Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སངས་རྒྱས་རྗེས་དྲན་གྱི་སྙན་ངག

Posted on 2016-12-292016-12-29 By ཁ་བརྡ་ 1 Comment on སངས་རྒྱས་རྗེས་དྲན་གྱི་སྙན་ངག

unnamed-4—བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།

 
གངས་དཀར་ཏི་སེའི་བྱང་གི་ཕྱོགས།
རིན་ཆེན་སྤུངས་པའི་ལྷུན་པོའི་རྩེར།།
གཡུང་དྲུང་འཁྱིལ་བའི་གདན་ཐོག་ཏུ།
ལྟེ་མཚལ་དམར་པོ་འོད་དུ་འཁྱིལ།།

བརྒྱ་བྱིན་གངས་རིའི་རྩེ་ནས་བབས།།
འཇོག་པོ་མ་ཕམ་མཚོ་ནས་བཞེངས།།
བར་གྱི་གཡེན་སྡེ་མགྲོན་དུ་གཤེགས།།
དམུ་ཡི་རྒྱལ་ཁམས་བྲེལ་བས་འདུར།།

གནམ་རིག་སྨྲ་བས་གཟའ་སྐར་བརྟཌ།།
ས་དཔྱད་རྒན་པོས་མཁར་ཐབ་བརྩིཌ།།
བྲམ་ཟེའུ་མཁས་པས་སྐུ་ཁྲུས་གསོལ།།
གཤེན་རབ་མི་བོའི་མཚན་སྙན་ཕུལ།།

འགྲོ་རྣམས་རང་མཐུན་ཆ་ལུགས་བཞིན།།
དམུ་ཡི་རྒྱལ་ཁྲིར་ཞབས་ཀྱིས་བཀྱགས།།
སྲིད་འབྱོར་མངའ་ཐང་ལོངས་སྤྱོད་རྒྱས།།
རྒྱལ་ཁམས་བོན་སྲིད་བདེ་ཞིང་བསྙོམས།།།

རིན་ཆེན་གཏེར་གྱི་བང་མཛོད་དང་།།
སྙན་གྲགས་སྲིད་གསུམ་དབྱར་སྐྱེས་རྔ།།
ཟང་ཟིང་འཁོར་བ་རྒྱ་མཚོའི་རླབས།།
རྩྭ་བཞིན་འདོར་བའི་སྤོབས་པ་རྒྱས།།

མཛེས་མའི་རེ་གདུང་རྒྱབ་ཏུ་བསྐྱུར།།
གཉེན་ཉེའི་བསླབ་བྱ་རྒྱང་དུ་གཡུགས།།
ཁེར་རྐྱང་གོམ་འགྲོས་རི་ལ་ཕྱོགས།།
བྱ་སྤྲེལ་འཚོ་བ་ལོངས་སུ་སྤྱད།།

འཁོར་བ་འདམ་གྱི་རྫིང་བུ་ནས།།
བདེ་བ་སྐད་ཅིག་ཉག་ཕྲན་ཙམ།།
གཏན་བདེའི་ཡུལ་དུ་མ་རྙེད་པས།།
དབུ་ཡི་རལ་བ་དུམ་སེར་གཏུབས།།

ཏིང་འཛིན་མེ་ཏོག་ཟས་སུ་འགམས།།
བཟོད་པའི་གོ་མཚོན་སྐུ་ལ་གསོལ།།
བྱམས་བརྩེའི་བདུད་རྩི་ཆར་དུ་སྙིལ།།
རི་དྭགས་ཚོགས་ཀྱང་རྗེས་སུ་སྙེགས།།

དཀའ་ཐུབ་ལོ་ཟླའི་ཁུགས་སོ་ནས།།
ངེས་འབྱུང་ཨུ་དཔལ་རྒྱུད་དུ་འཁྲུངས།།
མྱང་འདས་དཔལ་གྱི་འབྲས་བུ་ཞིག།
ས་བཅུ་བགྲོད་པའི་ཀློང་དུ་གཟིགས།།

མདོ་ལམ་ས་བཅུའི་ཐེམ་སྐས་བཙུགས།།
སྔགས་ལམ་རིམ་གཉིས་ས་བོན་བསྐྲུན།།
རྫོགས་ཆེན་ཀུན་བཟང་རང་ཞལ་བརྡོལ།།
བསྟན་པའི་མངའ་བདག་གཤེན་རབ་པ།།

བོད་ཡུལ་མེས་པོའི་ལྗོངས་ཆེན་དུ།།
རྒྱུ་བཞི་ཐེག་པའི་སྐྱ་རེངས་བསུས།།
མདོ་སྔགས་བསྟན་པའི་འོད་ཆེན་པོ།།
ནམ་ཞིག་འཆར་བའི་སྨོན་ལམ་བཏབ།།

སྒྲ་སྒྱུར་ལོ་ཙཱའི་ཚོགས་བསྡུས་ནས།།
གཡུང་དྲུང་ཐེག་པའི་བོན་སྡེ་རྣམས།།
གདུལ་བྱའི་ཁམས་དང་མོས་པ་ལྟར།།
སྐད་གཞན་བསྒྱུར་བའི་བཀའ་ཡང་མནོས།།

རྒྱ་གར་ཡུལ་གྱི་བྱང་ཤར་མཚམས།།
ཤཀྱའི་རྒྱལ་རྒྱུད་མངའ་ཁོངས་སུ།།
རིགས་ཀྱི་སྨྱུ་གུར་འཁྲུངས་བྱས་ནས།།
དམ་ཆོས་སྤེལ་བའི་ལུང་ཡང་བསྟན།།

རྟག་འཛིན་གདོན་གྱིས་སྨྱོས་པ་ཚོར།།
མི་རྟག་སྒྱུ་འཕྲུལ་མཚོན་ཐབས་སུ།།
གང་ཡང་བདག་ཏུ་མ་བཟུང་བར།།
ཞི་བའི་རྒྱལ་སར་རེ་ཞིག་གཤེགས།།

འདི་ན་བདག་ཅག་འཁོར་བའི་ལས།།
རྒྱ་མཚོའི་རླབས་བཞིན་བསྐྱོད་པ་ལ།།
ཐུགས་རྗེའི་སྤྱན་གྱིས་མི་འདོར་བར།།
འདྲེན་པའི་ལྕགས་ཀྱུ་མ་འདོར་ཞིག།

བདག་ཀྱང་བསོད་ནམས་དགེ་ཚོཌ་ཀྱིས།།
སངས་རྒྱས་བསྟན་པའི་སྒོར་ཞུགས་ཤིང་།།
ཁྱེད་མཚན་”རྒྱལ་གཤེན་”བསྟན་པའི་རྔ།།
ཕྱོགས་བཅུར་རྡུང་བའི་བསྐལ་བ་བཟང་།།

རྒྱལ་གཤེན་འོད་སྟོང་འཕྲིན་ལས་ཀྱིས།།
ཁམས་གསུམ་སྨག་གིས་འཐོམ་པ་ཚོར།།
ཡང་དག་དགེ་ལེགས་འོད་འབྱིན་ནས།།
འདི་ཕྱིའི་ལམ་བཟང་བསྐྲུན་འགྱུར་ཅིག།

རྒྱལ་བ་གཤེན་རབ་མི་བོའི་བསྟན་པའི་སྙིང་པོར་ཤེས་ནས་དད་པ་སྐྱེས་པའི་བསྐལ་བཟང་བསོད་ནམས་ཅན་རིག་བཅུ་སྨྲ་བ་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་༽དུ་ཟླ་སྔོན་མར་ཟབ་ལམ་ཐུན་མོང་གཏུམ་མོའི་ཉམས་ལེན་གྱི་སྒོམ་སྒྲུབ་སྐབས་མགྱོགས་བྲིས་བྱས་པ་ཞིག་ལ་ཚིག་བཅད་རེ་ཟུང་ཁ་བསྣོན་བགྱིས་ཏེ་སྤེལ་བའོ། །

སྙན་ངག

Post navigation

Previous Post: ༢༠༡༦ ལོའི་བཙན་བྱོལ་ནང་ལ་ཕྱིར་ལྟ་བྱེད་པ།
Next Post: སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་དྲུང་ཡིག

Comment (1) on “སངས་རྒྱས་རྗེས་དྲན་གྱི་སྙན་ངག”

  1. ཀརྡོ་རབ་འབྱམས་པ་ says:
    2016-12-30 at 2:30 am

    ་་་་་་་་་་་ རྒྱ་གར་ཡུལ་གྱི་བྱང་ཤར་མཚམས།།
    ཤཀྱའི་རྒྱལ་རྒྱུད་མངའ་ཁོངས་སུ།།
    རིགས་ཀྱི་སྨྱུ་གུར་འཁྲུངས་བྱས་ནས།།
    དམ་ཆོས་སྤེལ་བའི་ལུང་ཡང་བསྟན།། ་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme