Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོའི་ལེའུ་བདུན་པ་ལ་འགྱུར་བཅོས་ཅུང་ཟད།

Posted on 2013-05-082013-05-10 By ཁ་བརྡ་ 94 Comments on སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོའི་ལེའུ་བདུན་པ་ལ་འགྱུར་བཅོས་ཅུང་ཟད།

ལ་དྭགས་བློ་བཟང་འཇམ་དཔལ་གྱིས།

འཇིག་རྟེན་ན་ཡོངས་གྲགས་ཆེ་བ། སངས་རྒྱས་སྤྱོད་པ་ཞེས་བྱ་བ་འདི་བསྟན་པ་སྔ་དར་འཇིག་རྟེན་མིག་ཅན་དག་གིས་བསྒྱུར་མེད་ཅིང་། ཕྱི་དར་གྱི་ཕྱིས་སུ་ས་དབང་བཟང་པོ་དང་། བློ་གྲོས་རྒྱལ་པོ་གཉིས་ཀྱིས་བསྒྱུར་པ་དེ་ཉིད་བསྟན་འགྱུར་ན་བཞུགས་པ་སྐལ་བ་བཟང་བར་སེམས། སློབ་དཔོན་རྟ་དབྱངས་ཀྱི་སྙན་དངགས། སངས་རྒྱས་ཀྱི་སྤྱོད་པ་དང་། མཛེས་དགའ་བོའི་སྙན་དངགས། ཤཱ་རཱིའི་བུའི་རབ་བྱེད་གསུམ་ཡོད་ཀྱང་། ཕྱི་མ་དེ་ཆ་ཚང་མེད་པ་ཞིག་ཡོད་ཅེས་པ་བཀླགས་ཀྱང་། ག་ན་དང་ཇི་ཙམ་ཡོད་པ་ད་བར་གོ་རྟོགས་མ་བྱུང་། མཛེས་དགའ་བོའི་སྙན་དངགས་དེ་ཡང་བསྟན་འགྱུར་ན་མེད་པས་བོད་འགྱུར་མེད་པར་བསམས་ཏེ། བདག་གིས་ལེགས་སྦྱར་གྱི་སྐད་སྦྱོང་སྐབས་སུ་གཙོ་བོ་བོད་སྐད་དང་ལེགས་སྦྱར་སྐད་ཀྱི་གོ་བ་ཆགས་པ་འབྱུང་བར་དམིགས་ཏེ། སྤྱི་ལོ་༡༩༦༠པའི་དཀྱིལ་ཙམ་ལ་མགོ་ན་ལེའུ་ལྔ་ཙམ་བསྒྱུར། དེ་ནས་༡༩༨༠པའི་མཇུག་ཙམ་སླར་སྒྱུར་མགོ་བརྩམས་ཏེ། མྱུར་དུ་གྲུབ་པ། ༡༩༩༩ལོར་ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོ་ནས་སྤར། དེ་དུས་བློ་གྲོས་རྒྱལ་པོ་སྨན་ལ་མཁས་པ་སངས་རྒྱས་སྤྱོད་པའི་སྒྱུར་བ་པོར་ངོས་བཟུང་བྱས་པ་ནོར་འཁྲུལ་ཡིན། སྨན་པ་བློ་གྲོས་རྒྱལ་པོ་སངས་རྒྱས་ཀྱི་སྤྱོད་པ་སྒྱུར་བ་པོ་བློ་གྲོས་རྒྱལ་པོ་ལས་ལོ་བཞི་བརྒྱ་ལྷག་རྗེས་སུ་བྱོན།

སངས་རྒྱས་ཀྱི་སྤྱོད་པ་དང་། མཛེས་དགའ་བོའི་དགའ་བོའི་སྙན་དངགས་ཆེན་པོ་གཉིས་བོད་སྐད་དུ། ཚིགས་བཅད་རྣམས་ལེགས་སྦྱར་དང་མཐུན་པར་བྱས་ཏེ་གློག་ཀླད་སོགས་སུ་འཐོན་ན། མ་འོངས་པ་ན་ལེགས་སྦྱར་དང་བོད་སྐད་མཉམ་སྡུར་བྱེད་པར་ཕན་བསམས་ཏེ། ལེའུ་སྔ་མ་དྲུག་བར་བསྒྲིགས་ཟིན་པའི་རྗེས་སུ། ལེའུ་བདུན་པ་འདི་ལེགས་སྦྱར་ལ་གཏུགས་ཏེ། སླར་མིང་ཚིག་དང་བརྗོད་པ་འགའ་ཞིག་སླ་བར་གཏོང་བའི་རྩིས་ལ། དེ་དག་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་ལ་ཀློག་པ་པོ་རྣམས་ཀྱིས་སློབ་སྟོན་མཛད་པའི་རེ་འདུན་གྱིས་སླར་སྒྱུར་བཅོས་ཀྱིས་སྔ་འགྱུར་གང་ཡིན་གསར་དུ་བསྒྱུར་དགོས་པ་དག་ཤད་ཁུག་[ ]འདི་བུར་བཅུག་པ་དང་། སླར་སྒྱུར་མི་དགོས་པའི་ཚིག་རྐང་ཚིགས་བཅད་ཀྱི་ནང་ལ་བྱུང་བ་རྣམས་རྟགས་འདི་ལྟ་བུར་ ་་་ བྲིས། གསར་དུ་ཚིགས་བཅད་བཅོས་པ་རྣམས་སུ་རྩ་བའི་ལེགས་སྦྱར་མིང་ཚིག་མི་བརླག་པ་དེ་གལ་ཆེ་བ་ལགས་ན། དེ་དག་མ་བརླག་པ་དཔྱད་པའི་དོགས་གཅོད་ཞུ་བ་མཆིས།

་

དེ་ནས་འདུན་པ་ངུ་ཞིང་གདོང་ནི་མཆི་མ་ཅན།

བཟློག་ནས་ནགས་སུ་འདུན་པའི་ཆགས་པ་མེད་པ་ཡི།

དོན་ཀུན་གྲུབ་པའི་ལུས་ཀྱིས་མངོན་པར་ཟིལ་མནན་ནས།

དཀའ་ཐུབ་གནས་དེ་གྲུབ་པ་བཞིན་དུ་རབ་ཏུ་ཐོབ།། ༡ །།

 

དེ་ནས་རི་དྭགས་རྒྱལ་པོའི་འགྲོས་ཅན་རྒྱལ་པོའི་སྲས་པོ་དེ།

རི་དྭགས་གནས་དེར་རི་དྭགས་བཞིན་དུ་རབ་ཞུགས་པ།

ཕུན་ཚོགས་རྣམས་དང་བྲལ་ཡང་ལུས་ཀྱི་ཕུན་ཚོགས་ཀྱིས།

དཀའ་ཐུབ་གནས་ལྡན་ཀུན་གྱི་མིག་དག་ཕྲོགས་པར་གྱུར།། ༢ །།

 

ཁུར་འདྲེན་གླང་བཞིན་མགོ་བོ་རྣམས་ནི་ཕྱེད་དུད་པས།

ལག་ན་གཉའ་ཤིང་འཛིན་པ་ཡ་མཚན་དུ་གྱུརཅིང་།

དེ་ནས་འཁོར་ལོ་འཛིན་པ་ཆུང་མ་དང་བཅས་ཏེ།

དབང་པོ་དང་མཚུངས་དེ་ཉིད་མཐོང་ནས་འགྲོ་མ་ནུས།། ༣ །།

[ཁུར་ལྡན་རྣམས་བཞིན་མགོ་བོ་རྣམས་ནི་ཕྱེད་དུད་པས།

ལག་ན་གཉའ་ཤིང་བཅས་པར་འགྲོ་གྱུར་ཡ་མཚན་ལ།

དེ་བཞིན་འཁོར་ལོས་སྒྱུར་བ་ཆུང་མ་དང་བཅས་པ།

དབང་པོ་དང་མཚུངས་དེ་མཐོང་སོང་བར་མ་གྱུར་ཏོ།། ༣ །།]

 

སྦྱིན་སྲེག་བུད་ཤིང་དོན་དུ་བྲམ་ཟེ་ཕྱི་ལོགས་ཕྱིན།

མེ་ཏོག་ལོ་འདབ་ཐོགས་པའི་ལག་པ་གཙང་མ་རྣམས།

དཀའ་ཐུབ་གཙོ་བོར་བྱས་པའི་བློ་གྲོས་བྱས་པ་ཡང༌།

དེ་ཉིད་མཇལ་བར་སོང་གི་བསྟི་གནས་སུ་མ་ཕྱིན།། ༤ །།

[སྦྱིན་སྲེག་བུད་ཤིང་ཕྱིར་ནི་བྲམ་ཟེ་རྣམས་ཕྱིན་ནས།

མེ་ཏོག་ལོ་འདབ་རྒྱས་པའི་ལག་པ་གཙང་མ་རྣམས།

དཀའ་ཐུབ་གཙོ་བོ་རྣམས་ནི་བློ་རྣམས་བྱས་ན་ཡང༌།

གཤེགས་པ་མཐོང་སྟེ་ཀློག་གླར་སོང་བར་མ་གྱུར་ཏོ།། ༤ །།]

 

ཆུ་སྦྱིན་སྔོན་པོ་བཞིན་དུ་མཐོང་ནས་རྨ་བྱ་རྣམས།

དགའ་ཞིང་གྱེན་དུ་དུད་ཅིང་སྐད་དག་འདོན་གྱུར་ལ།

མིག་གཡོ་རི་དྭགས་རྣམས་དང་རི་དྭགས་སྤྱོད་པ་རྣམས།

རྩྭ་ལྗང་བོར་ནས་མངོན་པར་ཕྱོགས་ཤིང་གནས་པར་གྱུར།། ༥ །།

[ཆུ་གཏེར་སྔོན་པོ་བཞིན་དུ་མཐོང་ནས་རྨ་བྱ་རྣམས།

་་་

རྒྱ་སྐྱེགས་རི་དྭགས་སྤྱོད་ལྡན་རྣམས་དང་རི་དྭགས་རྣམས།

འབྲུ་རྣམས་བོར་ནས་མངོན་པར་གདོང་ཕྱོགས་གནས་པར་གྱུར།། ༥ །།]

 

འོད་ཟེར་ལྡན་པ་ཤར་བ་ལྟ་བུར་འབར་བ་ཡི།

བུ་རམ་ཤིང་པའི་རིགས་ཀྱི་སྒྲོན་མ་དེ་མཐོང་ནས། 25A

སྦྱིན་སྲེག་བྱེད་པ་རྣམས་ཀྱིས་སྦྱིན་སྲེག་བྱས་ན་ཡང༌།

རབ་ཏུ་དགའ་བ་སྐྱེས་ཏེ་སྦྱིན་སྲེག་རབ་བྱེད་གྱུར།། ༦ །།

[འོད་ཟེར་ལྡན་པ་ཤར་བ་ལྟ་བུར་འབར་བ་ཡིས།

25A

སྦྱིན་སྲེག་འཇོ་རྣམས་བཞོས་པ་ཡིན་ན་ཡང༌།

རབ་ཏུ་དགའ་བ་སྐྱེས་ཏེ་རབ་ཏུ་འཇོ་གྱུར་ཏོ།། ༦ །།]

 

འདི་ནི་ནོར་སྦྱིན་རྣམས་ཀྱི་བརྒྱད་པ་ཡིན་ནམ་ཅི།

ཐ་སྐར་དག་གི་ནང་ནས་གཅིག་ནི་འཕོས་སམ་ཞེས།

དེ་མཐོང་བ་ལ་ཡ་མཚན་སྐྱེས་པར་གྱུར་པ་ཡི།

ཐུབ་པ་རྣམས་ཀྱི་ཚིག་དེ་མཐོན་པོར་སྒྲོགས་པར་གྱུར།། ༧ །།

 

ལྷ་ཡི་ཁྱུ་མཆོག་གི་ནི་ལུས་པོ་གཉིས་པ་དང༌།

འཇིག་རྟེན་རྒྱུ་དང་མི་རྒྱུའི་སྙིང་པོ་ལྟ་བུ་དང༌།

གློ་བུར་དུ་ནི་ཉི་མ་མངོན་པར་བབས་པ་བཞིན།

དེས་ནི་ནགས་ཚལ་མཐའ་དག་རབ་ཏུ་སྣང་བར་མཛད།། ༨ །།

[ལྷ་ཡི་ཁྱུ་མཆོག་གཉིས་པའི་ལུས་པོ་ལྟ་བུ་དང༌།

་་་

གང་འདོད་པ་ཡིས་ཉི་མ་མངོན་པར་བབས་འདྲ་བ།

དེས་ནི་ནགས་ཚལ་མཐའ་དག་རབ་ཏུ་སྣང་བར་མཛོད།། ༨ །།]

 

དེ་ནས་དེ་ནི་བསྟི་གནས་འཁོད་པ་དེ་རྣམས་ཀྱིས།

མངོན་པར་མཆོད་པར་གྱུར་ཅིང་མགྲོན་དུ་བོས་པར་གྱུར།

དེ་ཡིས་ཆུ་ལྡན་ཆུ་འཛིན་འབྲུག་སྒྲའི་དབྱངས་ཀྱིས་ནི།

ཆོས་འཛིན་རྣམས་ལ་ལན་དུ་མཆོད་པ་མཛད་པར་གྱུར།། ༩ །།

[དེ་ནས་གདུང་གནས་བདེ་རྣམས་ཀྱི་ཇི་ལྟ་བཞིན།

ཉེ་བར་སྙན་གསན་ཕབ་ཅིང་མངོན་པར་མཆོད་གྱུར་ལ།

དེ་ནི་ཆུ་བཅས་ཆུ་འཛིན་ལྟ་བུའི་དབྱངས་ཀྱིས་ནི།

ཆོས་འཛིན་རྣམས་ལ་སླར་ཡང་རབ་ཏུ་མཆོད་པར་གྱུར།། ༩ །།]

 

དེ་ནས་རྣམ་པར་ཐར་བཞེད་བརྟན་པ་དེ་ཡིས་ནི།

དཀའ་ཐུབ་སྣ་ཚོགས་རྣམས་ལ་ངེས་པར་རྣམ་གཟིགས་ཤིང༌།

མཐོ་རིས་མངོན་འདོད་བསོད་ནམས་བྱས་པའི་སྐྱེ་བོ་ཡིས།

ཁྱབ་པའི་དཀའ་ཐུབ་གནས་དེར་རྗེས་སུ་དཔྱད་པར་མཛད།། ༡༠ །།

་་་

་་་

་་་

 

[ཁྱབ་པའི་དཀའ་ཐུབ་གནས་དེར་རྗེས་སུ་དཔྱད་པར་གྱུར།། ༡༠ །།]

 

དཀའ་ཐུབ་ནོར་ཅན་རྣམས་ཀྱི་དཀའ་ཐུབ་ནགས་ཚལ་དེར།

དཀའ་ཐུབ་རྣམ་པ་སྣ་ཚོགས་ངེས་པར་རིག་ནས་ཀྱང་།

རྗེས་སུ་འབྲངས་པའི་དཀའ་ཐུབ་ལྡན་པ་ཁ་ཅིག་ལ།

ཞི་བ་དེ་ཉིད་ཤེས་པར་བཞེད་པས་འདི་གསུངས་སོ།། ༡༡ །།

་་་

་་་

་་་

[ཞི་བས་དེ་ཉིད་རྣམ་པར་ཤེས་བཞེད་འདི་གསུངས་སོ།། ༡༡ །།]

 

གང་ཕྱིར་ཆོས་ཀྱི་ཆོ་ག་འདི་ནི་མི་ཤེས་ཤིང་།

དི་རིང་བདག་གིས་དཀའ་ཐུབ་གནས་མཐོང་དང་པོ་ཡིན།

དེའི་ཕྱིར་ཁྱོད་ཀྱི་ངེས་པ་བདག་ལ་བསྟན་པར་འོས།

ཁྱེད་ཀྱི་ངེས་པའི་ལམ་གང་གང་ལ་རབ་ཏུ་འཇུག། ༡༢ །།

[གང་ཕྱིར་ཆོས་ཀྱི་ཆོ་ག་འདི་ནི་མི་ཤེས་པ།

བདག་གིས་དཀའ་ཐུབ་གནས་མཐོང་དི་རིང་སྔ་མའོ།

དེའི་ཕྱིར་ཁྱོད་ཀྱིས་བདག་ལ་སྨྲ་བར་འོས་མིན་ཏེ།

ངེས་པ་གང་ཞིག་གང་ལ་རབ་ཏུ་འཇུག་པའོ།། ༡༢ །]

 

དེ་ནས་དཀའ་ཐུབ་རྣམ་པར་སྤྱོད་པའི་གཉིས་སྐྱེས་དེས།

ཤཱཀྱའི་ཁྱུ་མཆོག་ཁྱུ་མཆོག་རྣམ་གནོན་དེ་ཉིད་ལ།

དཀའ་ཐུབ་ཁྱད་པར་ཅན་ཉིད་འབྲས་བུ་དང་བཅས་པ།

རིམ་པ་བཞིན་དུ་གཏམ་རྣམས་སུ་ནི་བརྗོད་པརབྱས། ༡༣ །།

་་་

[ཤཱཀྱའི་ཁྱུ་མཆོག་ཁྱུ་མཆོག་རྣམ་པར་གནོན་པ་པོ།

དེ་ལ་རིམ་གྱིས་དཀའ་ཐུབ་ཁྱད་པར་རྣམས་དང་ནི།

དཀའ་ཐུབ་འབྲས་བུ་དང་བཅས་གཏམ་ངག་བྱས་པའོ།། ༡༣ །།]

 

ཆུ་ན་རབ་ཏུ་སྐྱེས་པའི་འབྲུ་དང་འདབ་རྣམས་ཀྱི།

མཆོག་ཏུ་གྱུར་པ་ཆུ་དང་འབྲས་བུ་རྩ་བ་ཉིད།

ཐུབ་པ་རྣམས་ཀྱི་སྤྱོད་པ་འདི་རྣམས་ལུང་བཞིན་དུ།

དཀའ་ཐུབ་རྣམས་ཀྱི་བསམ་བློ་ཐ་དད་དེ་དང་དེ།། ༡༤ །།

[གྲོང་བྱུང་བཟའ་བ་མ་ཡིན་ཆུ་ལ་རབ་སྐྱེས་པའི།

འདབ་མ་རྣམས་དང་ཆུ་དང་འབྲས་བུ་རྩ་བ་ཉིད།

ཐུབ་པ་རྣམས་ཀྱི་སྤྱོད་པ་འདི་ནི་ལུང་ཇི་ལྟར།

དཀའ་ཐུབ་རྣམས་ཀྱི་རྣམ་རྟོག་ཐ་དད་དེ་དེའོ།། ༡༤ །།]

 

ཁ་ཅིག་རི་དྭགས་བཞིན་དུ་རྩྭ་རྣམས་ལ་སྤྱོད་ལ།

གཞན་རྣམས་བོར་པ་ཡིས་ནི་མཁའ་ལ་རྒྱུ་བའི་བྱ་ལྟར་འཚོ།

ཁ་ཅིག་ལག་འགྲོ་རྣམས་དང་ལྷན་ཅིག་འཚོ་བ་སྟེ། 25B

གྲོག་མཁར་གྱུར་པ་རྣམས་ནི་ནགས་ན་རླུང་གིས་འཚོ།། ༡༥ །།

[ཁ་ཅིག་རི་དྭགས་བཞིན་དུ་རྩྭ་རྣམས་ལ་སྤྱོད་པ།

་་་

་་་

གྲོག་མཁར་གྱུར་པ་རྣམས་ནི་ནགས་ན་རླུང་གིས་སོ།། ༡༥ །།]

 

རྡོ་ཡིས་རབ་འབད་བསྒྲུབ་པར་སྤྱོད་པ་གཞན་རྣམས་ཏེ།

ཁ་ཅིག་རང་གི་སོ་ཡིས་བཏུབས་པའི་འབྲུ་ཟ་ཞིང་།

དེ་བཞིན་གཞན་ནི་གཞན་གྱི་དོན་དུ་གཡོ་སྐོལ་བྱེད།

གལ་ཏེ་ལྷག་ཡོད་དེ་ལ་ཟས་ཀྱི་བྱ་བ་བྱེད།། ༡༦ །།

་་་

[ཁ་ཅིག་རང་གི་སོ་ཡིས་ཉེ་བར་བླངས་ཤིང་ཟ།

དེ་བཞིན་གཞན་ནི་གཞན་གྱི་དོན་དུ་བཅོས་བྱས་ནས།

གལ་ཏེ་ལྷག་མ་ཡོད་ན་བྱ་བ་བྱེད་པའོ།། ༡༦ །།]

 

ཆུ་ཡིས་གཤེར་པའི་རལ་པའི་ཚོགས་ཅན་ཁ་ཅིག་ནི།

གསང་སྔགས་སྔོན་འགྲོ་ལན་གཉིས་མེ་ལ་སྦྱིན་སྲེག་ཅིང༌།

ཁ་ཅིག་ཉ་དང་མཉམ་པར་ཆུ་ལ་རྣམ་ཞུགས་ནས།

རུས་སྦལ་བཞིན་དུ་ལུས་རྣམས་རབ་ཏུ་བསྐུམ་པའོ།། ༡༧ །།

 

དེ་ལྟར་དུས་སུ་བསགས་པའི་དཀའ་ཐུབ་སྣ་ཚོགས་ཀྱིས།

གཞན་དག་ལྷར་འགྲོ་གཞན་དག་མི་ཡི་འཇིག་རྟེན་དུ།

སྡུག་བསྔལ་ལམ་གྱིས་བདེ་བ་ཉེ་བར་འཐོབ་པའི་ཕྱིར།

ཆོས་ཀྱི་རྩ་བ་བདེ་བ་ཐོབ་པ་ཉིད་དུ་གསུངས།། ༡༨ །།

[དེ་ལྟར་དུས་སུ་བསགས་པའི་དཀའ་ཐུབ་ནག་ཚོགས་ཀྱི།

མཆོག་གིས་ལྷར་འགྲོ་གཞན་གྱིས་མི་ཡི་འཇིག་རྟེན་ཏེ།

སྡུག་བསྔལ་ལམ་གྱིས་བདེ་བ་ཉེ་བར་ཐོབ་ཕྱིར་དང༌།

ཆོས་ཀྱི་རྩ་བ་བདེ་བ་ཉིད་དུ་གསུངས་ཕྱིར་རོ།། ༡༨ །།]

 

དེ་སྐད་ཅེས་སོགས་རྐང་གཉིས་དབང་པོའི་སྲས་པོ་ཡིས།

དཀའ་ཐུབ་ནོར་དང་ལྡན་པ་དེ་ཡི་ཚིག་གསན་ནས།

དེ་ཉིད་གཟིགས་པ་མིན་ཡང་ངོམས་པར་མ་གྱུར་ལ།

རང་གིས་རྟོགས་པ་འདི་ནི་དལ་བུས་གསུངས་པར་གྱུར།། ༡༩ །།

་་་

་་་

་་་

[བདག་ཏུ་སོང་བ་འདི་ནི་དལ་བུས་གསུངས་པར་གྱུར།། ༡༩ །།]

 

སྡུག་བསྔལ་བདག་ཉིད་དཀའ་ཐུབ་རྣམ་པ་དུ་མ་སྟེ།

དཀའ་ཐུབ་དག་གི་འབྲས་བུ་མཐོ་རིས་གཙོ་བོའོ།

འཇིག་རྟེན་ཐམས་ཅད་ཡོངས་སུ་འགྱུར་བ་དང་ལྡན་ལ།

དཀའ་ཐུབ་རྣམས་ཀྱི་ངལ་བ་འདི་ནི་ཉུང་ངུ་ལའོ།། ༢༠ །།

་་་

་་་

་་་

 

[ཉུང་ངུ་ལ་ངལ་འདི་ནི་གདུང་གནས་རྣམས་ཀྱིའོ།། ༢༠ །།]

 

གཅེས་པའི་གཉེན་རྣམས་དང་ནི་ཡུལ་རྣམས་བོར་ནས་ཀྱང་།

གང་ཞིག་མཐོ་རིས་རྒྱུའི་ཕྱིར་ངེས་པའི་ལམ་ལ་སྤྱོད།

རྣམ་པར་བྲལ་བར་གྱུར་པ་དེ་དག་སླར་ཡང་ནི།

ཤིན་ཏུ་འཆིང་བ་ཆེན་པོར་འགྲོ་འདོད་འབའ་ཞིག་གོ། ༢༡ །།

[ཕངས་པ་རྣམས་དང་གཉེན་དང་ཡུལ་རྣམས་བོར་ནས་ནི།

གང་ཞིག་མཐོ་རིས་ཕྱིར་ནི་རྣམ་པར་སྤྱོད་བྱེད་ལ།

དེ་རྣམས་རྣམ་པར་བྲལ་ཏེ་ངེས་པར་འགྲོ་འདོད་ལ།

སླར་ཡང་ཤིན་ཏུ་འཆིང་བ་ཆེན་པོ་ཉིད་ཡིན་ནོ།། ༢༡ །།]

 

 

འདོད་པའི་རྒྱུའི་ཕྱིར་ལུས་ཀྱི་ཉོན་མོངས་དཀའ་ཐུབ་ཀྱིས།

འདོད་པའི་བདེ་ལ་རབ་ཏུ་འཇུག་པར་འདོད་པ་རྣམས།

འཁོར་བའི་རྒྱ་མཚོའི་སྐྱོན་རྣམས་ཡོངས་སུ་མི་དཔྱོད་པར།

སྡུག་བསྔལ་གྱིས་དེ་སྡུག་བསྔལ་ཁོ་ན་རྗེས་སུ་འདོད།། ༢༢ །།

་་་

་་་

 

[ལུས་ཀྱི་ངལ་དུབ་གདུང་བའི་བྱ་བ་རྣམས་ཀྱིས་ནི།

འདོད་པའི་རྒྱུ་ལས་རབ་ཏུ་འཇུག་པར་འདོད་པའོ།། ༢༢ །།]

 

འཆི་བས་སྐྱེ་དགུ་རྣམས་ལ་རྟག་ཏུ་འཇིགས་པ་འབྱུང་།

འབད་པ་ཡིས་ནི་སླར་ཡང་རབ་ཏུ་སྐྱེ་བར་འདོད།

རབ་ཏུ་སྐྱེ་བ་ཡོད་ན་ངེས་པར་འཆི་བ་འབྱུང་།

གང་ལ་འཇིགས་པ་ཡོད་པ་དེ་ལ་གཞོལ་བར་འགྱུར།། ༢༣ །།

[འཆི་བས་སྐྱེ་དགུ་རྣམས་ཀྱིས་རྟག་པར་འཇིགས་པ་སྟེ།

འབད་པ་ཡིས་ནི་སླར་ཡང་རབ་ཏུ་འཇུག་པར་འདོད།

རབ་ཏུ་ཞུགས་པར་གྱུར་ན་ངེས་པར་འཆི་བ་སྟེ།

འདི་ཉིད་དུ་ནི་གང་ལས་འཇིགས་པ་རྣམས་ལྷུང་ངོ་།། ༢༣ །།]

 

འཇིག་རྟེན་འདི་ཡི་དོན་དུ་ཁ་ཅིག་ངལ་བར་འགྱུར།

གཞན་རྣམས་མཐོ་རིས་དོན་དུ་ངལ་བ་རྩོམ་པར་བྱེད།

བདེ་བའི་དོན་དུ་སྲེད་པས་ཕོངས་པ་དོན་མེད་བྱེད།

གསོན་པའི་འཇིག་རྟེན་ངེས་པར་དོན་མེད་ཉིད་དུ་ལྷུང༌།། ༢༤ །།

[འདི་ཡི་དོན་དུ་གཅིག་རྣམས་ངལ་བར་རབ་འཇུག་ཅིང༌།

གཞན་རྣམས་མཐོ་རིས་དོན་དུ་ངལ་བ་འཐོབ་པ་སྟེ།

བདེ་བའི་དོན་དུ་སྲེད་པའི་བཀྲེན་པ་དོན་མ་བྱས།།]

་་་                    ༢༤ །།

 

གང་ཞིག་དམན་པ་དོར་ནས་ཁྱད་འཕགས་འགྲོ་བ་ཅན། 26A

འབད་པ་འདི་ནི་ངེས་པར་སྨད་པ་མ་ཡིན་ལ།

ཤེས་ལྡན་རྣམས་དང་མཉམ་དུ་ཡོངས་སུ་འབད་པར་བྱ།

འབདཔ་དེ་ཉིད་གང་དུ་སླར་ཡང་བྱ་བ་མེད།། ༢༥ །།

་་་

་་་

 

 

[ཤེས་ལྡན་རྣམས་དང་མཉམ་པའི་ཡོངས་སུ་གདུང་བ་ཡིས།

བྱ་བ་མ་ཡིན་དེ་འདིར་སླར་ཡང་བྱེད་པའོ།། ༢༥ །།]

 

ལུས་ཀྱི་གདུང་བ་གལ་ཏེ་འདིར་ནི་ཆོས་ཡིན་ན།

ལུས་ཀྱི་བདེ་བ་ཆོས་མ་ཡིན་པར་འགྱུར་བ་སྟེ།

ཕ་རོལ་དུ་ནི་བདེ་བ་ཆོས་ཀྱིས་ཀྱང་འཐོབ་ལ།

དེའི་ཕྱིར་འདི་ན་ཆོས་ཀྱིས་ཆོས་མིན་འབྲས་བུ་སྦྱིན། ༢༦ །།

[ལུས་ཀྱི་གཙེར་བ་གལ་ཏེ་འདིར་ནི་ཆོས་ཡིན་ན།

་་་

་་་

དེའི་ཕྱིར་འདི་ཡིས་ཆོས་ཀྱི་ཆོས་མིན་འབྲས་བུའོ།། ༢༦ །།]

 

གང་གི་ཕྱིར་ན་སེམས་ཀྱི་དབང་གིས་ལུས་པོ་ནི།

རབ་ཏུ་འཇུག་པ་དང་ནི་ལྡོག་པ་ཉིད་དུ་འགྱུར།

དེ་ཡི་ཕྱིར་ན་སེམས་ཉིད་འདུལ་བ་རིགས་པ་ཡིན།

སེམས་ལས་གཞན་འི་ལུས་ནི་ཤིང་དང་འདྲ་བ་ལགས།། ༢༧ །།

[གང་གི་ཕྱིར་ན་བསམས་པའི་དབང་གིས་ལུས་ཡིན་ལ།

རབ་ཏུ་འཇུག་པ་དང་ནི་ཟློག་པ་དག་ཀྱང་ངོ།

དེའི་ཕྱིར་སེམས་ཀྱི་དུལ་བ་ཉིད་ནི་རིག་པ་སྟེ།

སེམས་ལས་གཞན་བའི་ལུས་ནི་ཤིང་དང་མཉམ་པའོ།། ༢༧ །།]

 

བཟའ་བ་གཙང་བས་གལ་ཏེ་བསོད་ནམས་འདོད་ན་ནི།

དེའི་ཕྱིར་རི་དྭགས་རྣམས་ལའང་བསོད་ནམས་ཡོད་པ་སྟེ།

ཕྱི་རོལ་སྐྱེས་བུ་གང་དག་རྣམས་ཀྱང་འབྲས་བུ་ལས།

སྐལ་བའི་ཉེས་པས་དོན་རྣམས་གཞན་དུ་ཁ་བལྟས་གྱུར།། ༢༨ །།

་་་

[དེའི་ཕྱིར་རི་དྭགས་རྣམས་ཀྱང་བསོད་ནམས་ཡོད་པ་སྟེ།]

་་་

[བསྐལ་པའི་ཉེས་པས་དོན་རྣམས་གཞན་དུ་ཁ་བལྟས་སོ།། ༢༨ །།]

 

གལ་ཏེ་སྡུག་བསྔལ་མཚམས་སྦྱོར་བསོད་ནམས་རྒྱུ་ཡིན་ན།

འོ་ན་བདེ་བར་་མཚམས་སྦྱོར་བྱ་བའང་དེ་ལྟར་འགྱུར།

ཇི་ལྟར་བདེ་བ་མཚམས་སྦྱོར་བ་ལ་ཚད་མ་མེད།

དེ་ལྟར་སྡུག་བསྔལ་མཚམས་སྦྱོར་བ་ལའང་ཚད་མ་མེད།། ༢༩ །།

[བསོད་ནམས་ཕྱིར་ནི་སྡུག་བསྔལ་མངོན་པར་མཚམས་སྦྱོར་ན།

འོ་ན་སྡུག་བསྔལ་མངོན་པར་མཚམས་སྦྱོར་ཚད་མ་མིན།

དེ་ལྟར་གང་དག་ལས་ནི་རྣམ་པར་དག་པའི་ཕྱིར།

སྟེགས་ཞེས་རབ་ཏུ་ཞུགས་ཏེ་ཆུ་ལ་རེག་པར་བྱེད།། ༢༩ །།]

 

དེ་ལྟར་གང་གིས་ལས་ནི་རྣམ་པར་སྦྱོང་བའི་རྒྱུར།

ཆུ་ལ་རེག་པར་བྱེད་ཅིང་སྟེགས་བུར་རབ་འཇུག་པ།

དེར་ཡང་འདི་ནི་་ཡིད་ལ་ཚིམ་པ་འབའ་ཞིག་ཡིན།

ཆུ་ཡིས་སྡིག་པ་དག་པར་བྱེད་པ་མ་ཡིན་ཕྱིར།། ༣༠ །།

[དེ་ཡང་དེ་ཡི་སྙིང་ལ་ཚིམ་པ་ཙམ་ཡིན་ཏེ།

ཆུ་ཡིས་སྡིག་པ་དག་པར་བྱེད་པ་མ་ཡིན་ཕྱིར།

ཡོན་ཏན་ལྡན་པས་རིག་པའི་ཆུ་ནི་གང་དང་གང༌།

དེ་དང་དེ་ནི་ས་ལ་གལ་ཏེ་སྟེགས་འདོད་ན།། ༣༠ །།]

 

ཡོན་ཏན་ལྡན་པ་རྣམས་ཀྱིས་གང་དང་གང་ལ་རེག

གལ་ཏེ་དེ་དེའི་ཆུ་རྣམས་ས་རུ་སྟེགས་བུར་འདོད།

དེའི་ཕྱིར་ཡོན་ཏན་ཁོ་ན་སྟེགས་བུ་ཡིན་པར་འགྱུར།

ཆུ་ནི་ཐེ་ཚོམ་མེད་པར་ཆུ་ཉིད་འབའ་ཞིག་གོ། ༣༡ །།

[ཆུ་ཡང་ཐེ་ཚོམ་མེད་པར་ཆུ་ཉིད་ཁོ་ན་སྟེ།

དེའི་ཕྱིར་ཡོན་ཏན་ལྡན་རྣམས་ཁོ་ན་སྟེགས་སུ་གོ

དེ་ལྟར་རིགས་པ་མང་པོ་ལྡན་པ་དེ་དང་དེ།

སྨྲས་ཏེ་རྣམ་པར་མཛེས་པའི་ཉི་མ་ནུབ་བར་གྱུར།། ༣༡ །།]

 

དེ་ནས་སྦྱིན་སྲེག་དུ་བས་ཁ་དོག་འགྱུར་བའི་ཤིང༌།

དཀའ་ཐུབ་རབ་ཏུ་ཞི་བའི་ཁྲུས་སར་རྣམ་པར་ཞུགས།

མངོན་པར་བཏོན་པའི་རབ་ཏུ་འབར་བའི་མེ་ཡིས་ཐལ་བ་ནི།

དབང་བསྐུར་བྱས་པའི་དྲང་སྲོང་སྐྱེ་བོས་ཁྱབ་པ་སྟེ། ༣༣ །།

 

[བཟླས་བྱའི་དབྱངས་ཀྱིས་ཀུན་ནས་སྐད་སྒྲོགས་ལྷ་ཡི་ཚོགས།

ཆོས་ཀྱི་ལམ་གྱི་ལས་ཀྱི་མཐའ་བཞིན་རབ་ཏུ་ཞུགས་པའོ།] (སླར་ལེགས་སྦྱར་ལྟ་དགོས།)

 

མཚན་མོ་འགའ་ཞིག་དེར་ནི་ཟླ་བའི་ཞལ་ཅན་དེ།

དཀའ་ཐུབ་རྣམས་ལ་དཔྱོད་ཅིང་བཞུགས་པར་མཛད།

དཀའ་ཐུབ་ཐམས་ཅད་ཡོངས་རྫོགས་མཁྱེན་གྱུར་ནས།

དཀའ་ཐུབ་ཞིང་གི་གནས་ནས་དེ་ནི་གཤེགས་པར་མཛད།། ༣༤ །།

[དེ་ནི་མཚན་མོ་ཐང་འགའ་མཚན་མོར་བྱེད་འོད་ཀྱིས།

དཀའ་ཐུབ་རྣམས་ལ་ཡོངས་སུ་རྟོག་ཅིང་ཞུགས་གྱུར་ལ།

དཀའ་ཐུབ་ཐམས་ཅད་ཡོངས་སུ་བརྟགས་ཤིང་མཁྱེན་གྱུར་ནས།

དཀའ་ཐུབ་ཞིང་གི་ཐང་དེ་ལས་ནི་གཤེགས་པར་གྱུར།། ༣༤ །།]

 

དེ་ཡི་གཟུགས་དང་བདག་ཉིད་ཆེན་པོས་འཕྲོགས་པའི་ཡིད།26B

དཀའ་ཐུབ་གནས་པ་རྣམས་ནི་དེ་ཡི་རྗེས་སུ་འབྲངས།

འཕགས་པ་མ་ཡིན་པ་ཡིས་བཅོམ་པའི་ཡུལ་ནས་ནི།

དྲང་སྲོང་ཆེ་རྣམས་ཆོས་ཀྱི་རྗེས་སུ་འགྲོ་བ་བཞིན། ༣༥ །།

[དེའི་གཟུགས་བདག་ཉིད་ཆེན་པོར་སོད་བའི་ཡིད་རྣམས་ཀྱིས།26B

དཀའ་ཐུབ་གནས་ལྡན་རྣམས་ནི་དེ་ནས་དེ་རྗེས་གཤེགས།

འཕགས་མིན་སྡིག་པ་རྣམས་ཀྱིས་ཟིལ་ནོན་ཡུལ་ལས་ནི།

དྲང་སྲོང་ཆེན་པོ་རྣམས་ནི་ཆོས་བཞིན་ཕ་རོལ་གཤེགས།། ༣༥ །།]

 

དེ་ནས་རལ་པ་ཤིང་ཤུན་ཟུར་ཕུད་ཀྱིས་རོལ་པའི།

དཀའ་ཐུབ་ནོར་དང་ལྡན་པ་དེ་རྣམས་དེས་གཟིགས་ཤིང་།

དེ་དག་རྣམས་ཀྱི་དཀའ་ཐུབ་རྣམས་ལ་རྗེས་བསྔགས་བཞིན།

དཔལ་དང་ལྡན་པ་དགེ་བའི་ཤིང་གི་རྩ་བར་གནས།། ༣༦ །།

[་་་

[དཀའ་ཐུབ་ནོར་དང་ལྡན་བ་དེ་རྣམས་དེས་གཟིགས་ཤིང༌།

དེ་དག་རྣམས་ཀྱིས་དཀའ་ཐུབ་རྣམས་ལ་རྗེས་བརྟེན་ཏེ།

དཔལ་དང་ལྡན་་དགེ་བའི་ཤིང་གི་རྩ་བར་གནས།། ༣༦ །།]

 

དེ་ནས་དཀའ་ཐུབ་གནས་དང་ལྡན་རྣམས་ཉེར་འོངས་ནས།

མི་ཡི་མཆོག་གྱུར་དེ་ལ་ཡོངས་སུ་བསྐོར་ནས་བསྡད།

དེ་དག་རྣམས་ཀྱི་རྒན་པས་གུས་པ་དང་བཅས་ཏེ།

ཞི་བའི་དབྱངས་ཀྱིས་འདི་སྐད་ཚིག་ནི་གསོལ་བར་གྱུར། ༣༧ །།

[དེ་ནས་དཀའ་ཐུབ་གནས་ལྡན་རྣམས་ནི་ཉེར་འོངས་ནས།

མི་མཆོག་དེ་ལ་ཡོངས་སུ་བསྐོར་ནས་གནས་གྱུར་ལ།

དེ་དག་རྣམས་ཀྱི་རྒྱན་པོས་མཆོད་མ་སྔོན་བཏང་སྟེ།

དུས་ཀྱི་ཞི་བས་ཚིག་འདི་རབ་ཏུ་འདི་སྨྲས་སོ།། ༣༧ །།]

 

ཁྱོད་ཉིད་བྱོན་པས་བསྟི་གནས་གང་བ་བཞིན་དུ་གྱུར།

གཤེགས་ན་ཕུན་སུམ་ཚོགས་པས་སྟོངས་པ་བཞིན་དུ་གྱུར།

དེའི་ཕྱིར་བརྩེ་བས་འདི་དག་འབོར་བར་འོས་མ་ཡིན།

འཚོ་བར་འདོད་པའི་སྲོག་གིས་ལུས་པོ་འདོད་པ་བཞིན།། ༣༨ །།

[ཁྱོད་ཀྱིས་བྱོན་ཚེ་གདུང་གནས་གང་བ་བཞིན་གྱུར་ལ།

རབ་ཏུ་གཤེགས་ཚེ་སྟོང་པ་བཞིན་དུ་རབ་ཏུ་ཐོབ།

དེའི་ཕྱིར་བརྩེ་བ་འདི་ནི་འབོར་བར་འོས་མིན་ཏེ།

འཚོ་བར་འདོད་པའི་ཕངས་པའི་ཚེ་ཡིས་ལུས་བཞིན་ནོ།། ༣༨ །།]

 

ལྷ་དང་ཚངས་པ་རྒྱལ་པོའི་དྲང་སྲོང་དེ་དག་གིས།

བསྙེན་པའི་རི་བོ་གངས་ཅན་བསོད་ནམས་ཉེ་བར་མཆིས།

གང་དང་ཉེ་བར་གནས་པས་དཀའ་ཐུབ་ནོར་ལྡན་གྱི།

དཀའ་ཐུབ་དེ་དག་རྣམས་ནི་མང་དུ་འཕེལ་བར་འགྱུར།། ༣༩ །།

[ལྷ་ཡི་དྲང་སྲོང་ཚངས་པའི་དྲང་སྲོང་རྒྱལ་པོ་ཡི།

དྲང་སྲོང་གིས་བསྙེན་བསོད་ནམས་ཉེ་བར་གངས་ལྡན་རི།

དཀའ་ཐུབ་ནོར་ལྡན་རྣམས་ཀྱི་དཀའ་ཐུབ་དེ་རྣམས་ནི།

གང་གི་ཉེ་ལོགས་དག་ནས་མང་པོར་འགྱུར་བའོ།། ༣༩ །།]

 

དེ་བཞིན་ཀུན་ནས་བསོད་ནམས་དག་གི་སྟེགས་གྱུར་ལ།

མཐོ་རིས་འགྲོ་བའི་ཐེམ་སྐས་དག་ཏུ་གྱུར་པ་སྟེ།

ལྷ་ཡི་དྲང་སྲོང་རྣམས་དང་དྲང་སྲོང་ཆེན་པོ་ནི།

ཆོས་ཀྱི་རང་བཞིན་བདག་ཉིད་ལྡན་པ་རྣམས་ཀྱིས་བསྙེན།། ༤༠ །།

[་་་

[ནམ་མཁའི་འོག་གི་ཐེམ་སྐས་དག་ཏུ་གྱུར་པ་སྟེ།]

་་་

[ཆོས་ཀྱི་བདག་ཉིད་བདག་ཉིད་ལྡན་པ་རྣམས་ཀྱིས་བསྙེན།། ༤༠ །།]

 

འདི་ནས་སླར་ཡང་ཁྱད་འཕགས་ཆོས་ཀྱི་ཆེད་ལས་ནི།

བྱང་གི་ཕྱོགས་ཉིད་ཁོ་ནར་བསྙེན་པར་ནུས་པ་སྟེ།

བློ་དང་ལྡན་པས་གོམ་པ་གཅིག་ཏུ་གྱུར་པ་ཡང༌།

ལྷོ་ཡི་ཕྱོགས་སུ་འགྲོ་བར་ནུས་པ་མ་ཡིན་ནོ།། ༤༡ །།

 

དཀའ་ཐུབ་ནགས་འདིར་ཇི་སྟེ་བྱ་བ་ངན་པ་འམ།

འདྲེས་མའི་ཆོས་སམ་ཀུན་ནས་ལྟུང་བ་མི་གཙང་བར།

ཁྱེད་ཀྱིས་གཟིགས་པ་གང་གིས་ཁྱེད་འདིར་བཞུགས་འདོད་མེད།

དེ་ནི་གསུང་ལ་རེ་ཞིག་བཞུགས་པར་འོས་པ་ལགས། ༤༢ །།

 

[་་་

[བསྲེ་མའི་ཆོས་སམ་ལྟུང་བ་མིན་ནམ་མི་གཙང་བར།

ཁྱེད་ཀྱིས་མཐོང་སྟེ་གང་གིས་ཁྱེད་འདི་བཞུགས་འདོད་མིན།

དེ་ནི་གསུང་ལ་རེ་ཞིག་སྲེད་པར་བཞུགས་མཛོད་ཅིག། ༤༢ །།]

 

ཁྱེད་ཉིད་དཀའ་ཐུབ་གཏེར་དང་རབ་ཏུ་མཚུངས་པ་ལགས།

འདི་རྣམས་ཀྱིས་ནི་དཀའ་ཐུབ་གྲོགས་སུ་འདོད་པ་ལགས།

དབང་པོ་དང་མཚུངས་ཁྱེད་དང་ལྷན་ཅིག་གནས་པའིཕྱིར།

ཕུར་བུ་ཡི་ཡང་མངོན་པར་མཐོ་བ་འདྲེན་པ་ཡིན།། ༤༣ །།

[དཀའ་ཐུབ་གཏེར་དང་རབ་ཏུ་མཚུངས་པར་གྱུར་པ་ལ།

འདི་རྣམས་ཀྱིས་ནི་དཀའ་ཐུབ་གྲོགས་སུ་འདོད་པ་སྟེ།

དབང་པོ་དང་མཉམ་ཁྱེད་དང་ལྷན་ཅིག་གནས་པ་ནི།]

་་་                                  །། ༤༣ །།

 

དཀའ་ཐུབ་ལྡན་པའི་གཙོ་བོས་དེ་སྐད་སྨྲས་པ་ན།

སྲིད་པ་རབ་ཏུ་འཇོམས་ཕྱིར་དམ་བཅའ་མཛད་པ་ཡི།

མཁས་པའི་གཙོ་བོ་དེས་ནི་དཀའ་ཐུབ་ལྡན་དབུས་སུ།

ནང་དུ་གཏོགས་པའི་རང་བཞིན་འདི་སྐད་གསུངས།། ༤༤ །།

[དཀའ་ཐུབ་ལྡན་པའི་གཙོ་བོས་དེ་སྐད་ཅེས་སྨྲས་ཏེ།

སྲིད་པ་རབ་ཏུ་ཉམས་ཕྱིར་དམ་བཅའ་བྱས་པ་ཡིས།]

་་་

ནང་དུ་སོང་བའི་རང་བཞིན་སྨྲས་པར་གྱུར་པའོ།། ༤༤ །།]

 

རང་གི་སྐྱེ་བོ་ཉིད་དང་མཚུངས་པར་འགྲོན་ལ་གཅེས།

དྲང་པོའི་བདག་ཉིད་ཆོས་འཛིན་ཐུབ་པ་རྣམས་ཀྱིས་ནི།

བདག་ལ་རྣམ་པ་དེ་ལྟར་བསམ་པ་སྐྱེས་པ་ཡིས།

བདག་ལ་དགའ་བ་མཆོག་དང་བཀུར་སྟི་བསྐྱེད་པར་བྱས།། ༤༥ །།

[འགྲོན་ལ་སྡུག་ཅིང་རང་གི་སྐྱེ་བོ་དང་མཚུངས་པའི།]

་་་

་་་

[བདག་གི་དགའ་བ་མཆོག་དང་བཀུར་སྟི་སྐྱེས་པར་གྱུར།། ༤༥ །།]

 

མདོར་ན་བརྩེ་ཞིང་བསྙེན་པ་ཡིད་འོང་ངག་ཚིག་གིས།

ཁྲུས་དག་བྱས་པ་བཞིན་དུ་བདག་ནི་གྱུར་པ་ཡིན།

ཆོས་གསར་པ་ནི་འཛིན་པར་བདག་གི་དགའ་བ་ཉིད།

ད་ལྟར་སླར་ཡང་རྣམ་པར་གཡོ་བར་གྱུར་པ་ཉིད།། ༤༦ །།

[མདོར་བསྡུས་གྱུར་ན་བརྩེ་ཞིང་བསྙེན་པ་འདི་རྣམས་དག

སྙིང་ལ་སོང་བའི་ངག་རྣམས་དག་གིས་ཁྲུས་བྱས་བཞིན།

ཀུན་ནས་འཛིན་མེད་ཆོས་ཅན་བདག་གི་དགའ་བ་ནི།

དེ་རིང་སླར་ཡང་ཅུང་ཞིག་གཡོས་པར་གྱུར་པ་ཉིད།། ༤༦ །།]

 

དེ་ལྟར་རབ་ཏུ་ཞུགས་པ་ཁྱེད་ཅག་སྐྱབས་འོས་རྣམས།

ཤིན་ཏུ་ཕྱོགས་ལ་གྱུར་པ་ཡང་དག་བསྟན་པ་རྣམས།

བོར་ནས་འགྲོ་ཞེས་ཁོ་བོ་ལ་ཡང་སྡུག་བསྔལ་བྱུང་།

ཇི་ལྟར་གཉེན་འདུན་སྤངས་པ་དེ་ལྟར་གྱུར་པ་ལགས།། ༤༧ །།

[དེ་ལྟར་རབ་ཏུ་ཞུགས་པའི་ཁྱེད་ཅག་སྐྱབས་འོས་རྣམས།

ཤིན་ཏུ་ཕྱོགས་སུ་ལྷུང་བ་ཡང་དག་བསྟན་པ་རྣམས།

བོར་ནས་འགྲོ་ཞེས་ཁོ་བོ་ཡི་ཡང་སྡུག་བསྔལ་ཏེ།

ཇི་ལྟར་གཉེན་འདུན་རྣམས་ནི་སྤངས་པ་དེ་ལྟར་རོ།། ༤༧ །།]

 

ཁྱེད་ཅག་རྣམས་ཀྱི་ཆོས་འདི་མཐོ་རིས་ཆེད་དུ་ཡིན།

བདག་གི་མངོན་པར་འདོད་པ་ཡང་སྲིད་མེད་པའི་ཆེད།

གང་གིས་བདག་ལ་ནགས་འདིར་སྡོད་འདོད་མེད་པ་སྟེ།

རང་བཞིན་གྱིས་ནི་ཆོས་ལ་རབ་ཏུ་འཇུག་པ་ཐ་དད་དོ།། ༤༨ །།

[ཁྱེད་ཅག་རྣམས་ཀྱི་ཆོས་འདི་མཐོ་རིས་ཆེད་དུ་སྟེ།

བདག་གི་མངོན་པར་མཐོ་བར་ཡང་སྲིད་མ་ཡིན་ཕྱིར།

ནགས་དེར་གང་གི་བདག་ནི་སྡོད་འདོད་མ་ཡིན་ཏེ།

ཆོས་ལས་ལྡོག་པ་རབ་ཏུ་འཇུག་པ་ཐ་དད་ཕྱིར།། ༤༨ །།]

 

གང་ཕྱིར་ནགས་འདི་ཉིད་ནས་བདག་ནི་ཡོངས་འགྲོ་བ།

བདག་ནི་འདི་ལ་མི་དགའ་མ་ཡིན་གཞན་ལ་སྨད་པས་མིན།

སྔོན་དུས་ཆོས་ཀྱི་རྗེས་མཐུན་གནས་པ་ཁྱེད་ཅག་རྣམས།

ཐམས་ཅད་དྲང་སྲོང་ཆེན་པོ་རྣམས་དང་མཚུངས་པར་གྱུར།། ༤༩ །།

[དེ་ཕྱིར་ནགས་འདི་དག་ན་གང་གིས་ཡོངས་འགྲོ་བ།

བདག་གི་མ་དགའ་མ་ཡིན་ཕ་རོལ་སྤྱོད་ལོག་མིན།

སྔོན་གྱི་དུས་ན་རྗེས་མཐུན་ཆོས་ལ་གནས་པ་ཡི།]

་་་་                             །། ༤༩ །།

 

དེ་ནས་དོན་དང་ལྡན་ལ་བདེ་ཞིང་ཡིད་དུ་འོང༌།

ལེགས་མཐུན་མདངས་དང་ལྡན་ལ་སྙིང་པོ་དང་ལྡན་པ།

གཞོན་ནུའི་ཚིག་ནི་དཀའ་ཐུབ་ལྡན་པ་དེ་རྣམས་ཀྱིས།

ཐོས་ནས་ཁྱད་འཕགས་དང་ལྡན་བཀུར་སྟི་མང་པོ་བྱས།། ༥༠ །།

[་་་

་་་

་་་

[ཐོས་ནས་ཁྱད་འཕགས་དང་ལྡན་བཀུར་སྟི་མང་པོས་གཤེགས།། ༥༠ །།]

 

དེ་ནས་དེ་ན་གཉིས་སྐྱེས་ཐལ་བར་ཉལ་བ་ཞིག

ལུས་པོ་རིང་ལ་སྐྲ་ཅན་ཤིང་ཤུན་གོས་གྱོན་པ།

ཅུང་ཟད་མིག་དག་དམར་སེར་སྣ་ཁུང་ཕྲ་ལ་རིངས།

ལག་གཅིག་སྤྱི་བླུགས་ཐོགས་པས་ཚིག་འདི་སྐད་ཅེས་སྨྲས། ༥༡ །།

[དེ་ནས་གཉིས་སྐྱེས་ཐལ་བ་ལ་ཉལ་ཁ་ཅིག་ནི།

ལུས་རིང་གཙུག་ཏོར་དང་ལྡན་ཤིང་ཤུན་གོས་གྱོན་ཞིང༌།

མིག་ནི་ཅུང་ཟད་དམར་སེར་སྣ་ནི་ཕྲ་ལ་རིངས།

ལག་གཅིག་སྤྱི་བླུགས་ལྡན་པས་ཚིག་འདི་སྨྲས་པའོ།། ༥༡ །།]

 

བློ་དང་ལྡན་པ་ཁྱོད་ཀྱི་ངེས་པ་རྒྱ་ཆེན་ཉིད།

གཞོན་ནུ་ཁྱེད་ཀྱིས་ཡང་སྐྱེ་བ་ལ་ཉེས་པ་གཟིགས།

མཐོ་རིས་ཉིད་དང་ཐར་པར་ཡང་དག་རྣམ་དཔྱོད་ཕྱིར།

ཐར་པར་གང་གི་བློ་གྲོས་ཡོད་པ་དེ་ཡིན་ནོ།། ༥༢ །།

[ཁྱོད་ཀྱིས་ངེས་པ་ཉིད་དུ་རྒྱ་ཆེན་བློ་ལྡན་ཞིང༌།

གཞོན་ནུ་ཁྱེད་ཀྱི་སྐྱེ་བ་ལ་ནི་ཉེས་པ་གཟིགས།

མཐོ་རིས་དང་ནི་ཉེས་པ་ཡང་དག་རྣམ་སྤྱོད་ཕྱིར།

ཐར་པ་གང་གི་བློ་གྲོས་ཡོད་པ་དེ་ཡིན་ནོ།། ༥༢ །།]

 

མཆོད་སྦྱིན་དཀའ་ཐུབ་ངེས་པ་དེ་དང་དེ་རྣམས་ཀྱིས།

ཆགས་དང་ལྡན་རྣམས་མཐོ་རིས་ལ་ནི་འགྲོ་བར་འདོད།

ཆགས་པར་དགྲ་བོ་བཞིན་དུ་ལྷན་ཅིག་གཡུལ་སྤྲད་ནས།

བློ་དང་ལྡན་པ་ཐར་པར་ཡོངས་སུ་འགྲོ་བར་འདོད།། ༥༣ །།

[ ་་་

[ཆགས་པ་དང་ལྡན་མཐོ་རིས་ལ་ནི་འགྲོ་བར་འདོད།

དགྲ་བོ་བཞིན་དུ་ཆགས་དང་ལྷན་ཅིག་གཡུལ་སྤྲད་ནས།

སེམས་པ་དང་ལྡན་ཐར་པ་རུ་ནི་འགྲོ་བར་འདོད།། ༥༣ །།]

 

དེས་ན་གལ་ཏེ་ཁྱོད་ཀྱི་བློ་འདི་ངེས་པ་ན། 27B

སྐྱེན་པར་ཁྱེད་ཉིད་འབིགས་བྱེད་ཕུག་པར་གཤེགས་མཛོད་ཅིག

དེ་ན་མཐར་ཐུག་ངེས་པར་ལེགས་པ་ཐོབ་པའི་མིག།

གང་འདི་ཐུབ་པ་སྒྱུ་རྩལ་ཤེས་ཀྱི་བུ་དེར་གནས།། ༥༤ །།

[དེའི་ཕྱིར་གལ་ཏེ་ཁྱོད་ཀྱི་བློ་གྲོས་འདི་ངེས་ན།] 27B

་་་

[གང་ཞིག་མཐར་ཐུག་ངེས་པར་ལེགས་པ་ཐོབ་པའི་མིག།

ཐུབ་པ་འདི་ནི་དེ་རུ་མཚན་མོ་མིན་པར་གནས།། ༥༤ །།]

 

དེའི་ཕྱིར་ཁྱོད་ཀྱིས་དེ་ཉིད་ལམ་ནི་འཐོས་འགྱུར་ལ།

བཞེད་པར་གྱུར་ན་ཡང་དག་པ་ཡི་ལམ་དུ་འགྱུར།

ཇི་ལྟར་བདག་གིས་མཐོང་བའི་བློ་གྲོས་དེ་ལྟར་ན།

དེ་ཉིད་ཀྱི་ཡང་བློ་གྲོས་བོར་ནས་གཤེགས་པར་འགྱུར།། ༥༥ །།

[་་་

སྲེད་པར་གྱུར་ན་ཡང་དག་རབ་ཏུ་ཐོབ་པར་འགྱུར།

བདག་གི་མཐོང་བ་ཇི་ལྟར་བློ་གྲོས་དེ་དེ་ལྟར།]

་་་་                          །། ༥༥ །།

 

ཤངས་ནི་གསལ་ཞིང་མཐོ་ལ་ཡངས་པའི་སྤྱན་ཆེ་མངའ།

ཟངས་མདོག་མཆུ་ཅན་རྣོ་ལ་དཀར་བའི་ཆེམས་དང་ལྡན།

ལྗགས་ནི་སྲབ་ལ་དམར་བའི་ཞལ་དང་ལྡན་པ་འདིས།

ཤེས་བྱའི་རྒྱ་མཚོ་མཐའ་དག་ཉིད་ནི་འཐུང་བར་འགྱུར།། ༥༦ །།

[གསལ་ཞིང་མཐོ་བའི་ཤངས་དང་རྣམ་རྒྱས་ཡངས་པའི་སྤྱན།

ཟངས་མདོག་ཡ་མཆུ་མ་མཆུ་རྣོ་དཀར་མཆེ་བ་ཅན།

ལྗགས་ནི་དམར་ཞིང་ཕྲ་བའི་ཞལ་དང་ལྡན་པ་འདི།

ཤེས་བྱའི་རྒྱ་མཚོ་མཐའ་དག་ལ་ནི་འགྲོ་བ་ཉིད།། ༥༦ །།]

 

ཁྱོད་ཀྱི་ཟབ་པ་ཉིད་དང་གཏིང་དཔག་དཀའ་བ་དང་།

གསལ་བ་ཉིད་དང་མཚན་མ་གང་དག་དེ་རྣམས་ལས།

སྔོན་གྱི་བསྐལ་པར་དྲང་སྲོང་རྣམས་ཀྱིས་ཀྱང་མ་ཐོབ།

ས་སྟེང་སློབ་དཔོན་ཉིད་དེ་ཁྱེད་ཀྱིས་འཐོབ་པར་འགྱུར།། ༥༧ །།

[ཁྱོད་ཀྱི་ཟབ་པ་དང་ནི་གཏིང་དཔག་དཀའ་གང་དང་།

གང་ཞིག་སྒྲོན་མ་ཉིད་དང་མཚན་རྣམས་གང་ཡིན་པས།

སྔོན་གྱི་བསྐལ་པར་དྲ་སྲོང་གིས་ཀྱང་མ་མཐོང་བའི།

སློབ་དཔོན་ཉིད་དེ་ས་ལ་མངོན་པར་དགའ་ནས་གཤེགས།། ༥༧ །།]

 

དེ་ནས་དྲང་སྲོང་སྐྱེ་བོ་རྣམས་ལ་དམ་པ་མཆོག

ཅེས་ཏེ་དགའ་བར་མཛད་ནས་མི་བདག་སྲས་པོ་གཤེགས།

དེ་རྣམས་ཀྱིས་ཀྱང་དེ་ལའང༌ཚུལ་བཞིན་མངོན་བསྟོད་ནས།

བསྟི་གནས་ལྡན་པ་རྣམས་ཀྱང་དཀའ་ཐུབ་ནགས་དེར་ཞུགས།། ༥༨ །།

(འདིར་ཚིག་རྐང་གཉིས་ཆད་པར་མངོན་སླར་ལེགས་སྦྱར་བོད་འགྱུར་དཔེ་དག་བལྟ་དགོ)

[དཀའ་ཐུབ་ལྡན་པ་དེ་རྣམས་ཀྱིས་ཀྱང་དེ་ལ་ཡང༌།

ཆོ་ག་བཞིན་རྗེས་བྱས་ནས་དཀའ་ཐུབ་ནགས་དེར་གཤེགས།]

 

སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། །དཀའ་ཐུབ་ཀྱི་ནགས་སུ་ཞུགས་པའི་ལེའུ་སྟེ་བདུན་པའོ།། །

འགྱུར་རྩོམ།

Post navigation

Previous Post: བློ་བཟང་སེང་གེ་ཆབ་སྲིད་པ་ལྐུགས་པ་ཞིག་རེད། མ་རེད།
Next Post: སངས་རྒྱས་ཀྱི་འཁྲུངས་སྐར་ཉིན་ཐའེ་ཝན་བོད་བརྒྱུད་དྲ་བརྙན་གཏོང་མགོ་ཚུགས་རྒྱུ།

Comments (94) on “སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོའི་ལེའུ་བདུན་པ་ལ་འགྱུར་བཅོས་ཅུང་ཟད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 12:15 am

    ཁ་ཅིག་རི་དྭགས་བཞིན་དུ་རྩྭ་རྣམས་ལ་སྤྱོད་ལ།
    གཞན་རྣམས་བོར་པ་ཡིས་ནི་མཁའ་ལ་རྒྱུ་བའི་བྱ་ལྟར་འཚོ།
    ༼གཞན་རྣམས་བོར་བས་མཁའ་ལ་རྒྱུ་བའི་བྱ་ལྟར་འཚོ།༽
    ཁ་ཅིག་ལག་འགྲོ་རྣམས་དང་ལྷན་ཅིག་འཚོ་བ་སྟེ། 25B
    གྲོག་མཁར་གྱུར་པ་རྣམས་ནི་ནགས་ན་རླུང་གིས་འཚོ།། ༡༥ །།

    ཁ་ཅིག་རི་དྭགས་བཞིན་དུ་རྩྭ་རྣམས་ལ་སྤྱོད་པ།

    གྲོག་མཁར་གྱུར་པ་རྣམས་ནི་ནགས་ན་རླུང་གིས་སོ།། ༡༥ །།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 12:28 am

    བཅུ་དྲུག་པ་ནས་ད་ལྟ་ཀློག་ཁོམ་མེད། །
    འགྱུར་གསར་འདི་འདྲ་མཐོང་བ་ད་རེས་ཙམ། །
    བཀའ་དྲིན་ཆེའོ་ལ་དྭགས་འཇམ་དཔལ་ལགས། །
    བདག་ཀྱང་ལེགས་སྦྱར་སྦྱོང་ལ་དང་དོད་ཤར། །

  3. BONPO says:
    2013-05-09 at 12:35 am

    བོད་བཙན་པོའི་བུ་རབས་རྣམས་ཀྱིས་རིག་གནས་འདི་འདྲ་ཞིག་ལ་མགོ་བོ་འཁོར་ནས་ཧ་ནག་པོ་ལས་བསྡད་པ་ཡིན་ན་ད་ངོ་མ་སེམས་པ་འདི་སྐྱོ་བྱེད་མིན་ན་ཅི་རེད། བཤད་སྐྱོན་ཐལ་སོང་ན་དགོངས་འགལ་མེད་པ་ཞུ། །

  4. ནམ་མཁའ says:
    2013-05-09 at 4:51 am

    རྒན་འཇམ་དཔལ་ལགས།ཁམས་བཟང་།མཆོག་ཉིད་ཀྱིས་འདི་ལྟར་སྐུ་ངལ་ལ་མ་འཛེམས་པར་ཕྲན་ལྟ་བུའི་མིག་ལམ་དུ་གནང་བ་བཀའ་དྲིན་ཆེ། ཚིགས་བཅད་༥༧པའི་ཚིགས་རྐང་གསུམ་པར
    སྔོན་གྱི་བསྐལ་བར་དྲ་སྲོང་གིས་ཀྱང་མ་མཐོང་བའི།། ཞེས་བའི་དྲ་སྲོང་—དྲང་སྲོང་མིན་ནམ་སྙམ།
    གང་ལྟར་ལེགས་སྦྱར་སྐད་མི་ཤེས་བས་ཞིབ་དག་བྱེད་པའི་སྤོབས་པ་བདག་ལ་མ་མཆིས་སོ། ཡིན་ཡང་ཚིག་སྦྱོར་བདེ་མིན་ཕྱོགས་ནས་ཅུང་ཟད་ཞུ་འདོད་ཀྱང་ཁོམ་པ་བྱུང་མ་སོང་། གང་ལྟར་རྒན་མཆོག་ལ་སྐུ་དྲིན་ཆེ་ཞུའོ།

  5. ཚེ་རིང་བསམ་གྲུབ། says:
    2013-05-09 at 5:06 am

    བསྟན་འགྱུར་ན་བཞུགས་པའི་སངས་རྒྱས་སྤྱོད་པའི་འགྱུར་དེ་འགྱུར་ཡག་པོ་མེད་པ་དང་། འགའ་ཤས་ནི་གོ་རྒྱུ་གང་ཡང་མེད་ཚུལ་གོ་ཐོས་བྱུང་།

  6. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 8:19 am

    དེ་ནས་དེ་ན་གཉིས་སྐྱེས་ཐལ་བར་ཉལ་བ་ཞིག
    ལུས་པོ་རིང་ལ་སྐྲ་ཅན་ཤིང་ཤུན་གོས་གྱོན་པ།
    ཅུང་ཟད་མིག་དག་དམར་སེར་སྣ་ཁུང་ཕྲ་ལ་རིངས།
    ལག་གཅིག་སྤྱི་བླུགས་ཐོགས་པས་ཚིག་འདི་སྐད་ཅེས་སྨྲས། ༥༡ །།

    དེ་ནས་གཉིས་སྐྱེས་ཐལ་བ་ལ་ཉལ་ཁ་ཅིག་ནི།
    ལུས་རིང་གཙུག་ཏོར་དང་ལྡན་ཤིང་ཤུན་གོས་གྱོན་ཞིང༌།
    མིག་ནི་ཅུང་ཟད་དམར་སེར་སྣ་ནི་ཕྲ་ལ་རིངས།
    ལག་གཅིག་སྤྱི་བླུགས་ལྡན་པས་ཚིག་འདི་སྨྲས་པའོ།། ༥༡ །།

    དེ་ནས་དེ་རུ་དྲང་སྲོང་ཐལ་བར་ཉལ་བ་ཞིག །
    ལུང་རིང་སྐྲ་བཅིང་གོས་སུ་ཤིང་ཤུན་གོས་གྱོན་ཞིང་། །
    མིག་གཉིས་ཅུང་ཟད་དམར་སེར་ཕྲ་ལ་རིང་བའི་སྣ། །
    ལག་ན་སྤྱི་བླུགས་ཐོགས་ཤིང་ཞལ་ནས་འདི་སྐད་སྨྲས། །

    ལེགས་སྦྱར་མཐོང་ཡང་མ་བྱུང་། ཤེས་ཀྱང་མི་ཤེས། གོང་གི་བོད་འགྱུར་གཉིས་ལ་གཞི་བྱས་དིང་གི་སྐད་དང་དོན་བསྒྱུར་གཙོ་དོན་བྱས་ནས་རྒན་འཇམ་དཔལ་ལགས་མཉེས་ཕྱིར་ཕུལ། དག་བཅོས་མཛོད།

  7. ལེགས་བཤད། says:
    2013-05-09 at 8:25 am

    རྒན་ལ་དྭགས་པས་སྐུ་ཚེགས་ལ་མ་འཛེམས་པར་མཛེས་དགའ་པོའི་སྙན་ངག་གི་རྟོགས་པ་བརྗོད་པ་ཁ་བརྡ་དྲ་བ་འདིར་བཀོད་པར་ཐུགས་རྗེ་ཆེ།
    འཆི་བས་སྐྱེ་དགུ་རྣམས་ལ་རྟག་ཏུ་འཇིགས་པ་འབྱུང་།
    འབད་པ་ཡིས་ནི་སླར་ཡང་རབ་ཏུ་སྐྱེ་བར་འདོད།
    རབ་ཏུ་སྐྱེ་བ་ཡོད་ན་ངེས་པར་འཆི་བ་འབྱུང་།
    གང་ལ་འཇིགས་པ་ཡོད་པ་དེ་ལ་གཞོལ་བར་འགྱུར།།
    ཞེས་པ་ལྟར་སྐྱེ་བ་ཡོད་ན་འཆི་བ་འབྱུང་བ་དང་འཆི་བའི་དུས་སུ་ཡང་བདག་རྒྱུན་ཆད་དོ་སྙམ་པའི་འཇིགས་སྲེད་དབང་གིས་སླར་ཡང་སྐྱེ་བ་ལེན་པར་ངེས་བས། མིའི་མི་ཚེའི་ནང་ཚོར་བ་དྲག་པོ་གཉིས་འབྱུང་བ་ནི་དང་པོར་ཨ་མའི་མངལ་ནས་སྐྱེས་དུས་ཚོར་བ་དྲག་པོ་ཞིག་འབྱུང་བ་དང་ཐ་མ་འཆི་བའི་དུས་སུ་ཚོར་བ་དྲག་པོ་ཞིག་འབྱུང་བ་ཡིན། འཆི་ཁར་དགེ་སེམས་ངང་ནས་འཆི་བ་དེ་གལ་ཆེན་པོ་ཡིན་ལ་འཆི་ཁའི་སྨོན་ལམ་དེ་ཡང་སྟོབས་ཆེན་པོ་ཡིན་པར་མདོ་ལས་གསུངས་སོ།།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 8:32 am

    དེ་ནས་རི་དྭགས་རྒྱལ་པོའི་འགྲོས་ཅན་རྒྱལ་པོའི་སྲས་པོ་དེ།
    རི་དྭགས་གནས་དེར་རི་དྭགས་བཞིན་དུ་རབ་ཞུགས་པ།
    ཕུན་ཚོགས་རྣམས་དང་བྲལ་ཡང་ལུས་ཀྱི་ཕུན་ཚོགས་ཀྱིས།
    དཀའ་ཐུབ་གནས་ལྡན་ཀུན་གྱི་མིག་དག་ཕྲོགས་པར་གྱུར།། ༢ །།
    འདི་ནི་ཤིན་ཏུ་སྙན་པོ་འདུག
    ཤོ་ལོ་ཀ་དང་པོ་དེ་ཅུང་ཟད་གོ་དཀའ་ཙམ་མི་འདུག་གམ།། ༡ །།

  9. ལེགས་བཤད། says:
    2013-05-09 at 9:20 am

    ཀརྡོ་ལགས། རྒྱལ་སྲས་ཤིག་གི་མཛེས་ཤིང་ཡིད་དུ་འོང་བའི་སྣང་ཚུལ་དེ་གསལ་བོར་བསྟན་འདུག །རྒྱལ་སྲིད་ལ་རོལ་བའི་འདོད་ཡོན་སྤངས་ནས་ནགས་ན་རྒྱུ་བའི་རྒྱལ་སྲས་མཛེས་དགའ་བོ་ཕྱི་རོལ་གྱི་ལྔོངས་རྒྱུར་ཕེབས་པའི་སྤྱོད་ལམ་དང་མཛེས་ཤིང་ཡིད་དུ་འོང་བའི་ལུས་ཕུན་ཚོགས་དང་ལྡན་པ་དེས་ཐུབ་པ་དཀའ་ཐུབ་ལ་གནས་པ་དག་གི་ཡིད་དག་ཀྱང་འཕྲོག་པར་གྱུར་ཏོ། །ཞེས་དེ་ལྟར་འགྲེལ་ན་ཨེ་འགྲིག་གམ།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 9:42 am

    ལེགས་བཤད་ལགས། གསལ་བཤད་གནང་བར་ཐུགས་རྗེ་ཆེ།

    ངའི་ཤོ་ལོ་ཀ་དང་པོ་དེ་ཅུང་ཟད་གོ་དཀའ་ཙམ་མི་འདུག་གམ།། ༡ །།ཟེར་བ་འདི་རེད།

    དེ་ནས་འདུན་པ་ངུ་ཞིང་གདོང་ནི་མཆི་མ་ཅན།
    བཟློག་ནས་ནགས་སུ་འདུན་པའི་ཆགས་པ་མེད་པ་ཡི།
    དོན་ཀུན་གྲུབ་པའི་ལུས་ཀྱིས་མངོན་པར་ཟིལ་མནན་ནས།
    དཀའ་ཐུབ་གནས་དེ་གྲུབ་པ་བཞིན་དུ་རབ་ཏུ་ཐོབ།། ༡ །།

  11. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 10:15 am

    དེ་ནས་དཀའ་ཐུབ་གནས་པ་གཞན་རྣམས་ཚུར་འོངས་ནས། །
    མི་ཡི་མཆོག་གྱུར་དེ་ལ་ཡོངས་སུ་བསྐོར་ནས་འཁོད། །
    དེ་དག་རྣམས་ཀྱི་བགྲེས་པོས་གུས་དུད་སྔོན་བཏང་ནས། །
    ཞི་བའི་དབྱངས་ཀྱིས་ཚིག་དག་འདི་སྐད་གསོལ་བར་གྱུར།། ༣༧ །།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 10:46 am

    དེ་ནས་འདུན་པ་ངུ་ཞིང་གདོང་ནི་མཆི་མས་བརླན།
    ཕྱིར་བཟློག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ། ༡ །

  13. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 11:13 am

    ཤངས་མཐོ་མདངས་གསལ་དང་ལྡན་ཡངས་པའི་སྤྱན་མངའ་བ། །
    ཟངས་མདོག་ཆུ་མཛེས་མཆེ་རྣོ་དཀར་བའི་ཚེམས་དང་ལྡན། །
    ལྗགས་བཟང་སྲབ་ལ་དམར་བའི་ཞལ་དང་ལྡན་པ་འདིས། །
    ཤེས་བྱའི་རྒྱ་མཚོ་མཐའ་དག་འདི་ཉིད་གསུང་བར་འགྱུར།། ༥༦ །།

  14. ལེགས་བཤད། says:
    2013-05-09 at 11:28 am

    དེ་ནས་འདུན་པ་ངུ་ཞིང་གདོང་ནི་མཆི་མ་ཅན།
    བཟློག་ནས་ནགས་སུ་འདུན་པའི་ཆགས་པ་མེད་པ་ཡི།
    དོན་ཀུན་གྲུབ་པའི་ལུས་ཀྱིས་མངོན་པར་ཟིལ་མནན་ནས།
    དཀའ་ཐུབ་གནས་དེ་གྲུབ་པ་བཞིན་དུ་རབ་ཏུ་ཐོབ།།
    ཞེས་པ་འདི་ནི་རྒྱལ་སྲས་གཞོན་ནུ་དོན་འགྲུབ་ཀྱིས་རྒྱལ་སྲིད་སྤངས་ནས་རབ་བྱུང་མཛད་པའི་ངང་ཚུལ་ལ་སྦྱར་ནས་གསུངས་པ་འདྲ། ཡབ་སྲས་གཙང་མས་རྒྱལ་སྲས་ཀྱི་བཞུགས་ཤག་གི་མཐའ་སྐོར་དམག་གིས་བསྐོར་ནས་བསྲུང་བར་མཛད་ཀྱང་རྒྱལ་སྲས་ཀྱིས་རྟ་རྫི་འདུན་པའི་རྟ་ངང་པ་འཕུར་ཤེས་ལ་བཅིབས་ནས་ཕོ་བྲང་ནས་ཕྱི་རོལ་དུ་བྲོས་པ་དང་། ནགས་སུ་བཞུད་པའི་གཏན་དེ་ཐོས་པས་གྲོགས་པོ་འདུན་པ་སེམས་སྐྱོ་བས་གདོང་མིག་ཆུས་གཡོགས་ན་ཡང་། རྒྱལ་སྲས་གཞོན་ནུ་དོན་འགྲུབ་ཀྱིས་མཆོད་རྟེན་རྣམ་དག་དྲུང་དུ་རང་གི་དབུ་སྐྲ་རང་གིས་བཅད་ནས་རང་བྱུང་མཛད་པ་དང་ལོ་དྲུག་དཀའ་བ་སྤྱད་པས་མཐར་འཇིག་རྟེན་ན་སངས་རྒྱས་ཞེས་པའི་དོན་དེ་གྲུབ་པར་གདའ་འོ། །ཞེས་དེ་ལྟར་འགྲེལ་ན་ཨེ་འགྲིག་ལགས། ཀརྡོ་ལགས།

  15. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 11:47 am

    དེ་ནས་འདུན་པ་ངུ་ཞིང་གདོང་ནི་མཆི་མ་ཅན།
    བཟློག་ནས་ནགས་སུ་འདུན་པའི་ཆགས་པ་མེད་པ་ཡི།
    དོན་ཀུན་གྲུབ་པའི་ལུས་ཀྱིས་མངོན་པར་ཟིལ་མནན་ནས།
    དཀའ་ཐུབ་གནས་དེ་གྲུབ་པ་བཞིན་དུ་རབ་ཏུ་ཐོབ།། ༡ །།
    ཅེས་པ་འདི།
    དེ་ནས་འདུན་པ་ངུ་ཞིང་གདོང་ནི་མཆི་མས་བརླན། །
    ཕྱིར་བཟློག་དོན་ཀུན་གྲུབ་པ་ནགས་སུ་འདུན་པ་ཡི། །
    རྒྱལ་སྲིད་ཆགས་མེད་རྒྱན་མེད་ལུས་ཀྱིས་ཟིལ་མནན་ནས། །
    དཀའ་ཐུབ་གནས་དེ་རང་ཕྱིར་གྲུབ་པ་བཞིན་དུ་གྱུར།། ༡ །།

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-09 at 1:33 pm

    སློབ་དཔོན་ལེགས་བཤདང་། མཁས་མཆོག་ཀརྡོ་གཉེར་ཕྱག་པ། ནམ་མཁའ་ལ་སོགས་པས་བོད་སྐད་ལ་ཐུགས་དོན་གཉེར་མཛད་པ་ཡོངས་ལ་ཞུ་གསོལ། ཡིག་ཆེན་དང་། ཡིག་ཆུང་གི་ཁྱད་པར་འཐོན་མི་ཐུབ་པས། ཀློག་པ་པོ་ཀུན་ལ་དབུ་རྙོག་གི་སྐུ་ངལ་ཆེ་བར་དགོངས་དག་ཞུ། སླར་སྒྱུར་བཅོས་ཀྱིས་སྔ་འགྱུར་གང་ཡིན་གསར་དུ་བསྒྱུར་དགོས་པ་དག་ཤད་ཁུག་[ ]འདི་བུར་བཅུག་པ་དང་། སླར་སྒྱུར་མི་དགོས་པའི་ཚིག་རྐང་ཚིགས་བཅད་ཀྱི་ནང་ལ་བྱུང་བ་རྣམས་རྟགས་འདི་ལྟ་བུར་ ་་་ བྲིས་ཏེ། བསྐུར་པ་ལགས། གཅིག་ཆ་ན་ད་ལྟ་གསལ་བའི་ཚབ་ལྟ་བུར་འཐོན་ནམ་སྙམ།
    འདུན་པ་ཆིབས་དཔོན་ལོག་ནས་སོང་བའི་རྗེས་སུ། དོན་ཀུན་གྲུབ་པ་ནགས་ཀྱི་བསྟི་གནས་སུ་བྱོན་ནས། གཟིགས་ཚུལ་དང་མཛད་ཚུལ་རྣམས་རང་བཞིན་བརྗོད་པའི་རྒྱན་དུ་སློབ་དཔོན་རྟ་དབྱངས་ཀྱིས་བཀོད་པ། བོད་སྐད་དུ། ལོ་ཙ་པ་ས་དབང་བཟང་པོ་དང་། བློ་གྲོས་རྒྱལ་པོ་གཉིས་ཀྱིས་བསྒྱུར་པ། ཞུས་དག་ལེགས་པར་མ་སོང་བའམ་རྐྱེན་གཞན་གྱིས་བོད་སྐད་དུ་ཡོངས་གྲགས་མ་བྱུང་། འོན་ཀྱང་ཡོངས་གྲགས་ཆེ་བའི་སྤྱོད་འཇུག་་ན་ཡང་། ད་དུང་ཞིབ་ཆ་བྱེད་ན། བཅོས་དགོས་པ་འགའ་ཞིག་སྣང་། དཔེར་ན། རུས་གོང་འབའ་ཞིག་མཐོང་ནས་ནི། ལེགས་སྦྱར་རྩ་བ་དང་། དེའི་འགྲེལ་ཆེན་ན། རུས་གོང་འགའ་ཞིག་མཐོང་ནས་ནི། ཞེས་པ་འདི་ཉིད་དོན་ལ་གནས་པར་མངོན། སི་ཏུ་པཎ་ཆེན་གྱིས་འཆི་མེད་མཛོད་ཀྱི་འགྱུར་བསྟན་འགྱུར་ན་བཞུགས་པ་ལ་འདི་དང་འདི་ནོར་འདུག་ཅེས་ན། བསྟན་བཅོས་རང་ལས་མང་བ་འབྱུང་ངེས། འོན་ཀྱང་སྒྱུར་མཁན་གྱི་ལོ་ཙ་པ་དེ་བཀའ་དྲིན་ཆེ། གཞུང་འདི་སྔར་བསྒྱུར་མེད་པ་ཡིན་ན། བསྟན་བཅོས་འདི་ལ་ཐོས་བསམ་བྱེད་པ་ཡང་མི་འབྱུང་གསུངས་པ་ཚན་རིག་དང་མཐུན་པ་ཞིག་ཏུ་ངེས་སོ།།

  17. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 7:25 pm

    ཁྱེད་ཅག་རྣམས་ཀྱི་ཆོས་འདི་མཐོ་རིས་ཆེད་དུ་ཡིན།
    བདག་གི་མངོན་པར་འདོད་པ་ཡང་སྲིད་མེད་པའི་ཆེད།
    གང་གིས་བདག་ལ་ནགས་འདིར་སྡོད་འདོད་མེད་པ་སྟེ།
    རང་བཞིན་གྱིས་ནི་ཆོས་ལ་རབ་ཏུ་འཇུག་པ་ཐ་དད་དོ།། ༤༨ །།
    ཁྱེད་ཅག་རྣམས་ཀྱི་ཆོས་འདི་མཐོ་རིས་ཆེད་དུ་སྟེ།
    བདག་གི་མངོན་པར་མཐོ་བར་ཡང་སྲིད་མ་ཡིན་ཕྱིར།
    ནགས་དེར་གང་གི་བདག་ནི་སྡོད་འདོད་མ་ཡིན་ཏེ།
    ཆོས་ལས་ལྡོག་པ་རབ་ཏུ་འཇུག་པ་ཐ་དད་ཕྱིར།། ༤༨ །།
    ཁྱེད་ཅག་རྣམས་ཀྱི་ཆོས་ནི་མཐོ་རིས་ཐོབ་པའི་ཕྱིར། །
    བདག་གི་མངོན་འདོད་ཡང་སྲིད་སྐྱེ་འཚམས་གཅོད་པའི་ཕྱིར། །
    ནགས་དེར་བདག་ནི་སྡོད་འདོད་མེད་པའི་རྒྱུ་མཚན་ནི། །
    ཆོས་ལས་འཁོར་བར་འཇུག་ལྡོག་ཤིན་ཏུ་ཐ་དད་ཕྱིར།། ༤༨ །།

  18. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 7:27 pm

    ཁྱེད་ཅག་རྣམས་ཀྱི་ཆོས་ནི་མཐོ་རིས་ཐོབ་པའི་ཕྱིར། །
    བདག་གི་མངོན་འདོད་ཡང་སྲིད་སྐྱེ་འཚམས་གཅོད་པའི་ཕྱིར། །
    ནགས་དེར་བདག་ནི་སྡོད་འདོད་མེད་པའི་རྒྱུ་མཚན་ནི། །
    ཆོས་ལས་འཁོར་བར་འཇུག་ལྡོག་ཤིན་ཏུ་ཐ་དད་ཕྱིར།། ༤༨ །།

  19. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 7:42 pm

    ལྷ་དང་ཚངས་པ་རྒྱལ་པོའི་དྲང་སྲོང་དེ་དག་གིས།
    བསྙེན་པའི་རི་བོ་གངས་ཅན་བསོད་ནམས་ཉེ་བར་མཆིས།
    གང་དང་ཉེ་བར་གནས་པས་དཀའ་ཐུབ་ནོར་ལྡན་གྱི།
    དཀའ་ཐུབ་དེ་དག་རྣམས་ནི་མང་དུ་འཕེལ་བར་འགྱུར།། ༣༩ །།

    ལྷ་ཡི་དྲང་སྲོང་ཚངས་པའི་དྲང་སྲོང་རྒྱལ་པོ་ཡི།
    དྲང་སྲོང་གིས་བསྙེན་བསོད་ནམས་ཉེ་བར་གངས་ལྡན་རི།
    དཀའ་ཐུབ་ནོར་ལྡན་རྣམས་ཀྱི་དཀའ་ཐུབ་དེ་རྣམས་ནི།
    གང་གི་ཉེ་ལོགས་དག་ནས་མང་པོར་འགྱུར་བའོ།། ༣༩ །།

    ལྷ་དང་ཚངས་པ་རྒྱལ་པོའི་དྲང་སྲོང་དེ་དག་གིས། །
    བསྙེན་པའི་རི་བོ་གངས་ཅན་བསོད་ནམས་འཕེལ་བའི་གནས། །
    གང་དང་ཉེ་བར་གནས་པས་དཀའ་ཐུབ་ནོར་ལྡན་གྱི། །
    དཀའ་ཐུབ་དེ་དག་རྣམས་ནི་མང་དུ་འཕེལ་བར་འགྱུར།། ༣༩ །།

  20. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 7:42 pm

    ལྷ་དང་ཚངས་པ་རྒྱལ་པོའི་དྲང་སྲོང་དེ་དག་གིས། །
    བསྙེན་པའི་རི་བོ་གངས་ཅན་བསོད་ནམས་འཕེལ་བའི་གནས། །
    གང་དང་ཉེ་བར་གནས་པས་དཀའ་ཐུབ་ནོར་ལྡན་གྱི། །
    དཀའ་ཐུབ་དེ་དག་རྣམས་ནི་མང་དུ་འཕེལ་བར་འགྱུར།། ༣༩ །།

  21. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 8:09 pm

    ཁུར་འདྲེན་གླང་བཞིན་མགོ་བོ་རྣམས་ནི་ཕྱེད་དུད་པས།
    ལག་ན་གཉའ་ཤིང་འཛིན་པ་ཡ་མཚན་དུ་གྱུརཅིང་།
    དེ་ནས་འཁོར་ལོ་འཛིན་པ་ཆུང་མ་དང་བཅས་ཏེ།
    དབང་པོ་དང་མཚུངས་དེ་ཉིད་མཐོང་ནས་འགྲོ་མ་ནུས།། ༣ །།

    ཁུར་ལྡན་རྣམས་བཞིན་མགོ་བོ་རྣམས་ནི་ཕྱེད་དུད་པས།
    ལག་ན་གཉའ་ཤིང་བཅས་པར་འགྲོ་གྱུར་ཡ་མཚན་ལ།
    དེ་བཞིན་འཁོར་ལོས་སྒྱུར་བ་ཆུང་མ་དང་བཅས་པ།
    དབང་པོ་དང་མཚུངས་དེ་མཐོང་སོང་བར་མ་གྱུར་ཏོ།། ༣ །།

    ཁུར་ལྡན་ཁྱུ་བཞིན་མགོ་བོ་རྣམས་ནི་ཕྱེད་དུད་པས། །
    ལག་ན་གཉའ་ཤིང་འཛིན་པ་ཡ་མཚན་ཅན་དུ་མཐོང་། །
    དེ་བཞིན་འཁོར་ལོས་སྒྱུར་བ་ཆུང་མ་དང་བཅས་ཀྱང་། །
    དབང་པོ་དང་མཚུངས་དེ་ཉིད་མཐོང་ནས་འགྲོ་མ་ནུས།། ༣ །།

  22. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 8:10 pm

    ཁུར་ལྡན་ཁྱུ་བཞིན་མགོ་བོ་རྣམས་ནི་ཕྱེད་དུད་པས། །
    ལག་ན་གཉའ་ཤིང་འཛིན་པ་ཡ་མཚན་ཅན་དུ་མཐོང་། །
    དེ་བཞིན་འཁོར་ལོས་སྒྱུར་བ་ཆུང་མ་དང་བཅས་ཀྱང་། །
    དབང་པོ་དང་མཚུངས་དེ་ཉིད་མཐོང་ནས་འགྲོ་མ་ནུས།། ༣ །།

  23. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 8:27 pm

    སྦྱིན་སྲེག་བུད་ཤིང་དོན་དུ་བྲམ་ཟེ་ཕྱི་ལོགས་ཕྱིན།
    མེ་ཏོག་ལོ་འདབ་ཐོགས་པའི་ལག་པ་གཙང་མ་རྣམས།
    དཀའ་ཐུབ་གཙོ་བོར་བྱས་པའི་བློ་གྲོས་བྱས་པ་ཡང༌།
    དེ་ཉིད་མཇལ་བར་སོང་གི་བསྟི་གནས་སུ་མ་ཕྱིན།། ༤ །།

    སྦྱིན་སྲེག་བུད་ཤིང་ཕྱིར་ནི་བྲམ་ཟེ་རྣམས་ཕྱིན་ནས།
    མེ་ཏོག་ལོ་འདབ་རྒྱས་པའི་ལག་པ་གཙང་མ་རྣམས།
    དཀའ་ཐུབ་གཙོ་བོ་རྣམས་ནི་བློ་རྣམས་བྱས་ན་ཡང༌།
    གཤེགས་པ་མཐོང་སྟེ་ཀློག་གླར་སོང་བར་མ་གྱུར་ཏོ།། ༤ །།

    བྲམ་ཟེ་སྦྱིན་སྲེག་བུད་ཤིང་དོན་དུ་ཕྱིར་ལོགས་ཕྱིན། །
    ལག་པ་གཙང་མར་མེ་ཏོག་ལོ་འདབ་ཐོགས་པ་རྣམས། །
    དཀའ་ཐུབ་གཙོ་བོར་བསྟེན་པའི་བློ་གྲོས་རྒྱས་པ་ཡང༌། །
    དེ་ཉིད་མཇལ་བས་འོང་སའི་བསྟི་གནས་ཕྱིར་མ་ལོག། ༤ །།

  24. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 8:28 pm

    བྲམ་ཟེ་སྦྱིན་སྲེག་བུད་ཤིང་དོན་དུ་ཕྱིར་ལོགས་ཕྱིན། །
    ལག་པ་གཙང་མར་མེ་ཏོག་ལོ་འདབ་ཐོགས་པ་རྣམས། །
    དཀའ་ཐུབ་གཙོ་བོར་བསྟེན་པའི་བློ་གྲོས་རྒྱས་པ་ཡང༌། །
    དེ་ཉིད་མཇལ་བས་འོང་སའི་བསྟི་གནས་ཕྱིར་མ་ལོག། ༤ །།

  25. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 8:37 pm

    ཆུ་སྦྱིན་སྔོན་པོ་བཞིན་དུ་མཐོང་ནས་རྨ་བྱ་རྣམས།
    དགའ་ཞིང་གྱེན་དུ་དུད་ཅིང་སྐད་དག་འདོན་གྱུར་ལ།
    མིག་གཡོ་རི་དྭགས་རྣམས་དང་རི་དྭགས་སྤྱོད་པ་རྣམས།
    རྩྭ་ལྗང་བོར་ནས་མངོན་པར་ཕྱོགས་ཤིང་གནས་པར་གྱུར།། ༥ །།

    ཆུ་གཏེར་སྔོན་པོ་བཞིན་དུ་མཐོང་ནས་རྨ་བྱ་རྣམས།

    རྒྱ་སྐྱེགས་རི་དྭགས་སྤྱོད་ལྡན་རྣམས་དང་རི་དྭགས་རྣམས།
    འབྲུ་རྣམས་བོར་ནས་མངོན་པར་གདོང་ཕྱོགས་གནས་པར་གྱུར།། ༥ །།

    ཆུ་འཛིན་སྔོན་པོ་བཞིན་དུ་མཐོང་ནས་རྨ་བྱ་རྣམས། །
    དགའ་ཞིང་གྱེན་དུ་དུད་ཅིང་སྐད་དག་འདོན་གྱུར་ལ། །
    མིག་གཡོ་རི་དྭགས་རྣམས་དང་རི་དྭགས་སྤྱོད་ལྡན་རྣམས། །
    རྩྭ་ལྗང་བོར་ནས་ཁྱོད་མཐོང་ཕྱོགས་སུ་གནས་པར་གྱུར།། ༥ །།

  26. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 8:37 pm

    ཆུ་འཛིན་སྔོན་པོ་བཞིན་དུ་མཐོང་ནས་རྨ་བྱ་རྣམས། །
    དགའ་ཞིང་གྱེན་དུ་དུད་ཅིང་སྐད་དག་འདོན་གྱུར་ལ། །
    མིག་གཡོ་རི་དྭགས་རྣམས་དང་རི་དྭགས་སྤྱོད་ལྡན་རྣམས། །
    རྩྭ་ལྗང་བོར་ནས་ཁྱོད་མཐོང་ཕྱོགས་སུ་གནས་པར་གྱུར།། ༥ །།

  27. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 8:44 pm

    འོད་ཟེར་ལྡན་པ་ཤར་བ་ལྟ་བུར་འབར་བ་ཡིས། །
    བུ་རམ་ཤིང་པའི་རིགས་ཀྱི་སྒྲོན་མ་དེ་མཐོང་ནས། །
    སྦྱིན་སྲེག་བྱེད་པ་རྣམས་ཀྱིས་སྦྱིན་སྲེག་བསྲེག་དུས་ཀྱང་། །
    རབ་ཏུ་དགའ་བ་སྐྱེས་ཏེ་སྦྱིན་སྲེག་རབ་བྱེད་གྱུར།། ༦ །།

  28. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 8:46 pm

    འདི་ནི་ནོར་སྦྱིན་རྣམས་ཀྱི་བརྒྱད་པ་ཡིན་ནམ་ཅི།

    ཐ་སྐར་དག་གི་ནང་ནས་གཅིག་ནི་འཕོས་སམ་ཞེས།

    དེ་མཐོང་བ་ལ་ཡ་མཚན་སྐྱེས་པར་གྱུར་པ་ཡི།

    ཐུབ་པ་རྣམས་ཀྱི་ཚིག་དེ་མཐོན་པོར་སྒྲོགས་པར་གྱུར།། ༧ །།

  29. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 8:52 pm

    ལྷ་ཡི་ཁྱུ་མཆོག་གཉིས་པའི་ལུས་པོ་ལྟ་བུ་དང༌། །
    རྒྱུ་དང་མི་རྒྱུའི་ས་འཛིན་སྙིང་པོ་ལྟ་བུ་དང༌། །
    གློ་བུར་དུ་ནི་ཉི་མ་ས་ལ་བབས་པ་བཞིན། །
    དེས་ནི་ནགས་ཚལ་མཐའ་དག་རབ་ཏུ་སྣང་བར་མཛད།། ༨ །།

  30. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 9:03 pm

    དེ་ནས་བསྟི་གནས་དེ་རུ་འཁོད་པ་དེ་རྣམས་ཀྱིས། །
    མགྲོན་དུ་བོས་པར་གྱུར་ཅིང་མངོན་པར་མཆོད་པར་གྱུར། །
    དེ་ཡིས་ཆུ་ལྡན་ཆུ་འཛིན་སྤྲིན་སྒྲའི་དབྱངས་ཀྱིས་ནི། །
    ཆོས་འཛིན་རྣམས་ལ་ལན་དུ་མཆོད་པ་མཛད་པར་གྱུར།། ༩ །།

  31. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 9:06 pm

    དེ་ནས་རྣམ་པར་ཐར་བཞེད་བརྟན་པ་དེ་ཡིས་ནི། །
    དཀའ་ཐུབ་སྣ་ཚོགས་རྣམས་ལ་ངེས་པར་རྣམ་འབྱེད་ཅིང་། །
    མཐོ་རིས་མངོན་འདོད་བསོད་ནམས་བྱས་པའི་སྐྱེ་བོ་ཡིས།
    ཁྱབ་པའི་དཀའ་ཐུབ་གནས་དེར་རྗེས་སུ་དཔྱད་པར་མཛད།། ༡༠ །།

  32. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 9:09 pm

    དཀའ་ཐུབ་ནོར་ཅན་རྣམས་ཀྱི་དཀའ་ཐུབ་ནགས་ཚལ་དེར།
    དཀའ་ཐུབ་རྣམ་པ་སྣ་ཚོགས་ངེས་པར་རིག་ནས་ཀྱང་།
    ཁྱོད་རྗེས་འབྲངས་པའི་དཀའ་ཐུབ་ལྡན་པ་ཁ་ཅིག་ལ།
    ཞི་བ་དེ་ཉིད་ཤེས་པར་བཞེད་པས་འདི་གསུངས་སོ།། ༡༡ །།

  33. བན་དེ་བ། says:
    2013-05-09 at 9:13 pm

    ༼༡༦ ལ་དྭགས་བློ་བཟང་འཇམ་དཔལ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༩ གི་ཆུ་ཚོད་ ༡༣ སྐར་མ་ ༣༣
    སློབ་དཔོན་ལེགས་བཤདང་། མཁས་མཆོག་ཀརྡོ་གཉེར་ཕྱག་པ། ནམ་མཁའ་ལ་སོགས་པས་བོད་སྐད་ལ་ཐུགས་དོན་གཉེར་མཛད་པ་ཡོངས་ལ་ཞུ་གསོལ། ཡིག་ཆེན་དང་། ཡིག་ཆུང་གི་ཁྱད་པར་འཐོན་མི་ཐུབ་པས། ཀློག་པ་པོ་ཀུན་ལ་དབུ་རྙོག་གི་སྐུ་ངལ་ཆེ་༽་་་་་ཟེར་་་

  34. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 9:17 pm

    གང་ཕྱིར་ཆོས་ཀྱི་ཆོ་ག་དེ་ནི་ངས་མི་ཤེས། །
    བདག་གིས་དཀའ་ཐུབ་གནས་མཐོང་དི་རིང་ཐོག་མའོ། །
    ཁྱེད་ཀྱི་ངེས་པའི་ལམ་གང་བདག་རང་རབ་འཇུག་ཕྱིར། །
    དེའི་ཕྱིར་ཁྱོད་ཀྱི་ངེས་པ་བདག་ལ་བསྟན་པར་འོས། ། ༡༢ །།

  35. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 9:25 pm

    དེ་ནས་དཀའ་ཐུབ་རྣམ་པར་སྤྱོད་པའི་དྲང་སྲོང་དེས། །
    ཤཱཀྱའི་ཁྱུ་མཆོག་ཁྱུ་མཆོག་རྣམ་གནོན་དེ་ཉིད་ལ། །
    དཀའ་ཐུབ་ཁྱད་པར་ཅན་གྱི་འབྲས་བུ་དང་བཅས་པའི། །
    གཏམ་རྣམས་རིམ་པ་བཞིན་དུ་ཚིག་གིས་བརྗོད་པར་མཛད། ། ༡༣ །།

  36. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 9:31 pm

    ཆུ་ན་རབ་ཏུ་སྐྱེས་པའི་འབྲུ་དང་འདབ་རྣམས་ཀྱི། །
    མཆོག་ཏུ་གྱུར་པ་ཆུ་དང་འབྲས་བུ་རྩ་བ་ཉིད། །
    ཐུབ་པ་རྣམས་ཀྱི་སྤྱོད་པ་འདི་རྣམས་ལུང་མཐུན་བཞིན། །
    དཀའ་ཐུབ་རྣམས་ཀྱི་བསམ་བློ་ཐ་དད་མཐུན་བཞིན་བསྟན།། ༡༤ །།

  37. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 9:34 pm

    ཁ་ཅིག་རི་དྭགས་བཞིན་དུ་རྩྭ་རྣམས་ལ་སྤྱོད་ལ།
    གཞན་རྣམས་བོར་པ་ཡིས་ནི་མཁའ་ལ་རྒྱུ་བའི་བྱ་ལྟར་འཚོ།
    ཁ་ཅིག་ལག་འགྲོ་རྣམས་དང་ལྷན་ཅིག་འཚོ་བ་སྟེ། 25B
    གྲོག་མཁར་གྱུར་པ་རྣམས་ནི་ནགས་ན་རླུང་གིས་འཚོ།། ༡༥ །།

  38. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 9:40 pm

    རྡོ་ཡིས་རབ་འབད་བསྒྲུབ་པར་སྤྱོད་པ་གཞན་རྣམས་ནི། །
    ཁ་ཅིག་རང་གི་སོ་ཡིས་བཏུབས་པའི་འབྲུ་ཟ་ཞིང་། །
    ཟས་ཕྱིར་་གཞན་ནི་གཞན་གྱི་དོན་དུ་གཡོ་སྐོལ་བྱེད།
    འགའ་ཞིག་ལྷག་ཡོད་དེ་ལ་ཟས་ཀྱི་བྱ་བ་བྱེད།། ༡༦ །།

  39. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 9:46 pm

    ཆུ་ཡིས་འབང་པའི་རལ་པའི་ཚོགས་ཅན་ཁ་ཅིག་ནི། །
    གསང་སྔགས་སྔོན་འགྲོ་ལན་གཉིས་མེ་ལ་སྲེག་ཅིང་སྦྱིན། །
    ཁ་ཅིག་ཉ་དང་མཉམ་པར་ཆུ་ལ་རྟག་ཞུགས་ནས། །
    རུས་སྦལ་བཞིན་དུ་ལུས་རྣམས་རབ་ཏུ་བསྐུམ་པའོ།། ༡༧ །།

  40. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 9:53 pm

    དེ་ལྟར་དུས་སུ་བསགས་པའི་དཀའ་ཐུབ་སྣ་ཚོགས་ཀྱིས། །
    འགའ་ཤས་ལྷར་སྐྱེས་་གཞན་དག་མི་ཡི་འཇིག་རྟེན་དུ། །
    སྡུག་བསྔལ་ལམ་གྱིས་བདེ་བ་ཉེ་བར་འཐོབ་ཕྱིར་བརྩོན། །
    ཁྱོད་ཀྱིས་ཆོས་རྩ་བདེ་བ་ཐོབ་པ་ཉིད་དུ་གསུངས།། ༡༨ །།

  41. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 10:07 pm

    དེ་སྐད་ཅེས་སོགས་རྐང་གཉིས་དབང་པོའི་སྲས་པོ་ཡིས། །
    དཀའ་ཐུབ་ནོར་དང་ལྡན་པ་དེ་ཡི་ཚིག་གསན་ནས། །
    དེ་ཉིད་གཟིགས་པ་མིན་པས་ངོམས་པར་མ་གྱུར་ལ། །
    རང་གིས་རྟོགས་པ་འདི་ནི་དལ་བུས་གསུངས་པར་གྱུར།། ༡༩ །།

    དེ་སྐད་ཅེས་སོགས་ཀྱིས་ཚིག་གི་འགྲོས་ལ་བལྟས་ན།
    ངས།
    ཁྱོད་ཀྱིས་ཆོས་རྩ་བདེ་བ་ཐོབ་པ་ཉིད་དུ་གསུངས།། ༡༨ །།
    ཞེས་པའི་ཁྱོད་ཀྱིས་ཞེས་པ་བཅུག་པ་ནོར་བ་རེད།
    ཆོས་ཀྱི་རྩ་བ་བདེ་བ་ཐོབ་པ་ཉིད་དུ་གསུངས།། ༡༨ །།ཞེས་གསུང་མཁན་དེ་ཡང་ཕྱི་རོལ་པ་ལ་སྦྱར་ནའོ། །

  42. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 10:16 pm

    སྡུག་བསྔལ་བདག་ཉིད་དཀའ་ཐུབ་རྣམ་པ་དུ་མ་སྟེ། །
    དཀའ་ཐུབ་དག་གི་འབྲས་བུ་མཐོ་རིས་གཙོ་བོའོ། །
    འཇིག་རྟེན་ཡོངས་སུ་ལས་ཀྱི་འགྱུར་བ་དང་ལྡན་ལ། །
    དཀའ་ཐུབ་རྣམས་ཀྱི་ངལ་འབྲས་འདི་ནི་ཉུང་བའོ།། ༢༠ །།

  43. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 10:26 pm

    ཕངས་པ་རྣམས་དང་གཉེན་དང་ཡུལ་རྣམས་བོར་ནས་ནི།
    གང་ཞིག་མཐོ་རིས་སྐྱེ་ཕྱིར་འགྲོ་ངེས་ལམ་སྤྱོད་པས། །
    རྣམ་པར་བྲལ་བར་གྱུར་ཀྱང་དེ་དག་སླར་ཡང་ནི། །
    ཤིན་ཏུ་འཆིང་བ་ཆེན་པོར་འགྲོ་རྒྱུ་འབའ་ཞིག་གོ། ༢༡ །།

    ཡ་སྒྲོལ་མ་ཉེར་གཅིག་ལ་བཞག སྔ་དྲོའི་ཆུ་ཚོད་༤་དང་སྐར་མ་༢༥སླེབས་འདུག ནམ་ཡང་ལངས་གྲབས་ཡོད་པ་འདྲ།

  44. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 2:20 am

    འདོད་པའི་རྒྱུའི་ཕྱིར་ལུས་ཀྱི་ངལ་དུབ་དཀའ་ཐུབ་ཀྱིས། །
    འདོད་པའི་བདེ་ལ་རབ་ཏུ་འཇུག་པར་འདོད་པ་རྣམས། །
    འཁོར་བའི་རྒྱ་མཚོའི་སྐྱོན་རྣམས་ཡོངས་སུ་མི་དཔྱོད་པར། །
    འདོད་པའི་རྒྱུ་ལས་སྡུག་བསྔལ་ཁོ་ན་རྗེས་སུ་འདོད།། ༢༢ །།

  45. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 2:24 am

    འཆི་བས་སྐྱེ་དགུ་རྣམས་ལ་རྟག་ཏུ་འཇིགས་པ་སྟེར། །།
    འབད་པ་ཡིས་ནི་སླར་ཡང་རབ་ཏུ་སྐྱེ་བར་འདོད། །
    རབ་ཏུ་སྐྱེ་བ་ཡོད་ན་ངེས་པར་འཆི་བ་ཡོད། །
    གང་བྲལ་འཇིགས་པ་ཡོད་པ་དེ་ལ་གཞོལ་བར་འགྱུར།། ༢༣ །།

  46. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 2:36 am

    འཇིག་རྟེན་འདི་ཡི་དོན་དུ་ཁ་ཅིག་ངལ་བར་འགྱུར། །
    གཞན་རྣམས་མཐོ་རིས་དོན་དུ་ངལ་བ་རྩོམ་པར་བྱེད། །
    བདེ་བའི་དོན་དུ་སྲེད་པས་མ་ཚིམས་དོན་མེད་བྱེད། །
    གསོན་པའི་འཇིག་རྟེན་དོན་མེད་མི་འདོད་ཉིད་དུ་ལྷུང།། ༢༤ །།

  47. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 2:42 am

    གང་གིས་དམན་པ་དོར་ནས་མཆོག་འཕགས་ཅན་འགྲོ་བ། །
    འབད་པ་འདི་ནི་ངེས་པར་སྨད་པ་མ་ཡིན་ལ། །
    ཤེས་ལྡན་རྣམས་དང་མཉམ་དུ་ཡོངས་སུ་འབད་བྱས་ན། །
    འབད་པ་དེ་ཉིད་གང་དུ་སླར་ཡང་བྱ་དགོས་མེད།། ༢༥ །།

  48. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 3:01 am

    གལ་ཏེ་འདིར་ནི་ལུས་ཀྱི་གདུང་བ་ཆོས་ཡིན་ན། །
    ལུས་ཀྱི་བདེ་བ་ཆོས་མིན་ཡིན་པར་འགྱུར་བ་སྟེ། །
    ཕ་རོལ་དུ་ནི་བདེ་བ་ཆོས་ཀྱིས་འཐོབ་འདོད་ལ། །
    དེའི་ཕྱིར་ཆོས་ཀྱིས་ཆོས་མིན་འབྲས་བྱིན་འདོད་དང་མཚུངས།། ༢༦ །།

  49. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 3:05 am

    གང་གི་ཕྱིར་ན་སེམས་ཀྱི་དབང་གིས་ལུས་པོ་ནི། །
    རབ་ཏུ་འཇུག་པ་དང་ནི་ལྡོག་པ་ཉིད་དུ་འགྱུར། །
    དེ་ཡི་ཕྱིར་ན་སེམས་ཉིད་འདུལ་བ་རིགས་པ་སྟེ། །
    སེམས་ལས་གཞན་པའི་ལུས་འདུལ་ཤིང་དང་འདྲ་བ་ལགས།། ༢༧ །།

  50. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 3:13 am

    བཟའ་བ་གཙང་བས་གལ་ཏེ་བསོད་ནམས་འདོད་ན་ནི། །
    དེའི་ཕྱིར་རི་དྭགས་རྣམས་ལའང་བསོད་ནམས་ཡོད་པ་སྟེ། །
    སྐྱེས་བུ་གང་དག་ཕྱི་རོལ་འབྲས་བུར་རྗེས་བསྙེགས་པའི། །
    ཉེས་པས་བལྐལ་པའི་དོན་རྣམས་གཞན་དུ་ཁ་ཕྱོགས་གྱུར།། ༢༨ །།

  51. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 3:25 am

    གལ་ཏེ་སྡུག་བསྔལ་མཚམས་སྦྱོར་བསོད་ནམས་རྒྱུ་ཡིན་ན། །
    དེས་ན་བདེ་བར་་མཚམས་སྦྱོར་བྱ་བའང་དེ་ལྟར་འགྱུར། །
    ཇི་ལྟར་བདེ་བ་མཚམས་སྦྱོར་བ་ལ་ཕན་ཡོན་མེད་ན་ནི། །
    དེ་ལྟར་སྡུག་བསྔལ་མཚམས་སྦྱོར་བ་ལའང་ཕན་ཡོན་མེད་པ་ཉིད།། ༢༩ །།

  52. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 3:31 am

    དེ་ལྟར་གང་གིས་ལས་ངན་རྣམ་པར་སྦྱོང་བའི་རྒྱུར། །
    ཆུ་ལ་རེག་པར་བྱེད་ཅིང་སྟེགས་བུར་རབ་འཇུག་པ། །
    ཆུ་ཡིས་སྡིག་པ་དག་པར་བྱེད་པ་མ་ཡིན་པས། །
    དེར་ཡང་འདི་ནི་་ཡིད་ལ་ཚིམ་པ་འབའ་ཞིག་ཙམ།། ༣༠ །།

  53. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 3:34 am

    ཡོན་ཏན་ལྡན་པ་རྣམས་ཀྱིས་གང་དང་གང་ལ་རེག །
    གལ་ཏེ་དེ་དེའི་ཆུ་རྣམས་ས་རུ་སྟེགས་བུར་འདོད། །
    ཆུ་ནི་ཐེ་ཚོམ་མེད་པར་ཆུ་ཉིད་འབའ་ཞིག་ལས། །
    དེའི་ཕྱིར་ཡོན་ཏན་ཁོ་ན་སྟེགས་བུ་ཡིན་པར་འགྱུར།། ༣༡ །།

  54. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 3:37 am

    །། ༣༢ །།པ་ཆད་པ་འདྲ།

  55. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 3:42 am

    དེ་ནས་སྦྱིན་སྲེག་དུ་བས་ཁ་དོག་འགྱུར་བའི་ཤིང༌། །
    དཀའ་ཐུབ་རབ་ཏུ་ཞི་བའི་ཁྲུས་སར་རྣམ་པར་ཞུགས། །
    མངོན་པར་བུད་པའི་རབ་ཏུ་འབར་བས་མེ་ཡི་ཐལ་བ་ཡིས། །
    དབང་བསྐུར་བྱས་པའི་དྲང་སྲོང་སྐྱེ་བོས་ཡོངས་སུ་ཁྱབ།།༣༣ །།

    ་་་་་༼བཟླས་བྱའི་དབྱངས་ཀྱིས་ཀུན་ནས་སྐད་སྒྲོགས་ལྷ་ཡི་ཚོགས།
    ཆོས་ཀྱི་ལམ་གྱི་ལས་ཀྱི་མཐའ་བཞིན་རབ་ཏུ་ཞུགས་པའོ། སླར་ལེགས་སྦྱར་ལྟ་དགོས།༽་་་་ཟེར།

  56. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 3:53 am

    ཐང་འགའ་མཚན་མོར་ཐང་དེར་འོད་དཀར་ངོ་གདོང་ཅན། །
    དཀའ་ཐུབ་རྣམས་ལ་ཡོངས་སུ་རྟོག་ཅིང་ཞུགས་གྱུར་ལ། །
    དཀའ་ཐུབ་བརྟགས་པ་ཐམས་ཅད་ཡོངས་སུ་རྫོགས་གྱུར་ན། །
    དཀའ་ཐུབ་ཞིང་གི་ཐང་དེ་ལས་ནི་གཤེགས་པར་གྱུར།། ༣༤ །།

  57. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 4:05 am

    གཟུགས་བཟང་བདག་ཉིད་ཆེན་པོར་ཉམས་སད་ཀུན་སློང་གིས། །
    དཀའ་ཐུབ་གནས་ལྡན་རྣམས་ནི་དེ་ནས་དེའི་རྗེས་གཤེགས། །
    འཕགས་པ་མིན་རྣམས་དགྲ་བཅོམ་གནས་ཡུལ་འགྲོ་བ་ལྟར། །
    དྲང་སྲོང་ཆེ་རྣམས་ཆོས་ཀྱི་རྗེས་སུ་འགྲོ་དང་མཚུངས།། ༣༥ །།

  58. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 4:11 am

    དེ་ནས་རལ་པ་ཤིང་ཤུན་ཟུར་ཕུད་ཀྱིས་རོལ་པའི། །
    དཀའ་ཐུབ་ནོར་དང་ལྡན་པ་དེ་རྣམས་དེས་གཟིགས་ཤིང་། །
    དེ་དག་རྣམས་ཀྱི་དཀའ་ཐུབ་ལོ་འདབ་རྗེས་སུ་བསྔགས། །
    དཔལ་དང་ལྡན་པ་དགེ་བའི་ཤིང་གི་རྩ་བར་གནས།། ༣༦ །།

  59. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 4:13 am

    ༡༡༽ ཀརྡོ་གཉེར་ཕྱག་པ་ནས།
    དེ་ནས་དཀའ་ཐུབ་གནས་པ་གཞན་རྣམས་ཚུར་འོངས་ནས། །
    མི་ཡི་མཆོག་གྱུར་དེ་ལ་ཡོངས་སུ་བསྐོར་ནས་འཁོད། །
    དེ་དག་རྣམས་ཀྱི་བགྲེས་པོས་གུས་དུད་སྔོན་བཏང་ནས། །
    ཞི་བའི་དབྱངས་ཀྱིས་ཚིག་དག་འདི་སྐད་གསོལ་བར་གྱུར།། ༣༧ །།

  60. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 4:16 am

    ཁྱོད་ཉིད་བྱོན་པས་བསྟི་གནས་གང་བ་བཞིན་དུ་གྱུར།
    གཤེགས་ན་ཕུན་སུམ་ཚོགས་པས་སྟོངས་པ་བཞིན་གྱུར་པ། །
    འཚོ་བར་འདོད་པའི་སྲོག་གིས་ལུས་པོ་འདོད་པ་བཞིན། །
    དེའི་ཕྱིར་བརྩེ་བས་འདི་དག་འབོར་བར་འོས་མ་ཡིན།། ༣༨ །།

  61. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 4:19 am

    ༢༠༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༩ གི་ཆུ་ཚོད་ ༡༩ སྐར་མ་ ༤༢

    ལྷ་དང་ཚངས་པ་རྒྱལ་པོའི་དྲང་སྲོང་དེ་དག་གིས། །
    བསྙེན་པའི་རི་བོ་གངས་ཅན་བསོད་ནམས་འཕེལ་བའི་གནས། །
    གང་དང་ཉེ་བར་གནས་པས་དཀའ་ཐུབ་ནོར་ལྡན་གྱི། །
    དཀའ་ཐུབ་དེ་དག་རྣམས་ནི་མང་དུ་འཕེལ་བར་འགྱུར།། ༣༩ །།

  62. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 4:24 am

    དེ་བཞིན་ཀུན་ནས་བསོད་ནམས་དག་གི་རྟེན་གྱུར་ལ། །
    མཐོ་རིས་འགྲོ་བའི་ཐེམ་སྐས་དག་ཏུ་གྱུར་པ་སྟེ། །
    ལྷ་ཡི་དྲང་སྲོང་རྣམས་དང་དྲང་སྲོང་ཆེན་པོ་སོགས། །
    ཆོས་ཀྱི་བདག་ཉིད་རང་བཞིན་ལྡན་པ་རྣམས་ཀྱིས་བསྙེན།། ༤༠ །།

  63. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 4:29 am

    འདི་ནས་སླར་ཡང་ཆོས་ཀྱི་ཁྱད་འཕགས་ཕྱིར་དུ་ནི། །
    བྱང་གི་ཕྱོགས་ཉིད་ཁོ་ནར་བསྙེན་པར་ནུས་པ་སྟེ། །
    བློ་དང་ལྡན་པས་གོམ་གང་གཅིག་ཏུ་གྱུར་པ་ཡང༌། །
    ལྷོ་ཡི་ཕྱོགས་སུ་འགྲོ་བར་ནུས་པ་མ་ཡིན་ནོ།། ༤༡ །།

  64. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 4:45 am

    གལ་ཏེ་དཀའ་ཐུབ་ནགས་འདིར་བྱ་བ་ངན་པའམ། །
    ཁྱེད་འདིར་བཞུགས་འདོད་མེད་པ་འདྲེས་མའི་ཆོས་ཀྱིས་སམ། །
    ཀུན་ནས་ལྟུང་བ་མི་གཙང་གཟིགས་གང་གསུང་བའི་ཕྱིར། །
    དེ་ཡི་གསུང་ཡུན་རེ་ཞིག་བཞུགས་པར་འོས་པ་ལགས། ༤༢ །།

  65. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 4:54 am

    དཀའ་ཐུབ་གཏེར་དང་རབ་ཏུ་མཚུངས་པ་གྱུར་པ་ཁྱེད། །
    འདི་དག་རྣམས་ཀྱང་དཀའ་ཐུབ་གྲོགས་སུ་འདོད་པ་སྟེ། །
    དབང་པོ་དང་མཚུངས་ཁྱེད་དང་ལྷན་ཅིག་གནས་པའི་ཕྱིར། །
    ཕུར་བུ་ཡི་ཡང་མངོན་པར་མཐོ་བར་འདྲེན་པ་བཞིན།། ༤༣ །།

  66. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 4:59 am

    དཀའ་ཐུབ་ལྡན་པའི་གཙོ་བོས་དེ་སྐད་གསོལ་པ་ན། །
    སྲིད་པ་རབ་ཏུ་འཇོམས་ཕྱིར་དམ་བཅའ་མཛད་པ་ཡི། །
    མཁས་པའི་གཙོ་བོ་དེས་ཀྱང་དཀའ་ཐུབ་ལྡན་དབུས་སུ། །
    མཁྱེན་བརྩེས་ནང་དུ་གཏོགས་པའི་རང་བཞིན་ཚིག་དག་གསུངས།། ༤༤ །།

  67. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 5:07 am

    རང་གི་སྐྱེ་བོ་ཉིད་དང་མཚུངས་པར་མགྲོན་ལ་གཅེས། །
    དྲང་པོའི་བདག་ཉིད་ཆོས་བདག་ཐུབ་པ་རྣམས་ཀྱིས་ནི། །
    བདག་ལ་དེ་ལྟར་བསམ་པ་རྣམ་དག་སྐྱེས་པ་ཡིས། །
    བདག་ལ་དགའ་བ་མཆོག་དང་བཀུར་སྟི་བསྐྱེད་པར་བྱས།། ༤༥ །།

  68. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 12:25 pm

    མདོར་ན་བརྩེ་ཞིང་ཡིད་འོང་ངག་ཚིག་གིས་བསྙེན་པའི། །
    ཁྲུས་དག་བྱས་པ་བཞིན་དུ་བདག་རང་གྱུར་པ་ནི། །
    ཆོས་གསར་པ་ནི་འཛིན་པར་བདག་གི་དགའ་བ་ཉིད། །
    ད་ལྟར་སླར་ཡང་ཅུང་ལྷག་གཡོ་བར་གྱུར་པ་ཉིད།། ༤༦ །།

  69. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 12:33 pm

    དེ་ལྟར་རབ་ཏུ་ཞུགས་པར་ཁྱེད་ཅག་སྐྱབས་འོས་དག །
    ཤིན་ཏུ་ཕྱོགས་སུ་ལྷུང་པ་ཡང་དག་སྲོང་པ་རྣམས། །
    བོར་ནས་འགྲོ་ཞེས་ཁོ་བོ་ལ་ཡང་སྡུག་བསྔལ་ཏེ། །
    ཇི་ལྟར་གཉེན་འདུན་སྤངས་པ་དེ་ལྟར་གྱུར་པ་བཞིན།། ༤༧ །།

  70. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 12:34 pm

    ༡༨༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༩ གི་ཆུ་ཚོད་ ༡༩ སྐར་མ་ ༢༧
    ཁྱེད་ཅག་རྣམས་ཀྱི་ཆོས་ནི་མཐོ་རིས་ཐོབ་པའི་ཕྱིར། །
    བདག་གི་མངོན་འདོད་ཡང་སྲིད་སྐྱེ་འཚམས་གཅོད་པའི་ཕྱིར། །
    ནགས་དེར་བདག་ནི་སྡོད་འདོད་མེད་པའི་རྒྱུ་མཚན་ནི། །
    ཆོས་ལས་འཁོར་བར་འཇུག་ལྡོག་ཤིན་ཏུ་ཐ་དད་ཕྱིར།། ༤༨ །།

  71. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 12:49 pm

    ནགས་འདི་བཞག་ནས་བདག་ནི་འགྲོ་བའི་རྒྱུ་མཚན་ལ། །
    བདག་ནི་འདི་ལ་མི་དགའ་མ་ཡིན་གཞན་ལ་སྨད་ཕྱིར་མིན། །
    སྔོན་དུས་ཆོས་རྗེས་མཐུན་ཙམ་གནས་པ་ཁྱེད་ཅག་རྣམས། །
    ད་ལྟ་ཐམས་ཅད་དྲང་སྲོང་ཆེན་པོར་མཚུངས་པས་སོ།། ༤༩ །།

  72. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 12:53 pm

    དེ་ནས་དོན་དང་ལྡན་ལ་བདེ་ཞིང་ཡིད་དུ་འོང༌། །
    ལེགས་མཐུན་གདངས་དང་ལྡན་ལ་སྙིང་པོ་དང་ལྡན་པའི། །
    གཞོན་ནུའི་ཚིག་དག་དཀའ་ཐུབ་ལྡན་པ་དེ་རྣམས་ཀྱིས། །
    ཐོས་ནས་ཁྱད་འཕགས་དང་ལྡན་བཀུར་སྟི་མང་པོ་བྱས།། ༥༠ །།

  73. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 12:56 pm

    ༦༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༩ གི་ཆུ་ཚོད་ ༨ སྐར་མ་ ༡༩

    དེ་ནས་དེ་རུ་དྲང་སྲོང་ཐལ་བར་ཉལ་བ་ཞིག །
    ལུང་རིང་སྐྲ་བཅིང་གོས་སུ་ཤིང་ཤུན་གོས་གྱོན་ཞིང་། །
    མིག་གཉིས་ཅུང་ཟད་དམར་སེར་ཕྲ་ལ་རིང་བའི་སྣ། །
    ལག་ན་སྤྱི་བླུགས་ཐོགས་ཤིང་ཞལ་ནས་འདི་སྐད་སྨྲས།། ༥༡ །།

  74. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 1:06 pm

    བློ་དང་ལྡན་པ་ཁྱོད་ཀྱི་རྟོགས་པ་རྒྱ་ཆེན་ཉིད། །
    གཞོན་ནུ་ཁྱེད་ཀྱིས་སླར་སྐྱེ་དེ་ལ་ཉེས་པ་གཟིགས། །
    མཐོ་རིས་ཉིད་དང་ངེས་ལེགས་ཐར་པར་རྣམ་དཔྱོད་ཕྱིར། །
    ཐར་པར་གང་གི་བློ་གྲོས་ཡོད་པ་དེ་ཡིན་ནོ།། ༥༢ །།

  75. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 1:13 pm

    མཆོད་སྦྱིན་དཀའ་ཐུབ་ངེས་པ་དེ་དང་དེ་རྣམས་ཀྱིས། །
    ཆགས་དང་ལྡན་རྣམས་མཐོ་རིས་ལ་ནི་འགྲོར་འདོད་ལྟར། །
    དགྲ་བོ་བཞིན་དུ་ཆགས་དང་ལྷན་ཅིག་གཡུལ་སྤྲད་ནས། །
    བློ་དང་ལྡན་པ་ཐར་པར་ཡོངས་སུ་འགྲོ་བར་འདོད།། ༥༣ །།

  76. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 1:28 pm

    དེས་ན་གལ་ཏེ་ཁྱོད་ཀྱི་བློ་གྲོས་འདི་ངེས་ན། །
    སྐྱེན་པར་ཁྱེད་ཉིད་འབིགས་བྱེད་ཕུག་པར་གཤེགས་མཛོད་ཅིག །
    དེ་ན་མཐར་ཐུག་ངེས་པར་ལེགས་པའི་མིག་ཐོབ་པ། །
    ཐུབ་པ་སྒྱུ་རྩལ་ཤེས་ཀྱི་བུ་གང་དེར་གནས་བྱ།། ༥༤ །།

  77. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 2:33 pm

    དེའི་ཕྱིར་ཁྱོད་ཀྱིས་དེ་ཉིད་ལམ་ནི་ཐོས་འགྱུར་ལ། །
    བསླབ་པར་གྱུར་ན་ཡང་དག་པ་ཡི་ལམ་དུ་འགྱུར། །
    ཇི་ལྟར་བདག་གིས་མཐོང་བའི་བློ་གྲོས་དེ་དེ་ལྟར། །
    དེ་ཉིད་ཀྱིས་ཀྱང་བློ་གྲོས་མཐོང་ནས་གཤེགས་པར་འགྱུར།། ༥༥ །།

  78. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 2:35 pm

    ༡༣༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༩ གི་ཆུ་ཚོད་ ༡༡ སྐར་མ་ ༡༣

    ཤངས་མཐོ་མདངས་གསལ་དང་ལྡན་ཡངས་པའི་སྤྱན་མངའ་བ། །
    ཟངས་མདོག་ཆུ་མཛེས་མཆེ་རྣོ་དཀར་བའི་ཚེམས་དང་ལྡན། །
    ལྗགས་བཟང་སྲབ་ལ་དམར་བའི་ཞལ་དང་ལྡན་པ་འདིས། །
    ཤེས་བྱའི་རྒྱ་མཚོ་མཐའ་དག་འདི་ཉིད་གསུང་བར་འགྱུར།། ༥༦ །།

  79. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 2:45 pm

    ཁྱོད་ཀྱི་ཟབ་པ་ཉིད་དང་གཏིང་དཔག་དཀའ་བ་དང་། །
    གསལ་བ་ཉིད་དང་མཚན་མ་གང་དག་དེ་རྣམས་གང་། །
    སྔོན་གྱི་བསྐལ་པར་དྲང་སྲོང་གིས་ཀྱང་མ་མཐོང་བའི། །
    ས་འདིར་སློབ་དཔོན་ཁྱེད་ཉིད་ཀྱིས་ནི་མངོན་དུ་མཛད།། ༥༧ །།

  80. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 3:27 pm

    བསྟི་གནས་བཟང་ལྡན་རྣམས་ཀྱང་དཀའ་ཐུབ་ནགས་དེར་ཞུགས།།
    དེ་ནས་དྲང་སྲོང་སྐྱེ་བོ་རྣམས་ལ་དམ་པ་མཆོག །
    ཅེས་ཏེ་དགའ་བར་མཛད་ནས་མི་བདག་སྲས་པོ་གཤེགས། །
    དེ་རྣམས་ཀྱིས་ཀྱང་དེ་ལའང༌ཚུལ་བཞིན་བསྟོད་ནས་གྱེས། ། ༥༨ །།

    ་་་་་་ (འདིར་ཚིག་རྐང་གཉིས་ཆད་པར་མངོན་སླར་ལེགས་སྦྱར་བོད་འགྱུར་དཔེ་དག་བལྟ་དགོ)་་་་་ ཟེར།

    སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། །དཀའ་ཐུབ་ཀྱི་ནགས་སུ་ཞུགས་པའི་ལེའུ་སྟེ་བདུན་པའོ།། །

    འདིར་སྨྲས་པ།
    སངས་རྒྱས་སྤྱོད་པ་ཞེས་པའི་སྙན་དངགས་ཆེན་མོ་ལས། །
    དཀའ་ཐུབ་ནགས་སུ་ཞུགས་པའི་ལེའུ་བདུན་པ་འདི། །
    ལ་དྭགས་མཁས་དབང་འཇམ་དཔལ་ལགས་ཀྱིས་ཁ་བརྡར་དྲངས། །
    ཀརྡོ་ང་ཡིས་འོལ་ཚོད་རང་བཟོ་བྱས་པའི་དགེས། །
    ཁ་བརྡའི་ཚེ་དང་བསྟན་པ་ཡུན་རིང་གནས་ཕྱིར་བསྔོ། །

  81. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-10 at 9:01 pm

    སྙན་དངགས་མཁས་པའི་དབང་པོ་ཀརྡོ་གཉེར་ཕྱག་པ་མཆོག་གིས་བརྩོན་པ་ཆེན་པོས་ཚིགས་བཅད་རྣམས་བཀོད་པར་བཀའ་དྲིན་ཆེ། མ་འོངས་པ་ན་སྙན་དངགས་ཀྱི་གཞུང་འདི་རྩ་བའི་ལེགས་སྦྱར་དང་མཐུན་པར་བཟོ་བ་ལ་་ཕན་ཐོགས་ཆེན་པོར་འགྱུར་ངེས་ལགས། སྔར་བོད་དུ། བཀའ་གདམས་པ་དགེ་བཤེས་ཞིག་གིས་ལེགས་སྦྱར་སྐད་མི་མཁྱེན་ཀྱང་། དེ་དུས་ཀྱི་ལོ་ཙ་པ་ཞིག་གིས་བསྒྱུར་པ་གཟིགས་པ་ན། གཞུང་གི་འགྲོས་དང་བསྟུན་ཏེ། འདི་ལ་འདི་འདྲ་དགོས་གསུངས། དེ་ལ་སྒྲ་སྒྱུར་པ་དེས་རྒྱ་གཞུང་ལ་ཞིབ་ཏུ་དཔྱད་པ་ན། ཇི་ལྟར་གསུངས་པ་ལྟར་ཡོད་པའི་ལོ་རྒྱུས་འདི་ལམ་རིམ་བླ་བརྒྱུད་དུ་༧པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་བྲིས། ཁྱེད་ཀྱིས་ལེགས་སྦྱར་མཁྱེན་ནམ་མི་མཁྱེན་མ་ཤེས་ཀྱང་། སྤོབས་པ་ཆེན་པོ་ཆེན་པོས་འབད་པ་མཛད་པ་དེ། མིག་དཔེར་འོས་པ་ཞིག་ཏུ་སྣང་སྟེ།
    ་
    ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་།
    བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ།།
    ་
    ཞེས་གསུངས་པ་ལྟར་རོ།྄ །

  82. སྤོབས་པ་མཐའ་ཡས། says:
    2013-05-10 at 10:06 pm

    ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས། དཔལ་ལེགས་ལྡན་ནག་པོའི་གླུ་འདི་བོད་སྐད་ལ་བསྒྱུར་དགོས་པ་འདུག དགེ་འདུན་ོས་འཕེལ་ཀྱིས་ལེའུ་ཁ་ཤས་ཤིག་བསྒྱུར་ན་ཡང་ཆ་ཚང་བ་བསྒྱུར་ཐུབ་མི་འདུག འདི་ངོ་མ་གཞུང་རྩ་བ་ཆེན་པོ་ཞིག་ཡིན་པར་ངེས།

  83. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 10:13 pm

    ༡༽ཤངས་མཐོ་མདངས་གསལ་དང་ལྡན་ཡངས་པའི་སྤྱན་མངའ་བ། །
    ༢༽ཟངས་མདོག་ཆུ་མཛེས་མཆེ་རྣོ་དཀར་བའི་ཚེམས་དང་ལྡན། །
    ༣༽ལྗགས་བཟང་སྲབ་ལ་དམར་བའི་ཞལ་དང་ལྡན་པ་འདིས། །
    ༤༽ཤེས་བྱའི་རྒྱ་མཚོ་མཐའ་དག་འདི་ཉིད་གསུང་བར་འགྱུར།། ༥༦ །།

    ལེགས་སྦྱར་རང་དུ་། རྒྱ་མཚོ་འཐུང་བའི་མིང་ཚིག་རང་གིས་དཔེ་དཔེ་ཅན་དུ་སྦྱར་ཡོད་ན།

    ༤༽ཤེས་བྱའི་རྒྱ་མཚོ་མཐའ་དག་འདི་ཉིད་འཐུང་བར་འགྱུར།། ༥༦ །།

  84. ཀརྡོ་གཉེར་ཕྱག་པ་ says:
    2013-05-10 at 10:34 pm

    ༧༨༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༠ གི་ཆུ་ཚོད་ ༡༤ སྐར་མ་ ༣༥

    ༡༣༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༩ གི་ཆུ་ཚོད་ ༡༡ སྐར་མ་ ༡༣

    ཤངས་མཐོ་མདངས་གསལ་དང་ལྡན་ཡངས་པའི་སྤྱན་མངའ་བ། །
    ཟངས་མདོག་ཆུ་མཛེས་མཆེ་རྣོ་དཀར་བའི་ཚེམས་དང་ལྡན། །
    ལྗགས་བཟང་སྲབ་ལ་དམར་བའི་ཞལ་དང་ལྡན་པ་འདིས། །
    ཤེས་བྱའི་རྒྱ་མཚོ་མཐའ་དག་འདི་ཉིད་གསུང་བར་འགྱུར།། ༥༦ །།
    ཆུ་མཆུ་ལ་ཆོས་པ།
    ཤངས་མཐོ་མདངས་གསལ་དང་ལྡན་ཡངས་པའི་སྤྱན་མངའ་བ། །
    ཟངས་མདོག་མཆུ་མཛེས་མཆེ་རྣོ་དཀར་བའི་ཚེམས་དང་ལྡན། །
    ལྗགས་བཟང་སྲབ་ལ་དམར་བའི་ཞལ་དང་ལྡན་པ་འདིས། །
    ཤེས་བྱའི་རྒྱ་མཚོ་མཐའ་དག་འདི་ཉིད་གསུང་བར་འགྱུར།། ༥༦ །།

  85. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 3:10 am

    དཔལ་ལེགས་ལྡན་ནག་པོའི་གླུ་ཨེ། དེ་ག་འདྲ་ཅིག་ཡོད་དམ། སྐད་ཡིག་ལེགས་སྦྱར་གཅིག་པུའི་ནང་ལ་ལུས་པ་ཅིག་ཡིན་ནམ། ལགས།

  86. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 3:16 am

    སངས་རྒྱས་ཀྱི་སྤྱོད་པའི་།དཀའ་ཐུབ་ཀྱི་ནགས་སུ་ཞུགས་པའི་ལེའུ་སྟེ་བདུན་པ་དང་། དཔལ་ལེགས་ལྡན་ནག་པོའི་གླུ་གཉིས་ཀྱི་ལེགས་སྦྱར་ཅིག་སུ་རུང་ཅིག་གིས་བྱུང་ན་ངའི་གློག་འཕྲིན་ཁ་བྱང་ kardorime@gmail.com འདིའི་ཐོག ང་ལ་་བསྐུར་རོགས་གནོངས་དང་། ཐུགས་རྗེས་གཟིགས།

  87. དབྱངས་ཅན་འབངས། says:
    2013-05-11 at 4:19 am

    དགེ་འཇམ་དཔལ་ལགས་ལ་བཀྲིན་ཆེ་ཞུ། ང་ནི་ལས་བྲེལ་དབང་གིས་འདིར་མཉམ་ཞུགས་ཀྱིས་བགྲོ་གླེང་བྱ་རྒྱུ་མ་རག་ཀྱང་མིག་ཟུར་ཡུད་ཙམ་བསྐྱོད་པས་ཚིམ་པ་ལྷག་པར་ཐོབ། རིགས་ལམ་སློབ་ཟུར་རྒན་པ་འདི་ཚོ་འདྲ་ས་མིན་འདུག ཐུགས་རྗེ་ཆེ།
    མཆན་ ༨༡༽ ནང་དགེ་འཇམ་དཔལ་ལགས་ཀྱིས་བཤད་པ་དེ་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་དང་བཀའ་གདམས་པའི་དགེ་བཤེས་ཤར་བ་ཡོན་ཏན་གྲགས་གཉིས་པོའི་ལོ་རྒྱུས་ཀྱི་དུམ་བུ་ཞིག་རེད།

  88. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 7:48 pm

    སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར་ནང་ལ། ནང་པའི་དཔེ་མཛོད་ནང་ལ་སྟོན་པས་རང་ཉིད་ལུང་བསྟན་པ་དེ་མཐོང་ཚུལ་དང་། དེ་ནས་ནམ་མཁར་ཕུར་ནས་སློབ་དཔོན་ཨརྱ་དེ་ཝས་རྗེས་དེད་ཀྱིས་མཐར་གནམ་གྱི་སྤུ་གྲི་བསྟན་པ་འདི་ནི། དེ་དུས་ནས་ནང་པས་ཕྱི་ཡི་ཚན་རིག་མཁྱེན་ཚར་འདུག་པ་འདི་ལ། ང་དུས་རྟག་ཏུ་ཡ་མཚན་ཆེ་དྲགས་ནས། ངས་མགོ་སེར་སློབ་མ་ཚོ་ལ་ངོམ་ངོམ་བྱས་ནས་ཡང་ཡང་བཤད་མྱོང་།

  89. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 8:03 pm

    མངོན་རྒྱན་ལས།
    ལྷ་ཡི་རྒྱལ་པོས་ཆར་འབེབས་ཀྱང་། །
    སྙན་དངགས་ཀྱི་མིང་གི་མངོན་བརྗོད་ནང་ལ། འབྲུག་སྦྲ་ལ་སྤྲིན་སྒྲ་གསུངས་པ་འདི། དངོས་ཡོད་གནས་ཚུལ་དང་མཐུན། སྤྲིན་སྒྲ་ནི། དངོས་མིང་དང་འབྲུག་སྒྲ་ནི་བཏགས་ཡིན་པ་ལ་མགོ་བཟློག་ནས་བེད་སྤྱོད་ད་ལྟའང་བྱེད། འཇིག་རྟེན་གྲགས་ཚོད་ལ་ནུས་པ་ཤིན་ཏུ་ཆེ་པོ་ཡོད་པ་འདིས་ཤེས། ཐལ་འགྱུར་བའི་ལུགས་ཀྱི་ཐ་སྙད་ཙམ་དུ་གྲུབ་པ་དང་འབྲེལ་ཆེ་བའང་རྒྱུ་མཚན་འདི་ལ་ཐུག

  90. ལ་དྭགས་ངག་དབང་རྒྱ་མཚོ། says:
    2013-09-26 at 1:58 am

    ཐུན་མོང་མ་ཡིན་པའི་རྒྱན་བཤད་པའི་སྐབས་ཡི་གེ་ལྕི་ཡང་ངམ་འཇམ་རྩུབ་ཀྱི་ཚུལ་དེ་བོད་དུ་དུས་ནམ་ནས་དར།

  91. ཀརྡོ་གཉེར་ཕྱག་པ་་ says:
    2016-06-21 at 11:53 am

    ཨཤྲམ་ཡིས་མི་ཚེ་ལྟ་སྟངས་ལ་ཤུགས་རྐྱེན་ཐེབས་ཚུལ་གླེང་བ།
    རྩོམ་པ་པོ། འབྲོག་རུ་ཆོས་དར།
    http://www.khabdha.org/?p=83749#comment-230081

  92. ཀརྡོ་གཉེར་ཕྱག་པ་་ says:
    2016-06-21 at 2:44 pm

    དེ་ནས་དེ་ན་གཉིས་སྐྱེས་ཐལ་བར་ཉལ་བ་ཞིག

    ལུས་པོ་རིང་ལ་སྐྲ་ཅན་ཤིང་ཤུན་གོས་གྱོན་པ།

    ཅུང་ཟད་མིག་དག་དམར་སེར་སྣ་ཁུང་ཕྲ་ལ་རིངས།

    ལག་གཅིག་སྤྱི་བླུགས་ཐོགས་པས་ཚིག་འདི་སྐད་ཅེས་སྨྲས། ༥༡ །།

    [དེ་ནས་གཉིས་སྐྱེས་ཐལ་བ་ལ་ཉལ་ཁ་ཅིག་ནི།

    ལུས་རིང་གཙུག་ཏོར་དང་ལྡན་ཤིང་ཤུན་གོས་གྱོན་ཞིང༌།

    མིག་ནི་ཅུང་ཟད་དམར་སེར་སྣ་ནི་ཕྲ་ལ་རིངས།

    ལག་གཅིག་སྤྱི་བླུགས་ལྡན་པས་ཚིག་འདི་སྨྲས་པའོ།། ༥༡ །།]
    ་
    ༦༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༩ གི་ཆུ་ཚོད་ ༨ སྐར་མ་ ༡༩

    དེ་ནས་དེ་རུ་དྲང་སྲོང་ཐལ་བར་ཉལ་བ་ཞིག །
    ལུང་རིང་སྐྲ་བཅིང་གོས་སུ་ཤིང་ཤུན་གོས་གྱོན་ཞིང་། །
    མིག་གཉིས་ཅུང་ཟད་དམར་སེར་ཕྲ་ལ་རིང་བའི་སྣ། །
    ལག་ན་སྤྱི་བླུགས་ཐོགས་ཤིང་ཞལ་ནས་འདི་སྐད་སྨྲས།། ༥༡ །།
    ་
    དེ་ནས་དེ་རུ་དྲང་༼ གཉིས་སྐྱེས་ ༽ སྲོང་ཐལ་བར་ཉལ་བ་ཞིག །
    ལུས་རིང་སྐྲ་བཅིང་གོས་སུ་ཤིང་ཤུན་གོས་གྱོན་ཞིང་། །
    མིག་གཉིས་ཅུང་ཟད་དམར་སེར་ཕྲ་ལ་རིང་བའི་སྣ། །
    ལག་ན་སྤྱི་བླུགས་ཐོགས་ཤིང་ཞལ་ནས་འདི་སྐད་སྨྲས།། ༥༡ །།

  93. འབྲོག་རུ་ཆོས་དར། says:
    2016-06-22 at 2:26 am

    འགྱུར་བདེ་མིན་ལ་མ་ལྟོས་པར་འདིའི་ཐད་སྐུ་ཚེགས་གནང་བ་ལ་བཀའ་དྲིན་ཆེ།
    རྒྱ་གར་ན་ད་དུང་ང་ཚོའི་སྐད་དུ་བསྒྱུར་དགོས་པ་མང་དག་ཅིག་འདུག་པས། ཉུང་ཙམ་རེ་བསྒྱུར་མཁན་དག་ལའང་ཁོ་བོས་སེམས་གཏིང་ནས་དགའ་གུས་ཞུ་བཞིན་ཡོད།

  94. ཀརྡོ་གཉེར་ཕྱག་པ་་ says:
    2016-06-22 at 12:27 pm

    ང་ཚོའི་སྐད་དུ་བསྒྱུར་དགོས་པ་དཔེ་ཐུང་འདྲ་ཡོད་ན། གཤམ་འཁོད་གློག་འཕྲིན་ཐོག་ངོ་སྤྲོད་གནང་ན། ཚོད་ལྟ་བྱ་འདོད་ཡོད། kardorime@gmail.com

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme