Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སིད་ཎེ་རུ་ནོར་བྷེལ་གཟེངས་རྟགས་ཀྱི་མཛད་སྒོ་ཐེངས༢༩བ་སྲུང་བརྩི་གནང་བ། 

Posted on 2018-12-11 By ཁ་བརྡ 6 Comments on སིད་ཎེ་རུ་ནོར་བྷེལ་གཟེངས་རྟགས་ཀྱི་མཛད་སྒོ་ཐེངས༢༩བ་སྲུང་བརྩི་གནང་བ། 

གནས་ཚུལ་མཁོ་གཏོང་བ། མགལ་དུམ།
 
ཨོ་སུ་ཁྲུ་ལེ་ཡ་སིད་ཎེ་ཁུལ་( Sydney, Australia) ནས་བོད་མི་དྲུག་བརྒྱ་མ་ཟིན་ཙམ་མཉམ་འཛོམས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་ནོར་བྷེལ་གཟེངས་རྟགས་ཀྱི་མཛད་སྒོ་ཐེངས༢༩བ་སྲུང་བརྩི་གནང་བ། 

སིད་ཎེ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་བཅོ་ལྔ་བའི་བཀོད་སྒྲིག་འོག་སྤྱི་ལོ་༢༠༡༨ལོའི་ཟླ་༡༢ཚེས༡༠ཉིན་གྱི་སྔ་དྲོ་ཨོ་སུ་ཁྲུ་ལེ་ཡའི་ཆུ་ཚོད་༡༠སྟེང་དུ་༧གོང་ས་མཆོག་གི་གྲོགས་པོ་ཡེ་ཤུའི་བླ་ཆེན་ Father Bill crews ཡི་ཡེ་ཤུའི་ལྷ་ཁང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་༧སྤྱི་ནོར་༧གོང་ས་མཆོག་གིས་འཛམ་གླིང་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་སྟེ་ལོ་ངོ་༢༩འགོར་བའི་དུས་དྲན་གྱི་མཛད་སྒོ་བརྩི་སྲུང་གནང་སོང་ལ། སྐུ་མགྲོན་གཙོ་བོ་བླ་ཆེན་ Father Bill crews དང་ལྷོ་ཤར་ཨེ་ཤ་ཡའི་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་སོགས་ཕེབས་འདུག  གཞན་ཡང་སྐྱབས་གནས་དགེ་འདུན་པའི་སྡེ་གཙོ་བའི་སེར་སྐྱ་མི་མང་སུམ་བརྒྱ་མ་ཟིན་ཞིག་མཉམ་ཞུགས་ཀྱིས་སྔ་དྲོའི་མཛད་སྒོའི་དགའ་དད་སྤྲོ་གསུམ་ངང་དབུ་འཛུགས་ཤིང་ཚོགས་གཞོན་རྟེན་ཁང་བློ་བཟང་དོན་ལྡན་གྱིས་སྐུ་མགྲོན་དང་མི་མང་ལ་འཚམས་འདྲི་དང་འབྲེལ་མཛད་སྒོ་འདི་འདྲ་སྲུང་བརྩི་གནང་དགོས་པའི་དགོས་པ་དམིགས་ཡུལ་གསུངས་སོང་ལ། ཚོགས་གཙོ་དགོ་ཚང་ཎེ་རྒན་ལགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་དང་ནོར་བྷེལ་གཟེངས་རྟགས་ཀྱི་བྱུང་རིམ་མི་མང་ལ་ངོ་སྤྲོད་གནང་ཞིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་ལོ་༡༦ནས་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་འཛད་མེད་མྱངས་པར་བཀའ་དྲིན་བསམ་ཤེས་གནང་ཐུབ་པ་དགོས་པའི་བཀའ་སློབ་ནན་བཤད་གནང་སོང་།  སྐུ་མགྲོན་Father bill crews ཡིས་བོད་མི་དག་ལ་ཚོར་ཤུགས་ཆེན་པོའི་དགའ་བསུ་གནང་ཞིང་ཁོང་གི་ཡེ་ཤུའི་ཆོས་ཁང་འདི་ལ་ཁྱེད་རང་ཚོ་ནམ་ཡིན་ལ་ཕེབས་ཤིང་བེད་སྤྱོད་གཏོང་ཆོག་ཅེས་ཐུགས་བརྩེ་བ་ཆེན་པོས་གསུངས་སོང་ལ། བླ་ཆེན་ཁོང་དང་ཐོག་དང་པོ་༧གོང་ས་མཆོག་ལ་ཐུག་འཕྲད་སྐབས་སུ་དཀར་གཙང་གི་ཁ་བཏགས་སྲིད་དུ་རིང་བ་ཞིག་ཕུལ་བ་འདི་ཧ་ཅང་གི་རྩ་ཆེན་པོ་བརྩི་གི་ཡོད་ལ། དེ་མཚུངས་ཁ་བཏགས་འདི་༧གོང་ས་མཆོག་གིས་ཕུལ་བ་ནས་ཡེ་ཤུ་བ་ལ་མཚོན་ན་ཡེ་ཤུ་ཡི་cross གལ་ཆེན་པོ་ཡིན་པ་བཞིན་དེའི་སྟེང་ལ་བཞག་བཞག་པ་ཡིན། འགྲོ་བ་མིའི་བྱམས་བརྩེའི་གལ་ཆེའི་རང་བཞིན་གྱི་སྐོར་ནས་གསུངས་དོན་བྱམས་བརྩེ་ནི་འགྲོ་བ་མིའི་ཆེས་གལ་ཆེ་བའི་དངོས་པོ་དེ་ཡིན་པས་བྱམས་བརྩེ་ལ་བློ་སྦྱོང་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་ཡིན་པ་དང་ཉིན་ཞིག་ལྷ་ཁང་འདི་མེད་འགྲོ་གི་རེད། རེད་དེ་ང་ཚོའི་བྱམས་བརྩེ་མེད་པ་ཆགས་སྲིད་ཀི་མ་རེད་ཅེེས་བཀའ་སློབ་ཟབ་མོ་གནང་སོང་། ལྷོ་ཤར་ཨེ་ཤ་ཡའི་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་བ་ག་འདྲ་བྱུང་དང་འབྱུང་གིན་ཡོད་མེད། བོད་མི་ནང་ཁུལ་ལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་སྐོར་ནས་གསུངས་བཤད་གནང་སོང་། རིག་གནས་སྐྱེད་ཚལ་ཁང་གི་སློབ་ཕྲུག་ཚོས་གཞས་སྣ་ཁག་ཅིག་སྤྱན་འབུལ་ཞུས་ཏེ་སྔ་དྲོའི་མཛད་རིམ་མཇུག་བསྡུས་སོང་།

ཉིན་གུང་བོད་རིགས་མཐུན་ཚོགས་ཀྱི་བཀོད་སྒྲིག་འོག་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བརྟན་ཞིང་བོད་མི་ཡོངས་ཀྱི་སྤྱི་མཐུན་གྱི་བསོད་ནམས་གསོག་ཆེད་ལྷ་ཁང་དེ་རང་ནས་ཁྱིམ་མེད་པའི་མི་སུམ་བརྒྱ་ལྷག་ལ་ཉིན་གུང་གི་གསོལ་ཚིགས་ཀྱི་སྦྱིན་གཏོང་གནང་སྟེ་ཚོགས་རྒྱ་ཆེན་བསགས།

ཕྱི་དྲོ་ཆུ་ཚོད༦བར་Mona Vale memorial hall ནས་སླར་ཡང་བོད་མི་རྣམས་མཉམ་འཛོམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་སྔོན་གཏོང་གིས་གཞས་སྣ་འཁྲབ་སྟོན་དང་དགོང་དྲོའི་གསོལ་ཚིགས་ལ་མཉམ་རོལ། སྲོལ་རྒྱུན་གྱི་སྐོར་གཞས་སོགས་འཁྲབ་ཏེ་དགོང་མོའི་༡༠:༣༠ཡས་མས་ནས་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་འདུག དགོང་དྲོའི་མཛད་རིམ་ལ་བོད་མི་དྲུག་བརྒྱ་མ་ཟིན་ཙམ་ཞིག་ཚང་འཛོམས་གནང་ཐུབ་འདུག་ལ། དེ་ནི་སིད་ཎེ་ཁུལ་ནས་བོད་མི་ཚང་འཛོམས་མང་ཤོས་དེ་ཆགས་འདུག

གནས་ཚུལ་མཁོ་གཏོང་བ། མགལ་དུམ།

གསར་འགྱུར།

Post navigation

Previous Post: རྗེའི་ལེགས་བཤད་གསེར་ཕྲེང་དང་འབྲེལ་བའི་གཏམ་ཉུང་ངུ་།    
Next Post: སྐུ་ཚབ་ལྷག་པ་མཚོ་སྒོའི་ཕྱག་ལས་གནང་སྟངས་ཀྱིས་ས་གནས་བོད་རིགས་མཐུན་ཚོགས་དང་བོད་པའི་མཚན་སྙན། དགའ་ལྡན་ཕོ་བྲང་ཡིག་ཚང་བཅས་ལ་གནོད་སྐྱོན་ཚབས་ཆེན་པོ་ཞིག་གཏོང་གི་འདུག །

Comments (6) on “སིད་ཎེ་རུ་ནོར་བྷེལ་གཟེངས་རྟགས་ཀྱི་མཛད་སྒོ་ཐེངས༢༩བ་སྲུང་བརྩི་གནང་བ། ”

  1. གྲི་གུག says:
    2018-12-11 at 4:57 am

    ཨོ་གླིང་གི་སྐབས་བཅོ་ལྔ་བའི་རྒྱུན་ལས་རྣམས་ལ་བཀའ་དྲིན་ཆེ་ཞུ།

  2. སྐྱ་རེངས་དང་པོ། says:
    2018-12-11 at 7:54 am

    ང་ཚོའི་གོང་ས་མཆོག་སྐུ་ཚེ་བརྟན་པའི་སྨོན་ལམ་དང་། ད་ལོ་སི་ཏྲེ་ནི་བོད་རིགས་མཐུན་ཚོགས་ནང་གོང་ས་མཆོག་གི་སྐུ་ཚབ་ལྷག་པ་མཚོ་སྒོ་ནས་དབང་ཆ་སྒེར་གཅོད་བྱས་ཏེ་གནོན་ཤུགས་ཆེན་པོ་ཞིག་སྤྲད་སོང་བའི་དེ་ལ་བློ་ཚབས་ཧ་ཅང་བྱུང་། ཡིན་ཡང་ང་ཚོའི་མི་མང་རྣམས་ཀྱི་བསམ་བློའི་རྟོགས་ཧ་ཅང་མཐོ་བ་དང་གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞིག་ཡིན་པའི་ཆ་ནས་ད་རེས་ཀྱི་མཛད་སྒོ་འདི་ཧ་ཅང་ལེགས་འགྲུབ་ཆེན་པོ་ཞིག་བྱུང་སོང་བས། ང་ཚོས་འདི་ནས་བོད་རིགས་མཐུན་ཚོགས་ཀྱི་མི་མང་དང་རྒྱུན་ལས་ཐུན་མོང་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན། བཀའ་དྲིན་ཆེ།

  3. བསྟན་འཛིན says:
    2018-12-11 at 6:33 pm

    ཧ་ལས་པའི་ཡག་པོ་རེད། མིང་དོན་མཚུངས་པ་ཆགས་འདུག ཕྱི་རྒྱལ་ཡུལ་གྲུ་གང་སར་སྒོར་མོའི་ཆེད་གཟའ་སྤེན་པ་དང་ཉི་མ་གང་རུང་མ་གཏོགས་ཉིན་དེ་ག་རང་ལ་སྲུང་བརྩི་ཞུ་མཁན་མི་འདུག ལྷག་ཏུ་སྦྱིན་གཏོངས་ཕ་རིའི་སྤང་རྒྱན་རེད་འདུག

  4. སྤར་ཤད། says:
    2018-12-11 at 11:36 pm

    སིད་ཎེ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་བཅོ་ལྔ་བས་སྲིད་སྐྱོང་ཁོག་སྟོང་དང་། རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན། ཨོ་གླིང་གི་དོན་གཅོད་ལྷག་པ་མཚོ་སྒོ་སོགས་ཀྱིས་༸གོང་ས་མཆོག་དང་བོད་མི་མང་ཁ་ལ་ཁྱེར་ཏེ་སྒེར་དོན་སྒྲུབ་པའི་བྱུས་ནག་དག་ལ་སྤོབས་པ་ཆེན་པོས་གདོང་གཏད་དེ་སྤྱི་བའི་སྡིངས་ཆ་སྲུང་སྐྱོབ་བྱས་པ་ནི་རྗེས་སུ་ཡི་རངས་ཀྱི་གནས་རེད། ལྷག་པར་དུ་ཚོགས་གཙོ་དགོ་ཚང་ནེ་རྒན་ལགས་ནི་སྤྱི་སེམས་དང་དྲང་ཚུགས་གང་ཐད་ནས་ཨོ་གླིང་དུ་གནས་བཞུགས་བོད་མིའི་ཁྲོད་ཨ་ཡོད་ནང་གི་ད་ཡོད་གཅིག་ཡིན་ལ། ཨོ་གླིང་དུ་གནས་བཞུགས་མཁན་བོད་སྤྱི་ལ་བསམ་མཁན་ཞིག་ཡིན་ན་དགོ་ཚང་ནེ་རྒན་གྱི་འཇོན་ནུས་དང་ལྷག་བསམ་དཀར་པོ་མ་ཤེས་པ་མེད་པའི་ཚོད་ཡིན། འོན་ཀྱང་། བློ་སེང་གི་རྫུན་བཤད་ན་ཆོག བོད་སྤྱི་ཚོགས་གཏོར་ན་ཆོག ལྷག་པར་དུ་བོད་ཀྱི་སྣོད་བཅུད་གཉིས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸གོང་ས་སྐྱབས་ཆེན་པོ་མཆོག་གི་ཐུགས་དཀྲུག་ན་དཀྲུག ང་ཚོའི་ཕ་ཡུལ་གཅིག་ཡིན་པས་ཁོས་ཅི་བྱས་ཀྱང་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཟེར་མཁན་གྱི་དམུས་ལོང་བ་དག་གིས་དཀར་པོ་ནག་པོར་བསྒྲུབས། ནག་པོ་དཀར་པོར་བསྒྱུར་ཨེ་ཐུབ་ལ་འབད་ཀྱང་། བོད་མིའི་གཏམ་དཔེར། རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་། བདེན་ལུང་པ་གཉིས་པ་ཕུ་ཐག་རིང་ཞེས་པའ་ིདཔེ་ལྟར་ད་ནི་བློ་སེང་ཁོག་སྟོང་གི་ཚོས་གཞི་དངོས་ཕྱོགས་དང་ཟུར་སྣ་ཚོགས་ནས་ལྷང་ལ་འབུད་ཀྱིན་ཡོད་པས། བོད་མི་རྩམ་གཟན་ཡོངས་ཀྱིས་ཁོག་སྟོང་དཀྲུག་རྒན་འདིར་དགག་པ་ཚ་ནན་གྱིས་བྱས་ཉེས་ཐེར་འདོན་བྱས་ཏེ་སྤྱི་སེམས་ཅན་དག་ལ་རྒྱབ་སྐྱོར་དང་རམ་འདེགས་བྱེད་པའི་དུས་སླེབས་ཡོད་པས་ཀུན་གྱིས་སྤྱི་དོན་ལ་བསམ་བློ་རྒྱ་ཆེ་ས་ནས་གཏོང་རོགས་ཞེས་འབོད་སྐུལ་ཞིག་ཀྱང་སྙིང་ནས་ཞུའོ།

  5. རྒྱ་མ་ཚང་ says:
    2018-12-12 at 7:58 am

    བྱང་ཨ་རིའི་སྤྱི་ཐུས་ཚེ་དབང་རི་འཛིན་ནས་ཨ་རེར་་མང་ཚོགས་ནང་ཨོ་སུ་ཊོ་ལེ་སིད་ཎེ་རུ་ནོར་བྷེ་མཛད་བསྒོ་ཚོགས་ཀྱི་མེད་པའི་གཏམ་ཤད་དེ་རྫུལ་མ་རེད་འདུག་ག་་སྤྱི་ཐུས་ཞིག་གི་རྒྱུ་་ཚན་གང་གི་ཆེད་དུ་རྫུལ་མ་སྒྲགས་གཏམ་དཔལ་གྱི་ཡོད་ན་་་་་་་་་་་་་ད་་ཡམ་ཚན་མང་པོ་འདུག་
    འོན་ཀྱང་སིད་ཎེ་མི་མང་དང་ཚོགས་གཙོ་དང་རྒྱུན་ལས་ཚང་མ་ལ་ཐུག་ཇེ་ཞུ་

  6. སྐྱ་རེང་གཉིས་པ། says:
    2018-12-15 at 5:49 pm

    ངོ་མ་ཡག་པོ་བཀོད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme