Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སའི་གོ་ལ་འདི་འཇིག་ན་ཐང་ཀི

Posted on 2011-02-09 By ཡེ་ཤེས་ 35 Comments on སའི་གོ་ལ་འདི་འཇིག་ན་ཐང་ཀི

Apophis asteroid will probably almost certainly not smash into Earth, say scientists

Apophis asteroid: Russian scientists are warning that a rock the size of two football fields is poised to strike our planet in 2036. But NASA says the odds are just one in a quarter million.

*

A few Russian scientists are warning that the Apophis asteroid will pass through a tiny ‘gravitational keyhole’ in 2029, putting it on a collision course with Earth. NASA says that the odds of this happening are vanishingly small.

NASA/Newscom/File0207-apophis-asteroid_full_380

གསར་འགྱུར། Tags:ཨཨ

Post navigation

Previous Post: མཛེས་མ། ལྕགས་སྒྲོག་དམར་བོའི་ལྡེ་མིག།
Next Post: ཞོགས་པ་ཞིག་ལ།

Comments (35) on “སའི་གོ་ལ་འདི་འཇིག་ན་ཐང་ཀི”

  1. BBC says:
    2011-02-09 at 12:53 am

    འདི་ཚོར་ཡིད་ཆེས་མ་བྱེད། སྡོན་མ་ནས་ཀྱང་འདི་འདྲ་བ་མང་པོ་ཐོན་སྟེ་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་ཡོད།

  2. ཀརྡོ་རབ་འབྱམས་པ་ says:
    2011-02-09 at 2:43 am

    ཚན་རིག་པ་ཚོས། ༢༠༢༩འམ་༢༠༣༦ལ་འབྱུང་སྲིད་པ་འདི། ད་ལྟའི་ཆ་ལ་རྐྱེན་ངན་བཟློག་ཐབས་མ་སྟོན་པར་རྣམ་རྟོག་ཙམ་བླངས་ནས་བསྡད་ན། ཕན་ལས་གནོད་ཆེ་བ་རེད། འདི་འདྲའི་ཆག་སྒོ་མེད་པར་འགྱུར་ཅིག གལ་སྲིད་ཡོད་ན་ཡང་། བཟློག་ཐབས་ཀྱང་རྙེད་པར་ཤོག །

  3. ཆོས་དབྱིངས་སྒྲོལ་མ says:
    2011-02-09 at 3:53 am

    ངས་སའི་གོ་ལ་ཞེས་མི་བརྗོད་ཆུའི་གོ་ལ་ཞེས་བརྗོད་ཀྱིན་ཡོད།ཚན་རིག་པས་བཤད་པ་ཐམས་ཅད་ལའང་མཐའ་གཅིག་ཏུ་་ཡིད་ཆེས་དང་བདེན་པར་འཛིན་མི་རུང་།

  4. བསིལ་རླུང་། says:
    2011-02-09 at 5:07 am

    ཡོད་ཚད་སྨོན་ལམ་གྱིས་འགྲུབ་ཀྱིན་ཡོད་པ་མ་རེད་དོ། སྐྱེ་བ་ནས་འཆི་བའི་འགྲོས་དང་ཡོངས་སུ་མཚུངས་སོ།།

  5. ཀེ་ཏ་ཀ says:
    2011-02-09 at 7:09 am

    བོད་ཡིག་གི་དྲ་བའི་སྟེང་ལ་ཡིག་རིགས་གཞན་ཇི་བཞིན་འགོད་ཀྱིན་པ་འདིའང་བོད་ཡིག་གི་འཇིག་བྱེད་ཀྱི་རྒྱུ་དང་པོ་ཡིན་པས། བྲག་རྡོ་གོ་ལར་ཕོག་པ་དང་ཅིས་མ་མཚུངས།

  6. ཀེ་ཏ་ཀ says:
    2011-02-09 at 7:11 am

    བོད་ཡིག་དྲ་བར་ཡིག་རིགས་གཞན་གྱིས་སླད་ཀྱིན་པ་ནི་གོ་ལར་བྲག་རྡོ་ཕོག་པ་ཇི་བཞིན་འཇིག་ཉེན་རེད་ཡ།

  7. ཀརྨ says:
    2011-02-09 at 9:32 am

    དེང་སང་གི་གནམ་གཤིས་དང་མི་ཡི་བཟོ་སྟངས་ལ་ལྟ་ན་མི་སྲིད་པ་ཡང་མ་ཡིན་ནོ། གང་ལྟར་འདི་ལ་སྔོན
    བལྟས་ཤིག་ཡོད་ངེས།. འོན་ཀྱང་འདི་ནི་གླིང་གཞན་ནས་ཟེགས་པའི་གླིང་ཕྲན་ལྟ་བུ་ཞིག་ཡིན་མོད་
    གལ་དེ་འདི་འདྲ་ཞིག་ཟེགས་པ་ཡིན་ན་ང་ཚོར་གྲ་བསྒྲིག་གང་ཡོད་དམ། སྨོན་ལམ་རྒྱབས་ནས་བསྡོད་རྒྱུ་ཡིན་ནམ།
    ཚན་རིག་པ་ཚོ་ལས་སླ་པོ་རེད་དོ།།།།

  8. ཀརྨ says:
    2011-02-09 at 9:34 am

    ནོར་བཅོས་་་་་ལས་སླ་བོ་མེད་དོ།།།།།།

  9. འདྲེ་རིག་ལྡན། says:
    2011-02-09 at 11:11 am

    འདི་༢༠༠༤ ལོའི་གསར་འགྱུར་འགྱུར་ཞིག་རེད། ལོ་དེའི་ཟླ་དྲུག་པའི་ཚེས་ ༡ ནས་ཚེས་༡༥ བར་གྱི་ཉི་མ་བཅོ་ལྔའི་ནང་ལ་རྡོ་འདི་འདྲ་༡༡༣ རྙེད་པ་རེད། གནའ་བོའི་གྷི་རིཀ་མི་རྣམས་ཀྱིས་སྐར་རྡོ་འདི་འདྲ་བར་”གཤིན་རྗེ་གཤེད་” ལྟ་བུའི་མིང་བཏགས་ཡོད་པ་དང་། ཁོང་ཚོའི་བསམ་པར་དེ་ནི་ལྷ་མཐུ་བོ་ཆེ་ཞིག་རེད་སྙམ་པ་རེད། རྒྱུ་མཚན་ནི་འདི་ནམ་ཐོན་ལ་གཏོར་བཅོམ་ཧ་ལས་པ་ཆེན་པོ་གཏོང་གི་ཡོད་པ་རེད། དེ་བས། ར་ཤི་ཡའི་ཚན་རིག་པ་ཚོས་འདི་ལ་Apophis ཞེས་གནའ་སྒྲུང་ནང་གི་ལྷ་མིང་ Apet (དག་ཆ་ངེས་མ་སོང་) གི་རྗེས་མཐུན་པར་བཏགས་པ་རེད།
    གང་ལྟར། སྐར་རྡོ་འདི་བ་གནའ་ནས་ད་བར་དུ་ལྷུང་ལྷུང་ལ་བསྡད་པ་རེེད། ལྷུང་ཟེེར་བ་དེ་ཡང་ཚིག་ཏག་ཏག་ཅིག་མ་རེད། གདོང་ཐུག་བརྒྱབ་པའམ། གང་ལྟར། སྐར་རྡོ་ཆུང་ཆུང་དག་རྒྱུ་སྐར་གཞན་གྱི་འཐེན་ཤུགས་ཀྱི་ཤུགས་རྐྱེན་འོག་ནས་རང་གི་འཁོར་ལམ་ནས་ཤུད་དུས། གཡས་གཡོན་གྱི་གཟའ་སྐར་དང་སྐར་རྡོ་སོགས་རང་ལས་ཆེ་བ་དག་གི་འཐེན་ཤུགས་ཀྱིས་དྲུད་འགྲོ་བཞིན་ཡོད་པ་རེད།
    སྐར་རྡོ་དེ་འདྲ་ཞིག་ང་ཚོའི་ཐོག་ཏུ་ཕྱོགས་ནས་ཡོང་གིན་ཡོད་ན། དེ་བར་སྣང་ནས་གཏོར་ཐུབ་རུང་ཁང་པ་རེ་ཟུང་དང་མི་རེ་ཟུང་ལ་གཏོར་རྒོལ་ཐེབས་སྲིད་པས། སྦག་སྦག་ཞ་མོ་རེ་ཡིན་རུང་ནམ་རྒྱུན་ནས་གོན་གོན་ལ་བསྡད་ན་ཧྲ་རྒྱུ་རེད། ཧ ཧ ཧ ཧ

  10. ཀླུ་སྨྱོན། says:
    2011-02-09 at 12:46 pm

    བསམ་བློ་ཐོངས། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་སངས་རྒྱས་ཀྱིས་གདུགས་དཀར་ཕྱིར་བཟློག་ཆེན་མོ་ཞེས་པའི་མདོ་ཞིག་གསུངས་པ་དེའི་ནང་དུ། སྐར་མདའ་ལྟུང་བའི་འཇིགས་པ་དང་ཞེས་གསུངས་ཡོད་པ་རེད། དེ་དུས་ཀྱང་སྐར་མ་མདའ་འདི་རིགས་ཡང་ཡང་ལྷུང་གིན་ཡོད་ས་རེད། འདི་ལ་གདུགས་དཀར་བཏོན་ན་ཕན་གྱི་རེད། ཡ་ད་ང་ཚོ་ཚང་མས་མཉམ་དུ་གདུགས་དཀར་ཞིག་འདོན། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། །་་་་་་་་་་་་་་་་་་་་

  11. ཀརྡོ་རབ་འབྱམས་པ་ says:
    2011-02-09 at 1:26 pm

    ཐབས་ལམ་གསུམ་ནི།
    ༡ སྨོན་ལམ་སོགས་འདོན་ནས། སྨོན་ལམ་སྲབ་ཀྱི་ཁ་ལོ་འགྱུར། །ཞེས་པ་སྐར་རྡོའི་ཁ་ཕྱོགས་བསྒྱུར་རྒྱུ།
    ༢ བར་སྣང་རང་དུ་གས་འཐོར་གཏོང་རྒྱུ།
    ༣ སྐར་རྡོ་བབས་སའི་ས་ཐིག་ཚོད་དཔག་གིས་བྲོས་བྱོལ་དུ་འགྲོ་རྒྱུ།

  12. ཀླུ་སྨྱོན། says:
    2011-02-09 at 2:16 pm

    འདི་འདྲའི་སྐར་རྡོ་ཆེན་པོ་ཞིག་གིས་གཞུས་ཚེ་བྲོས་བྱོལ་དུ་འགྲོ་ས་ཅང་ཡོད་ནི་མ་རེད། དེའི་གཡོ་འགུལ་གྱིས་རྡུལ་ཕྲན་འབར་མདེལ་གྱི་རླབས་རྒྱུན་བཞིན་སའི་གོ་ལའི་སྟེང་གི་སྲོག་ཆགས་དུང་ཕྱུར་དུ་མ་སྐད་ཅིག་གཅིག་ལ་རྩ་བརླག་ཏུ་འགྲོ་གི་རེད། དཔེར་ན་གཏུམ་འབྲུག་སོགས་སྲོག་ཆགས་དུ་མ་ལོ་ངོ་ས་ཡ་དུ་མའི་གོང་ནས་སྐར་རྡོའི་དྲག་ཤུགས་ཀྱིས་སའི་གོ་ལ་ཡོ་འཁྱོམ་ཆེན་པོ་བྱུང་སྟེ་རྩ་མེད་དུ་གྱུར་པར་ཚན་རིག་པ་ཚོས་བརྗོད་པ་དང་གཅིག་པ་རེད། དེ་ལས་མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། །ཞེས་སོགས་བྱེད་དགོས་པ་རེད། །

  13. ཀླུ་སྨྱོན། says:
    2011-02-09 at 2:20 pm

    དེ་ལས་སྐར་རྡོ་དེ་མ་བསླེབས་གོང་དུ་ཚན་རིག་ཡར་རྒྱས་སུ་བཏང་སྟེ་མི་ཚང་མ་རྒྱུ་སྐར་གཞན་པའི་སྟེང་དུ་བྲོས་བྱོལ་དུ་འགྲོ་བའམ། ཡང་ན་རྒྱུ་དངོས་ཡོད་ཚད་བེད་སྤྱོད་བཏང་ནས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱད་དེ་སྐར་རྡོ་དེས་གསོད་རྒྱུར་སྒུག་དགོས་པ་རེད།

  14. ལ་སྟོད་བུ། says:
    2011-02-09 at 2:22 pm

    གསེར་མ་ཐོབ་པའི་སྔོན་དུ་གསེར་གྱི་དོན་ལ་དམག་འཁྲུགས་སླེབ་ཡོང་་གི་འདུག

  15. ཚངས་དབྱངས། says:
    2011-02-09 at 2:35 pm

    ཡ་ད་རྩོམ་འདི་དབྱིན་ཡིག་ཐོག་སྤེལ་སྟབས། མཆན་ཡང་དབྱིན་ཡིག་ཐོག་འབྲི་ན་ཨེ་འགྲིག

    ང་ལ་ཡང་དབྱིན་ཡིག་ཐོག་གསར་འགྱུར་ཡ་མཚན་འདི་འདྲ་མི་ཉུང་བ་ཞིག་ཡོད་སྟབས། ཁ་བརྡ་ཚང་ལ་གཏོང་ན་ཨེ་འགྲིག

    ཁ་བརྡ་ཚང་གིས་ལན་གསལ་པོ་ཞིག་ནོངས་རོགས།

  16. ལོ་ལོན། says:
    2011-02-09 at 2:52 pm

    འགྲིག་གི་ཡ། གོང་འོག་དང་དབུལ་ཕྱུགས་། བཙན་གཉོམ་། དྲང་བདེན་མི་སྙོམ་པས་གོ་ལ་འདི་འཇིག་སོང་ཡང་འགྲིག་གི་། འཇིག་སོང་ནས་། སྐྱར་དུ་མགོ་ཞིག་བཙུག་ན་རེ་བ་ཞིག་ཡོད་ས་རེད་།

  17. རྩམ་དགའ། says:
    2011-02-09 at 3:54 pm

    ད་རུང་གོ་ལ་འདི་འཇིག་མི་ཉན་་་་་་ལས་ཀ་མང་བོ་ཞིག་ད་རུང་ལྷག་ཡོད་་་་་་ད་ལྟའི་བར་དུ་ངས་ལས་ཀ་འདི་འགྲིགས་སོང་ཟེར་ནས་སྟོན་རྒྱུ་གཅིག་ར་མེད་་་་་་་་་མཐའ་ན་མཛེས་མ་འདི་དང་དགའ་བོ་བྱས་མྱོང་ཡོད་ཅེས་གཅིག་ར་བཤད་རྒྱུ་མེད་ཡ། དཀོན་མཆོག་མཁྱེན།

  18. རིག་འབྱུར་རྒྱ་མཚོ says:
    2011-02-09 at 3:58 pm

    ཀླུ་སྨྱོན་ལགས།
    གདུགས་དཀར་འདོན་ནས་ཕན་ན་བོད་པ་ལས་གཞན་པའི་ཕུན་སུམ་ཚོགས་པའི་ལུང་པ་ཞིག་མེད་དགོས་ཀྱང་བོད་ལ་དཀའ་ངལ་འཕྲད་པ་བཞིན་རྒྱལ་ཁབ་གཞན་ལ་དཀའ་ངལ་འཕྲན་མཁན་ཉུང་བས་གདུགས་དཀར་གྱིས་བོད་ལ་ཅི་ཞིག་ཕན་ཡོད་དམ། དཀྲོགས་གཏམ་དེ་འདྲ་བཤད་ནས་རང་མགོ་རང་གིས་མ་སྐོར་ན་ལགས། གདུགས་དཀར་འདོན་ན་ཕན་གྱི་རེད་ཟེར་ན་ཐག་གཅོད་པ་ནི་མི་ཆོས་བླ་མའི་ཆོས་རྫུན་མ་ཡིན་ནམ། གདུགས་དཀར་འདོན་ནན་ཕན་ན་ཕན་ཚུལ་ཞིབ་ཏུ་གསུངས་དང་། དེ་མིན་ན་རྫུན་གཏམ་རེད།

  19. གཙང་རིགས། says:
    2011-02-09 at 4:30 pm

    ད་་་་མགོ་རྔ་མེད་པའི་སྐད་ཆ་མང་པོ་ཤོད་་་་་འགྱོ་ནི་ཡིན

  20. ཇ་མ་ says:
    2011-02-09 at 8:17 pm

    རང་བྱུང་ཁམས་ཀྱི་གནོད་པ་ལ་སུ་གང་གི་ཕན་ཐོག་མེད། ཨ་རིའི་ཟད་འཇིག་༢༠༡༢ཟེར་བའི་གློག་བརྙན་དེ་ཐོན་རྗེས་བོད་ཀྱི་རྒྱལ་ས་ལྷ་ས་ནས་མི་མང་པོ་ཞིག་གིས་ཐུགས་སྤྲོ་རྒྱས་པ་བཏང་ནས་ཟད་འཇིག་གི་སྔོན་ལ་སྐྱིད་པོ་བྱེད་དགོས་ཟེར་ནས་གང་ས་གང་དུ་སྤྲོ་སྐྱིད་གཏོང་གི་ཡོད་པ་དེ་ཡང་ཐབས་ཟད་པའི་ཐབས་ཤེས་ཡག་པོ་རེད་བསམ། ཨ་ལ་ཀུ་རེ་ཡིན། དཀོན་མཆོག་མཁྱེན།

  21. སྤོབས་པ་མཐའ་ཡས། says:
    2011-02-09 at 10:45 pm

    རང་རེའི་ཆོས་ལུགས་ཀྱི་རིམ་གྲོའི་དཔེ་ཆའི་ནང་ན༎ དམུ་ཡི་གནམ་རྡོ་ལྷུང་བ་བཟློག༎ཟེར་ནས་གནམ་རྡོ་ལྷུང་བ་ཞེས་པར་བཟློག་པ་རྒྱག་སྲོལ་ཞིག་འདུག་པ་དེ་འདི་ལ་ཟེར་བ་ཡིན་ནམ།

  22. སྤོབས་པ་མཐའ་ཡས། says:
    2011-02-09 at 10:52 pm

    གདུག་དཀར་མཆོག་གྲུབ་མ་འདིའི་གནམ་རྡོ་ལྷུང་བ་ཚོ་བཟློག་མིན་མི་ཤེས། མ་གཞི་གདུག་དཀར་མཆོག་གྲུབ་མ་འདི་སངས་རྒྱས་ཀྱི་གསུང་ཡིན་མིན་ཐེ་ཚོམ་རེད། གདུག་དཀར་མཆོག་གྲུབ་མའི་མགོར་ཚངས་པ་དང་དྲག་པོ་སོགས་ལ་ཕྱག་མང་པོ་འཚལ་འདུག ནང་པའི་ཆོས་ཀྱི་མགོར་ཕྱི་རོལ་པའི་ལྷ་ལ་ཕྱག་འཚལ་དགོས་དོན་གང་ཡིན་ནམ།

  23. ཀླུ་སྨྱོན། says:
    2011-02-10 at 12:45 am

    སྤྱིར་ན་ཕྱོགས་སྐྱོང་བཅོ་ལྔ་པོ་ཡང་ནང་པའི་ཆོས་མ་བྱུང་གོང་གི་ཕྱི་རོལ་བའི་ཆོས་ལུགས་ཀྱི་ནང་དུ་ཡོད་ནི་ཚོགས་བདག་དང་ཉི་མ་ཟླ་བ་སོགས་ཀྱིས་ཤེས་ཀི་འདུག ཡིན་ན་ཡང་དེ་དག་གི་རྣམ་པར་ཅན་གྱི་ཕྱོགས་སྐྱོང་བཅོ་ལྔ་ནི་རྒྱུད་སྡེ་བླ་མེད་ཀྱི་གྲས་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་གའི་ནང་དུ་ཡང་ཡོད་པ་རེད་ལ། འཇིགས་བྱེད་རྩ་རྒྱུད་ནི་སངས་རྒྱས་ཀྱི་གསུང་ཡིན་པར་ཁས་ལེན་ཐུབ་ན། གདུགས་དཀར་འདི་མི་ཐུབ་རྒྱུ་ཅང་མི་འདུག ཕྱི་རོལ་བའི་ལྷའི་རྣམ་པ་ཅན་གྱི་ནང་པའི་ལྷ་ཡོད་པ་ནི་དེ་དག་འདུལ་བའི་ཕྱིར་རེད་ཅེས་ཕྱག་དཔེ་མང་པོའི་ནང་དུ་གསུངས་འདུག་པ་གཟིགས་ཡོད་ལས་ཆེ། དེ་མིན་ན་ཁྱབ་འཇུག་གི་རྣམ་པ་ཅན་གྱི་སྤྱན་རས་གཟིགས་ཀྱང་ཡོང་དོན་མེད་ཀ དེ་བཞིན་ས་སྐྱའི་གསེར་ཆོས་བཅུ་གསུམ་ནང་གི་ཚོགས་བདག་ཕྱག་མང་པོ་ཡོད་པ་འདི་སོགས་ལ་འགྲེལ་བཤད་འདི་ཙམ་རེ་ལས་མེད་པར་སྣང་ཡང་ང་ནི་ལྟ་རྒྱ་ཐོས་རྒྱ་ཁབ་མིག་ལས་དོག་པ་ཞིག་ཡིན་པས་མ་མཐོང་བའི་ཤེས་བྱ་ཅི་བས་ཀྱང་ལོས་མང་། གང་ལྟར་འདིའི་སྐོར་ལ་གླེང་སློང་རེ་བྱེད་པ་འདི་ཡང་རང་རེའི་ཚོད་ཀྱི་བྱ་བ་བཟང་པོ་ཞིག་རེད་ལགས།

  24. ཀརྡོ་རབ་འབྱམས་པ་ says:
    2011-02-10 at 3:06 am

    གདུགས་དཀར་ནང་གི །སྐར་མདའ་ལྟུང་བའི་འཇིགས་པ་དང་། །ཞེས་པ་ལས། རིམ་གྲོའི་དཔེ་ཆའི་ནང་གི །དམུ་ཡི་གནམ་རྡོ་ལྷུང་བ་བཟློག །སྐར་མདའ་དང་སྐར་རྡོ་ལས།
    འདིར་གནམ་རྡོ། ཞེས་འདོགས་ན། ཚིག་དོན་གཉིས་ཉེ་རུ་འགྲོ་བགྱིད་འདུག འ་ཛིའི་ང་ཚོའི་བོད་ཀྱི་རིག་གཞུང་རྙིང་པ་འདི། ཕྱུག་དྲགས་ནས་ངའི་བློ་གྲོས་དེར་ཁྱབ་ཐུབ་བགྱིད་མི་འདུག མདང་སྐར་རྡོ་བྲིས་པ་ཡིན་ཡང་། འདི་རིང་གནམ་རྡོ་ཞེས་འབྲི་འདོད་བྱུང་སོང་།
    གདུགས་དཀར་ནང་ཆོས་མ་རེད་ལབ་པ་ནི། བོད་ཆོས་མི་ཤེས་པ་དང་། གདུགས་དཀར་འདོན་ནས་བོད་ལ་མི་ཕན་ཟེར་བ་ནི། ཆོས་ཀྱི་ཕན་ཡོན་མི་ཤེས་པའི་གཏམ་འཆལ་ཙམ་མོ། །

  25. རིག་འབྱུར་རྒྱ་མཚོ says:
    2011-02-10 at 5:24 am

    གདུགས་དཀར་གྱིས་སྐར་མདའ་ལྷུང་བའི་འཇིགས་པ་མ་དགོས་རྒྱ་ཡི་འཇིགས་པ་ཡང་ཟློག་མི་ཐུབ་པས་རང་སྐོར་མགོ་བྱེད་ཅིག་ཏུ་མཐོང་།

    ཟག་སྐྱེས་རྣམས་ཀྱི་ལས་དེ་ནི།།
    སུ་གང་ཞིག་གིས་གཞོམ་མ་ཡིན།།
    ཚོགས་ཤིང་དུས་ལ་བབ་པ་ན།།
    འབྲས་བུ་སྨིན་པ་མྱུར་དུ་འགྱུར།། ཚིག་ཇི་བཞིན་མིན་ཡང་དོན་དེ་ལྟར་ཡིན།

  26. རིག་འབྱུར་རྒྱ་མཚོ says:
    2011-02-10 at 5:37 am

    ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་།།
    ཉིད་ཀྱི་དམིགས་པ་གཞན་ལ་སྤོ་མི་ནུས་སོགས་ལ་གདུགས་དཀར་འགལ་བས་སྟོན་གསུངས་ཡིན་མིན་དེ་ཐོམ་དང་། ཡིན་ཡང་། སྟོན་གསུངས་དང་ཀླུ་སྒྲུབ་ཀྱི་དགོངས་བ་གཉིས་གཅིག་པ་ཡིན་མིན་ཐེ་ཚོམ་རེད།

  27. གཞིས་བོད། says:
    2011-02-10 at 6:31 am

    ངས་མཆན་ཞིག་བཞག་པ་ཡིན། འདི་ན་མི་འདུག དེ་ལ་ཅིའི་ཕྱིར་དག་མཆན་མ་ཐོབ་རེད། རྩོམ་སྒྲིག་པས་ལན་ཞིག་གནང་རོགས།

  28. བོད་ཀྱི་ཕོ་གསར། says:
    2011-02-10 at 6:38 am

    རྒད་པོ་ཀླུ་སྨྱོན་ལགས། ངས་སྔོན་མ་ནས་ཁྱེད་ལ་བཤད་མྱོང། ཁྱེད་རྒན་རབས་པ་རེད་ལ་བསམ་ཤེས་རེད། ཁྱེད་ནས་ཨིན་ཡིག་དེ་ཚོའི་དོན་གོ་བ་ལེགས་ཀྱང། དེ་བོད་བསྒྱུར་མ་འཁྱོངས་ན་རིག་འབྱུང་དོན་བཀྲ་ལགས་སུ་བསྐུར་དང་ན་བསྒྱུར་ནས་དགོད་ཀྱི་རེད་མོད། ཁྱེད་ཀྱིས་བསམ་བཞིན་ཁ་བརྡ་དྲ་བར་སྣང་མེད་བྱེད་པ་འདི་དངོས་གནས་བསྒྱུར་བཅོས་བཏང་ན་འོས་པར་མཐོང། ཁ་བརྡ་ཚང་ཞར་མེད་པ།

  29. བོད་ཀྱི་ཕོ་གསར། says:
    2011-02-10 at 6:45 am

    རྒད་པོ་ཀླུ་སྨྱོན་ལགས་སུ་སྔོན་མའང་ཞུས་མྱོང། ད་ཐེངས་ཡང་ཨིན་ཡིག་བཀོད་འདུག ཁྱེད་ནས་བསྒྱུར་རྒྱུ་མ་འཁྱོངས་ན་རྩོམ་སྒྲིག་པར་བསྐུར་བཞག་ན་ཆོག་གི་མོ། ཁ་བརྡ་དྲ་བའི་རྩ་དོན་ལ་སྣང་མེད་བཏང་ན་ཡག་པོ་མ་རེད།

    ཁ་བརྡ་ཚང་རྗེས་ནས་ཅུང་ཙམ་ཐོས་སོང་མཐོང་སོང་མདོག་མདོག་ཅིག་གནང་རོགས་ཞུ།

  30. མདོ་ལྷ་ཁམས་པ། says:
    2011-02-10 at 9:40 am

    ཞེ་དྲག་རང་ཞེད་དགོས་དོན་ཡོད་མ་རེད། ཉིན་མ་གཅིག་སྐར་རྡོ་མ་ཡོང་ན་ཡང་ཨ་ཞང་གི་མདུན་ལ་རང་གཅིག་པུ་འགྲོ་རྒྱུ་ཉག་གཅིག་རེད་མོད། དེ་ལས་རང་དང་མཉམ་དུ་འགྲོ་རོགས་མང་ཙམ་ཡོད་ན་དགའ་གི་རེད། ཧེ་ཧེ་ཧེ།

  31. ཐོ་རེངས་སྐར་ཆེན། says:
    2011-02-11 at 1:56 am

    སའི་གོ་ལ་འདིར་སྐབས་འགར་འཇིག་རྟེན་ཡང་འབོད་ཀྱིན་མེད་དམ། འཇིག་ན་ཐང་ཀི་ཟེར་དགོས་དོན་མེད། འཇིག་རྒྱུ་གཏན་འཁེལ་རེད།
    ཉིན་ལྟར་སྐར་རྡོ་ཁྲི་སྟོང་མང་པོ་བར་སྣང་ནས་སའི་གོ་ལའི་རླུང་ཁམས་ནས་འཛུལ་ཡོང་གི་ཡོད། འོན་ཀྱང་རླུང་དང་བརྡར་ནས་མེས་འཚིགས་འགྲོ་བས། ང་ཚོས་དུས་རྒྱུན་དེར་སྐར་མདའ་ཅེས་འབོད་པ་དེ་རེད། སྐར་རྡོ་འཚིག་མ་ཐུབ་པ་དེ་འདྲ་ས་ཐོག་ཏུ་ཟགས་པ་དེ་འདྲ་ཡོད་ཅིང་དེར་གནམ་ལྕགས་སམ་གནམ་རྡོ་ཞེས་འབོད་ཀྱི་ཡོད། ཧྲུག་རྡོ་ཞིག་ང་ཚོའི་སྡེ་བའི་ཨ་མྱེས་ལྷ་སྐྱབས་ཀྱི་སྐེ་ན་བཏགས་ཡོད།
    བར་སྣང་གི་དངོས་གཟུགས་ལ་ང་ཚོས་ཁ་ལོ་བསྒྱུར་ཐུབ་པ་ཧ་ཅང་དཀའ། དེ་བས་ང་ཚོས་འབྱུང་ཁམས་སྲུང་སྐྱོབས་བྱེད་པ་དང་། མ་མཐར་ཡང་། ཁྱིམ་གྱི་ཆུ་དང་གློག་སོགས་བེད་སྤྱོད་ཚུལ་བཞིན་ཐོངས་དང་།
    སེམས་ཁྲལ་གྱིས་མི་ཕན། འགྲོ་ཞོར་འདུག་ཞོར་དུ་ང་ཚོས་བསྒྲུབ་ཐུབ་པའི་བྱ་བ་མང་པོ་ཡོད།

  32. སྤོབས་པ་མཐའ་ཡས། says:
    2011-02-11 at 2:36 am

    ༡༩༩༤ལོ་ཡིན་ནམ་ཞིག་ལ་Jupiterཟེར་བའི་དེ་ཡང་བར་སྣང་གི་རྡོ་འཁྱམས་རི་ཆུང་ཆུང་གི་ཚད་ཙམ་ཞིག་དང་འཕྲད་ནས་སེར་ཀ་ཧ་ལས་པའི་ཆེན་པོ་ཞིག་བཏོད། རི་ཆུང་ཆུང་གི་ཚོད་ཙམ་ལས་མེད་པའི་རྡོ་འཁྱམས་དེ་ Jupiterདང་འཕྲད་སྐབས་ཀྱི་གདོང་ཐུག་ཤེད་ཤུགས་དེ་ད་ལྟ་ང་ཚོའི་འཛམ་གླིང་འདིའི་སྟེང་གི་རྡུལ་ཕྲན་མཚོན་ཆ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ཏེ་དུས་གཅིག་ལ་འབར་གས་བྱུང་བ་ལས་རྡབས་བདུན་ཅུ་དོན་ལྔ་ཙམ་གྱི་སྟོབས་ཆེ་བ་རེད་འདུག

  33. མདོ་ལྷ་ཁམས་པ། says:
    2011-02-11 at 5:12 am

    ཨ་རོ། སྤོ་མཐའ་ལགས། ཁྱེད་དེ་ཟོ་་་ཨེ་བདེན་ན། རི་ཆུང་ཆུང་ཞིག་གིས་jupiter ལ་སེར་ཁ་དེ་འདྲའི་ཆེན་པོ་ཞིག་གས་ཐུབ་ཨ་ཡོང་། ངས་རྣར་མི་འགྱོ་གི གང་ཡིན་ཟེར་ན་་་ འཛམ་གླིང་སྟེང་ན་རི་ཆུང་ཆུང་དང་རི་ཆེན་པོ་ག་ཚད་འདུག རི་ཆུང་ཆུང་ཞིག་ལ་འཛམ་གླིང་གས་སྐྱོན་ཤོར་བའི་ལྗིད་ཁོག་དེ་འདྲ་རང་ཡོད་ས་མ་རེད།
    བསམ་བློ་དེའི་ཐོག་ནས་jupiter ནི་རི་ཆུང་ཆུང་ཞིག་གིས་སེར་ཁ་གས་མི་ཐུབ་པ་ཡང་ཨ་ཅང་ཅང་། གང་ཡིན་ཟེར་ན། jupiter ནི་འཛམ་བུ་གླིང་ལས་ལྡབ་སྟོང་གི་ཆེ་རབས་འདུག
    ཅིག་བྱས་ན་ཁྱེད་རང་གོ་ནོར་ཐེབས་པ་ཡིན་སྲིད། ངས་གོ་ཚོད་ལ་བར་སྣང་གི་སྐར་རྡོ་དེ་འདྲ་ཁ་ཤས་ཅིག་གིས་བསྟུད་མར་ ་jupiter ལ་བསྣུན་ཡོད་པ་བདེན་འདུག ཡིན་ན་ཡང་ jupiter གི་ཤུན་པགས་ཐོག་ཀོང་ཀོང་ཏོག་ཙམ་ཏོག་ཙམ་བཟོས་པ་ལས་སེར་ཁ་གས་པ་དེ་འདྲ་བྱུང་ཡོད་ས་མ་རེད། དེ་བདེན་པ་རེད།
    མ་གཞི་ཁྱེད་རང་གི་སྐད་ཆ་དེར་ཡང་ཁུངས་མེད་པ་ཡིན་རྒྱུ་མ་རེད།

  34. ས་མཐའི་བུ་ says:
    2011-02-15 at 1:16 am

    ས་འཐོར་ཆུ་འཐོར་ག་ཚོད་བྱུང་ན་ཁྱད་མེད་དོ་སྐྱིད་པོ་བྱས་ནས་འདུག་ཡ་

  35. ས་མཐའི་བུ་ says:
    2011-02-15 at 1:29 am

    ངའི་རེ་བ་ལ་དབྱིན་ཡིག་གི་ཐོག་ནས་བྲིས་པའི་རྩོམ་ཡིག་དེ་དག་འདིར་མ་འཇོག་རོགས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་བོད་སྐད་རང་གི་ཐོག་ནས་ཁ་བརྡ་བྱེད་སའི་དྲ་ལམ་ཞིག་ལས་ཡིག་རིགས་འདྲ་མིན་བྲིས་ན་རང་གི་སྐད་ཡིག་འདིའི་ས་ཆ་ཆུང་དུ་འགྲོ་མི་སྲིད་པ་མ་རེད་
    གལ་སྲིད་ཁྱེད་རང་༼དབྱིན་ཡིག་གི་རྩོམ་འབྲི་མཁན་༽ཡིག་རིགས་འདྲ་མིན་ཞིག་ཤེས་མཁན་གྱི་མཁས་པ་ཞིག་ཡིན་དགའ་བསུ་ཡོད། འདིར་བོད་ཡིག་གི་ཐོག་ནས་འབྲི་རོགས་གནང་། བོད་ཡིག་མི་ཤེས་མཁན་གྱི་བོད་མི་ཕལ་བ་ཞིག་ཡིན་ན་ག་ལེར་ཕེབས་རོགས་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme