ལས་འགུལ་འདི་སྤེལ་དགོས་པའི་སྐོར་བཅར་འདྲི་ཞུས་སྐབས། དཀོན་མཆོག་རིན་ཆེན་གྱིས་བརྗོད་དོན། ང་ཚོས་སློབ་གྲྭ་ནས་ངྷ་ས་བར་གྱི་ཞི་བའི་གོམ་བགྲོད་བྱེད་དོན། བོད་གཞིས་བྱེས་གཉིས་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་ཙམ་གྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་སྟེ། ཞི་བའི་ངོ་རྒོལ་གནང་བར་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་གྱི་ཆེད་དང་། བོད་ནང་གི་སློབ་ཕྲུག་སྟོང་ཕྲག་མང་བོ་ཡར་ལངས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་རང་དབང་གི་ཆེད་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བར་རྒྱབ་སྐྱོར་དང་། ང་ཚོའི་བཙན་བྱོལ་བོད་མི་རྣམས་རྨོངས་གཉིད་ལས་སད་ཆེད་དུ་ཡིན། གང་ཡིན་ཟེར་ན། རྒྱ་ནག་གིས་བོད་ལ་དབང་བསྒྱུར་ཏེ་མི་ལོ་ལྔ་བཅུ་ལྷག་འདས་ནའང་། རྒྱ་ནག་གི་ཆབ་སྲིད་སློབ་གསོའི་འོག་ཏུ་འཚར་ལོངས་བྱུང་བའི་མི་རབས་གསར་བའི་ན་གཞོན་དག་གིས་རང་མི་རིགས་དང་སྐད་ཡིག་གི་དོན་དུ་ཞི་བའི་ཡར་ལངས་བྱེད་ཀྱིན་ཡོད་ལ། བཙན་བྱོལ་དུའང་ང་ཚོ་ལྟ་བུའི་སློབ་ཕྲུག་མང་དག་ཅིག་གིས་མི་རབས་རྒན་པ་དག་རྒས་འགྲོ་གི་ཡོད་ནའང་། བོད་ཀྱི་སྐད་ཡིག་དང་རང་དབང་འཐོབ་རྩོད་དེ་མུ་མཐུད་དེ་གནས་ངེས་ཡིན་པའི་བརྡ་ལན་སྤྲོད་ཀྱིན་ཡོད། དེ་བཞིན་ལས་འགུལ་འདི་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་སློབ་མའི་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱིན་ཡོད་ཅེས་ཟེར།
ཡང་སློབ་མ་སྐལ་བཟང་ཚེ་རིང་གིས་སྤྱིར་ད་ལོ་ངེད་གཉིས་འཛིན་གྲྭ་བཅུ་བ་ཡིན་སྟབས་ཡིག་རྒྱུགས་གལ་ཆེན་པོ་ཞིག་ཡོད་ནའང་། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། བོད་ནས་ཡོང་བའི་ངེད་གཉིས་ལ་མཚོན་ན་ཡིག་རྒྱུགས་རྩ་ཆེན་པོ་ཅི་ཙམ་ཡིན་ནའང་། བོད་དོན་ཆེད་ལས་འགུལ་ཞིག་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྟབས་ཐོག་མར་ངེད་གཉིས་གཅིག་པུས་གོམ་བགྲོད་བྱ་རྒྱུའི་གྲོས་བསྡུར་བྱས་པ་ཡིན། ཡིན་ནའང་། ངེད་གཉིས་ཙམ་མིན་པར་ངེད་གཉིས་ལྟ་བུའི་སློབ་མ་མང་དག་ཅིག་གི་སེམས་ནང་ན་ཟུག་ཡོད་སྟབས་མཐའ་མར་ངེད་གཉིས་ཀྱིས་གོ་སྒྲིག་འོག་ང་ཚོ་སློབ་མ་ ༡༠༣ ཙམ་གྱིས་ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་བ་ཡིན། ཐོག་མར་ཐོ་བརྒྱབ་པའི་སློབ་མ་ཁག་ཅིག་གཉེན་ཉེ་སོགས་ས་ཐག་རིང་ནས་གུང་སེང་ལ་ལེན་གི་ཡོང་སྟབས་ཐེངས་འདིའི་ལས་འགུལ་ནང་ཞུགས་ཐུབ་མེད་ཀྱང་། ཁོང་ཚོས་ཞལ་འདེབས་ཕུལ་བ་སོགས་ང་ཚོ་ལ་རྒྱབ་སྐྱོར་གང་ཡོང་བྱས་སོང་ཟེར།
སློབ་གྲྭའི་དབུ་འཛིན་དངོས་གྲུབ་དབང་འདུས་ལགས་ཀྱིས་སློབ་ཕྲུག་ཚོས་མ་བསྐུལ་དང་བླངས་ཀྱིས་ཐོག་ནས་ཐེངས་འདིའི་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་བ་ཡག་པོ་འདུག་བསམ་གྱིན་ཡོད་ལ། དགའ་བོ་ཡང་བྱུང་། ཡིན་ནའང་། སྒྲིག་འཛུགས་དང་འགྲོ་སྟངས་ཀྱི་ཆ་ནས་བརྟན་པོ་མ་བྱས་ཚེ་སློབ་ཕྲུག་ཚོར་ན་བ་དང་རྡབ་སྐྱོན་འབྱུང་བ། ཟ་མ་མ་རེག་པ་སོགས་ཀྱི་གནས་སྟངས་བྱུང་ན་འགྲིག་གི་མ་རེད་བསམ་སྟེ་སློབ་སྤྱི་ངེད་གཉིས་ཀྱིས་གྲོས་བྱས་ཏེ། ཕ་གིར་ལས་ཁུངས་ནང་དུ་ལས་ཀ་གལ་ཆེན་པོ་མང་བོ་ཡོད་ནའང་དེ་ཚོ་ཕར་བཞག་ནས་ཡོང་བ་ཡིན། ངེད་གཉིས་སློབ་ཕྲུག་ཚོའི་ལས་འགུལ་མཇུག་མ་རྫོགས་བར་དུ་མཉམ་དུ་འགྲོ་གི་ཡིན་ལ། སློབ་ཕྲུག་ཚོས་བོད་སྤྱིའི་དོན་དུ་ལས་འགུལ་སྤེལ་གྱིན་ཡོད་སྟབས་ངེད་གཉིས་ཀྱིས་ཁོང་ཚོའི་ལམ་བར་གྱི་བདེ་འཇགས་དང་སྡོད་གནས། ཟ་མ་སོགས་ལ་འགན་བླངས་ཏེ་ཡོང་བ་ཡིན། དེ་བཞིན་ལམ་བར་ནས་སློབ་ཕྲུག་ཚོར་འཆམ་ནད་དང་བཤལ་ནད་ལྟ་བུ་འབྱུང་སྲིད་པས་ཉེར་མཁོའི་སྨན་ཡང་གྲ་སྒྲིག་གང་ཐུབ་བྱས་ཡོད་ཅེས་གསུངས། ཡང་ཁོང་ལ་དེ་རིང་སློབ་ཕྲུག་ཚོ་དང་མཉམ་དུ་རྐང་ཐང་ལ་གོམ་བགྲོད་དུ་ཕེབས་སྟབས་དཀའ་ལས་ཁག་པོ་བྱུང་ངམ་ཞེས་དྲིས་པར། ཁོང་གིས་ང་དཀའ་ལས་དེ་ཙམ་ཁག་མ་བྱུང་། སྔོན་མ་ངས་ཆུ་ཚོད་གཅིག་ཙམ་ལའང་གོམ་པ་བརྒྱབ་སྟེ་འགྲོ་མྱོང་མེད་པས། དེ་རིང་ཞོགས་པའི་ཆུ་ཚོད་བདུན་པ་ནས་འགོ་བཙུགས་ཏེ་སློབ་ཕྲུག་ཚོ་དང་མཉམ་དུ་གོམ་བགྲོད་ལ་ཡོང་སྐབས་འགྲོ་ཐུབ་ཀྱི་མ་རེད་དྲན་སོང་མོད། དཀའ་ལས་དེ་ཙམ་མ་བྱུང་བར་མ་ཟད། གཟུགས་པོར་བདེ་བོ་བྱུང་ལ་སློབ་ཕྲུག་ཚོ་དང་མཉམ་དུ་འགྲོ་རྒྱུ་བྱུང་བར་སྐྱིད་པོ་བྱུང་། སློབ་ཕྲུག་ཚོ་དང་མཉམ་དུ་གོམ་བགྲོད་བྱས། མཉམ་དུ་ཟ་མ་ཟོས། ཧ་ཅང་སྐྱིད་པོ་བྱུང་ཞེས་གསུངས།
སློབ་སྤྱི་བསོད་ནམས་སྲིད་ཆོས་ལགས་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འདིར་བོད་མི་ཚང་མས་མཉམ་ཞུགས་བྱ་རྒྱུ་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ལྷག་པར་དུ་སློབ་ཕྲུག་ཚོས་ངོས་ནས་ལས་འགུལ་སྤེལ་བར་ང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་ངོས་འཛིན་ཡག་པོ་བྱེད་ཀྱིན་ཡོད། དེར་བརྟེན་སུ་ཇཱ་བོད་ཕྲུག་ཁྱིམ་སྡེའི་སློབ་མའི་ངོས་ནས་ཐེངས་འདིའི་ལས་འགུལ་འདི་ནི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཐེངས་གཉིས་པ་དེ་རེད་ལ། འདི་ལ་ང་ཚོས་རང་སྟོབས་ཀྱི་ལས་འགུལ་ཞེས་ངོས་འཛིན་ཞུ་གིན་ཡོད། འདི་ནི་མ་འོངས་པར་གཞོན་སྐྱེས་སམ་མི་རབས་གསར་བ་རྣམས་ཀྱིས་མདུན་སྐྱོད་ཀྱི་གོམ་པ་ཆེན་པོ་ཞིག་རེད་དྲན་ཡོད་ཅེས་གསུངས།
ཡང་ཐེངས་འདིའི་ལས་འགུལ་ནང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྲིང་མོ་ལྷ་མོ་སྐྱིད་ཀྱང་མཉམ་ཞུགས་གནང་འདུག་ལ། ཁོ་མོས་བརྗོད་དོན། ངས་ཁ་སང་སུ་ཇཱ་སློབ་གྲྭར་ཡོད་པའི་གྲོགས་མོ་ཞིག་བརྒྱུད་ནས་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་རྒྱུ་ཡིན་པ་ཐོས་བྱུང་། ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་རེད་ལ་སློབ་ཕྲུག་གི་ལས་འགུལ་ཞིག་སྤེལ་དུས་མཉམ་ཞུགས་བྱ་དགོས་ཀྱི་རེད་སྙམ་ཏེ། ཕ་མ་གཉིས་ལ་སྐད་ཆ་དྲིས་པ་ཡིན། ཕ་མ་གཉིས་ཀྱིས་ཁྱེད་རང་འགྲོ་ཐུབ་ན་ཡག་པོ་རེད་གསུངས་ཏེ་ངོས་ལེན་གནང་སོང་། དེར་བརྟེན་ཁ་སང་ཕར་སོང་སྟེ་དེ་རིང་སློབ་ཕྲུག་ཚོ་དང་མཉམ་དུ་ཡོང་བ་ཡིན་ཞེས་ཟེར། ཡང་ཁོ་མོར་ཁྱེད་རང་དེ་སྔར་གོམ་བགྲོད་གནང་མྱོང་སྟབས་དཀའ་ལས་ཁག་པོ་འདུག་གམ་ཞེས་དྲིས་པར། སྤྱིར་ཁོང་ཚོའི་ལས་འགུལ་འདི་ཉིན་གཉིས་ཀྱི་ནང་དུ་མཇུག་བསྡུ་དགོས་པའི་ཚད་གཞི་ཡོད་པ་དང་། དེའི་སྟེང་ལ་གྱེན་ཐུར་མང་བོར་འགྲོ་དགོས་སྟབས་རྐང་པ་ཅུང་ཙམ་ན་གི་འདུག ཡིན་ནའང་། དེ་མ་གཏོགས་དཀའ་ངལ་གཞན་པ་གང་ཡང་མི་འདུག་ཅེས་བརྗོད།
མཇུག་མཐར། སློབ་མ་དཀོན་མཆོག་རིན་ཆེན་གྱིས་ང་ཚོས་བཙན་བྱོལ་གྱི་བོད་མི་ཚོ་རྨོངས་གཉིད་ལས་སད་རོགས་ཞེས་འབོད་སྐུལ་ཞུ་གིན་ཡོད། དེ་གང་ཡིན་ཟེར་ན་བོད་མིའི་རང་དབང་འཐབ་རྩོད་ནི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུ་ཞིག་གིས་མར་གནང་རྒྱུ་ཞིག་མིན་པར། བོད་མི་ཚང་མ་ཡར་ལངས་ཏེ་འཐབ་རྩོད་བྱས་ནས་འཐོབ་དགོས་པ་ཞིག་ཡིན་སྟབས། བོད་ནང་གི་གཞིས་ལུས་བོད་མི་དག་ཡར་ལངས་བྱས་པ་ནང་བཞིན། བཙན་བྱོལ་གྱི་མི་མང་རྣམས་ཡར་ལངས་ཏེ་འཐབ་རྩོད་ཁྲོད་ཞུགས་དགོས་པའི་འབོད་སྐུལ་ཞུ་གིན་ཡོད་ཟེར། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ ཡོལ་ཙམ་ལ་སློབ་ཕྲུག་དག་གྷོ་པལ་པུར་བོད་ཁྱིམ་དུ་འབྱོར་ཏེ་དོ་དགོང་དེ་གར་གནས་སྡོད་བྱ་རྒྱུ་ཡིན་པ་དང་། སང་ཉིན་སྔ་མོ་ནས་གོམ་བགྲོད་ཀྱིས་ཉིན་གུང་བར་ངྷ་ཤོད་བོད་ཁྱིམ་དུ་འབྱོར་བ་བྱས་ཏེ། དེ་རུ་ཉིན་གུང་གི་ཟ་མ་ཟོས་རྗེས་མེག་གྷན་ཏུ་ཡོང་རྒྱུ་ཡིན་འདུག ཉིན་རྒྱབ་གཙུག་ལག་ཁང་ནས་མཆོད་འབུལ་དང་བསྔོ་བ་སྨོན་ལམ་འདོན་རྒྱུ། དགོང་མོའི་དུས་ཚོད་ ༥ ཡས་མས་ཙམ་ལ་ངྷ་ས་ནས་གཙུག་ལག་ཁང་བར་དུ་མར་མེ་ཁྲོམ་སྐོར་གནང་རྗེས་ལས་འགུལ་མཇུག་སྒྲིལ་རྒྱུ་བཅས་ཡིན་འདུག

གསར་འགྱུར།

Post navigation

Previous Post: ཆིག་སྒྲིལ།
Next Post: རྒྱ་གཞུང་གིས་བོད་པ་རང་སྲེག་འགོག་ཐབས་ཀྱི་གནས་ཚུལ་གསར་པ།

Comments (8) on “སུ་ཇཱའི་སློབ་ཕྲུག་བརྒྱ་ལྷག་གིས་སློབ་གྲྭ་ནས་ངྷ་ས་བར་གྱི་གོམ་བགྲོད།”

  1. ངོ་ལུག says:
    2012-12-27 at 5:34 pm

    སློབ་ཕྲུག་ཚོའི་སེམས་ཤུགས་ལ་རྗེས་སུ་ཡི་རང་། གསར་འགོད་པའི་ཚིག་སྦྱོར་སྙན་ལ་དོན་བསྡུས་པའི་གནས་ཚུལ་སྤེལ་སྟངས་ལ་རྗེས་སུ་ཡི་རང་།

  2. སྦྲ་དཔལ་ལྡན། says:
    2012-12-27 at 9:59 pm

    ངའི་མ་ཡུམ་སློབ་གྲྭའི་དབུ་སྤྱི་གཉིས་དང་སློབ་གྲོགས་བརྒྱ་དང་གསུམ་ཡོད་པར་ཚང་མར་ཐུགས་རྗེ་ཆེ་ཞུ་ལ་དབུ་འཛིན་དང་སློབ་སྤྱི་གཉིས་ཀྱི་ཕ་མའི་བུ་ཕྲུག་སྐྱོང་བ་བཞིན་སློབ་ཕྲུག་ཚོའི་བདེ་འཇགས་ལ་དོ་ཁུར་བྱས་པ་དེ་ལས་ཐུགས་རྗེ་ཆེ།་ གོང་དུ་གསར་འགོད་པས་བརྗོད་པ་བཞིན་འཛིན་རིམ་བཅུ་བའི་སློབ་བུ་གཉིས་ཀྱིས་གོ་སྒྲིག་བྱས་པའི་གོམ་བགྲོད་ལ་གདུང་སེམས་མཉམ་བསྐྱེད་དང་བུ་མོ་གླིང་ཚ་ཚང་ག་དུས་ཡིན་ན་སློབ་མའི་ལས་འགུལ་ནང་མཉམ་ཞུགས་བྱས་པ་རྗེས་སུ་ཡི་རེངས་ཡོད།

  3. འཁྱམས་པོ says:
    2012-12-27 at 11:29 pm

    སློབ་ཕྲུག་ཚོའི་སེམས་ཤུགས་ལ་རྗེས་སུ་ཡི་རང་། གསར་འགོད་པའི་ཚིག་སྦྱོར་སྙན་ལ་དོན་བསྡུས་པའི་གནས་ཚུལ་སྤེལ་སྟངས་ལ་རྗེས་སུ་ཡི་རང་།

  4. གནམ་གྱི་བུ། says:
    2012-12-28 at 3:01 am

    གསར་འགོད་པ་འཇིགས་ཀི

  5. གནམ says:
    2012-12-28 at 6:19 am

    སློབ་སྤྱི། སློབ་མ་གོམ་འགྲོ་ལ་ཕྱིན་ན། ཕྱིར་ཕུད་བྱེད་ནི་ཞིག་དང་། སློབ་མ་མཉམ་དུ་གོམ་འགྲོ་ལ་ཕེབས་མཁན་ཞིག། རྒན་རབས་པ་འདི་ཚོའི་སེམས་པའི་འཁྱེར་ཚུལ་མི་འདྲ་བ་འདིས་ཡོན་ཏན་ཞིག་མངོན་པ་རེད་དམ། རང་གཤིས་ཤིག་མངོན་པ་རེད། དེ་རིང་རང་གིས་རང་ལ་དྲི་བ་ཞིག་འདྲི་དགོས་བྱུང་སོང་། རྒན་སློབ་ཡོངས་ལ་མུ་མཐུད་དུ། དེ་ག་རང་ཡིན་ཐལ་ཞུ་བ་ཡིན། གུས་སོ། དགའ་འོ། སྐྱིད་སྡུག་གཅིག་ན་ཡོད་དོ།

  6. འཇམ་གཅེས says:
    2012-12-28 at 7:44 am

    རྒན་སློབ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སི་ཇའི་སློབ་དགེ་དང་སློབ་སྤྱི་རྣམ་པའི་བོད་དོན་ཐོག་སེམས་འཁུར་དང་རྒྱབ་སྐྱོར་གནང་བ་ངས་ཤེས་ཀྱི་ཡོད། ན་ཉིན་གླིང་ཚ་ལྷ་མོ་སྐྱིད་གོམ་བགྲོད་སྐབས་སུ་མཐུན་འགྱུར་རླབས་ཆེན་གནང་བ་རེད། དེ་ཚོ་ནམ་ཡང་སེམས་བརྗེད་མི་རུང་། དེ་མིན་་་ཤེས་རབ་དགའ་ཚལ་ཡི་སློབ་སྤྱི་སྤོ་རྒན་སྡུག་ཤི་རྒྱག་རྒྱུ་དེར་་་ང་ངོ་མ་སྙིང་ན་གྱིན་འདུག་་་་་་

  7. སངས་རྒྱས་དཀོན་མཆོག says:
    2012-12-28 at 10:10 am

    མ་ཡུམ་སུ་ཇཱ་སློབ་གྲྭའི་དགེ་སློབ་ཡོངས་ལ་སེམས་བསམ་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། རང་སྟོབས་ལས་འགུལ་རྒྱལ་གྱུར་ཅིག མ་ཡུམ་སུ་ཇཱའི་ངོ་སོ་ཡར་ལ་སྟོད།

  8. བཙན་རྒོད། says:
    2012-12-28 at 1:11 pm

    སུ་ཇཱ་སློབ་གྲྭའི་དགེ་སློབ་ཡོངས་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་དང་དགའ་བསུ་ཞུ།འདི་འདྲ་པའི་མི་རེ་དང་སྒེར་རེའི་ངོས་ནས་ཆེ་ས་ནས་བཤད་ན་སོ་སོའི་མི་རིགས་ཀྱིས་ཆེད་དང་ཆུང་ས་ནས་བཤད་ན།རང་གི་ནང་མི་དང་ཕ་མ་སྤུན་མཆེད་ཀྱི་ཆེད་ཡིན་ནའང་རང་ནུས་ཅི་ལྕོགས་ཀྱིས་གདུང་སེམས་མཉམས་བསྐྱེད་བྱེད་དང་ལས་འགུལ་རེ་སྤེལ་དགོས་པ་ཧ་ཅིང་གལ་ཆེན་པོ་རེད་བསམ་འདུག སློབ་ཕྲུག་ཡོངས་ལ་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་ཡོང་པར་སྨོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme