Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སངས་རྒྱས་སྤྱོད་པ།

Posted on 2013-05-062013-05-06 By ཁ་བརྡ་ 15 Comments on སངས་རྒྱས་སྤྱོད་པ།

ཟླ་བ་གཞོན་ནུས།

तं तुष्टुवुः सौम्यगुणेन केचिद्ववन्दिरे दीप्ततया तयान्ये।
सौमुख्यतस्तु श्रियमस्य केचिद्वैपुल्यमाशंसिषुरायुषश्च।।
ཁ་ཅིག་དེ་ལ་ཞི་བའི་ཡོན་ཏན་གྱིས་བསྟོད་ལ།། དེ་བཞིན་གཞན་རྣམས་གསལ་བ་ཉིད་ཀྱིས་ཕྱག་བཙལ་ཞིང་།།
ཁ་ཅིག་དག་ནི་འདི་ལ་མངོན་དུ་ཕྱོགས་ནས་ཀྱང་།། དཔལ་དང་ཚེ་ཡི་རྣམ་པར་རྒྱས་ལ་ཤིས་པ་བརྗོད།།

रुपस्य हन्त्री व्यसनं बलस्य शोकस्य योनिर्निधनं रतीनाम्।
नाशः स्मृतीनां रिपुरिन्द्रियाणामेषा जरा नाम ययेष भग्नः।।
གཟུགས་ཀྱི་གནོད་བྱེད་སྟོབས་ཀྱི་རྣམ་པར་ཟ་བ་པོ།། རྒན་པ་རྣམས་ཀྱི་འཇོམས་བྱེད་མྱ་ངན་རྣམས་ཀྱི་ས།།
དྲན་པ་རྣམས་ཀྱི་ཉམས་བྱེད་དབང་བོ་རྣམས་ཀྱི་དགྲ། འདི་ནི་རྒས་པ་ཞེས་བྱ་གང་གིས་འདི་བཅོམ་མོ།།

སྙན་དངགས་པ་ཆེན་པོ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་<<སངས་རྒྱས་སྤྱོད་པ>>་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས་དྲངས།

འགྱུར་རྩོམ།

Post navigation

Previous Post: ཁུ་ནག
Next Post: བདག་གི་མཐོང་སྣང་དུ་འགྱིངས་པའི་མི་བོ་ཆེ་ཞིག་གི་རྟོགས་བརྗོད།

Comments (15) on “སངས་རྒྱས་སྤྱོད་པ།”

  1. Gedun says:
    2013-05-06 at 3:06 pm

    ཟླ་བ་གཞོན་ནུ་ལགས། ཁྱེད་ཀྱི་འགྱུར་འདིའི་རྐྱེན་བྱས་ཏེ། དེ་རིང་ཡུན་རིང་ཉར་བའི་ཚིགས་བཅད་འགའ་འདིར་དྲངས་ཡོད། དུས་ཀྱིས་ལྕོགས་ན་ལེགས་སྦྱར་དང་བསྟུན་ནས་གཟིགས་རྟོག་མཛད་འཚལ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-06 at 10:17 pm

    ཟླ་བ་གཞོན་ནུ་མཆོག་གིས། སྙན་དངགས་པ་ཆེན་པོ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་<>་ཞེས་བྱ་བའི་སྙན་དངགས་ཆེན་མོའི་ལེའུ་གསུམ་པའི་ཚིགས་བཅད་ ༡༡པ་དང་། ཚིགས་བཅད་༣༠པ་བཀོད་པས། ལེགས་སྦྱར་སྐད་དང་། བོད་སྐད་ལ་སྐད་གཉིས་ཤན་སྦྱར་བྱས་པར་དགའ་བ་སྐྱེས་སོ།།

  3. དྲན་དཀར་དཔལ་ཡོན་ says:
    2013-05-07 at 1:58 pm

    བཀུར་འོས་རྣམས་བྱོན་པ་ལེགས།
    གོང་གི་ལེགས་སྦྱར་དེ་འདོན་བྱེད་ཀྱི་བོད་ཡིག་ཅིག་ལྷན་དུ་བཀོད་ན་ཧ་ཅང་བཟང་། དེ་ཡང་རིག་རྩལ་ཅིག་ཅི་ལ་མིན། དེ་མིན།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-05-07 at 6:39 pm

    तं तुष्टुवुः सौम्यगुणेन केचिद्ववन्दिरे दीप्ततया तयान्ये।
    तंཏ ༼ང༽ཏུཥཊུཝུཧवुः༼རྣམ་བཅད༽སྰོོམྱགུཎེན ཀེཅིདཝནྡིརེ དྰིཔྟཏཡཱ ཏཡྰནྱེ།
    सौमुख्यतस्तु श्रियमस्य केचिद्वैपुल्यमाशंसिषुरायुषश्च।।
    སྰོོམུཁྱཏསྟུ ཤྲིཡམསྱ ཀེཅིདེེཔུལྱམྰཤ༼ང་༽शंསིཥུརྰཡུཥཀྵ།श्च

    དག་བཅོས་གནོངས་རོགས།

  5. དྲན་དཀར་དཔལ་ཡོན་ says:
    2013-05-07 at 8:48 pm

    གཉེར་ཕྱག་པ་ཐུགས་རྗེ་ཆེ། འདོན་ཐུབ་ཀྱི་འདུག་དག་མིན་གང་ཤེས།

  6. ཟླ་བ་གཞོན་ནུ says:
    2013-05-07 at 9:04 pm

    དགེ་རབ་དང་ལ་དྭགས་པ་སོགས་ལ་ཐུགས་རྗེ་ཆེ་ཞུ།

    དམིགས་བསལ་གྱིས་དགེ་རབ་ལགས་ནས་སངས་རྒྱས་སྤྱོད་པ་ཞེས་པ་དེ་ནས་ཚིགས་བཅད་འགའ་དབྱིན་འགྱུར་དུ་ལྷན་དུ་བཀོད་པར་ཐུགས་རྗེ་ཆེ་ཞུ། འཇོན་སི་ཊོན་གྱིས་བོད་འགྱུར་གཞིར་བཞག་ནས་དབྱིན་ཡིག་ཏུ་འགྱུར་བ་ཞིག་ཡོད་རེད། དེ་ཁྱེད་ལ་ཡོད་དམ། དེ་ཕལ་ཆེར་བོད་འགྱུར་གཙོར་བྱས་པ་རྒྱ་འགྱུར་མ་ལའང་ཞིབ་བསྡུར་གྱིས་བསྒྱུར་བ་ཞིག་ཡིན་པས། བོད་འགྱུར་དང་མཐུན་པོ་ཡོད་པར་འདོད།
    ལེགས་སྦྱར་གྱི་མ་ཡིག་ལས་སརྒ་སྟེ་ལེའུ་གང་མང་ཞིག་བོར་བརླག་ཏུ་སོང་བས། དབྱིན་འགྱུར་ལས་ཧིན་འགྱུར་བྱས་པ་དང་། དེ་ལ་གཞིར་བཞག་ནས་སླར་ལེགས་སྦྱར་དུ་ཁ་བསྐངས་པ་རེད། དཔེར་ན་གོང་གི་ཚིགས་བཅད་འདི་གཉིས་ལས་ཀྱང་ཚིག་ཁ་ཤས་ཐོད་ཐུག་གི་མི་འདུག ཚིགས་བཅད་དང་བའི་རྒན་པོ་རྣམས་ཀྱི་ཞེས་པ་དེར་ལེགས་སྦྱར་དུ་དགའ་བ་རྣམས་ཀྱི་ཞེས་པའི་དོན་ཡོད་པ་རེད།

    སངས་རྒྱས་སྤྱོད་པ་ཞེས་པའི་སྙན་ངག་ཆེན་མོ་འདི་ད་ལོའི་ང་ཚོའི་ལེགས་སྦྱར་གྱི་སློབ་ཚན་དུ་ཡོད། དེ་བས་ངས་ཐེངས་འགར་བཀླགས་པ་ཡིན། ང་ལའང་སྔོན་མ་ནས་ལེགས་སྦྱར་མ་ཡིག་དང་ལྷན་དུ་ཀློག་རྒྱུ་གོམས་གཤིས་ཤིག་འཇགས་ཡོད། མགོ་ཚད་མ་རིགས་སྒོ་དང་བྱང་ཆུབ་ལམ་སྒྲོན་ནས་བཟུང་། དབུ་མ། མཛོད་དང་ཚད་མ། མངོན་རྟོགས་རྒྱན། སྙན་ངག་མེ་ལོང་མ། སྤྲིན་གྱི་ཕོ་ཉ།(འདི་རྒན་སྤྲེལ་ནག་པ་ངེད་གཉིས་ཀྱིས་སྐད་ཡིག་བཞི་ཤན་སྦྱར་བྱས་པ་ཞིག་ཕལ་ཆེར་ད་ལྟ་ལེགས་འགྲུབ་བྱུང་ཡོད་པ་གང་མགྱོགས་སྤྱན་ལམ་དུ་མངོན་ངེས།) ཀླུ་ཀུན་ཏུ་དགའ་བའི་ཟློས་གར།(འདི་ན་ནིང་བདག་གིས་ལེགས་སྦྱར་དང་བསྟུན་ཏེ་ཆད་པ་ཁ་སྐོང་དང་བསྐྱར་དུ་ཞུ་དག་དང་རྩོམ་སྒྲིག་བྱས་ནས་གྲུབ་ཡོད།) གཞུང་ཕྲན་ཉི་ཤུ་བ་དང་སུམ་ཅུ་བ། ལ་སོགས་པ་རེག་རེག་ཚང་མ་ལེགས་སྦྱར་དུ་ལྷན་དུ་སྦྱར་ནས་ཀློག་གིན་ཡོད་ལ། དམ་ཆོས་པད་དཀར་སོགས་ལེགས་སྦྱར་དང་རྒྱ་ཡིག་བོད་ཡིག་སོགས་མཉམ་དུ་སྦྱར་ནས་ཀློག་གིན་ཡོད། དེས་མ་ཡིག་གི་གོ་བ་ལ་ཕན་བླ་ན་མེད་པ་ཞིག་ཐོགས་པར་མ་ཟད། འགྱུར་གྱི་སྐོར་ནས་སྤྱིར་བཏང་གི་ཤེས་བྱ་དང་འགྱུར་རྩལ་སོགས་རམ་འདེགས་ཆེན་མོ་ཐོན་སོང་། ངས་ནི་སློབ་ཚན་དང་འབྲེལ་བ་ཆེར་མེད་ནའང་སློབ་གྲྭ་འདིར་འབྱོར་བ་ནས་བཟུང་བོད་ཀྱི་བསྟན་བཅོས་ཀྱི་རྩོམ་འགྲོས་ལ་སློབ་སྦྱོང་བྱེད་ཀྱིན་ཡོད། རྔོ་ཡང་མི་དམན་པ་ཞིག་ཐོགས་སོང་།

    ཁྱེད་ཀྱིས་ཀྱང་སྔ་མོའི་གཞུང་དེ་དག་ལ་ཐུགས་སྣང་ཆེན་པོ་གནང་གིན་འདུག་པ་མཐོང་སེམས་པ་དགའ་ནས་ཡོད། བཀའ་བསྟན་འགྱུར་འདི་ཚོ་གང་ཐུབ་ཐུབ་ཀློག་ཐུབ་ན་བསམས་བསམས་ཤིག་སྔ་མོ་ནས་ཡོད།
    ཞལ་བྲོ།

  7. ཟླ་བ་གཞོན་ནུ says:
    2013-05-07 at 9:05 pm

    ཚིགས་བཅད་དང་བོའི་རྒན་པོ་རྣམས་ཀྱི་ཞེས་པ་དེ་འདིར་ཚིགས་བཅད་འོག་མ་དེ་རེད།

  8. ཟླ་བ་གཞོན་ནུ says:
    2013-05-07 at 9:31 pm

    དྲན་དཀར་དཔལ་ཡོན་ལགས།
    གོང་གི་ཚིགས་བཅད་དེ་གཉིས་བོད་ཀྱི་ཡི་གེར་ཕབ་ན། འདི་ལྟ་སྟེ།

    ཏཾ ཏུཥྚུབུཿ སོོམྱགུཎེན ཀེཙིདྭབནྡིརེ དཱིཔྟཏཡཱ ཏཡཱནྱེ།
    སོོམུཁྱཏསྟུ ཤྲིཡམསྱ ཀེཙིདྭེེཔུལྱམཱཤཾསིཥུརཱཡུཥཤྩ།།

    རུཔསྱ ཧནྟྲཱི བྱསནཾ བལསྱ ཤོཀསྱ ཡོནིརྣིདྷནཾ རཏཱིནཱམ྄།
    ནཱཤཿ སྨྲྀཏཱིནཱཾ རིཔུརིནྡྲིཡཱཎཱམེཥཱ ཛརཱ ནཱམ ཡཡེཥ བྷགྣཿ།།

    སྤྱིར་སྐད་དོད་རེ་རེ་བྱས་ནས་བོད་འགྱུར་གྱི་དོན་རྣམས་རྩལ་དུ་བཏོན་ནས་དྲ་གྲོགས་དག་གི་སྤྱན་ལམ་དུ་བསྟར་དགོས་བསམ་མོད། དགོས་པ་ཆེར་མ་མཐོང་། གོང་དུ་བོད་འགྱུར་དང་ལེགས་སྦྱར་མི་མཐུན་པ་ཞིག་བཀོད་པ་ལྟར། ཚིགས་བཅད་འོག་མ་འདིར་བོད་འགྱུར་གྱི་རྒན་པོ་རྣམས་ཀྱི་འཇོམས་བྱེད་ཅེས་པ་དེ་ ནིདྷནཾ རཏཱིནཱམ྄ ཞེས་པ་འདི་ཡིན་ལ། ལེགས་སྦྱར་ལྟར་ན་ནི རཏཱིནཱམ྄་ཞེས་པ་དགའ་བ་རྣམས་ཀྱི་ཞེས་འདོན་དགོས་པ་དང་། ལེགས་སྦྱར་གྱི་འགྲེལ་བར། རཏཱིནཱམ྄ ཞེས་པ་ཨཱནནྡཱནཱཾ་ཞེས་དགའ་བར་བཀྲལ་ཡོད་པ་དང་། ནིདྷནཾ་ཞེས་པ་མྲྀཏྱུཿཞེས་འཆི་བར་བཀྲལ་ཡོད། འགྱུར་མི་མཐུན་པ་བྱུང་དོན་གོང་དུ་ཞུས་ཟིན།

    ཚིགས་བཅད་གོང་མ་དེ་ཟས་གཙང་མའི་སྲས་གཞོན་ནུ་དོན་གྲུབ་ཕོ་བྲང་ཕྱི་ལ་ཕེབས་པའི་ཚེ། ཕོ་བྲང་ཕྱིའི་མི་རྣམས་ཀྱིས་ཁོང་མཇལ་དུས་ཀྱི་རྣམ་པ་བྲིས་ཡོད་པ་དང་།
    འོག་མས་གཞོན་ནུ་དོན་གྲུབ་ཀྱིས་རྒད་པོ་ཞིག་མཐོང་བ་དང་རང་གི་ཤིང་རྟ་ཁ་ལོ་བར་འདི་ལ་ཅི་བྱུང་། ཞེས་དྲི་བ་འཕངས་པས། ཁ་ལོ་བ་ཚནྡཀ་ཡིས་ལན་དུ་བསྐྱོན་པ་དེ་ཉིད་ཚིགས་སུ་བཅད་པའོ།།

  9. དྲན་དཀར་དཔལ་ཡོན་ says:
    2013-05-07 at 9:56 pm

    ཟླ་བ་གཞོན་ནུ་བྱོན་པ་ལེགས། ཐུགས་རྗེ་ཆེ། ད་དུང་གཞུང་ཚན་བརྒྱད་སྐད་ཡིག་བཞིར་ཤན་སྦྱར་ཟེར་བ་དེ་ཡང་གང་དག་དག་ཅིག་ལེགས་གྲུབ་ཀྱི་་རེ་འདུན་དང་བཅས།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-07 at 10:53 pm

    བོད་འགྱུར་ཚིག་རྣམས་ལེགས་སྦྱར་གྱི་ཚིག་རྣམས་ཀྱི་སྒྲ་བཤད་བྱེ་བྲག་ཏུ་རྟོགས་པ་ལ་ཕན་ཐོགས་ཆེ། ཝཱ་རཱ་ཎ་སཱི་ལེགས་སྦྱར་སློབ་གྲྭ་ཆེན་མོར་བགྲོ་གླེང་འདུན་ས་ཞིག་ལ། ཅཱརྦཱཀ ཚིག་དོན་རྒྱ་གར་མཁས་པ་དག་གིས་ཀྱང་ཤེས་དཀའ་བ་ན། དེ་ཡི་བོད་འགྱུར། ཚུ་རོལ་མཛེས་པ་པ། ཞེས་པའི་སྒྲ་ལ་གརྟེན་ནས་དེ་ཡི་ཚིག་དོན་ལེགས་པར་ཤེས་ཐུག ཅཱརུ མཛེས་པ། ཨརྦཱཀ་ ཚུ་རོལ། མཚམས་སྦྱོར་བ་ན། ཅཱརྦཱཀ ཞེས་གྲུབ་བོ།།

  11. ཀརྡོ་གཉེར་ཕྱག་པ་ says:
    2013-05-08 at 6:58 am

    ༨༽ ཟླ་བ་གཞོན་ནུ་ནས།

    ཏཾ ཏུཥྚུབུཿ སོོམྱགུཎེན ཀེཙིདྭབནྡིརེ དཱིཔྟཏཡཱ ཏཡཱནྱེ།
    སོོམུཁྱཏསྟུ ཤྲིཡམསྱ ཀེཙིདྭེེཔུལྱམཱཤཾསིཥུརཱཡུཥཤྩ།།

    རུཔསྱ ཧནྟྲཱི བྱསནཾ བལསྱ ཤོཀསྱ ཡོནིརྣིདྷནཾ རཏཱིནཱམ྄།
    ནཱཤཿ སྨྲྀཏཱིནཱཾ རིཔུརིནྡྲིཡཱཎཱམེཥཱ ཛརཱ ནཱམ ཡཡེཥ བྷགྣཿ།།འདིར་བྲིས་པ་བཀའ་དྲིན་ཆེ།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-05-08 at 7:38 am

    གཟུགས་ཀྱི་གནོད་བྱེད་སྟོབས་ཀྱི་རྣམ་པར་ཟ་བ་པོ།། རྒན་པ་རྣམས་ཀྱི་འཇོམས་བྱེད་མྱ་ངན་རྣམས་ཀྱི་ས།།
    དྲན་པ་རྣམས་ཀྱི་ཉམས་བྱེད་དབང་བོ་རྣམས་ཀྱི་དགྲ། འདི་ནི་རྒས་པ་ཞེས་བྱ་གང་གིས་འདི་བཅོམ་མོ།།
    སྤྱི་ཡོངས་ནས་ཚིག་བཅད་འདི་ཀློག་མི་བདེ་ཅིག་ཡོང་ཤུགས་ཀྱིས་ཡོང་བགྱིད།

    ་་་་གང་གིས་འདི་བཅོམ་མོ། །གཟུགས་སྟོབས་གནོད་བྱེད། དགའ་བ་འཇོམས་བྱེད་དང་དྲན་དབང་ཉམས་བྱེད་ཀྱིས་་་སྦྱར་དགོས་པ་ལས་དེ་མིན། རྒན་པ་རྣམས་ཀྱི་འཇོམས་བྱེད་མྱ་ངན་རྣམས་ཀྱི་ས། །འདིའི་རྒན་པ་ནི་རྒས་པ་ཆ་འདྲ་བས། རྒས་པ་ཉམས་ན་གཞོན་པར་གྱུར་པས་མྱ་ངན་གྱི་ས་རུ་མི་འགྲོ་བར་མྱ་ངན་མེད་པའི་ས་འགྲོ་བའི་ཕྱིར་རོ། །

  13. ཀརྡོ་གཉེར་ཕྱག་པ་ says:
    2013-05-08 at 8:03 am

    གཟུགས་ཀྱི་གནོད་བྱེད་སྟོབས་ཀྱི་རྣམ་པར་ཟ་བ་པོ།།
    རྒན་པ་རྣམས་ཀྱི་འཇོམས་བྱེད་མྱ་ངན་རྣམས་ཀྱི་ས།།
    དྲན་པ་རྣམས་ཀྱི་ཉམས་བྱེད་དབང་བོ་རྣམས་ཀྱི་དགྲ།
    འདི་ནི་རྒས་པ་ཞེས་བྱ་གང་གིས་འདི་བཅོམ་མོ།།
    དོན་བསྒྲུར་བྱས་ན།
    གནོད་བྱེད་སྟོབས་ཀྱིས་གཞོན་གཟུགས་རྣམ་པར་ཟད། །
    དགའ་རྣམས་འཇོམས་པས་མྱ་ངན་སྐྱེ་བའི་གཞི། །
    དྲན་པ་ཉམས་པས་དབང་པོ་རྣམས་མི་གསལ། །
    གཟུགས་དགའ་དྲན་དབང་གནོད་བྱེད་ཀྱིས་བཅོམ་རྒས། །

  14. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 11:14 pm

    དོན་བསྒྲུར་བྱས་ན།
    གནོད་བྱེད་སྟོབས་ཀྱིས་གཞོན་གཟུགས་རྣམ་པར་ཟད། །
    དགའ་རྣམས་འཇོམས་པས་མྱ་ངན་སྐྱེ་བའི་གཞི། །
    དྲན་པ་ཉམས་པས་དབང་པོ་རྣམས་མི་གསལ། །
    གཟུགས་དགའ་དྲན་དབང་གནོད་བྱེད་ཀྱིས་བཅོམ་རྒས། །
    ཡང་ན།
    དོན་བསྒྲུར་བྱས་ན།
    གནོད་བྱེད་སྟོབས་ཀྱིས་གཞོན་གཟུགས་རྣམ་པར་ཟད། །
    དགའ་རྣམས་འཇོམས་པས་མྱ་ངན་སྐྱེ་བའི་གཞི། །
    དྲན་པ་ཉམས་པས་དབང་པོ་རྣམས་མི་གསལ། །
    གཟུགས་དགའ་དྲན་དབང་འཇོམས་བྱེད་ཀྱིས་བཅོམ་རྒས། །

  15. ལྷ་རྒྱལ། says:
    2016-01-17 at 11:49 pm

    ང་བོད་ནང་ནས་ཐོན་པའི་སློབ་མ་ཞིག་ཡིན། ད་ལྟ་ཉི་ཧོང་ན་སློབ་སྦྱོང་བྱེད་གིན་ཡོད། ངས་ཀྱང་ཉེ་ཧོང་ནས་ལེགས་སྦྱར་སྐད་བསླབས་ནས་ལོ་གཅིག་སོང་ཚར། དག་དག་ང་ཚོའི་སློབ་གྲྭའི་བསླབ་གཞི་ཞིག་ཏུའང་སངས་རྒྱས་སྤྱོད་པ་་་་་་་་འདི་བོད་རྒྱ་ཉི་སྐད་དུ་ཞིབ་བསྡུར་བྱེད་གིན་འདུག གནད་དོན་ཅི་ཡོད་ལྷན་རྒྱས་ནས་མཁྱེན་གསལ་ལྟར་རེད། ང་རང་ཡང་སྔོན་གྱི་ལོ་ཙཱ་བ་བློ་གྲོས་རྒྱལ་པོ་ཞེས་པ་འདི་ལ་དོགས་པ་གཏིང་ཟབ་སྐྱེས། འདི་ཚང་ཟུར་མཁར་བ་ཚང་ཡིན་ནམ་སྙམ་མོད་དོན་མང་པོ་ཞིག་གི་རྒྱུས་ལོན་པ་ལྟར་ན་དེ་གཉིས་སྐྱེ་བོ་སོ་སོ་བ་ཡིན་པ་རྟོགས་ཀྱང་། སངས་རྒྱས་སྤྱོད་པ་བོད་བསྒྱུར་བྱེད་མཁན་གྱི་ལོ་ཙཱ་བ་དེའི་རྣམ་ཐར་རམ་ལོ་རྒྱུས་གཅིག་ཀྱང་ད་ལྟ་ལག་སོན་མ་བྱུང་། རྣམ་པ་ལྷན་རྒྱས་ཁྲོད་མཁྱེན་རྟོགས་ཡོད་མཁན་ཡོད་ན་ཕྲན་ལ་གསུང་རོགས་ཞུ་ཞུ། དེ་མིན་ངས་ནི་ཉི་ཧོང་སྐད་སྤྱད་ནས་ལེགས་སྦྱར་སྐད་སློབ་གིན་ཡོད་པས་དཀའ་ལས་མང་པོ་ཞིག་ལ་ཕྲད་ཡོང་གི་འདུག སློབ་དེབ་འོས་པ་རེ་ངོ་སྤྲོད་གནང་མཁན་ཡོད་ན་ཐུགས་རྗེ་ཞུ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme