Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སངས་ཆོས་ནི་མི་རྣམས་སྡར་མར་སྒྱུར་བྱེད་ཅིག་རེད་དམ།

Posted on 2014-09-142014-09-14 By ཁ་བརྡ་ 131 Comments on སངས་ཆོས་ནི་མི་རྣམས་སྡར་མར་སྒྱུར་བྱེད་ཅིག་རེད་དམ།

ཨ་ནུ་ཐང་བསོད་ནམས།

unnamedནུབ་ཕྱོགས་ཀྱི་མཛེས་མ་མི་ཉུང་བ་ཞིག་ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་སྤྱོད་པའི་སྟོབས་ཤུགས་དང་དཔའ་སྟོབས་ཀྱི་གྲུབ་འབྲས་ཀྱིས་ཡིད་སེམས་བཀུག་ཅིང་། རྒྱབ་སྐྱོར་གྱིས་ནང་དུ་ཞུགས་མཁན་མང་དུ་ཡོད་མེད་ལ་མ་ལྟོས་པར། ཡི་ཤུའི་ཆོས་དཔོན་ཚོས་ཨོ་བྷ་མ་ལ་དཀྱིལ་ཤར་ཁུལ་གྱི་ཡི་ཤུ་ཆོས་དད་པ་རྣམས་སྐྱོབ་ཆེད་དུ་ཨ་རིའི་དྲག་པོའི་སྟོབས་ཤུགས་འབུལ་དགོས་ཚུལ་གྱི་ཞུ་འབོད་བྱས་འདུག
གལ་སྲིད་བོད་པ་རྣམས་སངས་ཆོས་པ་མིན་པར་ཡི་ཤུ་པའམ་ཁ་ཆེ་བ་ཡིན་ན། ཆོས་ལུགས་འདི་གཉིས་ཀྱི་འགན་འཛིན་མང་པོ་ཞིག་གིས་ཁ་ཙམ་མིན་པར། དོན་དངོས་ཀྱིས་དམག་དཔུང་དང་གོ་མཚོན། དཔལ་འབྱོར་སོགས་ཀྱི་རོགས་སྐྱོར་སྤྲད་ངེས་རེད།

ཡིན་ཡང་། བོད་ལ་དཀའ་ངལ་འཕྲད་སྐབས་སངས་ཆོས་པ་རྣམས་ལྷིང་འཇགས་སུ་གནས་ཡོད་ལ། བོད་ཀྱི་ཆོས་དཔོན་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་བྲོས་བྱོལ་དུ་ཕྱིན་པ་མ་ཟད། རྒྱ་ནག་དང་དམར་འཛིང་བྱེད་མཁན་མེད་ཁར། དེ་ལྟར་བྱོས་ཞེས་ནས་ལམ་སྟོན་གནང་མཁན་ཡང་ཉིན་མོའི་སྐར་མ་བཞིན་བྱུང་མེད། དེ་ལྟར་ལྡོག་སྟེ་སྙིང་རྗེ་ཆེ་མདོག་གིས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་མང་དུ་བྱུང་བ་མ་ཟད། ད་ལྟའང་རྒྱལ་ཁབ་སུ་ཞིག་ལ་བོད་ལ་དྲག་པོའི་རོགས་སྐྱོར་ཞུ་རོགས་ཞེས་ནས་རེ་བ་བསྟན་མྱོང་མེད། unnamed-1
ཨ་རིའི་གསང་བའི་སྒྲིག་འཛུགས་ཀྱིས་བོད་ལ་འབྲེལ་བ་བྱེད་སྐབས་ཀྱང་། ཆོས་དཔོན་སུ་ཞིག་ལ་འབྲེལ་བ་བྱས་མེད་ཅིང་། ཆོས་དཔོན་ཚོ་རྒྱ་བལ་ནང་ལྷ་ཁང་གསར་རྒྱག་ལ་འབད་པ་ལས། བོད་ལ་རོགས་སྐྱོར་སྲ་བརྟན་དུ་ཡོང་ཆེད་དུ་ཨ་རིའི་དྲག་པོའི་དཔུང་སྡེ་ལ་འབྲེལ་བ་བྱེད་རྒྱུ་བྱུང་མེད། དེ་ལས་ལྡོག་སྟེ་བོད་རིགས་ན་གཞོན་མང་པོ་ཞིག་དགོན་པར་ཡོང་བར་འབད་པས་གློ་བའི་དམག་སྒར་གྱི་མི་འབོར་གྱི་ཡོང་ཁུངས་ལ་གནོད་པ་ཚབས་ཆེན་བཏང་ཡོད། དེ་ནི་སངས་ཆོས་དང་སྤྲུལ་ཆོས་ནི་མི་རྣམས་སྡར་མར་སྒྱུར་བྱེད་དང་ནུས་མེད་དུ་གཏོང་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པ་གསལ་བོ་བསྟན་མི་འདུག་གམ།

ཡི་ཤུ་བ་དང་ཁ་ཆེ་བས་རིགས་རྒྱུད་མང་དུ་སྤེལ་བར་ཤུགས་སྣོན་རྒྱག་པ་མ་ཟད། རང་ཉིད་ཀྱི་སྤྱི་ཚོགས་ནང་ཕན་ཚུན་ལ་རོགས་སྐྱོར་བྱེད་པའི་གོམས་གཤིས་ཡོད། ལྷག་པར་དུ་ཡི་ཤུ་བ་རྣམས་ཀྱིས་དུས་ཀུན་སོ་སོའི་ཆོས་ལུགས་ཀྱི་མི་རྣམས་རྒྱལ་ཁབ་འདྲ་མིན་ནང་ལྟ་སྐོར་དུ་ཁྲིད་ཅིང་། མྱོང་བ་བརྗེ་རེས་ཀྱིས་སློབ་ཡོན་བཏང་ནས་ཤར་ནུབ་གང་ས་ཡི་རྒྱལ་ཁབ་ཚོའི་ནང་སློབ་སྦྱོང་དུ་མངགས་བཞིན་ཡོད། ཡིན་ཡང་། སངས་ཆོས་པ་རྣམས་ཀྱིས་ཕན་ཚུན་ལ་ཅི་ཞིག་སྒྲུབ་ཡོད་དམ།
སྦྱིན་བདག་འཚོལ་བསྡུ་དང་གྲོང་མཆོད་འགྲོ་ཡ། སྦྱིན་བདག་གི་རེ་བ་བཞིན་བཀའ་སློབ་གནང་རྒྱུའི་འགྲན་རྩོད་ལས་དེ་ཙམ་ཕན་ཚུན་ལ་རོགས་སྐྱོར་བྱེད་མཁན་ཉུང་ཞིང་། ནུས་པའང་མེད་ཁར། རིགས་རྒྱུད་བཀག་ནས་རང་ཉིད་ཉམས་དམས་སུ་གཏོང་བཞིན་ཡོད། དེང་གི་སྤྱི་ཚོགས་སུ་དེ་ལྟར་མུ་མཐུད་དུ་ཕྱིན་པ་ན་སངས་རྒྱས་ཆོས་ལུགས་ཀྱི་ནུས་པ་རྒྱས་པར་འགོག་རྐྱེན་འཕྲད་པ་མ་ཟད། རྟགས་ཙམ་མ་གཏོགས་སངས་ཆོས་རྩ་མེད་དུ་འགྲོ་བའི་ཉེར་ལེན་བྱེད་པ་མ་ཟད། སྤྲུལ་སྐུའི་ཆོས་ལུགས་དར་ཡུལ་གྱི་བོད་དང་བོད་ཀྱི་ཉེ་འབྲེལ་ཚོར། དེ་བས་ཀྱང་ཆོས་ལུགས་ཙམ་མ་ཟད་མི་རིགས་ཀྱི་ངོ་བོ་རྩ་བརླགས་གཏོང་བྱེད་ཀྱི་ས་བོན་བྱེད་ཀྱིན་ཡོད།

unnamed-2དེར་བརྟེན། གང་ཟག་སྒེར་བ་ལས་བོད་ལ་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་བྱེད་མཁན་གྱི་སྲིད་གཞུང་དང་གནད་ཡོད་ཀྱི་ཚོགས་པ་ཡང་དག་ཅིག་རྙེད་རྒྱུ་ཁག་པོ་རེད། རྒྱུ་མཚན་གཞན་ཞིག་ནི་བོད་པ་རྣམས་ལ་འདི་ལྟར་ནུས་སྟོབས་ངོམ་བྱེད་ཀྱི་དབུ་ཁྲིད་གཅིག་ཀྱང་མེད་ཅིང་། ཡོད་པ་ནི་བོད་ཀྱི་གནད་ཡོད་ཀྱི་དབུ་ཁྲིད་མང་པོ་ཞིག་དུས་རྒྱུན་གཟུ་དཔང་ཞིག་གི་ཚུལ་དུ་བཞུགས་ཤིང་། བོད་པ་རྣམས་སྡར་མ་ལ་སྒྱུར་བྱེད་ཀྱི་ལམ་སྟོན་ཁག་ཡིན་པས། སྡར་མ་ཞིག་ལ་མ་རྩ་བཏང་ནས་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་བྱེད་མཁན་སུ་ཞིག་ཡོད། མེད་དེ། གྲུབ་འབྲས་མེད་པས་རེད། གྲུབ་འབྲས་མེེད་པའི་ལས་དོན་ཞིག་ལ་མི་སུ་ཡིན་ཡང་། ཞུགས་འདོད་མེད་ཅིང་། ཞུགས་ཀྱང་རིམ་བཞིན་ཨ་ཐང་ཆད་ངེས་རེད།

གང་ལྟར་གོང་གི་གནས་ཚུལ་འདི་ཡིས་འཇིག་རྟེན་ན་ལས་དོན་གང་ཞིག་སྒྲུབ་ཅིང་། ལམ་ཀ་གང་ཞིག་འདེམ་ཡང་མང་ཉུང་ལ་མ་ལྟོས་པར་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་ཐོབ་པ་མ་ཟད། དམིགས་བསལ་གྱི་ལྟ་གྲུབ་ལྡན་ཞིང་གྲུབ་འབྲས་ཐོན་ན་དེ་བས་ཀྱང་འཛམ་གླིང་གང་ས་ཡི་མང་པོ་ཞིག་གི་ཡིད་སེམས་འགུག་ཅིང་རྒྱབ་སྐྱོར་བྱེད་མཁན་མང་དུ་ཡོང་བའི་བདེན་དཔང་བྱས་ཡོད།
ཡིན་ཡང་། གྲུབ་འབྲས་མེད་ན། ལྟ་གྲུབ་དེ་སྟོན་མཁན་སངས་རྒྱས་སམ་གཙོ་བདག་ཡིན་ཡང་། རིམ་བཞིན་གད་སྙིགས་སུ་འགྲོ་བ་མ་ཟད། དེ་ལ་རྒྱབ་སྐྱོར་བྱེད་མཁན་ཀུན་རིམ་བཞིན་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་བསྐམ་ངེས་རེད།།

བགྲོ་གླེང་།

Post navigation

Previous Post: གྲི་ངན་ལག་པའི་ཐོག་ཏུ་རྣོ།
Next Post: རྒྱུས་མངའ་མེད་པའི་གོམ་སྒྲ།

Comments (131) on “སངས་ཆོས་ནི་མི་རྣམས་སྡར་མར་སྒྱུར་བྱེད་ཅིག་རེད་དམ།”

  1. ཚ་སྒང་ཕོ་ཉ་ says:
    2014-09-14 at 10:13 am

    སྨྱོན་པ་འདིས་སངས་རྒྱས་ཆོས་ལུགས་ཀྱི་དམིགས་ཡུལ་གང་ཡིན་དང་། གཞི་ལམ་འབྲས་གསུམ་ཙམ་ཡང་བློ་ཡུལ་ལ་འཆར་མི་འདུག། སངས་རྒྱས་ཆོས་ལུགས་ཟེར་བ་དེ་མི་རིགས་བྱེ་བྲག་པ་གཅིག་ཆེད་དུ་སྐྱོབ་ཆེད་དང་། དེའི་ཆེད་དུ་བསད་རྡུང་གང་བྱས་ཀྱང་འགྲིག་སྡོད་པའི་ཆོས་ལུགས་གཅིག་མིན་པས། དམག་རྒྱག་རྒྱུའི་ལས་ཀ་བྱས་མི་འདུག་ཟེར་ནས་སྡུག་སྐད་རྒྱག་པ་ནི་རང་ཉིད་ཞ་ར་ཡིན་པའི་རྟགས་རེད། དེ་ནི་སྨན་པ་ཞིག་ལ་མེ་མདའ་འཕེན་སྟངས་སྦྱང་མི་འདུག་ཟེར་ནས་བཤད་བཤད་བཏང་བ་དང་གཅིག་མཚུངས་ཡིན་པ་ཤེས་པ་བྱོས།

  2. ཅོ་རི་ཉི་མ། says:
    2014-09-14 at 10:39 am

    བོད་པའི་བླ་ཆོས་འདི་བོད་མི་རིགས་རྩ་མེད་གཏོང་རྐྱེན་དང་བོད་མི་རིགས་ནང་འཐབ་བཟོ་རྐྱེན་ཡིན་པ་ལས་བོད་སྐྱོབ་རྐྱེན་ཞིག་མིན་པ་ཤེས་ན་དེས་འགྲིག་པ་རེད། བོད་པའི་གྲྭ་པ་ཚོས་དམག་འཐབ་མ་བྱས་པ་མ་རེད། དམག་མང་པོ་རྒྱག་པ་རེད། ཡིན་ཀྱང་ནང་རྡུང་གི་དམག་མ་གཏོགས་ཕྱིའི་དགྲ་བོ་ལ་འཐབ་ཐུབ་ཀྱི་མེད་པ་རེད། མ་ཐུབ་དགྲ་ལ་འཚེ་མེད་ཞི་བདེ་བཤད་ཀིན་རེད། ་་་ཧཧཧ

  3. དཔལ་འབྱོར་ says:
    2014-09-14 at 11:21 am

    དམག་རྒྱབ་ནས་འབྲས་བུ་བཟང་པོ་མཐོན་གྱི་ཡོད་ན་དམག་རྒྱབ་མཆོག་གི་རེད་ འོན་ཀྱང་དིང་སྐབས་དམག་རྒྱབ་བཞིན་པའི་གསར་རྒྱུར་རྣམས་ལ་གཟིགས་དང་ ལུང་པ་དེ་ཚོའི་དཀའ་ངལ་ཆུང་དུ་ཕྱིན་འདུག་གམ་་་་ བྱིས་པ་དང་བེུད་ཉེས་མེད་ག་ཚོད་གསོད་བཞིན་འདུག་གམ་ དེ་འདྲ་ཁྱོད་ཀྱི་བྱེད་ཐུབ་བམ་ ད་དུང་ང་ཚོ་དམག་རྒྱབ་དགོས་བྱུང་ན་རྒྱ་མི་དང་རྒྱབ་དགོས་པས་ང་ཚོར་འབྲས་བུ་བཟང་པོ་ཐོབ་ཀྱི་རེད་དམ་ ང་ཚོའི་༧ ཆོས་དཔོན་གྱིས་ཀྱང་དམག་རྒྱབ་ནས་ཐོབ་ཀྱི་མེད་པ་མཁྱེན་ནས་ལམ་དབུ་མར་བཞུགས་པ་རེད་ གལ་སྲིད་དམག་རྒྱབ་དགོས་བྱུང་ན་དམག་ལ་འགྲོ་མཁན་དེ་ ཨ་ནུ་དང་ ཅོ་ཉེ་ གླུ་མྱོན་སོགས་ཡིན་པ་མཁྱེན་གྱི་ཡོད་པར་བརྟེན་ནས་ལམ་དབུ་མར་མི་འགྲོ་ཀ་མེད་བྱུང་བ་རེད།

  4. ཁྱུང་དཀར། says:
    2014-09-14 at 12:07 pm

    ཧ་ཧ་ཧ་་་་་་་་་་། སངས་རྡོར་གྱི་སྤུན་ཆུང་སླེབས་འདུག་ག སྙིང་རྗེ།

  5. ནུབ་ཕྱོགས་གངས་ཕྲུག says:
    2014-09-14 at 1:00 pm

    བོད་བརྒྱུད་ནང་པའི་བླ་གྲྭ་ཚོས་ཕྱི་རྒྱལ་སྦྱིན་བདག་ལ་དངུལ་དང་རོགས་རམ་ཚུར་ལེན་རྒྱུ་མ་གཏོགས་མི་ཤེས།

  6. བློ་བཟང་རིག་འཛིན། says:
    2014-09-14 at 7:01 pm

    ཡག་པོ་བྲིས་འདུག

  7. ཁ་བའི་ཡུལ་གྱར་བ། says:
    2014-09-14 at 9:08 pm

    ནང་ཕུ་ནུ་ལ་ཐུག་དུས་ཁ་ཆེའི་དྲག་དམག། ཕྱི་དགྲ་བོ་ལ་ཐུག་དུས་སྙིང་རྗེའི་བདག་ཉིད། ད་ང་ཚོ་བོད་པ་ཚང་ལ་འདུག་ཡ།

    འདྲི་བ་། རྒྱ་དཀར་ནག་དང་བྱང་ཨ་མེ་རི་ཀ་དབུས་ཨ་མེ་རི་ཀ་སོགས་ཚང་མ་རང་བཙན་ཤོར་ནས་སླར་ཡང་རང་བཙན་ཐུབ་པ་ཤར་དག་རེད། བོད་རྒྱལ་ཁབ་རང་བཙན་ཤོར་ཚར་ནས་ལེན་པའི་རེ་བ་མི་བྱེད་པར་ག་རེ་ཡིན་ནམ།
    ལན། རྒྱ་དཀར་ནག་དང་དབུས་བྱང་ཨ་མེ་རི་ཀ་སོགས་རང་བཙན་ཤོར་ཡང་ལེན་ཐུབ་པའི་ནུས་པ་ཡོད་པ་རེད། གང་ཡིན་ཟེར་ན་རྒྱ་དཀར་ནག་དང་ཨ་རི་བྱང་དབུས་སོགས་མི་འབུལ་དཔེ་མང་པོ་རེད། བོད་ནང་མི་འབུལ་ཤིན་དུ་ཉུང་ཉུང་རེད་རྒྱ་མི་འབུལ་དུང་ཕྱུར་བཅུ་བཞི་ཡས་མས་རེད། ང་ཚོའི་ལ་འཐབས་བརྩོད་བྱེད་དགོས་ན་ཡོང་ཡ་མེད་པ་ཞིག་རེད།

    འདྲི་བ། བོད་དེ་ས་རྒྱ་ཆུང་ཆུང་ཞིག་གི་ནང་གྲང་ཉུང་མི་རིགས་ཞིག་རེད་བས།
    ལན། མ་རེད་བོད་འདི་ས་རྒྱ་ཆུང་ཆུང་མ་རེད་ས་རྒྱ་དཔེ་ཆེ་པོ་རེད། བོད་ཀྱི་ས་ཡི་རྒྱ་ཁྱོན་རྒྱང་གྲགས་༢་དང་ཕྱེད་ཀ་ཡོད་རེད། འཛམ་གླིང་ནང་ས་རྒྱ་ཆེ་ཤོས་དེ་རེད། དབུས་ཨ་མེ་རི་ཀའི་ས་ཁྱོན་ལ་རྒྱང་གྲགས་༢་ཡོད་རེད། ཁོ་ཚོའི་རྒྱལ་ས་ནང་མི་གྲང་་་ས་ཡ་་༢༤་་ཙམ་ཡོད་རེད། འཛམ་གླིང་ནང་གྲང་ཁྱེར་ཆེ་ཤོས་དེ་རེད། བོད་འདི་གྲང་ཉུང་མི་རིགས་ཞིག་རེད་མི་ས་ཡ་༦་ཙམ་ལས་ཡོད་མ་རེད།

    འདྲི་བ། ས་རྒྱ་ཆེ་པོ་དེ་འདྲ་ཞིག་གི་ནང་མི་གྲང་ཉུང་ཉུང་དེ་ག་རེ་བྱུང་སོང་བ་རེེད།
    ལན། དེ་ནི་དུས་རབ་བདུན་པ་ཡས་མས་ནས་བཟུང་ད་བར་བོད་མི་རྒྱ་ཆ་བརྒྱའི་ནང་སུམ་བཅུ་གྲ་པ་བྱས་ནས་མི་རིགས་འཕེལ་རྒྱས་ལ་འགོག་སྐྱེས་ཆེ་པོ་བཟོས་ནས་གྲང་ཉུང་མི་རིགས་ལ་གྱུར་བ་རེད།
    བན་དེ་བུ་ཁྲལ་ཟེར་ནས་ཁྱིམ་ནང་དུ་བུ་གཅིག་ལས་མེད་ན་དེ་གྲ་པ་བཟོ་དགོས་པ་དང། གཉིས་ཡོད་ན་བུ་གཅིག་གྲ་པ་བཟོ་དགོས་ཀྱི་ཡོད་རེད། དེ་འདྲ་སོང་ཙམ་གྲང་ཉུང་མི་རིགས་ལ་གྱུར་བས་མ་ཚད་
    བོད་རང་བཙན་ཤོར་ནས་ཚུར་ལེན་ཡ་ནུས་པ་མེད་པ་ཆགས་ཟིན་པ་རེད།

  8. ཁྱི་ནག་ says:
    2014-09-14 at 9:23 pm

    སྤྲང་པོ་ལྟོ་ལ་མ་འཆམ་པ་ལྟ་བུའི་ནང་རྨེ་འབའ་ཞིག་གི་འཆལ་རྩོམ་འདི། རང་རིགས་འགྱེལ་བའི་སྟེང་ལ་རྡོག་རྫིས་ལྟ་བུ། ཁྲམ་པ་ཧམ་བཤད་གཡམ་རྒྱུག་དགའ་བའི་དྲ་འབུ་འདི་ཚོ། ཅི་ནས་བོད་འབངས་གྲལ་ནས་མི་འབུད་དྲ་གྲོགས་ཚོ།

    རང་རིགས་ལོ་རྒྱུས་ཐོག་དཀའ་ངལ་ཆེ་ཤོས་འཕྲད་པའི་སྐབས་ལ། གདུང་སེམས་མཉམ་བསྐྱེད་དང་སྤུན་ཟླའི་རོགས་སྐྱོར་ལྟ་ཅི། བོད་ནང་ལ་བོད་མི་རྣམས་ཕྱི་ནང་སྡུག་བསྔལ་གྱི་བཅིངས་བའི་སྐབས་ལ། ཆོས་འདི་སེམས་གསོ་དང་། རེ་བ། ངར་ཤུགས། སྡུག་བསྔལ་ཞི་བའི་རྒྱབ་བརྟེན་ཞིག་ལ་བཀོལ་བའི་སྐབས་ལ། ནུབ་ཕྱོགས་ལ་བཟའ་རྒྱག་ཤོར་བའི་དྲ་འབུ་ཨ་ནུ་ཅན་དེ་ཚོས། བོད་མི་འགྱེལ་བའི་ཐོག་ལ་མགོ་ལ་རྡོག་རྫིས་བརྒྱབ་ནས། རང་གི་ཕ་མའི་མདུར་ཁྲོད་སྟེང་ལ་ཞབས་བྲོ་རྒྱག་སྟངས་འདི་ལ་ང་ཁྱོན་ནས་དགའ་མ་སོང་། ཁྱོད་རླུངའཕྲིན་ལས་ཁུངས་ག་གེ་མོ་གཅིག་ལ་ཁ་རྒྱག་རྐུབ་རྒྱག་བྱེད་པའི་ལས་ཀ་འདི་ཐོབ་པར་ཕ་ཡུལ་ལ་ཞབས་འདེགས་ཞུ་སྟངས་འདི་རེད་པས།

    བོད་ནང་གི་བོད་མིའི་སྡུག་བསྔལ་དང་། མགོན་མེད་སྐྱབས་མེད་ཁ་སྟབས་འདི་བསམ་ནས་འདི་ལ་ཨ་ནུ་ཅན་གྱི་གདོང་ལ་ཆིལ་མ་འགའ་ཤོར་ཐལ། ཁྱོད་དམ་ཉམས་འཇོན་པོ་ཡོད་ན། ཅིའི་ཕྱིར་རང་གི་ཕ་མ་གསོད་མཁན་དེ་ཚོར་ཚིག་རེ་གཉིས་འབྲི་མ་ཐུབ་པ་འདི་ཐབས་སྡུག ཁྱོད་ཁ་བརྡར་ཡོང་ནས་ད་བར་ལ་ཕ་བསད་མ་བསད་ཀྱི་དགྲ་ལ་ཚིག་གཅིག་འབྲི་མི་ནུས་ཐལ། རང་གི་རིག་གཞུང་དང་སྐད་སྲུང་སྐྱོབ་བྱེད་པའི་སྐོར་ལ་ཚིག་གཅིག་བྲིས་པ་མཐོང་མྱོང་མེད། ཞར་དང་ཞོར་ལ་སྐྱག་ཁུང་ཉི་མས་དྲོས་ན། བོད་མི་དམངས་ཀྱི་སེམས་ཀྱི་གཞི་བཅོལ་ན་ཆོས་དེ་ལ་ལབ་རྟོལ་མ་གཏོགས་མེད་པ་འདི་འགྲེལ་བཤད་ཅིག་རྒྱོབ་དང་ཨ་ནུབ་བྱི་ལི།

  9. ཁ་བའི་ཡུལ་གྱར་བ། says:
    2014-09-14 at 10:38 pm

    དོན་གྱི་འབྲས་བུ་ལག་ཏུ་ལོང་ན་སེམས་གསོ་གཏོང་བ་དོན་མེད་རེད།

  10. དཀར་མཛེས་གངས་ཕྲུག་ says:
    2014-09-14 at 11:22 pm

    ཡག་པོ་བྲིས་འདུག་་་ཅོ་ཉི་དཔེ་དགའ་ཤ་་ཧཧ་

  11. བསམ་ཤེས། says:
    2014-09-14 at 11:47 pm

    བོད་ནང་ལ་རང་ལུས་མེར་བསྲེགས་པ་ཚོའི་ནང་ལ་ཆོས་མེད་སྨྲ་བ་ཨ་ནུ་ཐང་ལྟ་བུའི་རང་གིས་རང་ལ་མི་བུར་འབོད་པ་རྐང་གཅིག་འཐོན་མ་སོང་། ཆོས་མེད་སྨྲ་བ་ཞོགས་དུང་དུ་འབོད་པ་བཟང་བཙོན་ལ་ཞག་དགའ་ཤས་ལུས་མ་ཐག་ཐམས་ཅད་མདོར་ནས། ད་ཆ་དངུལ་ཕྲན་བུ་རེ་གསོག་ནས་སྔ་མའི་ཤུལ་ཙམ་མེད་པར་གྱུར་ཐལ། དེ་ལས་ལྡོག་ནས། བོད་ཀྱི་ཆོས་གཙོ་བོར་སྤྱོད་པའི་སེར་སྐྱ་ཚང་མས། སྐྱ་སེར་གཉིས་ཀྱི་རིག་གཞུང་སྲུང་སྐྱོབ་དང་། མི་རིགས་འདིའི་མགོ་ཁྲིད་ལྟ་བུར་ཞུགས་འདུག

    མཁན་པོ་ཚུལ་བློ་དང་། མཁན་པོ་བསོད་དར་རྒྱས། ར་སྐྱའི་འཇིགས་མེད་སོགས་ཀྱིས་རང་ནུས་ཡོད་ཚད་མི་རིགས་འདི་འདེགས་ཆེད་བཀོལ་བ་ལ། དམར་སྲུང་དམག་རེ་བཟུང་གོ་མྱོང་བ་རྣམས་ད་ཆ་གར་སོང་མིན་འདུག ཞོགས་དུང་ག་པར་ཕྱིན་པ་རས། ཁོང་གི་དམར་ཕྲུག་དེ་ཚོ་གོ་རྒྱུ་མིན་འདུག ཡོད་ན་འཐོན་རན་སོང་། ཨ་ནུ་ཐང་ཡང་ནུབ་ཕྱོགས་རྩ་བཟང་ས་ཞིག་ལ་ཡིབས་ནས། མཆན་མིང་ཨ་ཀྱོག་བ་ཀྱོག་ཞིག་གི་འོག་ལ་རྫུས་ནས་ཆོས་ལ་གནག་པའི་རྩོམ་ཐན་ཐུན་བྲིས་པ་དེ་ཡང་མཚམས་རེ་སྙིང་རྗེའི་ཡུལ་དུ་མཐོང་།

  12. ཨ་ནུ་ཐང་བསོད་ནམས། says:
    2014-09-15 at 1:18 am

    རྣམ་པ་ཚོས་དགོངས་ཚུལ་གསུངས་བར་ཡག་བྱུང་། ཡིན་ཡང་། མང་པོ་ཞིག་འཚོར་བ་དང་ཞེན་ཁོག་གི་དབང་དུ་ཕྱིན་པས་བཀའ་བཀྱོན་བཏང་ཡ་ལས་གནས་ལུགས་ཀྱིས་གནད་དུ་འཁེལ་བའི་གཏན་ཚིག་མེད་པས་ལན་འདེབས་རིན་མ་མཆིས།

    ཁ་ཅིག་གིས་བོད་ལ་མི་འབོར་ཉུང་བས་རང་བཙན་ཐོབ་མ་མེད་པ་ལྟ་བུའི་གསུངས་ཡོད་ཀྱང་དེ་ནི་ཚད་ལྡན་གྱི་རྒྱུ་མཚན་མིན་ཏེ། མོ་སྒྲ་ཝས་ཡ་དང་བྷེ་ལ་རོ་སི་སོགས་ཀྱི་མི་འབོར་ནི་ར་ཤི་ཡིའི་མི་འབོར་གྱི་བརྒྱ་ཆ་གཅིག་གཉིས་ལས་མེད་ཀྱང་ཁོང་ཚོ་ལ་རང་བཙན་ཐོབ་ཡོད། ཡིན་ཡང་། བོད་ལ་རང་བཙན་ཐོབ་དང་མི་ཐོབ་ནི་བོད་ཀྱི་ཁྲིད་ཀྱི་ཚོ་ལ་ཚད་ལྡན་གྱི་ལྟ་བ་ཡོད་མེད་དང་དེ་ལྟར་བྱེད་པ་ལ་ལྡོག་རྩ་གཅིག་སྒྲིལ་ཡོད་མེད། ལས་དོན་རྒྱུན་མཐུད་དུ་གནས་བ་ལ་དཔལ་འབྱོར་གྱི་རྨང་གཞི་ཡོད་མེད་བཅས་ལ་རག་ཡོད། ཡིན་ཡང་། བོད་ཀྱི་གནད་ཡོད་ཀྱི་དབུ་ཁྲིད་ཚོ་ལ་ལྷ་སྒྲུང་ལྟ་བུའི་རྟོགས་འཆར་ལས་བོད་ལ་རང་བཙན་ནམ་རང་དབང་བསུ་བའི་ཚད་ལྡན་གྱི་ལྟ་བ་དང་ཐབས་བྱུས་མེད་པ། མི་རིགས་ཀྱི་ལས་དོན་ཆེད་ཚད་ལྡན་གྱི་ལྟ་བ་དང་ཐབས་བྱུས་མེད་པས་སྤྲུལ་སྐུ་ཚོ་ལ་དགོན་པ་གསར་རྒྱག་དང་གྲྭ་འབོར་བསྡུ་སྐོང་། སྦྱིན་བདག་འཚོལ་སྒྲུབ་ཀྱི་ཁོར་ཡུག་ཡག་པོ་སྤྲད་པ་མ་ཟད། སྔ་བཞིན་བོད་སྤྱི་ཚོགས་ནང་དུ་ཁོང་ཚོ་ལྡེར་མིག་འཛིན་མཁན་གྱི་གནད་ཡོད་མི་སྣ་ཆགས་ཕྱིན། རང་ཉིད་མཚན་གནས་སྲུང་སྐྱོབ་ཆེད། དགོན་པ་གསར་རྒྱག་དང་གྲྭ་འབོར་བསྡུ་སྐོང་། ཞབས་འདེབས་སོགས་སློང་བས་ད་ཀྱི་རྩ་དོན་རྒྱུན་སྐྱོང་ཆེད་མི་རྒྱུ་གཉིས་གྱི་དཀའ་ངལ་འཕྲད་པ་མ་ཟད། གྲྭ་བ་དེ་དག་ལས་མེད་དང་། དགོན་པའི་ལྟ་གྲུབ་དེ་དག་ལས་མེད་པ་ཞབས་འདེབས་ཞུ་བྱེད་ཡིན་པས། བོད་རིགས་དེ་འདྲ་མང་པོ་ཞིག་ལས་ཀ་མེད་པ་བསྡད་པ་ཡིན་ན། བོད་ཀྱི་དཔལ་འབྱོར་ལ་གནོད་སྐྱོན་ཚབས་ཆེན་ཡོད་པས། དཔལ་འབྱོར་མེད་པས་བོད་ཀྱི་རྩ་དོན་རྒྱུན་གནས་བྱེད་པར་འགོག་རྐྱེན་ཡོད་པ་མ་ཟད། ལྷག་པར་དུ་དམག་འཁྲུག་གི་ནང་བོད་པ་ཞུགས་ཐབས་མེད་པ་ལྟ་བུ་ཆགས་ཡོད།

    མདོར་ན། བོད་ལ་རང་དབང་ཐོབ་པ་ལ་ཚད་ལྡན་གྱི་ལྟ་གྲུབ་མེད་ཁར་ལས་དོན་དེ་དག་རྒྱུན་སྐྱོང་བྱེད་པ་ལ་དཔལ་འབྱོར་གྱི་རྨང་གཞི་གཡ་པོ་མེད་ཅིང་། ལྷག་པར་དུ་བོད་ཀྱི་གནད་ཡོད་ཀྱི་མི་སྣ་རྣམས་སྤྲུལ་སྐུ་ཚོ་ཡིན་པས། སྤྲུལ་སྐུ་ཚོའི་ལས་དོན་གཙོ་བོ་ནི་དགོན་པ་གསར་རྒྱག་དང་རྒྱ་སྐྱེད་བཏང་རྒྱུ་ལས་མི་རིགས་གཏན་ནས་མིན་ཞིང་། ཅི་ཙམ་དགོན་པ་གསར་རྒྱག་དང་དགོན་སྡེ་རྒྱ་སྐྱེད་བཏང་ན། བོད་ཀྱི་མི་འབོར་དང་དྲག་ཤུགས། དཔལ་འབྱོར་དང་ལག་རྩལ་སོགས་ལ་ཚབས་ཆེན་གནོད་པས། བོད་འདི་གཅོང་ནད་ཕོགས་པའི་ནད་པ་ཞིག་དང་འདྲ་བ་རང་རྐང་སྟེང་ལངས་མི་ཐུབ་པ་ཆགས་ཡོད།

  13. ཨ་ནུ་ཐང་བསོད་ནམས། says:
    2014-09-15 at 1:34 am

    ནོར་བཅོས།
    རྣམ་པ་ཚོས་དགོངས་ཚུལ་གསུངས་བར་ཡག་བྱུང་། ཡིན་ཡང་། མང་པོ་ཞིག་འཚོར་བ་དང་ཞེན་ཁོག་གི་དབང་དུ་ཕྱིན་པས་བཀའ་བཀྱོན་བཏང་ཡ་ལས་གནས་ལུགས་ཀྱིས་གནད་དུ་འཁེལ་བའི་གཏན་ཚིག་མེད་པས་ལན་འདེབས་རིན་མ་མཆིས།

    ཁ་ཅིག་གིས་བོད་ལ་མི་འབོར་ཉུང་བས་རང་བཙན་ཐོབ་མ་མེད་པ་ལྟ་བུའི་གསུངས་ཡོད་ཀྱང་དེ་ནི་ཚད་ལྡན་གྱི་རྒྱུ་མཚན་མིན་ཏེ། མོ་སྒྲ་ཝས་ཡ་དང་བྷེ་ལ་རོ་སི་སོགས་ཀྱི་མི་འབོར་ནི་ར་ཤི་ཡིའི་མི་འབོར་གྱི་བརྒྱ་ཆ་གཅིག་གཉིས་ལས་མེད་ཀྱང་ཁོང་ཚོ་ལ་རང་བཙན་ཐོབ་ཡོད་ཚུལ་གྱི་དཔེ་བརྗོད་བརྒྱ་ཕྲག་མང་པོ་ཡོད་བ་རེད། ཡིན་ཡང་། རང་ཉིད་ཀྱིས་མ་འཇོན་ན་ནམ་ཡང་ཁ་གཡོག་བྱེད་ས་ནམ་ཡང་ཡོད་ཅིང་། བོད་ལ་རང་བཙན་ཐོབ་དང་མི་ཐོབ་ནི་བོད་ཀྱི་ཁྲིད་ཀྱི་ཚོ་ལ་ཚད་ལྡན་གྱི་ལྟ་བ་ཡོད་མེད་དང་དེ་ལྟར་བྱེད་པ་ལ་ལྡོག་རྩ་གཅིག་སྒྲིལ་ཡོད་མེད། ལས་དོན་དེ་མངོན་འགྱུར་བྱེད་པ་ལ་དཔལ་འབྱོར་གྱི་རྨང་གཞི་ཡོད་མེད་བཅས་ལལ་རག་ལས་ཡོད། ཡིན་ཡང་། བོད་ཀྱི་གནད་ཡོད་ཀྱི་དབུ་ཁྲིད་ཚོ་ལ་ལྷ་སྒྲུང་ལྟ་བུའི་རྟོགས་འཆར་ལས་བོད་ལ་རང་བཙན་ནམ་རང་དབང་བསུ་བའི་ཚད་ལྡན་གྱི་ལྟ་བ་དང་ཐབས་བྱུས་མེད་པས་སྤྲུལ་སྐུ་ཚོ་ལ་དགོན་པ་གསར་རྒྱག་དང་གྲྭ་འབོར་བསྡུ་སྐོང་། སྦྱིན་བདག་འཚོལ་སྒྲུབ་ཀྱི་ཁོར་ཡུག་ཡག་པོ་ཞིག་ཆེད་མངགས་ཀྱིས་སྤྲད་པ་མ་ཟད། སྔ་བཞིན་བོད་སྤྱི་ཚོགས་ནང་དུ་ཁོང་ཚོ་ལྡེ་མིག་འཛིན་མཁན་གྱི་གནད་ཡོད་མི་སྣ་རྣམས་སྤྲུལ་སྐུ་ཚོ་ཆགས་སུ་བཅུག་ཅིང་། སྤྲུལ་སྐུ་ཚོས་རང་ཉིད་མཚན་གནས་སྲུང་སྐྱོབ་ཆེད། དགོན་པ་གསར་རྒྱག་དང་གྲྭ་འབོར་བསྡུ་སྐོང་། ཞབས་འདེབས་སོགས་སློང་བས་བོད་ཀྱི་རྩ་དོན་རྒྱུན་སྐྱོང་ཆེད་མི་རྒྱུ་གཉིས་གྱི་དཀའ་ངལ་འཕྲད་པ་མ་ཟད། གྲྭ་བ་དེ་དག་ལས་མེད་དང་། དགོན་པའི་ལྟ་གྲུབ་དེ་དག་ལས་མེད་པར་ཞབས་འདེབས་ཞུ་བྱེད་ཡིན་པས། བོད་རིགས་དེ་འདྲ་མང་པོ་ཞིག་ལས་ཀ་མེད་པ་བསྡད་པ་ཡིན་ན། བོད་ཀྱི་དཔལ་འབྱོར་ལ་གནོད་སྐྱོན་ཚབས་ཆེན་ཡོད་པ་མ་ཟད། གྲྭ་བའི་ལྟ་གྲུབ་ཀྱང་ལས་ཀ་དང་དྲག་ཤུགས་ལ་རྒོལ་རྡུང་བཏང་མཁན་ཡིན་པས། བོད་ལ་དཔལ་འབྱོར་དང་དྲག་པོའི་སྟོབས་ཤུགས་གཉིས་ཀྱི་མེད་པས་ཚབས་ཆེན་སྤྲད་པས། བོད་འདི་དམག་འཁྲུག་གང་ཞིག་གི་ནང་ཞུགས་ཐབས་མེད་པ་ལྟ་བུ་བཟོས་ཤིང་། ཞུགས་ཀྱང་ཕམ་ཁ་ལས་གྲུབ་འབྲས་ལེན་པའི་ནུས་བ་མེད་པ་བཏང་ཡོད།

    མདོར་ན། བོད་ལ་རང་དབང་ཐོབ་པ་ལ་ཚད་ལྡན་གྱི་ལྟ་གྲུབ་མེད་ཁར། ལས་དོན་དེ་དག་རྒྱུན་སྐྱོང་བྱེད་པ་ལ་དཔལ་འབྱོར་གྱི་རྨང་གཞི་གཡ་པོ་མེད་ཅིང་། ལྷག་པར་དུ་བོད་ཀྱི་གནད་ཡོད་ཀྱི་མི་སྣ་རྣམས་སྤྲུལ་སྐུ་ཚོ་ཡིན་པས། སྤྲུལ་སྐུ་ཚོའི་ལས་དོན་གཙོ་བོ་ནི་དགོན་པ་གསར་རྒྱག་དང་རྒྱ་སྐྱེད་བཏང་རྒྱུ་ལས་མི་རིགས་གཏན་ནས་མིན་ཞིང་། ཅི་ཙམ་དགོན་པ་གསར་རྒྱག་དང་དགོན་སྡེ་རྒྱ་སྐྱེད་བཏང་ན། བོད་ཀྱི་མི་འབོར་དང་དྲག་ཤུགས། དཔལ་འབྱོར་དང་ལག་རྩལ་སོགས་ལ་ཚབས་ཆེན་གྱི་གནོད་སྐྱོན་ཡོད་པས། བོད་འདི་གཅོང་ནད་ཕོགས་པའི་ནད་པ་ཞིག་དང་འདྲ་བ་རང་རྐང་སྟེང་ལངས་མི་ཐུབ་པ་ཆགས་ཡོད།

  14. ཅོ་རི་ཉི་མ། says:
    2014-09-15 at 2:58 am

    2014 ལོའི་འཛམ་གླིང་མི་འབོར་གྱི་གྲངས་ཀ་ལ་བལྟས་ན།
    ཡུལ་ལུང་༢༤༢་ཀྱི་ནང་ནས་འབོར་མང་ཤོས་ལ་1,366,750,000དང། ཉུང་ཤོས56རེད། ཡུལ་ལུང་༢༤༢་ནང་ནས་༡༣༨་ལ་མི་འབོར་ས་ཡ་དྲུག་མན་ཆན་མ་གཏོགས་མེད། འཛམ་གླིང་གི་རྒྱལ་ཁབ་༡༠༤་ལ་མི་འབོར་ཡ་ས་བདུན་གྱི་གོང་ལ་ཡོད།

    རང་བཙན་འཐོབ་མིན་མི་འབོར་མང་ཉུང་ཁོ་ནར་རེག་ལུས་མེད འབྲུག་རྒྱལ་ཁབ་ལ་མི་འབོར་འབུམ་བདུན་ཙམ་མ་གཏོགས་མེད། རང་བཙན་ཐོབ་བསྡད་ཡོད་རེད། སི་ཁོ་ཆེ་ལན་ཌ་མི་འབོར་5,254,800.རེད། རང་བཙན་འཐོབ་མིན་མགྱོགས་པོ་ཐག་ཆོད་ཡོང་ས་རེད།

    རང་བཙན་འཐོབ་མིན་གྱི་གནད་དོན་གཙོ་བོ་ཐབས་ཇུས་རེད། ཐབས་ཇུས་ཡག་པོ་ཡོད་ན་གོ་སྐབས་བསླེབས་དུས་འབྲུག་པ་ནང་བཞིན་རང་བཙན་འཐོབ་འགྲོ་གི་རེད། ཐབས་ཇུས་བཟང་པོ་མེད་ན་བོད་པ་ནང་བཞིན་མི་འབོར་ས་ཡ་དྲུག་ལྷག་ཡོད་ནའང་རང་བཙན་ཐོབ་མ་ཐུབ་པར་ལྷག་བསྡད་ཡོད་རེད།

    བོད་ཀྱི་མི་འབོར་དང་རྒྱའི་མི་འབོར་མང་ཉུང་བསྡུར། བོད་མི་རེ་རེས་རྒྱ་མི་ག་ཚོད་ཀྱི་ཁ་གཏད་བཅག་དགོས་མིན་བཤད། བོད་མི་གཅིག་གིས་རྒྱ་མི་ཉིས་བརྒྱ་ཡི་ཁ་གཏད་བཅག་མདོག་མདོག་བཤད། དེ་བཅག་མ་ཐུབ་ན་བོད་རང་བཙན་ཡོང་ཐབས་མེད་པའི་ཟོལ་གྱི་སྐད་ཆ་བཤད། སྐད་ཆ་བཤད་སྟངས་འདི་དག་བླུན་པོའི་སྐད་ཆ་རང་རེད། མ་གཏོགས་རྒྱུ་མཚན་ཡང་དག་ཞིག་རྩ་བ་ནས་མེད།

    དཔེར་ན། ང་ཚོས་མིག་མདུན་དུ་་ཨེན་ལན་རྒྱལ་ཁབ་ཀྱི་མི་འབོར་64,105,700རེད། སི་ཁོ་ཆེ་ལན་ཌ་མི་འབོར་5,254,800.རེད། མི་འབོར་མང་ཉུང་སྡུར་ནས་ཁ་གཏད་བཅག་དགོས་པ་ཡིན་ན་སི་ཀོ་ཆེ་ལན་ཌ་ཡིས་ཨེན་ལན་ཁ་གཏད་ཡོང་ཐབས་མི་འདུག་ག ས་ཡ་ལྔ་ཡིས་ཡས་དྲུག་བཅུ་རེ་བཞིའི་རྩ་ནས་རང་བཙན་ཇི་ལྟར་འཐོབ་ཡོང་མིན་མིག་ཕྱེས་ནས་ཡག་པོ་ལྟོས་ཤོག་ཨ་་་ལྟད་མོ་ཆེན་མཐོང་ཡོང་།

  15. ཅོ་རི་ཉི་མ། says:
    2014-09-15 at 3:12 am

    སི་ཁོ་ལན་ཌ་གྱི་གནད་དོན་འདིས་ཟམ་གདོང་སྤྲུལ་སྐུ་ལ་ལན་རྒྱག་ཡོང་གི་ཡོད། ཟམ་གདོང་གིས་སྔོན་མར་སྐད་ཆ་ཁྱད་མཚར་དེ་འདྲ་བཤད་ཡོད། ང་ཚོས་བོད་རང་བཙན་རྩོད་ནས་ག་རེ་བྱེད་དགོས་རེད། ཡུང་རོབ་ལ་བལྟོས་དང་། སྒོར་མོ་གཅིག་པ་བཟོ།་མཉམ་འབྲེལ་བྱས་ནས་ཚུར་གཅིག་གྱུར་བཟོ་ཡི་ཡོད་རེད། ཁེ་ཕན་ཆེ་བ་ཡོད་ཙང་རེད།

    ང་ཚོ་ཡང་རྒྱ་ནག་དང་མཉམ་དུ་སྡོད་ན་དགའ་རེད་ཅེས་དཔེར་ཡུང་རོབ་ལ་འཇོག་ནས་མ་ཤེས་ཤེས་ཁུལ་དང་བོད་མི་རྨོངས་དད་ཅན་ཚོ་མགོ་སྐོར་བཏང་གང་ཐུབ་བྱས་པ་རེད། ད་་་དེང་སང་གནད་ལུགས་ཀྱིས་ངོས་ནས་ཟམ་གདོང་བླ་མ་ཚར་གཅོད་ཡོང་གི་ཡོད། སི་ཁོ་ཆེ་ཌ་རང་བཙན་ཆགས་སོང་ན་ཟམ་གདོང་ལ་གནད་ལུགས་ཀྱིས་དགག་པ་རྒྱག་པ་རེད་དོ།།

  16. སྤོབས་པ་མཐའ་ཡས། says:
    2014-09-15 at 5:29 am

    བོད་ཀྱི་སྲོལ་རྒྱུན་རིག་གནས་དགག་བཞག་གི་སྐད་ཆ་འདི་སྙན་པོ་བྱུང་། རྩོམ་པ་པོ་མཆོག་གིས་དཔའ་བོ་དང་རྡར་མ་ཟེར་བ་དེ་མཚོན་ཆ་ལ་བརྟེན་ནས་གསོད་ནུས་མཁན་དང་མི་ནུས་མཁན་ཁོ་ན་ཙམ་ལ་ཟེར་བ་ཡིན་ན་དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་རྩ་བའི་དགག་བྱ་ཞིག་ཡིན་པས་སངས་རྒྱས་ཆོས་ལུགས་ཀྱི་སློབ་གསོ་ཟབ་མོ་ཐེབས་ཡོད་མཁན་ཞིག་ཡིན་ན་མཚོན་འཁྲུགས་བྱེད་ག་ལ་སྲིད།

  17. ཅོ་རི་ཉི་མ། says:
    2014-09-15 at 7:53 am

    http://megashare.info/watch-braveheart-online-TmpFMk1nPT0

  18. ཀརྡོ་གཉེར་ཕྱག་པ་ says:
    2014-09-15 at 8:06 am

    སྡར་མ་ཆགས་ནས་རང་ཉིད་གྲོལ་འདོད་དང་། །
    སྡར་མ་ཆགས་ནས་གཞན་ཕན་སྒྲུབ་འདོད་གཉིས། །
    ནང་ཆོས་ཐེག་པ་ཆེ་ཆུང་གང་ལའང་མེད། །
    ཨ་ནུ་ཐང་གིས་དྲག་སྤྱོད་མ་སྤེལ་ཤིག །

  19. ཀརྡོ་གཉེར་ཕྱག་པ་ says:
    2014-09-15 at 8:17 am

    སྡར་མ་ཆགས་ནས་དམར་ལུགས་བཞག་པ་མིན། །
    སྡར་མ་ཆགས་ནས་མང་གཙོར་ཕྱིན་པ་མིན། །
    སྡར་མ་ཆགས་ནས་གཉིས་སྨན་བསམས་པ་མིན། །
    སྡར་མ་ཆགས་ནས་དབུས་ལམ་རྩོད་པ་མིན། །

    དཔའ་བའི་སེམས་ཀྱིས་དམར་ལུགས་དམོད་པ་རེད། །
    དཔའ་བའི་སེམས་ཀྱིས་མང་གཙོར་ཕྱིན་པ་རེད། །
    དཔའ་བའི་སེམས་ཀྱིས་གཉིས་སྨན་བསམས་པ་རེད། །
    དཔའ་བའི་སེམས་ཀྱིས་དབུས་ལམ་རྩོད་པ་རེད། །

  20. ལུང་རྟོགས། says:
    2014-09-15 at 8:34 am

    དམག་འཁྲུག་མ་རྒྱག་པ་ཙམ་གྱིས་སྡར་མ་རེད་ཟེར་བ་ཡིན་ནི་དེར་ཟད། གཞན་རང་དབང་གི་དོན་དུ་དུས་ཡུན་ཐུང་ངུའི་ནང་མི་བརྒྱ་དང་སུམ་བཅུ་ཙམ་གྱིས་རང་ལུས་མེར་བསྲེགས་བཏང་མཁན་ནི་འཛམ་གླིང་ལོ་རྒྱུས་སྟེང་ལ་བོད་པ་མ་བཏོགས་བྱུང་མེད་པ་འདིས་སངས་ཆོས་སྡར་མ་བསྒྱུར་བྱེད་རེད་ཟེར་མཁན་གྱི་ཁ་ལ་རྒྱ་གྲམ་བཞག་ཚར་བ་རེད། ཆོས་ཞེས་པ་ནི་མི་ལ་ཕན་བདེ་སྒྲུབ་བྱེད་དང་བྱམས་སྙིང་རྗེའི་རྩ་བ་ཅན་ཞིག་ཡིན་པས་ཆོས་ལ་རྟེན་ནས་དམག་འཁྲུག་རྒྱག་མཁན་མི་གསོད་ཁྲག་སྦྱོར་བྱེད་མཁན་རྣམས་ནི་ཆོས་ཀྱི་དགོངས་དོན་ལས་ཡོངས་སུ་འགལ་འགྲོ་ཡི་ཡོད་པ་གསལ་པོ་རེད། དེས་ན་ཡེ་ཤུ་དང་ཁ་ཆེའི་ཆོས་པ་རྣལ་མ་ཚོས་ཆོས་ཀྱི་དམག་འཁྲུག་ནང་ལ་ཞུགས་ཀྱི་མེད་པ་མ་ཟད་དེ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མངོན་གསལ་རེད། ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པ་རྣམས་ནི་ཁ་ཆེའི་རྒྱལ་ཁབ་ཁོ་རང་ཚོས་ཀྱང་རྒོལ་ཡུལ་ཞིག་ཆགས་ཡོད་པ་མཐོང་ཆོས་རེད།

  21. གནམ says:
    2014-09-15 at 11:10 am

    གནས་ལུགས་ཀྱིས་བོད་རྒྱལ་ན་ཡང་རྒྱལ་ཁ་ཡིན། ཡིན་དེ།
    བོད་དོན་དུ་ཁ་མ་བཙུམ་པ་དེ་སྤྱང་གྲོང་འཛོམས་མིན་གྱི་སྐད་ཆ་ཡིན།

    ཕམས་ལུགས་ཀྱིས་བོད་རྒྱལ་ན་ཡང་རྒྱལ་ཁ་ཡིན། རེད་དེ།
    བོད་དོན་དུ་ལག་འགུལ་བ་དེ་གདངས་ཚོད་ཡོད་མེད་ཀྱི་སྐད་ཆ་ཡིན།

    འུར་མ་རྒྱོགས། དེང་པོར། དགྲ་བོའི་སྟོབས་ལ་ལྟོས། རང་གི་ལག་ལ་ལྟོས།
    ཁོ་མ་ཆད། དེང་པོར། བདེན་པའི་སྟོབས་ལ་ལྟོས། རྫུན་གྱི་མཐའ་ལ་ལྟོས།

    གོང་གི་མཆན་པ་ཚོའི་ནང་ན། དཔའ་བོ་ཚོ་ལ་དཔའ་ཆས་འདི་ཚོ་ཚང་ངམ། མདའ་བོའུ་ཞིག་གི་མ་རྩ་དང་། ལོ་གསུམ་ཟླ་བའི་ཁ་ཟས་མེད་ན། ཁྱེད་རང་ཚོས་དཔའ་མི་དཔའ་ཟེར་བ་འདི་ད་ནས་བཟུང་མི་གླེང་རྒྱུ་བྱོས། ཧ་ཧ་ཧ། དགའ་དགའ་ཚོ། ད་རུང་ཁྱེད་ཚོས་ཅང་མཁྱེན་གི་ཡོད་ཚོད་མི་གདའ།

  22. ཁ་བའི་ཡུལ་གྱར་བ། says:
    2014-09-15 at 1:34 pm

    རང་ལུས་མེ་སྲེག་གཏོང་མཁན་རྣམས་དཔའ་རང་བརྗོད་ལས་འདས་པ་རེད། ཡིན་ཡང་ཆབ་སྲིད་རྩོད་ལེན་བྱེད་སྟངས་ནོར་བ་རེད། གང་ཡིན་ཟེར་ན་རྒྱ་ནག་གི་དམིག་ཡུལ་ངོ་མ་དེ་བོད་མི་རིགས་རྩ་མེད་བཟོ་གང་ཐུབ་བྱེད་ཀྱི་ཡོད་རེད། དེའི་ཁ་རང་མེད་བཟོས་ན་རྒྱ་དམག་གི་གསོད་མ་དགོས་པ་དོན་དག་ལེགས་གྲུབ་བྱུང་བ་རེད། དེ་རྒྱ་ནག་ལ་དགོས་རྒྱུ་དེ་རེད། བཙན་བྱོལ་གཞུང་གི་ག་དུས་ཡིན་ཡང་ཆབ་སྲིད་འཐབ་རྩོད་དང་ཐབས་ཇུས་ནོར་ཁྲུལ་མང་དག་ཞིག་བཟོ་བཞིན་འདུག། དེས་བོད་དོན་གནོད་པ་ཧ་ཅང་ཆེ་པོ་བཟོ་ཡི་འདུག། ཕྱིན་ཆད་ཡོ་བཅོས་གཏོང་ཐུབ་ན་ཡག་པོ་འདུག་བསམ།

  23. ཁ་བའི་ཡུལ་གྱར་བ། says:
    2014-09-15 at 1:52 pm

    ལུངས་རྟོགས་ལགས་ནི་ག་དུས་ཡིན་ཡང་མགོ་འདོག་ཡ་ཁོ་ན་ལས་གཞན་བསམ་བློ་ཅི་ཡང་མེད།
    དེ་འདྲ་བསམ་བསྡད་ན་རྒྱ་གར་ལ་ཡོང་ནས་ག་རེ་བསམ་སོང། ཡང་ན་མགོ་གཉིས་པ་ཞིག་བཟོ་
    ནས་བར་དུ་ཁེ་སྤོག་ཞིག་ལེན་ཐབས་ཡིན། དེང་སང་མི་འདི་ཚོའི་བོད་དོན་ཚོང་རྫས་བཟོ་ཡི་འདུག།
    མ་གཞི་འཐབ་རྩོད་ཀྱི་ལས་ལ་ཞུག་ཕྱིན་འཐབ་རྩོད་ཀྱི་བླ་སྲོག་ལྡན་དགོས། དེ་མེད་ན་ག་དུས་ཡིན་ཡང་
    རྒྱལ་ཁ་ཐོབ་མི་སྲིད། འཐབ་རྩོད་ཀྱི་བླ་སྲོག་ནི་སྙིང་སྟོབས་ཉམས་པ་མེད་པ་དེ་ཡིན།

  24. བསམ་ཤེས། says:
    2014-09-15 at 2:20 pm

    འཛམ་གླིང་གི་ཕུལ་དུ་བྱུང་བའི་དམག་བྱུས་འདི་ནི་སའི་གོ་ལའི་དམག་བྱུས་ཚང་མའི་སྙིང་བཅུད་བླངས་ནས་མན་ངག་ལ་གདམ་པ་ལྟ་བུ་ཞིག་རེད་འདུག དམག་བྱུས་དེ་ཐོག་མ་གྷེ་རིག་དང་། སོག་པོ། རིམ་གྱིས་རྒྱ་ནག་དང་རྒྱ་གར། ད་ཆ་ཨ་རིའི་Westpoint ཟེར་བའི་དམག་གི་སློབ་གླིང་གི་གཞི་རིམ་ལྟ་བུ་ལ་གཏན་འབེབ་བྱས་འདུག དམག་བྱུས་འདི་ནི་འདི་ལྟར།་

    དང་པོ་རང་སྟོབས་སྐྱེད། རྒྱ་བསྐྱེད་ཐོངས།
    གཉིས་པ་གཞན་གྱི་དམག་ཤུགས་རྟོགས། གནས་ཚུལ་ལོངས།
    གསུམ་པ། དུས་ཚོད་དང་འདོམས།
    བཞི་པ་ཕར་རྒོལ་གྱིས།
    ལྔ་པ། གོང་གི་གཅིག་མ་ཚང་ན། དམག་མི་རྒྱོབས།

    ང་ཚོ་བོད་མི་དང་བོད་མིའི་གནས་ཚུལ་ལ་བལྟས་ན། ད་ཆ་ཕར་རྒོལ་བྱེད་པའི་དུས་ཚོད་རེད་དམ། དཔའ་བློ་ཁོག་ཡོད་རུང་། གཞན་གྱི་འོག་ལ་གླེན་རྟགས་ཀྱིས་མཆོངས་ན་ལྐུགས་པ་མ་རེད་པས།

  25. ཅོ་རི་ཉི་མ། says:
    2014-09-15 at 4:19 pm

    ཨོ་ཡ་་་བློ་མཐུན་ཨ་ནུ་ལགས། དེ་རིང་གི་རྩོམ་ཡིག་འདིའི་ནང་དུ་བསམ་ཚུལ་མ་མཐུན་པ་མང་པོ་ཙམ་འདུག གཞན་ཞིག་གིས་གསལ་བཤད་ཤིག་བྱེད་ན་བསམས་ཀྱང་སུ་མི་འདུག དེར་བརྟེན་ངས་རང་གི་གང་ཤེས་པ་དེར་གསལ་བཤད་མདོ་ཙམ་བཤད་འདོད་སྐྱེས།

    བློ་མཐུན་གྱིས་་་་་གལ་སྲིད་བོད་པ་རྣམས་སངས་ཆོས་པ་མིན་པར་ཡི་ཤུ་པའམ་ཁ་ཆེ་བ་ཡིན་ན། ཆོས་ལུགས་འདི་གཉིས་ཀྱི་འགན་འཛིན་མང་པོ་ཞིག་གིས་ཁ་ཙམ་མིན་པར། དོན་དངོས་ཀྱིས་དམག་དཔུང་དང་གོ་མཚོན། དཔལ་འབྱོར་སོགས་ཀྱི་རོགས་སྐྱོར་སྤྲད་ངེས་རེད།ཅེས་གསུངས་འདུག

    དཔེར་ན། ཡུར་གུ་བ་ཁ་ཆེའི་ཆོས་ལུགས་རེད་འདུག་ཀྱང་མི་རྒྱུ་གཉིས་ཀྱི་རྒྱབ་རྩ་བྱས་མཁན་ཅང་བྱུང་མི་འདུག རྒྱ་ནག་གི་ཡི་ཤུ་ཆོས་དད་པ་རྣམས་ལ་ཡང་རྒྱབ་རྩ་ཅང་མི་འདུག བོད་པ་ཡང་ཆོས་ལུགས་འདི་གཉིས་གང་རུང་ཡིན་པའི་དབང་དུ་བཏང་ཡང་རྒྱབ་རྩ་ཁག་པོ་རེད་བསམས་ཀྱི་འདུག རྒྱུ་མཚན་དེའི་ཕྱིར།

    བློ་མཐུན་ཀྱིས་་་་བོད་ལ་དཀའ་ངལ་འཕྲད་སྐབས་སངས་ཆོས་པ་རྣམས་ལྷིང་འཇགས་སུ་གནས་ཡོད་ལ། བོད་ཀྱི་ཆོས་དཔོན་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་བྲོས་བྱོལ་དུ་ཕྱིན་པ་མ་ཟད། རྒྱ་ནག་དང་དམར་འཛིང་བྱེད་མཁན་མེད་ཁར། དེ་ལྟར་བྱོས་ཞེས་ནས་ལམ་སྟོན་གནང་མཁན་ཡང་ཉིན་མོའི་སྐར་མ་བཞིན་བྱུང་མེད། དེ་ལྟར་ལྡོག་སྟེ་སྙིང་རྗེ་ཆེ་མདོག་གིས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་མང་དུ་བྱུང་བ་མ་ཟད། ད་ལྟའང་རྒྱལ་ཁབ་སུ་ཞིག་ལ་བོད་ལ་དྲག་པོའི་རོགས་སྐྱོར་ཞུ་རོགས་ཞེས་ནས་རེ་བ་བསྟན་མྱོང་མེད།ཅེས་གསུགས་འདུག

    སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུའི་ནང་དུ་རྒྱ་དམག་ཁམས་ནས་བཙན་འཛུལ་བྱས་སྐབས་སུ་ཁམས་ཕྱོགས་ཀྱི་དགོན་སྡེ་ཁག་གིས་ཁྱོད་ང་གསོན་བྱས་ནས་འཐབ་ཡོད། ཏྲེ་ཧོར་ཡུལ་གྱི་དགོན་སྡེ་བཅུ་གསུམ་གྱིས་དམག་འཐབ་བྱས་ཡོད། ལྕོག་རི་ཡུལ་དགོན་གཉིས་ཀྱིས་ཤུག་པ་དོ་ར་མ་ཟེར་བའི་ས་ཆ་དེའི་ཐོག་ཏུ་ཉིན་མཚན་གསུམ་དམག་འཐབ་བྱས་ཡོད། དམག་འཐབ་དེའི་ནང་དུ་ངའི་ཨ་མྱི་ཡང་ཡོད། མཐའ་མ་རྒྱ་དམག་གིས་གནམ་ཐོག་ནས་བྷོ་གཡུགས་ནས་ལྕོག་རི་ཡུལ་དགོན་གཉིས་ཀྱི་དམག་འཐབ་བ་རྣམས་བསད་པ་དང་འཛིན་བཟུང་བྱས་པ། འགའ་རེ་བྲོས་ནས་ཕྱིན་པ་རེད།

    དེ་དང་དེ་བཞིན་བྲག་འགོ་དགོན་པས་དམག་འཐབ་བྱས་སྐབས་གྲྭ་པ་ཞིག་གིས་སྟ་གྲི་འཕྱར་ནས་རྒྱའི་སྒུག་རའི་ནང་དུ་མཆོངས་སོང་བ་མ་ཟད་རྒྱ་དམག་བཅུ་གཉིས་སྟ་གྲིས་བརྒྱབས་ནས་བསད་པའི་ལོ་རྒྱུས་ཡོད། དེ་དང་དེ་བཞིན་དཀར་མཛེས་དང་དར་རྒྱས་སོགས་ཚང་མས་དམག་འཐབ་བྱས་ཡོད།

    གོ་ཐོས་བྱས་ན་་འབའ་ཆུ་ཐིག་དགོན་པས་དམག་འཐབ་སྐབས་སུ་མི་སྟོང་ཕྲག་མང་པོ་བསད་པ་རེད། ཉིན་གཉིས་གསུམ་རིང་ཁྲག་གི་གཡུལ་ཆུ་རྒྱུགས་པ་རེད། ཁམས་པ་དང་ཨ་མདོ་གཉིས་ནི་རྒྱ་དམར་བཀག་མཁན་གྱི་སྒོ་སྲུང་ལྟ་བུ་རེད། ཁམས་དང་ཨ་མདོ་གཉིས་ཀྱི་ཕྱོགས་ཀྱི་དགོན་སྡེ་མང་ཆེ་བས་དམག་འཐབ་བྱས་ཡོད་པར་འདོད། ང་ཚོས་བོད་པའི་ཆོས་ལུགས་པ་རྣམས་ལ་བོད་རྒྱལ་ཁབ་ཤོར་དུས་འཐབ་རོགས་བྱས་མ་བྱུང་ཟེར་ན་རྒྱུ་འབྲས་དང་མི་མཐུན།་དངོས་ཡོད་གནས་ཚུལ་དང་ཡང་མི་མཐུན།།

    རྒྱ་དམག་བསླེབས་དུས་སྐྱ་སེར་གཉིས་ཀྱིས་དམག་འཐབ་བྱས་ཡོད། ཡིན་ཀྱང་ལྡོག་རྩ་ཆིག་སྒྲིལ་མེད་ནས་དམག་ཤོར་ཡོད། བྲག་འགོ་བས་རྒྱ་དམག་དང་འཐབ་དུས་ལྕོག་རི་བས་ལྟད་མོ་བལྟས། ཉ་རོང་བས་འཐབ་དུས་དཀར་འཛེས་བས་ལྟད་མོ་བལྟས་ནས་བསྡད། ཚང་མས་་མཉམ་རུབ་ཀྱི་ཐོག་ནས་དམག་འཐབ་བྱས་མེད། དེའི་རྒྱུ་མཚན་གྱིས་རྒྱ་དམག་གིོས་རེ་རེ་བཞིན་རྩ་མེད་བཟོས་ནས་བསླེབས་ཡོད།

    དཔེར་ན། ཆབ་མདོ་དམག་བརྒྱབས་དུས་ལྷ་སར་ལ་ཐུགས་སྤྲོ་བཏང་ནས་བསྡད་ཡོད་པའི་ལོ་རྒྱུས་ཡོད་པ། དེ་འདྲ་རྐྱང་རྐྱང་བྱས་ནས་བོད་ཤོར་སོང་བ་རེད། གོ་ལག་ཆ་ཡག་པོ་མེད། ཆིག་སྒྲིལ་མེད། དམག་ཇུས་མེད། གྲྭ་བས་མེ་མདའ་ཁུར་ན་འཇོན་གྱི་རེད་པེ།་་ཧཧཧ ཐུགས་ཤིག་བཞེས་དང་། གྲྭ་པ་མེ་མདའ་མེད་མཁན་ཚོས་སྟ་གྲི་དང་མདུང་ཁུར་ནས་འཛིང་མཁན་ཕྱིན་པ་ནི་དངོས་ཡོད་རེད། ཐུགས་རྗེ་ཆེ། རྒྱལ་ཁབ་ཀྱི་དོན་དུ་དམག་ལ་འགྲོ་མཁན་ཚོ། ཁྱོད་ཚོའི་རྣམ་ཤེས་ལ་ངས་ཐུགས་རྗེ་ཆེ་ཞུ་རྒྱུར་ཡིན།

  26. ཞོལ་གཡག་འབྲོང་རྒྱུད། says:
    2014-09-15 at 4:31 pm

    ཨ་ནུ་བྱོན་པར་ལེགས། གཞི་རྩའི་ཆོས་ལུགས་ཚང་མ་མིའི་བསམ་བློའི་རང་དབང་ལ་ཚོད་འཛིན་དང་རྒྱ་སྐྱེད་རིང་ལུགས་པ་ཞིག་ཕལ་ཆེར་རེད། འོན་ཀྱང་སངས་རྒྱས་ཆོས་ལུགས་སྤྱི་དང་བྱེ་བྲག་བོད་རྒྱུད་ནང་བསྟན་ཆོས་ལུགས་འདི་མི་རྣམས་སྡར་མར་སྒྱུར་བྱེད་ཅིག་ཡིན་མིན་ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཞིག་རེད། ཆོས་ལུགས་རང་ཉིད་ལ་མཚོན་ན་གཞི་ལམ་འབྲས་གསུམ་ཚང་ལ་མ་ནོར་བའི་ཐར་ལམ་སྒྲོལ་བྱེད་ཅིག་རེད་ལ་ལྷག་པར་དུ་ནང་ཆོས་ནང་གི་སེམས་དང་ཤེས་པའི་རྣམ་གཞག་འགྲེལ་སྟངས་དེ་དངོས་ཐོག་བདེན་འཚོལ་གྱི་སེམས་ཁམས་རིག་པའི་རྩེ་གྲས་སུ་སླེབས་ཀྱིན་པ་རེད། འོན་ཀྱང་དེ་འཛིན་གྱི་གང་ཟག་ཚོས་ཆབ་སྲིད་སྡིང་ཆ་བེད་སྤྱོད་བྱེད་སྟངས་ལས་སྟངས་དང་འཇིག་རྟེན་མི་ཆོས་རིང་ལུགས་ཐོག་ལྷ་ཆོས་རིང་ལུགས་འགྲེལ་སྟངས་ཀྱིས་ཕལ་ཆེར་མི་རྣམས་སྡར་མར་སྒྱུར་བྱེད་དུ་མི་འགྱུར་བ་ངེས་པ་གཏན་ནས་མེད། དཔེར་ན་ཟམ་གདོང་བླ་མས་སངས་རྒྱས་ཆོས་ལུགས་འདི་འཇིག་རྟེན་འདིའི་སྟེང་གནས་ཐུབ་ན་བོད་མི་རིགས་རྩ་བརླག་སོང་ན་ཡང་ཁྱད་པར་མེད་བཤད་པ་རེད། མ་གཞི་བྱས་ན་བླར་རྒན་གྱིས་ནང་བསྟན་ཆོས་ལུགས་ལ་བཅངས་པའི་བརྩེ་སེམས་ལ་རྗེས་སུ་ཡིད་རངས་ཞུ་དགོས་པ་འདྲ་ཞིག་འདུག་ཀྱང་། བོད་བཙན་པོའི་མི་རིགས་འདི་རྒྱ་མི་རིགས་ཀྱིས་དམར་གསོད་དང་མནར་གཅོད་འོག་རྩ་བརླག་ཏུ་འགྲོ་ན་ཡང་ཇི་མི་སྙམ་པ་ནི་ལྷ་ཆོས་རིང་ལུགས་ཀྱི་ལྟོ་འཕོར་འཛུགས་ས་ཞིག་བྱུང་ན་དེ་གས་ཆོག་པ་ཡིན་པ་འདྲ།

  27. ཨ་ནུ་ཐང་བསོད་ནམས། says:
    2014-09-15 at 5:48 pm

    རྣམ་དཔྱོད་ལྡན་པའི་ཅོ་རི་ལགས།
    བསམ་ཚུལ་གསུངས་བ་ཧ་ཅང་གི་ཡག་བྱུང་། ཡུ་གུ་བ་དང་ཆེ་ཆི་ཡ་ཡི་གནས་སྟངས་ལ་ཁ་ཆེ་བ་རྣམས་ཀྱིས་དེ་ཙམ་རྒྱབ་སྐྱོར་མ་གནང་བ་ནི་བདེན་པ་རེད། རྒྱུ་མཚན་ནི། ལུང་བ་དེ་གཉིས་ཀྱིས་ཤ་རི་ཡ་དང་རྒྱ་ནག་རྣོ་ངར་ལྡན་པའི་ངོ་རྒོལ་བྱེད་མ་ཐུབ་པ་ལས། ཁ་ཆེ་བས་རོགས་སྐྱོར་རྐང་བཙུགས་ནས་མ་གནང་བ་མིན། རྒྱུ་མཚན་ནི། ལོ་ཁ་ཤས་གོང་རྒྱ་ནག་གིས་ཡུ་གུར་བ་ལ་དྲག་གནོན་བྱེད་སྐབས། ཁ་ཆེའི་དྲག་པོའི་ཚོགས་པ་ཁག་ཅིག་གིས་རྒྱ་ནག་ལ་སྙིང་ནད་རྩོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་མྱོང་ཡོད། མ་ཟད་ཏུར་ཁིའི་རྒྱལ་ཁབ་ཀྱིས་མཐའ་གཅིག་ཏུ་རྒྱ་ནག་ལ་ངོ་རྒོལ་བྱས་ཡོད། ཡིན་ཡང་། ཕྱི་སྡོད་ཀྱི་ཡུ་གུར་བ་ཧ་ཅང་གི་ཉུང་བས་ཕྱི་རོལ་གྱི་ཁ་ཆེ་བ་ཚོས་ཡུ་གུར་བར་འབྲེལ་བ་བྱེད་པ་དཀའ་ངལ་འཕྲད་བཞིན་ཡོད། ཡིན་ཡང་། བོད་པ་འབུམ་གཉིས་ཙམ་ཕྱི་རོལ་ན་ཡོད་པས་ཡུ་གུར་བ་དང་བསྡུར་ཐབས་མེད། བོད་པ་འབུམ་གཉིས་ལ་གནད་ཁྲིད་ཡག་པོ་ཞིག་ཡོད་ན། སུ་ལའང་དམག་འཛིང་བྱེད་ཐུབ་ཀྱང་མ་མཐའ་ཡང་གློ་སྨོན་ཐང་སྲུང་བའི་ནུས་བ་ཡོད། དཔེར་ན། ད་ལྟ་མིང་དུ་གྲགས་པའི་ཁ་ཆེའི་རྒྱལ་ཁབ་གསར་བ་ལའང་དམག་མི་ཁྲི་གཉིས་ནས་གསུམ་ཡན་མེད་ཀྱང་། གསེ་རི་ཡ་དང་ཨེ་རག་གཉིས་ཀྱི་དམག་མི་ཕམ་པ་བཏང་ཐུབ་པ་དེས་གསལ་བཤད་བྱས་ཡོད།

    གཉིས་པ་ནི་གོ་ནོར་ཐེབས་འདུག ནང་པའི་རྒྱལ་ཁབ་དང་ཆོས་དཔོན་ཚོས་བོད་ལ་རོགས་སྐྱོར་གྱིས་རྒྱ་ནག་གི་ཁ་གཏད་བཅག་མེད་ཚུལ་གླེང་བ་ལས། བོད་པ་སྒེར་བ་རེ་ཟུང་དང་། ལུང་ཚན་རེ་ཟུང་། དགོན་པ་རེ་ཟུང་གིས་རྒྱ་ནག་ལ་དམག་འཐབ་བྱས་མེད་ཚུལ་གླེང་གི་མེད། ཡོད་པ་ནི་ཆོས་རྒྱུད་གང་རུང་གི་བླ་ཆེན་ཚོས་གནད་ཁྲིད་ནས་དམག་རྒྱབ་མྱོང་མེད་པ། ཆོས་རྒྱུད་ཀྱི་ཀུན་གཙོན་འཛིན་ཀུན་རྒྱ་ནག་སླེབས་པ་དང་། མ་འོང་གོང་ནས་རྒྱ་བལ་འབྲུག་གསུམ་དུ་བྲོས་ཟིན་པ་དེ་བརྗོད་ཀྱིན་ཡོད། གནད་ཡོད་ཀྱི་བླ་ཆེན་འདི་དག་གིས་དམག་འཁྲུག་བྱེད་པ་ལས་ལྡོག་སྟེ། རྒྱ་བལ་འབྲུག་གསུམ་དུ་སྦྱིན་བདག་འཚོལ་བསྒྲུབས་དང་དགོན་པ་གསར་རྒྱག་ལ་བརྩོན་པ་དེ་བརྗོད་ཀྱིན་ཡོད། ད་དུང་ཆོས་རྒྱུད་ཁག་ཅིག་གི་དབུ་ཁྲིད་ཀྱིས་བོད་དོན་ནི་ཆབ་སྲིད་ཡིན་པས་ཐེ་གཏོགས་མེེད་ཚུལ་གསུངས་ཡོད། གལ་སྲིད་ཆེས་གནད་ཡོད་ཀྱི་དབུ་ཁྲིད་འདི་དག་གིས་གློ་བའི་དམག་དཔུང་དང་། བོད་ཀྱི་དྲག་སྡེ་ལ་རོགས་སྐྱོར་མ་གནང་ཚེ། ང་ཚོ་ལྟ་བུ་མི་བུ་དཀྱུས་མ་ཞིག་གམ་འཇུག་རྡོ་ཞིག་ལ་དེ་ཙམ་ནུས་བ་མེད་ཅིང་། མི་ཆེན་ཚོས་འདེད་རྡོ་རེད། སེམས་ཤུགས་འཕར་ནས་རྒྱུག་ཚེ། རང་ཉིད་རྩ་མེད་དུ་བཏང་བ་ལས་བོད་དོན་ལ་ནུས་བ་ཐོན་མི་ཐུབ། གཙོ་བོ་ལྡེ་མིག་འཛིན་མཁན་ནམ་འཇུག་རྡོ་འདེད་མཁན་ཚོ་འགུལ་སྐྱོད་བཏང་དགོས་ཀྱང་། བོད་ལ་དེ་ལྟར་བྱུང་མེད།

  28. BONPO says:
    2014-09-15 at 6:24 pm

    “When people vote on Thursday they are not just voting for themselves but for their children and grandchildren and the generations beyond”.

  29. ཅོ་རི་ཉི་མ། says:
    2014-09-16 at 3:36 am

    བློ་མཐུན་ཨ་ནི་ལགས། ལན་གནང་བར་བཀའ་དྲིན་ཆེ། གོ་ནོར་ཐེབས་པར་ཤེས་བྱུང་། ཀློ་དམག་སྒར་གཏོར་ནས་ཞི་བདེའི་རྟགས་མ་ཐོབ་པ་རེད། ཆུ་སྒང་གི་དཔའ་བོ་ཚོས་ལག་ཏུ་བལ་དང་འཕང་བཅུག་ནས་ཡ་ཕྱུག་བཟོ་གྲྭའི་ནང་དུ་བལ་འཁེལ་བཅུག་ནས་བཞག་ཡོད་པ་ངས་མིག་གིས་མཐོང་མྱངས་ཡོད། སེམས་སྐྱོ་ནས་མིག་ཆུ་ཤོར་མྱངས་ཡོད།

  30. ལུང་རྟོགས། says:
    2014-09-16 at 5:05 am

    ཁ་བའི་ཡུལ་གྱར་ལགས། ཁྱེད་རང་ནི་ཁ་ཅིག་གི་ནང་ནས་ལྕེ་གཉིས་རྐྱོང་མཁན་ཞིག་རེད་འདུག ཕྱོགས་ཅིག་ནས་འཐབ་བརྩོད་ཀྱི་བླ་སྲོག་ནི་སྙིང་སྟོབས་ཉམ་པ་མེད་པ་དེ་རེད་ཟེར། ཕྱོགས་གཞན་ཞིག་ནས་སྙིང་སྟོབས་ཆེ་ཤོས་ཀྱི་འཐབ་རྩོད་རང་སྲེག་ངོ་རྒོལ་དེ་ནོར་བ་རེད་ཟེར། ངོ་མ་མི་ཁྱོད་ཚོའི་སྐད་ཆ་ལ་གོ་རྒྱུ་ཞིག་མི་འདུག རང་སྲེག་ངོ་རྒོལ་ནི་ཞི་བའི་ངོ་རྒོལ་ཚད་མཐོ་ཤོས་ཤིག་ཡིན་པས་འདི་འཐབ་རྩོད་བྱེད་སྟངས་ནོར་བ་རེད་ཟེར་ན་དེ་ནི་འཐབ་རྩོད་ཀྱི་ཐབས་ཇུས་གང་ཡང་མི་ཤེས་པའི་རྟགས་རེད། ཁྱེད་རང་གི་རྒྱུ་མཚན་དེ་ཡང་རྒྱུ་མཚམ་ལྟར་སྣང་ཞིག་ཡིན་ཏེ། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་མི་རིགས་ཀྱི་བླ་སྲོག་འདི་དག་མེད་པ་བཟོ་བའི་ཐབས་བརྒྱ་ཇུས་སྟོང་མཐེན་བཞིན་པ་འདི་ནི་བོད་མི་རིགས་རྩ་མེད་འགྲོ་བའི་ཉེན་ཁ་ཆེ་ཤོས་དེ་ཡིན་པ་ལས། རང་སྲེག་བྱས་ནས་བོད་མི་རིགས་རྫོགས་འགྲོ་བའི་སེམས་ཁྲལ་ནམ་ཡང་མི་དགོས་པ་རེད། གཞན་ཡང་རང་སྲེག་དང་འབྲེལ་ནས་བཙན་བྱོལ་གཞུང་ལ་ཁག་ངན་ཞིག་གཡོག་ཐབས་བྱས་འདུག་པ་འདི་ནི་དྲ་འབུ་ཚོའི་རྒྱུན་ལྡན་གྱི་བྱ་སྤྱོད་ཅིག་ཡིན་པས་ལེན་འདེབས་དང་གསལ་བཤད་གང་ཡང་བྱེད་འདོད་མ་བྱུང་། མགོ་འདོག་མཁན་ནི་རྒྱ་གཞུང་གི་དངུལ་ལེན་ནས་རྟག་པར་ནང་ཁུལ་ལ་འབར་ཤ་སྐུར་འདེབས་བྱེད་སྡད་མཁན་དེ་ཚོ་རེད་ལ་བོད་དོན་ཚོང་རྫས་བྱེད་ནས་སྒེར་གྱི་ཁེ་ཕན་སྒྲུབ་མཁན་ཡང་དེ་ཚོ་ཡིན་པ་ཤེས་པར་གྱིས།

  31. ཅོ་རི་ཉི་མ། says:
    2014-09-16 at 5:18 am

    ཨེ་་་་ལུང་རྟོགས་་་་དགའ་ལྡན་ཕོ་བྲང་གིས་མི་ལོ་༤༠༠་ཡི་རིང་དུ་བོད་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་པའི་དུས་སུ་བོད་ཡིག་འབྲི་ཤེས་མཁན་མང་ངམ་་་རྒྱ་གུན་ཁྲན་གྱིས་བོད་རྒྱལ་ཁབ་ལ་དབང་སྒྱུར་བྱས་ནས་མི་ལོ་དྲུག་བཅུའི་རིང་དུ་བོད་ཡིག་འབྲི་ཤེས་མཁན་མང་།

    བཙན་བྱོལ་ནང་དུ་མི་ལོ་ལྔ་བཅུའི་རིང་དུ་བོད་མི་རིགས་ཀྱི་སྐད་ཡིག་ནང་དུ་འཇིག་རྟེན་འཚོ་གནས་ལ་ཕན་པའི་ཁྱད་ལས་རིག་གནས་སྣེ་གཅིག་ནང་འདྲེན་མ་བྱས་དོན་བོད་ཡིག་རྩ་མེད་བཟོ་དགོས་བསམས་པ་ཨེ་ཡིན། མི་ཚེ་སྐྱེལ་རྐྱེན་གྱི་རིག་གནས་མེད་པའི་སྐད་ཡིག་ཞིག་འཛམ་གླིང་ཐོག་ཏུ་གནས་མི་ཐུབ་པ་ལོང་བས་བལྟས་ཀྱང་རྒྱལ་ཁམས་གསལ་བསྡད་ཡོད་པ་མིན་ནམ། མཁས་དབང་ཁྱོད་ཚོས་མཁྱེན་པ་ག་ལ་སྲིད།

  32. ལུང་རྟོགས། says:
    2014-09-16 at 5:35 am

    བློ་མཐུན་ཅོ་རི་ནི་བློ་མཐུན་རང་རེད། ཡང་རྒྱ་གུང་ཕྲན་གྱི་རྒྱབ་ལ་ལོང་ཡོང་གི་འདུག་ག ཧཧཧ སྤྱིར་ཤེས་རིག་གོང་འཕེལ་བྱུང་བ་འདི་ནི་འཛམ་གླིང་སྤྱི་ཡི་འཕེལ་ཕྱོགས་ཤིག་ཡིན་པས་བོད་ཀྱི་ཤེས་རིག་གོང་འཕེལ་ཡང་འདི་ལས་མ་འདས་པ་རེད། སྤྱི་ཚོགས་གསར་རྙིང་སྡུར་ནས་ཤེས་རིག་གི་འཕེལ་ཕྱོགས་གླེང་བ་ནི་ལྐུགས་རྟགས་སྟན་པ་རང་རེེ། དོན་ངོ་མ་རྒྱ་གུང་ཕྲན་གྱིས་བོད་ཀྱི་སྐད་ཡིག་གོང་འཕེལ་ཐད་ལ་བྱ་བ་ཅི་ཞིག་སྒྲུབ་མྱོང་བ་རེད་ཅིག་གསུང་དང་དེ་ནས་ལྟ་ཆོག་གི་རེད། གཉིས་ནས་མི་ཚེ་སྐྱེལ་རྐྱེན་ཞེས་པ་དེ་ཁ་ཟས་རྒྱབ་གོས་ཅིག་པུ་ལ་ཟེར་བ་ཡིན་ན་ནི་ཧ་ཅང་བློ་རྒྱ་ཆུང་སོང་བ་རེད། མི་ཚེ་སྐྱེལ་བ་ལ་མེད་དུ་མི་རུང་བ་ནི་བདེ་སྐྱིད་རེད་ལ། བདེ་སྐྱིད་ཀྱི་གཙོ་བོ་ཡང་ནང་སེམས་ཀྱི་ཞི་བདེ་རེད། ནང་སེམས་ཀྱི་ཞི་བདེ་སྒྲུབ་བྱེད་ཀྱི་ཐབས་མཆོག་བླ་ན་མེད་པ་ནི་བོད་རྒྱུད་ནང་ཆོས་འདི་ཡིན་པ་ཡོངས་གྲགས་རེད་ལ། འདི་ནི་བོད་ཀྱི་སྐད་ཡིག་གི་ནང་དུ་ཡོད་པའི་རིན་ཐང་བྲལ་བའི་ནོར་བུ་ཞིག་ཡིན་པས་སེམས་ཡོད་སུ་ཞིག་གིས་བོད་ཀྱི་སྐད་ཡིག་ལ་གུས་པར་མི་བྱེད།

  33. ཅོ་རི་ཉི་མ། says:
    2014-09-16 at 5:51 am

    ལུང་རྟོགས་ལགས། དྲང་བདེན་ཐལ་བས་བཀབ་ནུས་ཀྱིན་མ་རེད་ཅེས་ངས་ཁྱོད་ལ་མང་པོ་བཤད་ཡོད། འཛམ་གླིང་གི་ཤེས་རིག་དང་ལག་རྩལ་དར་རྒྱས་སོང་བའི་དེང་རབས་ནི་དགའ་ལྡན་ཕོ་བྲང་གི་དེང་རབས་ནང་དུ་རེད། དེང་རབས་དེའི་ནང་དུ་གནམ་གྲུ་བཟོས་ཡོད། མེ་འཁོར་དང་རླངས་འཁོར་བཟོས་ཡོད། ཚན་རིག་ཡར་རྒྱས་ཕྱིན་པའི་དེང་རབས་རེད། དགའ་ལྡན་ཕོ་བྲང་གིས་ག་རེ་བྱས་མྱངས་ཡོད་དམ།

    ཁྱོད་ཚོས་བོད་ཀྱི་བླ་མའི་ཆོས་ལུགས་འདིས་ནང་གི་ཞི་བདེ་བསྐྲུན་ཡིན་ཟེར་བ་ལ་བདེན་ཁ་སྤུ་ཙམ་མེད། བླ་ཆོས་འདིས་བོད་མིའི་ནང་སེམས་ཀྱི་ཞི་བདེ་བརླགས་ཡོད། དམྱལ་བ་ལ་ལྷུང་གི་བསམས་ནས་སྐྲག་སྐྲག་གྱིས་ཉིན་མཚན་མེད་པར་མ་ཎི་འདོན་གྱི་ཡོད། ཞི་བདེ་བག་འཕེལ་གྱི་ཐོག་ནས་བསྡད་མེད།

    བོད་ཕྲུ་གུ་ཆུང་ཆུང་ཚོ་རྒྱལ་ཁབ་གཞན་ཕྲུ་གུ་ཚོ་དང་མི་འདྲ་པར་མཚན་མོར་གཅན་གཏོང་མཁན་འགྲོ་མི་ནུས། འདྲེ་ལ་སྐྲག་སྐྲག་གྱིས་རེད། ཁྱོད་ཚོའི་བླ་ཆོས་འདིས་བོད་མི་རིགས་ཀྱི་སེམས་ཀྱི་ཞི་བདེ་བརླགས་བཅུག་ཡོད་པ་ལས་བསྐྲུན་མེད། དངོས་ཡོད་གནས་ཚུལ་ཡིན། མ་ཟད་ཆོས་དམག་བརྒྱབས་ནས་ཡུལ་ལུང་ཞི་བདེ་མེད་པ་བཟོས་ཡོད། དེང་སང་ཡང་ལྷ་འདྲེ་རྩོད་ནས་བཙན་བྱོལ་བོད་མིའི་ནང་དུ་ཞི་བདེ་མེད་པ་བཟོ་བཞིན་པའི་སྒང་ཡིན། ཁྱོད་ཚོ་ལ་ཞི་བདེ་བཤད་པའི་ཐོབ་ཐང་མེད།།

  34. ལུང་རྟོགས། says:
    2014-09-16 at 6:10 am

    ཅོ་རི་བློ་མཐུན། ཁྱེད་རང་ནི་ཧམ་བཤད་ལ་བྱང་སོང་བས་ནམ་ཡང་སྐད་ཆ་བཤད་སྟངས་འདི་འདྲ་རེད། དགའ་ལྡན་ཕོ་བྲང་གི་དུས་རབས་ལ་ནུབ་ཕྱོགས་པ་ཡར་རྒྱས་སོང་བ་རེད་ཟེར་ན་ཡིན་སྲིད་ཀྱང་འཛམ་གླིང་གི་ཤེས་རིག་ལག་རྩལ་ཡར་རྒྱས་ཟེར་ན་ཧམ་བཤད་རང་རེད། རྒྱ་ནག་གིས་བོད་ལ་དམག་དྲང་སྐབས་མེ་མདའ་དེ་ཚོ་ཡང་ཨོ་རོ་སུ་ནས་རོག་རམ་བྱས་པ་ལས་རྒྱ་ནག་རང་ལ་མེད་པ་རེད། འོན་ཀྱང་ད་ཆ་རྡུལ་ཕྲན་མཚོན་ཆ་བཟོ་ཐུབ་པའི་ཚད་ལ་སླེབས་ཡོད་པ་རེད། བོད་ཀྱང་གཞན་གྱི་དབང་བསྒྱུར་འོག་ལ་ཤོར་སོང་བ་མ་བཏོགས་ད་ལྟ་ཅི་འདྲ་ཞིག་ཆགས་ཡོད་མེད་ཚོད་དཔག་ཐུབ་པ་ཞིག་རེད། སངས་ཆོས་ཀྱིས་ནང་སེམས་ཀྱི་ཞི་བདེ་བརླག་པ་རེད་ཟེར་ན་ཁྱེད་རང་གིས་ཁ་ནས་གང་ཐོན་བཤད་ཆོག་ཀྱང་དེ་ལ་ངོས་འཛིན་དང་རྒྱབ་སྐྱོར་བྱེད་མཁན་ཞིག་ནི་རེ་ཟུང་ལས་ཡོང་མི་སྲིད་པ་མཐོང་ཆོད་རེད། ཁྱོད་ཚོ་དམར་ཤོགས་པའི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཀྱང་ཉེ་ཆར་ཧྥ་རན་སི་ནས་སངས་ཆོས་ལ་འཛིན་པའི་ལྟ་ཚུལ་གསུངས་པ་མ་ཐོས་སམ། འདྲེ་དང་དམྱལ་བ་སོགས་བཤད་མཁན་ནི་སངས་ཆོས་ཅིག་པུ་ག་ལ་ཡིན། ཆོས་ལུག་ཕལ་མོ་ཆེས་ལྷ་འདྲེ་དང་དམྱལ་བ་བཤད་ཀྱི་ཡོད་པ་རེད་ལ། དེས་སེམས་ཀྱི་ཞི་བདེ་དཀྲུག་པ་ཟེར་བ་དེ་ཡང་བདེན་པ་མ་རེད། འདི་ཚོ་སེམས་ཀྱི་ཞི་བདེ་དཀྲུག་བྱེད་ཡིན་ན་རྒྱལ་ཁབ་ཀྱི་ཁྲིམས་ལུག་ཞེས་པ་དེ་ཡང་སེམས་ཀྱི་ཞི་བདེ་དཀྲུག་བྱེད་ཅི་ལ་མིན་ཏེ། འཇིགས་ཤིང་སྐྲག་པ་མཚུངས་པས་སོ།།

  35. ཅོ་རི་ཉི་མ། says:
    2014-09-16 at 6:29 am

    ཧེ་ཧེ་་་སྲིད་འཛིན་ཞིང་ཅན་ཕིང་གྱིས་སྐད་ཆ་དེ་དག་ཏྭ་ལའི་བླ་མ་མགོ་སྐོར་ཆེད་དུ་རེད། མ་གཏོགས་སངས་ཆོས་ཀྱིས་རྒྱ་ནག་གི་མི་ཡི་ཀུན་སྤྱོད་ཡར་རྒྱས་གཏོང་མི་ཐུབ་པར་རྒྱ་ནག་པས་སྔར་མོ་ནས་ཤེས་ཀྱི་ཡོད་རེད།། བོད་པའི་དགོན་སྡེ་ཁག་རུལ་སུངས་ཅན་དུ་འགྱུར་བསྡད་ཡོད་པ་མིག་གིས་མཐོང་གི་ཡོད་རེད། ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་མཐོ་སློབ་ནང་དུ་རྒྱ་ནག་པའི་རྒྱ་རྒན་ཁུང་ཙི་ཡི་ཀུན་སྤྱོད་རིག་པ་སློབ་ཁྲིད་བྱས་ཀྱི་ཡོད་པ་ལས་བོད་པའི་སངས་ཆོས་སློབ་ཁྲིད་བྱས་ཀྱི་མེད་པ། འདིས་ག་རེ་མཚོན་པ་རེད་དམ།

    ཞིང་ཅན་ཕིང་ལགས་ཕག་གསོའི་ཁྱད་ལས་སློབ་སྦྱོང་བ་ཞིག་རེད། རྒྱ་ནག་མི་དམངས་ཀྱི་འཚོ་གནས་ཐོག་ཏུ་ཐུགས་བསམ་ཡག་པོ་བཞེས་མཁན་ཞིག་ཡིན་པའི་རྟགས་རེད།

    གཉིས་པ། རྒྱ་དམག་གྱིས་བོད་ལ་དམག་བརྒྱབས་སྐབས་སུ་གནམ་གྲུ་དང་མོ་ཊ་བཏང་ནས་བསླེབས་པ་རེད་ད། དགའ་ལྡན་ཕོ་བྲང་ལ་རྐང་འཁོར་ཙམ་ཡང་ཡོད་པེ།་་་ཧཧཧ ཧམ་པ་རང་རེད།

  36. ལུང་རྟོགས། says:
    2014-09-16 at 6:49 am

    ཧཧཧ ད་ཅོ་རིས་སྐད་ཆ་ལ་སྐྱག་དྲི་ཁ་བྱུང་། ཞི་ཅིན་ཕིན་གྱིས་ཏ་ལའི་བླ་མའི་ངོ་སྲུང་ཆེད་སངས་ཆོས་ལ་བསྟོད་ར་བཏང་བ་རེད་ཟེར་བ་ཨེ་ཡིན། དེ་འདྲའི་བསྟན་བཤིག་ལ། དེང་སངས་རྒྱ་ནག་མི་མང་ས་ཡ་མང་མང་པོ་སངས་ཆོས་ཀྱི་རྗེས་སུ་འཇུགས་དང་འཇུག་བཞིན་པ་འདི་སངས་ཆོས་ཀྱིས་རྒྱ་ནག་མི་མང་གི་ཀུན་སྤྱོད་ཡར་རྒྱས་གཏོང་མི་ཐུབ་ཤེས་བཞིན་དུ་འཇུག་པ་ཨེ་རེད། དེང་སང་བདུན་ཕྲག་རེ་རེ་བཞིན་རྒྱ་མི་མང་པོ་རྡ་རམ་ས་ལར་རྒྱལ་བ་རིན་པོ་ཆེ་མཇལ་ཁར་བཅར་ནས་རྒྱ་ནག་མི་མང་གི་ཀུན་སྤྱོད་ཉམ་ཆག་ཕྱིན་པ་འདི་ཡར་རྒྱས་འགྲོ།བའི་རེ་བ་བོད་རྒྱུད་ནང་བསྟན་ལ་བཅོལ་ཡོད་ཅེས་མིག་ཆུ་དང་ལྷན་དུ་ཞུ་བཞིན་པ་འདི་ཅི་རེད། ནུབ་ཕྱོགས་མཐོ་སློབ་ཁག་ཏུ་ཁུང་རྩིའི་ལྟ་གྲུབ་སློབ་བཞིན་པ་ནི་རྒྱ་གཞུང་གིས་རང་གི་ལྟ་གྲུབ་ཁྱབ་སྤེལ་གཏོང་ཆེད་དཔལ་འབྱོར་གྱིས་བསླུ་བྲིད་བྱས་ནས་བྱུང་བ་ལས་ལྟ་གྲུབ་དེ་རིན་ཐང་ཆེ་ནས་བྱུང་བ་ཅང་མ་རེད་ལ། དེང་སྐབས་ནུབ་ཕྱོགས་པས་རྒྱ་ནག་གི་གཡོ་ཇུས་ཧ་གོ་ནས་ཁུང་རྩིའི་ལྟ་གྲུབ་ལ་དམ་བསྒྲགས་བྱེད་བཞིན་པ་རེད། རྒྱ་ནག་གིས་བོད་ལ་དམག་རྒྱག་སྐབས་ཀྱི་མོ་ཊ་དང་གནམ་གྲུ་ཐ་ན་མེ་མདའ་ཡན་ཆད་སུ་ལེན་གྱིས་རོག་བྱས་པ་ལས་རྒྱ་གཞུང་རང་གིས་བཟོས་པ་ཞིག་མ་རེད།

  37. ཅོ་རི་ཉི་མ། says:
    2014-09-16 at 6:58 am

    ལུང་རྟོགས་་་་སངས་ཆོས་ཀྱིས་མི་ཡི་ཀུན་སྤྱོད་ཡར་རྒྱས་གཏོང་ཐུབ་ན་་་དགོན་སྡེ་རུལ་སུངས་ཅན་དང་བླ་སྤྲུལ་རྫུན་རྐྱལ་བ་དེ་དག་གི་ཀུན་སྤྱོད་ཡར་རྒྱས་ཐོངས་། རྡ་ས་བསླེབས་པའི་རྒྱ་དམར་དེ་དག་བོད་ཟ་ཆེད་དུ་བསླེབས་པ་ཡིན་པར་ཤེས་པ་བྱོས།

  38. ལུང་རྟོགས། says:
    2014-09-16 at 7:11 am

    ཧཧཧ ད་ཅོ་རི་ལ་བཤད་རྒྱུ་རྫོགས་སོང་བ་འདྲ། དགོན་སྡེ་རུལ་སུང་དང་བླ་སྤྲུལ་རྫུན་རྐྱལ་ཡིན་མིན་ནི་ཚང་མས་ཤེས་ལེ་རེད། ཁྱོད་ཅོ་རི་མ་དགའ་ན་ཡང་རང་སྡུག་རེད། བོད་ཟ་ཚར་དུས་ཡང་བསྐྱར་ཟ་འདུག་རྒྱུ་ཅི་ཡོད། ཧཧཧ

  39. ཅོ་རི་ཉི་མ། says:
    2014-09-16 at 7:17 am

    སྤྱི་ལོ་༡༨༦༤ལོར་རྒྱ་ནག་ནང་དུ་མེ་འཁོར་ཐོག་མ་འགོ་བཙུགས་པ་རེད། མེ་ཊ་༦༠༠་འགྲོ་ཐུབ་པའི་མེ་འཁོར་ཞིག་རེད། དེ་ཡང་རྒྱ་ནག་དུ་བཟོས་པ་མ་ཡིན་པར་ར་ཤུ་ཡ་ནས་ཁུར་བསླེབས་པ་ཨེ་རེད་ལུང་རྟོགས་ལགས། དགའ་ལྡན་ཕོ་བྲང་གི་དེང་རབས་ནང་དུ་རྒྱ་ནག་ལ་ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་ཡོད། མེ་འཁོར་དང་གནམ་གྲུ་སོགས་བསླེབས་ཡོད། བཟོ་གྲྭ་ཧང་ཅང་མང་པོ་ཡོད།་་་་ཧཧཧ

  40. ཅོ་རི་ཉི་མ། says:
    2014-09-16 at 7:21 am

    བོད་ཟ་ཚར་ཟེར་དུས་ཁ་མཆུ་རྒྱག་མཁན་གཅིག་ཀྱང་མེད་པ་ཆགས་ཚར་དུས་ཟ་ཚར་ཟེར་བ་རེད། ད་ལྟ་བོད་ལ་ཕྱེད་རང་བཙན་ཡོད་རེད་ད། ཁ་མཆུ་རྒྱག་མཁན་ཡོད་རེད་ད། ཁ་མཆུ་འགྲོ་བཞིན་པ་རེད་ད།

    xxxx

  41. ལུང་རྟོགས། says:
    2014-09-16 at 7:48 am

    ཧཧཧ ད་ཁུང་སྐྱེལ་མེད་པའི་གཏམ་ཉོག་དེ་ཚོ་ཉན་ལོང་མེད་དོ། ཕྱེད་རང་བཙན་ཟེར་བ་དེ་ཁྱེད་ཅོ་རིའི་རང་བཙན་དེ་ཡིན་འགྲོ། བོད་གངས་ཅན་པའི་རང་བཙན་ནི་ཤོར་ཚར་བ་རེད། རང་བཙན་ཟེར་མཁན་ཚོའི་ཁ་མཆུ་རྒྱག་ས་ནི་ནང་ཁུལ་ལ་རེད་འདུག ད་རྒྱ་གཞུང་ལ་རང་བཙན་གྱི་ཁ་མཆུ་རྒྱག་མཁན་སུ་ཡོད་པ་ཡིན་ནམ། ང་ལྟ་བུ་བོད་ཞེན་ཅན་རྣམས་ཀླད་མེད་དང་རྒྱ་དངུལ་ཟ་མཁན་རྣམས་ཀླད་ཡོད་ཡིན་ན། གནམ་གོ་ལོག་གི་ཉི་ཟླ་ནུབ་ནས་ཤར། ས་གོ་ལོག་གི་རྩི་ཤིང་བྲག་ལ་སྐྱེས་སོང་བ་རེད་ད།

  42. ཅོ་རི་ཉི་མ། says:
    2014-09-16 at 7:58 am

    བོད་གངས་ཅན་པའི་མི་རྒན་ལྷག་བཟང་ཚེ་རིང་མཆོག་གིས་བོད་རང་བཙན་གྱི་གོམ་པ་དང་པོ་རྡ་ས་ནས་འགོ་འཛུགས་དགོས་ཟེར་བའི་བཀའ་མོས་ལ་གོ་རྒྱུ་ཆེན་པོ་ཡོད་རེད་ད། ཨོ་ཡ་་་་ཉན་ལོ་མེད་ཕེབས་རོགས་བྱོས། དབྱེན་དཀྲུགས་འདྲ་དང་ལྐོག་ཟ་འདྲ་བྱེད་མཁན་རྒྱུགས།་་་ཧཧཧ

  43. སྤོབས་པ་མཐའ་ཡས། says:
    2014-09-16 at 8:05 am

    རྒྱ་ནག་གི་ནང་དུ་སངས་ཆོས་ལ་དད་པ་བྱེད་མཁན་ནམ་དོ་སྣང་བྱེད་མཁན་ཇེ་མང་ལ་འགྲོ་གི་ཡོད་པ་དེ་ཧ་ལས་དགོས་པ་ཞིག་རེད་འདུག ལོ་རེ་བཞིན་དུ་རྐང་འཁོར་དང་ཡང་ན་རྐང་ཐང་ལ་ཁྲིན་ཏུ་ནས་ལྷ་སར་གནས་སྐོར་དུ་འགྲོ་མཁན་འབུམ་གསུམ་བཞི་རེ་ཡོད་ཚུལ་འདུག དགོན་པ་གྲྭ་ཚང་ལ་འབུལ་བ་བྱེད་མཁན་མང་དྲགས་ནས་རི་བོ་རྩེ་ལྔ་དང་། པེ་ཅིང་གི་དགོན་སྡེ་ཁག་གི་གྲྭ་བ་ཚོས་དངུལ་བདག་གཉེར་བྱེད་པའི་བྲེལ་ཟིང་གི་ཁྲོད་དུ་ལྷུང་ནས་ཆོས་ཉམས་ལེན་ལ་བར་ཆད་འཕྲད་ཡོད་ཚུལ་འདུག

  44. སྤོབས་པ་མཐའ་ཡས། says:
    2014-09-16 at 8:24 am

    རྒྱ་ནག་ནང་གི་གྲོང་ཁྱེར་ཆེ་ཁག་ཏུ་ཡང་རླངས་འཁོར་ནང་དུ་དམ་ཆོས་ཀྱི་འཁོར་ལོ་རང་འཁོར་དང་།སྲུང་མདུད། ལྷ་སྐུ་སོགས་འཇོག་མཁན་གྱིས་རླངས་འཁོར་ནང་དུ་བརྒྱ་ཆ་གང་འཚམས་ཟིན་གྱི་ཡོད་ཡོད་པ་ལྟ་བུ་དང་། རྒྱ་མི་ཚོའི་ཁྲོད་དུ་རྐེ་ལ་འཕྲེང་བ་གོན་མཁན་ནི་རྒྱུན་དུ་མཐོང་དུ་ཡོད་པ་ཞོག་རེད་འདུག བོད་ཀྱི་བླ་གྲྭ་དགོན་སྡེ་ཚོ་ཕར་ཞོག་རྒྱ་ནག་ཏུ་བོད་ཀྱི་ནང་ཆོས་དང་འབྲེལ་བའི་ཅ་དངོས་འཚོང་མཁན་ཚོར་ཡང་ཤོག་དངུལ་ཆར་བ་འབེབས་འབེབས་རེད་ཟེར།

  45. ཅོ་རི་ཉི་མ། says:
    2014-09-16 at 8:25 am

    ཕྱོགས་གཅིག་ནས་རྒྱ་ནག་པ་ལ་དངུལ་ལས་བསམས་ཀྱི་མེད་པའི་དེང་རབས་ཐབས་སྡུག་ཞིག་ཡིན་རབས་དང་། ཕྱོགས་གཞན་ཞིག་ནས་རྒྱ་མི་སངས་ཆོས་ལ་དད་པ་བྱེད་མཁན་མང་དྲགས་ནས་དགོན་སྡེ་ཁག་གི་དངུལ་བཞག་ས་མི་རེག་པའི་དཀའ་ངལ་ཡོད་ཚུལ་བཤད་པ་དེ་དག་གི་ནང་དུ་ནང་འགལ་གྱི་སྐད་ཆ་འདུག

    བོད་ལ་རྒྱ་མི་ཆོས་དད་པ་འབུམ་གསུམ་བསླེབས་ཡོད་ན་མང་པོ་ཅང་མ་རེད། མི་འབོར་གྱི་ཐོག་ནས་བལྟས་པ་ཡིན་ན་རྒྱ་མི་ཡ་ས་གཅིག་སྟོང་ཉིས་བརྒྱ་ཡོད། རྒྱ་མི་ས་ཡ་ཕྱེད་ཀའི་ནང་ནས་མི་གཅིག་བསླེབས་པ་རེད། སངས་ཆོས་ལ་དད་པ་བྱེད་མཁན་རྒྱ་ནག་པ་མང་པོ་ཡོད་ནའང་ཧང་སང་དགོས་པ་ཅི་ཡོད།

    གུན་ཁྲན་མ་བསླེབས་པའི་སྔོན་དུ་རྒྱ་མི་བརྒྱ་ཆ་དགུ་བཅུ་ཡིས་སངས་ཆོས་ལ་དད་པ་བྱས་པ་རེད། ག་རེ་ཧང་སང་ཡ་འདུག རྒྱའི་གོང་མ་རྣམས་སངས་ཆོས་ལ་དད་པ་བྱས་མཁན་རེད་བ། འཇམ་པའི་དབྱངས་ཀྱི་སྤྲུལ་པ་རེད་བ། ག་རེ་ཕན་ཐོགས་བྱུང་ངམ། ཧཧ

  46. མིག་བརྒྱད་པ། says:
    2014-09-16 at 9:07 am

    ཆེད་རྩོམ་བཀླགས་ཟིན། གདུག་རྩུབ་ཆེ་བའི་ཁ་ཆེའི་དྲག་སྤྱོད་པར་དཔེར་བལྟ་བ་ནི་རྦད་དེ་ནོར་བ་རེད། ཡིན་ཡང་ཁ་ཆེ་བ་ཚོས་ནམ་ཡང་རང་གི་ཆོས་ལུགས་ལ་ནམ་ཡང་ཁ་མི་གཏོང་། རང་གི་ཆོས་ལུགས་ལ་ངན་སྨོས་དང་ཁག་གཏོང་མཁན་ནི་བོད་པ་རེད། ཁ་རུ་ཁར་ཐུག་གིས་བཤད་ན་མི་འདི་ཚོས་ཁ་ནས་བཤད་པ་དང་ལག་ནས་བྲིས་བྲིས་ཚང་མ་རང་གི་ཆོས་ལུགས་མ་འགྲིག་པ་དང་ཐུ་རབས་རྐྱང་རྐྱང་རེད། ངོ་མ་ཐབས་སྡུག་རེད་ཡ།

  47. གནམ says:
    2014-09-16 at 9:36 am

    ཁྱི་རྒན་རེ་གཉིས་ཟུག་པ་ལ་བློ་ཕམ་དགོས་བ་ཞིག་དང་། ཡ་ང་བ་དེ་འདྲ་གནང་དགོས་ནི་མ་རེད། བསྟན་པ་ནི་སར་དར་རྡོར་དར་རེད། དེ་ནི་སྟོན་པ་བཀའ་དྲིན་ཅན་གྱིས་གནང་བའི་ཆོས་དེ་ཡི་གོ་དོན་ལ་མ་སེམས་ཅན་ལ་སེམས་ཐག་ཉེ་བས་རེད། ཤར་ཕྱོགས་ཚང་གིས་ནུབ་ཕྱོགས་ལ་ངོམ་སོ་ཞིག་བྱེད་ན་འདི་ལས་ལྷག་པས། མེ་འཁོར་དང་རླང་འཁོར་བཟོ་སྟངས་ཞིག་ངོམ་ཡ་མེད་པ་དུད་འགྲོ་ཚོགས་བསགས་ཅན་ཞིག་ཡིན་ན་ཡང་ཤེས་ས་རེད།

  48. ཨ་ནུ་ཐང་བསོད་ནམས། says:
    2014-09-16 at 5:24 pm

    རྣམ་དཔྱོད་ལྡན་པའི་ཅོ་རུ་དང་སྤོབས་མཆོག་མཐའ་ཡས། གཞོག་གཡག་དང་བོན་པོ་སོགས་ཀྱིས་དགོངས་ཚུལ་གསུངས་བར་ཐུགས་རྗེ་ལེགས་འབུལ་ཡོད།
    ཁག་ཅིག་གིས་རང་ལུས་མེ་མཆོད་འདི་སངས་ཆོས་ཀྱིས་བོད་རིགས་སྡར་མར་མ་སྒྱུར་བའི་རྟགས་མཚན་དུ་འདོད་ཀྱང་། ཕྲན་གྱིས་དེ་ལྟར་ངོས་ལེན་བྱེད་མི་ཐུབ། རང་ལུས་མེ་མཆོད་ཀྱི་དཔའ་ངར་འདི་དག་སངས་ཆོས་ཀྱིས་སྤྲད་པ་མིན་པ། བོད་བཙན་པོའི་གདུང་རྒྱུད་ནས་ཆད་པའི་དཔའ་རྒོད་གྱི་ནུས་སྟོབས་ལྷག་འཕྲོ་དག་རེད། སངས་ཆོས་ཀྱིས་བོད་ཀྱི་བསམ་བློའི་གཙོ་འཛིན་དང་ལྡེར་མིག་འཛིན་མཁན་རྣམས་དམ་དུ་བཏགས་པས། དཔའ་རྒོད་འདི་གིས་རང་ཉིད་རྩ་མེད་བཏང་བ་ལས་གཞན་གྱི་བགྲོ་ལམ་མེད་པ་གྱུར་ཕྱིན། འུ་ཐུག་གི་ཐབས་འདི་བདམས་ཤིང་། འདི་ལས་ལྷག་ཅིག་བྱེད་མ་ཐུབ་པ་ནི། སངས་ཆོས་ཀྱིས་ཁོང་ཚོའི་མི་ཚེ་ལ་ཚོད་འཛིན་ཐེབས་པས་རེད། གལ་སྲིད་དེ་ལྟར་མིན་ན། དཔའ་རྒོད་འདི་དག་གིས་བོད་དོན་ལ་འདི་ལས་ལྷག་གི་ལེགས་སྐྱེས་འབུལ་ཐུབ་ངེས་རེད།

    རྒྱ་ནག་ནང་སངས་ཆོས་བྱེད་མཁན་ཅུང་མང་དུ་འགྲོ་བ་ནི་ཡ་མཚན་སྐྱེས་རྒྱུ་མེད་ལ། དེ་བཞིན་ཡི་ཤུ་དང་ཁེ་ཆེ། ཏོ་ཅོ་སོགས་བྱེད་མཁན་ཡང་དུ་འགྲོ་བཞིན་ཡོད། རྒྱུ་མཚན་ནི་གཞུང་གིས་དེ་དག་དར་བ་ལ་རིག་གསར་གྱི་སྐབས་ལྟར་འགོག་རྐྱེན་མེད་པས་རེད། ཡིན་ཡང་། ཆོས་ལུགས་འདི་དག་གནས་ཡུལ་གྱི་ཡལ་གྲུ་ཁག་ཏུ་ཆོས་ལུགས་དེ་དག་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་ལ། མང་པོ་ཞིག་ཆོས་མེད་པ་དང་། ཆོས་ཡོད་མེད་ཁྱད་མེད་དུ་ལྟ་བུ་རིས་མེད་པ་ལ་འགྱུར་བཞིན་ཡོད། འདི་དག་ནི་གོ་ལ་གཅིག་གྱུར་གྱི་མཚོན་གལ་ཆེན་ཞིག་ལས་སངས་ཆོས་ལ་དམིགས་བསལ་གྱི་བཀྲ་ཤིས་བའི་དོན་བཟང་ཁོ་ན་མིན། ཡིན་ཡང་། ཆོས་དཔོན་ཁག་ཅིག་གིས་རྒྱ་ནག་ཏུ་དེ་ལྟར་མཐོང་བ་ནི། ཁོང་ཚོའི་གམ་དུ་ཡོང་མཁན་ཀུན་སངས་ཆོས་ལ་དགའ་ཞེན་ཡོད་མཁན་དང་། དོགས་སྣང་ཡོད་མཁན་ཁོ་ན་ཡོང་བས། རྒྱ་ནག་ནང་དེ་ལྟར་མང་བ་འདོད་པས་རེད། དེ་ནི་ཡི་ཤུ་ཆོས་ལུགས་སྤེལ་མཁན་ཚོ་ལའང་དེ་ལྟར་ཡིན་པས་རེད། དོགས་སྣང་མེད་མཁན་ཞིག་ཁོང་ཚོའི་མདུན་དུ་ཡོང་གི་མ་རེད། ཡིན་ཡང་། དོན་དངོས་རྒྱ་ནག་ནང་སངས་ཆོས་ལྟ་ཅི། ཆོས་དད་ཡོད་མཁན་ཞིག་མི་སྟོང་གི་ཁྲོད་ནས་གཅིག་བཙལ་དགོས་ཀྱང་རྙེད་རྒྱུ་ཁག་པོ་རེད། མི་གྲངས་༩༩༩དང་མི་གྲངས་༡གཉིས་ལས་མི་གྲངས་༩༩༩ལ་རྒྱལ་ཁ་ཐོབ་ངེས་རེད། ལྷག་པར་དུ་ཆབ་ཁྲིད་ཀྱི་གར་སྟེགས་སྟེང་དུ་སྡོད་མཁན་གྱི་གནད་ཡོད་མི་སྣ་ཚོས་བོད་པ་སངས་ཆོས་ཡིན་པའི་ཁ་ངོ་ལ་བལྟས་ནས་གཅིག་སྤྲོད་ཡ་ཡོད་པ་འདོད་པ་ནི། ཉིན་མོའི་སྐར་མདའ་ལ་སྒུག་པའི་དཔེ་ལས་མ་འདས་སོ།

  49. བསྟན་འཛིན་རིགས་ལྡན་ says:
    2014-09-16 at 9:18 pm

    ༡༽སྡར་མར་བཟོ་བྱེད་ཡིན་ན་སངས་རྒྱས་ཀྱི་ཆོས་ཚུལ་མིན་དགོས་ལེ་རེད།
    ༢༽གུང་བྲན་གྱིས་བོད་བཙན་འཛུལ་བྱས་ནས་སྐད་ཡིག་གཅིག་པུ་བཤད་ན་རྩར་མེད་བཟོ་ཐབས་བྱས་ཡོད། འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་སྐད་ཡིག་རྩར་མེད་བཟོ་མཁན་གྱིས་བོད་ཀྱི་སྐད་ཡིག་ཡར་་རྒྱས་སྲུང་སྐྱོབ་པར་ལྟ་བ་ནི། ལོང་བ་རང་རེད་སྙམ། དེ་ལྟར་བྱུང་བ་ནི། པཎ་ཆེན་རིན་པོ་ཆེ་དང་བོད་རིགས་སྙིང་སྟོབས་ཅན་གྱི་བཀའ་དྲིན་ལས་བོད་ནང་བོད་པའི་སྐད་ཡིག་ལ་ཉེན་སྐྱོབ་ཐུབ་པ་མ་ཤེས་པར། རྒྱ་དམར་ཇག་པའི་འོག་རྩར་མེད་ལས་སྲུང་སྐྱོབ་ནམ་ཡང་བྱུང་མེད།
    ༣༽ ཁྱོད་ལ་རང་བཙན་དགོས་ཡས་གང་འདུག རྒྱ་དམར་ཇག་པའི་བཀའ་དྲིན་འོག་ཡར་རྒྱས་དང་བདེ་སྐྱིད་ཡོད་ན།
    བོད་ཟོས་ཀྱང་མིད་པར་བརྣངས་ཡས་དེ་སུ་ལ་བརྟེན་ནས་བྱུང་བ་རྒྱ་གུན་བྲན་དྲིན་ཅན་ཕ་མ་ལ་དྲིས་དང་ཁོང་ཚོས་ལབ་ངེས་རེད།
    ༤༽ ནང་ཆོས་ལ་བསྐྱར་སྦྱོང་བྱེད་དགོས་མཁན་འདུག ལྷན་རྒཡས་རྣམ་པ་སྐུ་ལས་ཏོག་ཙམ་བསྐྱོན་ན་ནང་ཆོས་ཡག་པོ་ཤེས་ཀྱི་རེད།

  50. མིག་བརྒྱད་པ། says:
    2014-09-16 at 11:14 pm

    མི་འདི་ཚོའི་བསམ་བློ་རིག་གནས་གསར་བརྗེའི་ནང་རྩ་བ་ཚུགས་ཤིང་རྩེ་མོ་འབུས་བ་ཡིན་པས་མིའི་རིན་ཐང་དང་རང་དབང་མི་ཤེས། ཁོ་ཚོའི་དམིགས་ཡུལ་ནི་གཞན་མ་ཡིན་པར་མི་རིགས་ཁ་ལ་གཡར་ནས་ཆོས་ལུགས་མི་དགོས་ཟེར་མཁན་དེ་རེད། ཁོ་ཚོས་རང་ངོ་དང་གཞན་ངོ་མི་ཤེས་པས་རང་གི་ཕ་མ་དང་སྤུན་ཟླ་ལ་ཡང་ཀླ་ཀློ་ཞེས་ངན་སྨོས་བརྗོད་པའི་སེམས་ཁམས་མི་གཙང་བའི་སྨྱོན་པ་ཏག་ཏག་རེད། གཞན་སྡེའི་ལྟ་ཚུལ་མཚོན་པའི་མི་སྣ་འདི་ཚོ་རྩོད་གཞིར་བཟུང་ནས་ཁྱོད་ཤི་ང་གསོན་གྱི་དགག་བཞག་བྱས་ནས་དམངས་གཙོ་དང་རང་དབང་གི་རྐང་ལག་འཆིང་བྱེད་ཀྱི་ལྕགས་སྒྲོག་དམ་པོར་བཅིངས་ཡོད། འདི་གཏོར་མ་ཐུབ་ན། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།།ཞེས་པ་ལྟར་ནད་དུག་དེ་ཁྱབ་ནས་མི་རིགས་རིག་གནས་ཀྱི་སྲོག་རྩ་གཅོད་ངེས་དང་མཐར་ལྷ་མིན་འདྲེ་མིན་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་རེད།

  51. མིག་བརྒྱད་པ། says:
    2014-09-16 at 11:23 pm

    ཆོས་སྲིད་གཉིས་ཉ་ཉུང་བསྲེས་ནས་དཔྱད་བརྗོད་ལ་རིན་ཐང་གང་ཡང་མི་འདུག་ཞུས། ཆོས་ཆོས་དང་སྲིད་སྲིད་ཁ་ཁར་བཞག་ནས་དཔྱད་ན་ཉ་བདེ་ཆུ་བདེ། བོད་པ་ཚང་གི་ཁ་ནང་ན་དགོན་པ་དང་གྲྭ་བ་བླ་མ་མ་གཏོགས་མེད་སོང་བ་ཨེ་རེད། འདི་ཡ་མཚན་ཞིག་རེད། ང་ཚོས་ངེས་བར་ནད་དུག་དེ་ངོས་ཟིན་དགོས།

  52. སྤོབས་པ་མཐའ་ཡས། says:
    2014-09-17 at 1:19 am

    ངས་ཁར་སང་དཔའ་བོ་དང་སྡར་མའི་དབྱེ་བ་དེ་གྲི་མཚོན་བཟུང་ནས་འཐབ་འཛིང་བྱེད་ཐུབ་དང་མི་ཐུབ་ཁོ་ནའི་ཐོག་ནས་འཇོག་གི་ཡོད་དམ་ཞེས་པའི་དོག་སློང་དེ་ལ་སུས་ལན་བརྒྱབ་མ་སོང་།
    ལུས་སྲོག་བློས་གཏོང་བའི་སློབ་གསོ་ནི་སངས་ཆོས་ལས་འབྱུང་སྟེ། དཔེར་ན། སྟག་མོ་ལུས་སྦྱིན་སོགས་ཀྱིས་སངས་ཆོས་ཀྱི་རྩ་དོན་ཆེད་དུ་ལུས་སྲོག་བློས་འདོར་རུང་བའི་བསླབ་བྱ་བརྒྱབ་འདུག
    སློབ་གསོ་གང་ཞིག་ཡིན་ན་ཡང་སྐྱོན་མེད་པ་ཞིག་ཁག་པོ་རེད། དེང་རབས་ཀྱི་སློབ་གསོ་ལ་ཡང་མཁས་པ་མང་པོས་ཤེས་ཡོན་གཡོག་སྒྱུར་ལམ་ལུགས་ཞེས་མིང་བཏགས་ཡོད་པ་ལྟ་བུ་རེད། བོད་དུ་སངས་ཆོས་ཀྱིས་ཆག་ཆེ་ཉམ་ང་ཆེན་པོ་ཞིག་ཁྱེར་ཡོང་མེད། ཆག་ཆེ་ཉམ་ང་ཆེ་ཤོས་དེ་ད་ལྟ་བོད་ཀྱི་བྱིས་པ་ཚང་མ་དེང་རབས་སློབ་སྦྱོང་གི་ལམ་ལུགས་ཀྱི་སྒྲོག་ཏུ་བཅུག་པ་དེས་བོད་ཟེར་བ་འཆི་ལམ་དུ་འདེད་བཞིན་ཡོད་པ་འདྲ། སྤྱིར་ན་ང་ནི་དེང་རབས་ཀྱི་སློབ་གསོ་ཟེར་བ་དེར་དོག་པ་ཇེ་ཆེར་འགྲོ་བཞིན་པའི་སྒང་ཡིན། ང་ཚོས་ཁ་བརྡ་ཞིབ་པར་བྱེད།

  53. དཔལ་དོན། says:
    2014-09-17 at 1:40 am

    སྤོབས་པ། དཔའ་བོ་ནི་གྲི་མཚོན་བཟུང་ནས་འཐབ་འཛིང་བྱེད་ཐུབ་མི་ཐུབ་ཀྱིས་ངོས་འཛིན་བྱེད་སྲོལ་དེ་སྤྱི་ཚོགས་རྙིང་པའི་སྐད་ཆ་རེད། དེའི་རྐྱེན་གྱིས་བཤད་སྲོལ་དུའང་དཔའ་ཡང་དག་རྩ་བ་གླེན་ཡིན་ཞེས་པ་བྱུང་བ་རེད། མདོ་ཁམས་དཔའ་བོའི་རྒྱུད་ལས་འཁྲུངས་ཟེར་སྲོལ་ཡོད་པ་ནི་མདོ་སྟོད་སྨད་ལ་བལྟས་ས་དབུས་ལ་ལྟོས་པས་སྤྱི་ཚོགས་ཀྱི་གོམས་སྲོལ་མ་ཆགས་པ་དང་། རིག་གནས་མ་དར་བར་དྲང་ཤེད་ཆེའི་རྟགས་སུ་བཤད་པ་རེད། གནའ་བོའི་སྤྱི་ཚོགས་མཚོན་པའི་རྒྱ་ནག་གི་གློག་བརྙན་ལ་གཟིགས་དང་། དམག་དཔོན་དང་འཐབ་མོ་བ་གྲགས་པོ་ཆེ་བ་དག་གི་སྣང་བརྙན་ཁ་རུ་ཁ་ཐུག་དང་། བསམ་བློར་འཁོར་རྒྱ་ཆེན་པོ་མེད་པར་དྲང་ཤེད་ཆེ་བར་བཞེངས་བསྐྲུན་བྱས་ཡོད་པ་རེད། འདི་དཔའ་བོའི་སྣང་བརྙན་རེད།

    ཡིན་ཡང་། བོད་ཀྱི་ཚིག་མཛོད་ཁག་ཏུ་དམངས་ཀྱི་ངོས་འཛིན་དང་མི་འདྲ་བར་གོ་བ་བླངས་ཆོག་པ། དུས་རབས་ཀྱི་དགོངས་པ་དང་མཐུན་པའི་གོ་བ་བླངས་ཆོག་པའི་དཔའ་བོ་ཡོད་ཆོག་པ་འདྲ། དེ་གང་རེད་ཞུས་ན་ཚིག་མཛོད་དུ་དཔའ་བོ་ནི་སྙིང་སྟོབས་ཅན་གྱི་མིང་ཞེས་འབྱུང་བས་སོ།། །།

  54. སྤོབས་པ་མཐའ་ཡས། says:
    2014-09-17 at 1:55 am

    ཨ་མེ་རི་ཁའི་གཞུང་སོགས་ཀྱིས་དྲག་སྤྱོད་པ་རུ་བསྒྲགས་པའི་ཁ་ཆེ་བ་གྲི་མཚོན་འཁྱེར་ནས་འཐབ་འཛིང་བྱེད་མཁན་ཚོ་དཔའ་བོ་ཡིན་པ་དང་། དེ་ལས་ལྡོག་པའི་ནང་ཆོས་པ་ཚོ་སྡར་མ་རེད་ཅེས་པ་དེ་རྩོམ་པ་པོ་འདིས་བཤད་ཀྱིན་ཡོད་པ་འདྲ་བས་ང་དང་ཁོང་གི་བར་ལ་གཞི་རྩའི་ཆ་ནས་དཔའ་བོ་དང་སྡར་མ་ངོས་འཛིན་སྟངས་ཅུང་མི་འདྲ་བ་ཞིག་ཏུ་གྱུར་སོང་བས་དོག་འདྲི་འདི་བྱས་པ་ཡིན།

  55. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-17 at 2:42 am

    ཇི་སྐད་དུ། ས་པཎ་གྱིས།
    ་
    རྣམ་པ་ཀུན་ཏུ་མི་དཔྱོད་པར།
    དགྲ་ལ་མཆོང་བ་བླུན་་རྟགས་ཡིན།
    མར་མེའི་འོད་ལ་འཛིངས་པ་ཡིས།
    སྦྲང་བུ་དཔའ་བར་འགྲོ་འམ་ཅི།།

    ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ། བོད་རིགས་ལ་ཕན་པའི་བྱ་བར་འཇུག་དགོས། ལ་དྭགས་སོགས་གླེན་པ་ཁ་ཅིག་འདི་ལས་ལོག་པར་སྨྲ་བ་དག་ཀྱང་མཐོང་ངོ་།

  56. ཨ་ནུ་ཐང་བསོད་ནམས། says:
    2014-09-17 at 4:01 am

    ལོ་གཅིག་གི་གོང་དུ་བྲིས་བའི་རྩོམ་ཡིག་གི་ནང་དོན་ད་ལྟ་གསལ་བོ་ཆགས་འགུག བླ་མ་མིན་ཡང་ལུང་བསྟན་གནང་གི་འདུག ཨ་ལེ། རྩེད་མོ་ཡིན། དོན་དངོས་སེ་རི་ཡིའི་རྫས་མཚོན་ཆ་བེད་སྤྱོད་བཏང་བ་ལ་ནུབ་ཕྱོགས་པས་ཉེས་ཆད་ཀྱི་་དམག་དཔུང་མ་བཏང་ཞིང་། སེ་རི་ཡིའི་རང་དབང་དམག་དཔུང་ལ་རོགས་རམ་ཚད་ལྡན་མ་བྱས་བ་འདིས་ངའི་སེམས་པ་བདེ་ལམ་དུ་འབབ་ཏུ་བཅུག་མ་སོང་། ངས་དེ་ནི་ཚབས་ཆེན་གྱི་ནོར་འཁྲུལ་མཐོང་བས་ཡིན། ཡིན་ཡང་། ད་ལྟ་ནུབ་ཕྱོགས་པ་དང་འཛམ་གླིང་ལ་རྣམ་སྨིན་འཁོར་བ་དང་འདྲ་སྟེ། སེ་རི་ཡིའི་གྱེན་ལོག་དཔུང་སྡེ་རྗེས་ཧལ་སྒྲས་ཡིས་དདཀྱུལ་ཤར་ཁུལ་དུ་རྒྱལ་ཁབ་ISISབཙུགས་ཤིང་། འཛམ་གླིང་གིས་རྡུང་ལེན་བྱེད་དགོས་བའི་དུས་ལ་སླེབས་འདུག ཕྱོགས་གཅིག་ནས་སྡུག་གྱོང་རེད། འཛམ་གླིང་འདི་སྒེར་སེམས་ཆེ་དྲགས་པས་རང་སྟེང་ལ་མ་འོང་ན་གཞན་གྱི་བདེ་སྡུག་ལ། དེ་ཙམ་སེམས་འཁུར་མི་བྱེད་པས་ཡིན། ད་ལྟ་རང་སྟེང་ལ་ལྷུང་དུས་རྡུང་ལེན་མི་བྱེད་ཐུབ་མེད་རེད་ལ། མ་བྱས་ན་མ་འོངས་བར་འདི་ལས་དཀའ་ངལ་ཇེ་ཆེ་དང་། འགྲོ་སོང་ཇེ་མང་། ངལ་རྩོལ་ཇེ་ཆེ་རེད། གནས་ཚུལ་འདིས་དམག་འཁྲུག་ཆུང་ཚགས་ལ་བྱོལ་ཡ་ནི། དམག་འཁྲུག་འགོག་པའི་ཐབས་ཤེས་ཡག་ཤོས་དེ་མིན་པ། དམག་འཁྲུག་དང་ཉེན་ཁ་ཆུང་དུས་སྐབས་ནས་དཔུང་འཇུག་བྱས་ནས་མེད་པ་བཏང་ཡ་ནི་ཕུགས་རྒྱང་རིང་པོའི་དམག་འཁྲུག་དང་འགྲོ་སོང་འགོག་ཐབས་དང་། དོན་དམ་གྱི་དམག་འཁྲུག་འགོོག་པའི་ཐབས་ལམ་ཡག་ཤོས་དེ་ཡིན་པ་གསལ་བཤད་གནང་ཡོད། དེ་ནི་མི་ལུས་ཕུང་ལྟ་་བུ་ཡིན་ན། ན་ཚ་ཆུང་དུས་ནས་འགྲོ་སོོང་བཏང་ཞིང་བདག་སྐྱོང་བྱེད་ཡ་ལས། ན་ཚ་ཆེན་པོ་མ་ཆགས་བར་དུ་བཟོད་སྒོམ་གྱིས་སྒུག་སྡོད་བྱེད་མི་འོས་བའི་ཆོས་ཉིད་དུ་འཐིམས་པས། དམག་འཁྲུག་ཆུང་ཚགས་ལ་བྱོལ་ཡ་མང་དྲགས་ན་ངན་པ་རྒྱ་ཡན་དུ་བཏང་ཞིང་། ཁོང་ཚོར་སྟོབས་ཤུགས་རྒྱས་སའི་ས་ཆ་སྤྲད་པས། དམག་ཆེན་གྱི་སྔོན་འགྲོ་ལས་ཆུང་དུ་འགྲོ་མི་ཐུབ་པ་ཨོ་བྷ་མ་གཙོ་བོ་གྱུར་བའི་དམག་འཁྲུག་ལ་འདོད་པ་མེད་མཁན་ཚོ་ལ་གསལ་བཤད་ཅིག་ནན་པོ་གནང་ཡོད། ད་ནི་ཨོ་བྷ་མ་གཉིད་སད་པ་ལྟར། དཀྱུལ་ཤར་ཁུལ་དུ་མི་འགྲོ་རང་འགྲོ་ཆགས་བཞིན་ཡོད། ཡིན་ཡང་། འགྲོ་སོང་ལོ་གཅིག་གི་གོང་དང་བསྡུར་བ་ཡིན་ན་ཆེན་པོ་ཡིན་ཁར། ཚེ་སྲོག་གི་འགྲོ་སོང་ཡང་སྔ་ལས་རྡབ་པོའི་མང་བ་གྱུར་ཡོད། ཨོ་བྷ་མ་སོགས་ཀྱིས་དམག་འཁྲུག་ལ་བྱོལ་ཡ་ནི་ཚེ་སྲོག་དང་རྒྱུ་ནོར་སྲི་ཚགས་ཀྱི་ཆེད་དུ་ཡིན་ཚུལ་བསྒྲགས་ཤིང་དེ་ལྟར་ཡིན་པའི་དབང་དུ་བཏང་ཡང་། དོན་དངོས་ད་ལྟ་མི་རྒྱུ་གཉིས་ཀྱི་འགྲོ་སོང་སྔ་ལས་ཆེ་བས། དམག་འཁྲུག་གི་འགྲོ་སོང་། འཕྲོད་བསྟེན་དང་སློབ་སྦྱོང་གི་ཆེད་དུ་བཏང་འདོད་ཡོད་མཁན་ཚོའི་མགོ་ལ་གནས་ལུགས་དང་དངོས་བྱུང་གི་རྡོ་ཡིས་གཞུས་ཡོད།

    ༢༠༡༣ལོའི་ཟླ་༩ཚེས་༢རྩོམ་ཡིག་གི་ནང་དོན༼ ད་ཐེངས་ཨ་རིས་མི་འདོད་བཞིན་དུ་སེ་རི་ཡ་ལ་ཉེས་ཆད་གཏོང་དགོས་ཀྱང་། གྲོས་ཆོགས་ཀྱི་མང་མོས་རྒྱབ་སྐྱོར་མ་ཐོབ་ཚེ། ཨ་རིས་སེ་རི་ཡ་ལ་དྲག་ཤུགས་ཀྱིས་ཉེས་པ་གཏོང་ཐབས་མེད་ཅིང་། མ་བཏང་ཚེ་སེ་རི་ཡའི་དྲག་ཤུགས་ཆེ་རུ་འགྲོ་སྲིད་ལ། ཁོང་ཚོར་ཡོད་པའི་རྫས་འགྱུར་མཚོན་ཆའང་ཨ་ཁ་དྲ་དང་ཁ་ཆེའི་དྲག་འཐབ་པ་ཚོའི་ལག་ཏུ་ཤོར་ཉེན་ཆེ་བས། དེ་ལྟར་ཤོར་ན་རྒྱུན་རིང་ཨ་རིའི་བདེ་འཇགས་ལ་གནོད་ངེས་རེད། ལྷག་པར་དུ་དམག་འཁྲུག་གི་དུས་ཡུན་རྒྱུན་རིང་དུ་བསྡད་ཚེ། ཨ་རིའི་མཐུན་ཕྱོགས་སེ་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་དྲག་སྤྱོད་པ་དང་། ཉེས་ཅན་པ། ཁ་ཆེའི་ཐལ་སྤྱོད་པ་དང་ཨ་ཁ་དྲ་སོགས་ཀྱིས་སེ་རི་ཡའི་རང་དབང་དྲག་འཐབ་པ་ལ་རོགས་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་སྲིད་ཅིང་། དམག་འཁྲུག་ལས་སྦྱངས་པ་ཐོབ་པའི་ཕུལ་བྱུང་གི་དམག་མི་འབྱུང་སྲིད་ལ། དེས་མ་འོངས་བར་རྒྱལ་སྤྱིའི་བདེ་འཇགས་ལ་གནོད་ངེས་རེད། མ་ཟད་དམག་འཁྲུག་དེ་མཐའ་འཁོར་གྱི་ཡུལ་ཁག་ཏུ་ཁྱབ་ཅིང་། སུ་ཡིས་བཀག་ཀྱང་འགོག་ཏུ་མེད་པས་འཛམ་གླིང་དམག་ཆེན་གྱི་སྔོན་འགྲོ་རུ་འགྲོ་སྲིད་པས། དུས་དེར་ཨ་རིར་འགྲོ་སོང་འདི་ལས་ཆེ་ལ་དཀའ་ངལ་འདི་ལས་མང་པ་ཡོང་སྲིད་ཅེས་ཨ་རིའི་དམག་འཁྲུག་འདོད་མཁན་རྣམས་ཀྱིས་ལངས་ཕྱོགས་མཁྲེགས་པོ་འཛིན་བཞིན་ཡོད།༽

    http://www.khabdha.org/?p=52420

  57. ཀརྡོ་གཉེར་ཕྱག་པ་ says:
    2014-09-17 at 4:41 am

    ང་ཡི་བོད་དང་ང་ཡི་བོད་རིགས་ནི། །

    དེང་དུས་འཕྲུལ་ཆས་ཉུང་བས་འཁོར་ཡུག་གཙང་། །
    ས་ཆུ་གཏེར་ཁ་བསྲུངས་ནས་རང་ཉིད་འཚོ། །
    ཆོས་དང་རིག་གཞུང་བཟང་ལྡན་སྤྱི་སེམས་ཅན། །
    མི་རིགས་འདི་ལྷག་ས་སྟེང་འདི་ནང་མེད། །

    ཀུན་གྱིས་ཡིད་སྨོན་མཛོད་ཅིག་ཕ་བཟང་བུ། །

  58. ལུང་རྟོགས། says:
    2014-09-17 at 5:37 am

    རང་སྲེག་སྙིང་སྟོབས་དེ་སངས་ཆོས་ལས་བྱུང་མིན་ནི་རང་སྲེགས་གནང་མཁན་ཁྲོད་ལ་གྲྭ་བཙུན་གྱིས་བརྒྱ་ཆ་མཐོན་པོ་ཟིན་ཡོད་པ་དང་། དེ་མིན་སྐྱ་བོའི་ཁྲོད་ནས་ཀྱང་ཕལ་མོ་ཆེ་དེང་དུས་ཀྱི་སློབ་གསོ་མ་ཐོབ་པའི་ཞིང་འབྲོག་མི་མང་ཡིན་པ་འདིས་གསལ་པོ་སྟན་ཡོད། འོན་ཀྱང་གནས་ལུག་ལ་མི་ལྟ་བར་རང་གི་འདོད་ཕྱོགས་ཁོ་ན་ཨུ་ཚུག་མཐའ་སྐྱེལ་གྱིས་བཤད་མཁན་དག་ལ་ནི་བདེན་པ་མིག་མདུན་ལ་བཤམ་ཀྱང་ད་དུང་ཁས་མི་ལེན་པ་ཆོས་ཉིད་རེད། སངས་ཆོས་སྤྱི་དང་ལྷག་པར་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྙིང་སྟོབས་ལྟ་བུ་ནི་སྲོག་ལྡན་གཞན་སུ་ལ་ཡང་ཡོོད་མི་སྲིད་པས་སངས་ཆོས་སྡར་མར་བསྒྱུར་བྱེད་རེད་ཟེེར་བ་ནི་སངས་ཆོས་མི་ཤེས་པའི་རྟགས་གསལ་པོ་སྟན་པ་རེད།

  59. ཅོ་རི་ཉི་མ། says:
    2014-09-17 at 5:43 am

    ལྷག་བསམ་རྣམ་དག་གི་ཐོག་ནས་སངས་ཆོས་ལ་དད་པ་བྱེད་མཁན་ཚོ་ཞུ་རྒྱུ་ཞིག་ཡོད། ཁྱོད་ཚོའི་ཆོས་དད་ལ་དུས་ནམ་རྡོལ་རོལ་གཏོང་གི་མིན་ལ་གཏོང་ཐུབ་ཀྱི་ཡང་མ་རེད། ང་ཚོས་མ་འདོད་པ་དང་མི་མཐུན་ས་གཙོ་བོ་ནི་འདི་དག་ཡིན།
    ༡་་་་ཆོས་སྲིད་དང་སྦྲེལ་ནས་མི་སེར་ཉམ་ཆུང་རྣམས་ལ་དབང་སྒྱུར་བྱས།
    ༢་་་ཆོས་སྲིད་དང་སྦྲེལ་ནས་མི་གསོད་ཁྲག་སྦྱར་བྱས།
    ༣་་་ཆོས་སྲིད་དང་སྦྲེལ་ནས་ལྷ་འདྲེའི་ལུང་རྫུན་བཏབ།
    ༤་་་ཆོས་སྲིད་དང་སྦྲེལ་ནས་ཆོས་སྲིད་ཀའི་འགོ་མ་ཐོན།
    ༥་་་ཆོས་སྲིད་དང་སྦྲེལ་ནས་མི་སེར་ལ་གྲྭ་ཁྲལ་དང་དངུལ་ཁྲལ་བརྒྱབས།
    ༦་་་ཆོས་སྲིད་དང་སྦྲེལ་ནས་བརྒྱ་ཁ་གཅིག་ཆོད་བྱས།
    ༧་་་ཆོས་སྲིད་དང་སྦྲེལ་ནས་དམངས་གཙོའི་འགག་རྡོ་བྱས།
    ༨་་་ཆོས་སྲིད་དང་སྦྲེལ་ནས་མི་ཆེན་བླ་མའི་རྫུན་བཤད།
    ༩་་་ཆོས་སྲིད་དང་སྦྲེལ་ནས་ནང་དཀྲུགས་བྱས།
    ༡༠་་ཆོས་སྲིད་དང་སྦྲེལ་ནས་དམ་ཉམས་ས་སྟེང་ཁེངས།
    ༡༡་་ཆོས་སྲིད་དང་སྦྲེལ་ནས་འབངས་མི་སེར་སྡུག་ལ་སྦྱར།
    ༡༢་་ཆོས་སྲིད་དང་སྦྲེལ་ནས་དཔལ་འབྱོར་ཡག་རྒྱས་ཀྱི་འགག་རྡོ་བཟོས།
    ༡༣་་ཆོས་སྲིད་དང་སྦྲེལ་ནས་འབངས་མི་སེར་མགོ་སྐོར་བྱས།
    ༡༤་་ཆོས་སྲིད་དང་སྦྲེལ་ནས་སྲིད་དབང་བཀའ་བཀོད་རྒྱུད་འཛིན་བྱས།
    ༡༥་་ཆོས་སྲིད་དང་སྦྲེལ་ནས་འབངས་མི་སེར་ལ་དཔལ་འབྱོར་གྱི་ཤུལ་གཞོག་བྱས།
    ༡༦་་ཆོས་སྲིད་དང་སྦྲེལ་ནས་རྒྱལ་སྲུང་དམག་གི་ནུས་པ་ཉམས། འདི་དང་འདི་འདྲ་བའི་ལས་ངན་བརྒྱ་ཕྲག་དང་ནོར་འཁྲུལ་སྟོང་ཕྲག་བཟོས་ཡོད་པས་ང་ཚོས་དགག་པ་རྒྱག་གི་ཡོད། སངས་རྒྱས་ཀྱི་བཀའ་དང་མ་མཐུན་པ། འདུལ་བའི་ཁྲིམས་དང་མ་མཐུན་པ། འཇིག་རྟེན་མི་ཆོས་དང་མི་མཐུན་པའི་ལས་ཀ་རྐྱང་རྐྱང་བྱས་ནས་བོད་མི་རིགས་སྡུག་ལ་སྦྱར་བ་དང་། འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷུངས་སོང་བ་ནི་སེམས་ཀྱིས་བཟོད་ཐབས་མེད་པའི་གནད་དོན་ཡིན་པས་དགག་པ་མི་རྒྱག་དཀའ་མེད་རེད། ཤཀྱའི་རྒྱལ་པོ་དང་རྗེ་མི་ལ་རས་པ་ལྟ་བུའི་ཁྱིམ་ཚང་་སྤངས་ནས་དམ་པའི་ལྷ་ཆོས་བྱེད་མཁན་རྣམས་ལ་ནི་དད་པ་བྱེད་ཡུལ་ལས་མ་འགྲིག་པ་དང་དགག་པ་རྒྱག་བཞིན་ཡང་མེད་ལ་རྒྱག་དགོས་དོན་མེད།

    ཆོས་མིན་སྲིད་མིན་བཤད་མཁན་གྱི་སྐྱ་མིན་སེར་མིན་འདི་དག་ནི་འབངས་མི་སེར་སྡུག་ལ་སྦྱོར་མཁན་ཡིན་པས་མུ་མཐུད་ནས་ཅི་ཐུབ་གང་ཐུབ་ཀྱི་དགག་པ་རྒྱག་ངེས་ཡིན།

    ཆོས་མིན་སྲིད་མིན་ལམ་ལུགས་འདི།
    ཡུལ་ལུང་ཕུང་བྱེད་ཀྱི་ཇུས་ངན་རེད།
    སྐྱ་མིན་སེར་མིན་བན་རྒན་འདི།
    སངས་རྒྱས་བསྟན་པ་ཡི་དགྲ་བོ་རེད།

  60. ཅོ་རི་ཉི་མ། says:
    2014-09-17 at 5:46 am

    ལོང་རྟོགས་་་་རང་སྲེག་གྱི་སྙིང་སྟོབས་འདི་སངས་ཆོས་ལས་བྱུང་བ་ཡིན་ན་་་སངས་ཆོས་འདི་རང་ཤི་རྒྱག་རྐྱེན་གྱི་ཆོས་ལུགས་ཤིག་ཨེ་རེད། སངས་ཆོས་ནང་དུ་རང་སྲོག་རང་གིས་གཅོད་མི་རུང་བ་གསུངས་མེད་དམ།

  61. ལུང་རྟོགས། says:
    2014-09-17 at 5:59 am

    ཅུ་རིས། གཞན་དོན་དུ་རང་སྲོག་བཏང་བ་ནི་བྱང་ཆུབ་སེམས་པའི་སྤྱོད་པ་རེད་དོ།

  62. མིག་བརྒྱད་པ། says:
    2014-09-17 at 8:37 am

    སངས་རྒྱས་ཀྱི་བཀའ་དང་མ་མཐུན་པ། འདུལ་བའི་ཁྲིམས་དང་མ་མཐུན་པ། འཇིག་རྟེན་མི་ཆོས་དང་མི་མཐུན་པའི་ལས་ཀ་རྐྱང་རྐྱང་བྱས་ནས་བོད་མི་རིགས་སྡུག་ལ་སྦྱར་བ་ཡོད་ན་དེ་ནི་ཆབ་སྲིད་པའི་བྱ་སྤྱོད་རེད། སངས་ཆོས་ཀྱི་ལྟ་སྤྱོད་ལས་བྱུང་བ་མ་རེད།

  63. ཅོ་རི་ཉི་མ། says:
    2014-09-17 at 8:43 am

    སྤྲུལ་སྐུའི་ལུགས་སྲོལ་འདི་ཆོས་ལུགས་ནས་བྱུང་བ་ཨེ་རེད། ལྷ་སྲུང་མདའ་ཁུར་མདུང་ཁུར་འདི་དག་ཆོས་ལུགས་ནས་བྱུང་བ་ཨེ་རེད། བཤེས་གཉེན་བརྟེན་ཚུལ་ཟེར་བའི་དབང་སྒྱུར་སྲིད་ཇུས་དེ་ཆོས་ལུགས་ནས་བྱུང་བ་ཨེ་རེད།

  64. དྲི་མེད་ལྷག་བསམ། says:
    2014-09-17 at 8:52 am

    སེངྒ་པུར་གྱི་སྲིད་འཛིན་ཟུར་བ་ལིའི་བཀྭང་ཡོ་ཞེས་པའི་༢༠༡༢་ལོར་ཚོད་དཔག་བྱས་པར། ཁ་ཆེ་མཁྲེག་འཛིན་ཚོགས་པ་༢༠༡༤་ལོར་སྟོབས་ཤུགས་རྒྱས་ཏེ་འཔགས་ར་བྱེད་པའི་དུས་ཚོད་རེད། ཁ་ཆེ་བ་མང་པོ་ཞིག་འཚང་ཀ་བརྒྱབ་ནས་རྒྱབ་སྐྱོར་དུ་འགྲོ་ངེས་ཀྱང་། འགྲོ་བ་མི་ལ་འཇིགས་སྣང་ཡོད་པའི་ཆོས་ལུགས་ཞིག་དུས་རབས་འདི་ལ་མངོན་གསལ་དོད་པོའི་སྒོ་ནས་གནས་ཐབས་དཀའ། དེ་ལ་གདོང་ལེན་མ་བྱས་ཚེ་འཛམ་གླིང་སྤྱི་ལ་གནོད་པ་ཆེ། འོན་ཀྱང་ཁོང་ཚོའི་སྟོབས་ཤུགས་ནི་དྲག་པོའི་སྟོབས་ཤུགས་ཡིན་པས་དེའི་ཨ་རི་དང་། ཨུ་རུ་སུ། རྒྱ་ནག་ལྟ་བུརའགྲན་ཟླ་བྱེད་པའི་ནུས་པ་མེད་པས་ཉམས་ནས་འགྲོ་བར་ངེས། དེ་ལ་གདོང་ལེན་བྱེད་སྟངས་ཁ་ཆེའི་སྔོན་ཐོན་པ་ཡར་རྒྱས་ཀྱི་བསམ་བློ་ཡོད་མཁན་དང་། ཁ་ཆེ་གུ་ཡངས་བའི་རྒྱལ་ཁབ་ཧིན་རྡུ་ཉི་ཞི་ཡ་ལྟ་བུ་ལ་ཡོད། ཁ་ཆེ་རང་གིས་བསམ་བློའི་གནས་ཚད་མཐོན་པོར་སླེབས་དུས་འཇིགས་བསྐུལ་གྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་གཏོང་མི་སྲིད། ཨ་རིའི་དམག་ཤུགས་ཀྱིས་རེ་ཞིག་ཁ་ཆེ་མཁྲེག་འཛིན་ཚོགས་པ་གཏོར་ནུས་ཀྱང་། དེ་བུ་སོད་པ་ལས་མ་བསད་པ་མིན། མ་ལྟ་བུའི་ཆོས་ལུགས་སྤེལ་མཁན་མང་པོ་ཞིག་ཁ་ཆེའི་རྒྱལ་ཁབ་ཚོའི་ནང་དུ་བག་ཡངས་སུ་རྒྱུ་བས་བུ་མང་པོ་ཞིག་སྐྱེས་ཡོང་བར་ངེས། དུས་རབས་ཉི་ཤུ་བའི་ཁ་ཆེའི་ཆོས་ལུགས་ནི་ང་ཚོ་སངྒ་པུར་གྱི་ཁ་ཆེ་པ་བཞིན། ཚན་རིག་དང་། འགྲོ་བ་མིའི་ཐོབ་ཐང་། ཞི་བདེ་གཉེར་མཁན་གྱི་ཤེས་རབ་ཅན་ཞིག་ཡིན་དགོས། དེས་ཁ་ཆེའི་ཆོས་ལུགས་པ་ཚོ་མཐོངཆེན་ཡོང་བ་དང་། འཛམ་གླིང་གི་ཆོས་ལུགས་ཆེན་པོ་ཚོའི་གྲལ་དུ་གཟི་བརྗིད་ངོམ་ནས་འགྲོ་ཆོག འདི་ངས་གསལ་བོ་བྱས་ནས་ཚོད་དཔག་བྱེད་ཐུབ་ཅེས་བཤད་འདུག

  65. ཅོ་རི་ཉི་མ། says:
    2014-09-17 at 9:20 am

    བཀའ་བློན་ཁྲི་པའི་དམ་འབུལ།

    ༄༅། །བདག་་་་་་་་་་་་་་་་་་་་ཟམ་གདོང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་ལ་འོས་ཐོན་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང༌། བློ་གཏད་ཀྱི་ཐོག་ནས། བཀའ་བློན་ཁྲི་པའི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི།

    ༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།
    ཡང་ན།
    ༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།ཞེས་པ་འདི་རེད།

    གཉིས་པ།
    དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན།

    བོད་ཀྱི་ཡུལ་མི་ཚང་མས་སྒྲུབ་དགོས་པའི་ལས་འགན་གཤམ་གསལ།

    ༡ བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད།
    ༢ བཅའ་ཁྲིམས་དང༌། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང༌། ཉམས་ལེན།
    ༣ བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ།
    ༤ ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ།
    ༥ བོད་མིའི་སྒྲིག་འཛུགས་དང༌། མང་ཚོགས་ལ་ཛ་དྲག་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་བཅས།

    གསུམ་པ། ཟམ་གདོང་སྤྲུལ་སྐུས་ལོ་བཅུའི་བཀའ་བློན་ཁྲི་པ་ལས་ཁུར་མཇུག་རྫོགས་དུས་་་རྩ་བའི་བླ་མའི་བཀའ་སྒྲུབ་པ་མ་གཏོགས་བོད་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་བཏང་མྱངས་མེད་ཅེས་གསུངས་པ་རེད། xxxx
    དང་པོར། དམ་བཅའ་བཞག་དུས་་་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག་ཕྱག་ལས་གནང་གི་ཡིན་ཟེར་ནས་དམ་འབུལ་བྱས། བཅའ་ཁྲིམས་དགོངས་དོན་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་ཟེར་ནས་བཀོད་ཡོད་རེད། ཟམ་གདོང་སྤྲུལ་སྐུས་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་བྱས་ཀྱི་ཕར་ཞོག་་་བསམ་བློ་བཏང་མྱངས་མེད་ཟེར་ནས་ཁོ་རང་རང་གིས་གསུངས་ཡོད་རེད།

    xxxx

  66. རྒྱ་ཞིང་མྱི་དཀར། says:
    2014-09-17 at 10:09 am

    ཨ་ནུ་བསོད་ནམས་ཟེར་བའི་མི་འདི་ཕལ་ཆེར་ཕྱི་ལོག་ཞིག་ན་ཡོད་པ་འདྲ་མི་འདིའི་བྲིས་བའི་རྩོམ་རྙོག་མང་པོ་ཟིག་མཐོང་མྱོང་ཡོད་རྩོམ་རྩལ་ལ་མི་ཆོག་རྒྱུ་མེད་འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་རྩོམ་ཡིག་གི་བརྗོད་བྱ་དང་རྩོམ་འགྲོས་སོགས་ལ་ལྟོས་ན་ཕལ་ཆེར་ནུབ་ཕྱོགས་པའི་རྩོམ་འབྲི་སྟངས་སོགས་ལ་ཅུང་འདྲ་བོ་ཡོད་པ་མ་ཟད་དེའི་རྐྱེན་པས་རྩོམ་ཡིག་གང་བྲིས་ཀྱང་རྩོམ་ཡིག་ཏེ་སྐྱོན་བརྗོད་ཀྱི་རང་བཞིན་ལྡན་པ་རིགས་ཞེན་གྱི་འདུ་ཤེས་མེད་པ་བསམ་བློ་བ་དང་དཔྱོད་ཤེས་བའི་དྲི་མེད་པ་སྒྲུབ་བྱེད་ཕྱོགས་རེས་བ་དང་ལྟ་བ་ཕྱོགས་རེས་བ་དང་དམིགས་འབེན་རེ་ཟུང་ཞིག་གཞི་བཞག་ནས་ཐམས་ཅད་ལ་ཁྱབ་པའི་ཁྱབ་ལོག་གི་ཟུར་མང་བ་ཡུལ་ལོང་འགས་གནས་ཚུལ་དང་ཆོས་ལུགས་འགས་ལྟ་གྲུབ་གཞི་བཞག་ནས་རང་ཉིད་ཀྱིས་རང་ཉིད་ལ་མགོ་སྟེ་རྒྱབ་པ་བོད་ཕྱི་ནང་གི་གནས་ཚུལ་སོགས་ལ་ཆ་རྒྱུས་གང་ཡང་མེད་པའི་ཐོག་བོད་ཀྱི་གནས་བབ་གླེང་བ་ནི་ལྐུགས་མས་བྲོ་འཁྲབ་པ་ལས་ཅི་ཡང་མེད་ལྷག་པར་དུ་ནང་ཆོས་དང་ནང་ཆོས་སྨྲ་བའི་གཤིས་ལུགས་ཅུང་ཟད་ཙམ་ཡང་མགོ་མ་གོ་རུང་ཧམ་བཤད་དང་ལོགས་བཤད་རྐྱང་པས་དམའ་འབེབ་དང་སྐྱོ་བརྗོད་བྱེད་པ་རང་ཉིད་ཀྱི་གདོང་ལ་ཅི་ཡོད་ཧ་མ་གོ་རུང་གཞན་གྱི་གདོང་ལ་དམིགས་ནས་ཁ་ལོག་བརྒྱག་པ་སོགས་ཧ་ཅང་དགོས་མེད་ཀྱི་རྙོག་རྩོམ་མང་པོ་ཡོད་རང་ཚིག་སྔ་ཕྱི་འགལ་བ་དང་བརྗོད་དོན་དང་བརྗོད་བྱེད་འགལ་བ་རང་ལ་རྣ་མེད་རུང་གཞན་ལ་རྣ་ཡོད་མེད་ཀྱི་སྐྱོན་འཛུག་བྱས་དཔེར་ན་རིགས་རྒྱུད་སོགས་ཀྱི་སྐོར་ལ་གོང་ནས་ནང་ཆོས་དང་ནང་ཆོས་སྨྲ་བ་དག་ལ་སྐྱོན་བརྗོད་བྱེད་པ་བཞིན་རང་ཉིད་ཕྱི་ལོང་མགོ་སེར་མའི་རྐུབ་ལ་རྒྱུགས་ནས་ཡོད་པ་རང་ཉིད་ཀྱིས་ཀྱང་སྣང་མེད་དུ་བཏང་བ་སོགས་མང་པོ་ཡོད་སྤྱིར་རྩོམ་ཡིག་ཟེར་ནོ་ཡ་མཚན་པ་ཟིག་རྩ་བ་ནས་མིན་འོན་ཀྱང་

  67. ཨ་ནུ་ཐང་བསོད་ནམས། says:
    2014-09-17 at 1:35 pm

    ༼ནང་ཆོས་དང་ནང་ཆོས་སྨྲ་བའི་གཤིས་ལུགས་ཅུང་ཟད་ཙམ་ཡང་མགོ་མ་གོ་རུང་ཧམ་བཤད་དང་ལོགས་བཤད་རྐྱང་པས༽ནང་ཆོས་དང་ནང་ཆོས་སྨྲ་བའི་གཤིས་ལུགས་ཤེས་མཁན་ཞིག་ཡིན་ན་ག་འདྲ་ཡིན་དགོས་སམ། སངས་ཆོས་ལ་དད་པ་ཡོད་ཅིང་སྤྲུལ་སྐུ་ལ་སྐྱབས་སུ་ཕྱིན་ན་སངས་ཆོས་ཀྱི་གནས་ལུགས་རྟོགས་པ་ཡིན་ནམ། ཡང་མིན་ན། སངས་ཆོས་ལ་བསྟོད་པ་ཁོ་ན་བྱས་ན་དེ་ཤེས་ཞིག་ཏུ་ཆགས་སོང་བ་ཡིན་ནམ། ཡང་མིན་ན། སེར་འབྲས་དགེ་གསུམ་མམ་བོད་ཀྱི་གྲྭ་ས་ཞིག་འགྲིམ་ན་སངས་ཆོས་ཤེས་མཁན་ཡིན་པས་ཁྱབ་སོང་བ་ཡིན་ནམ།

  68. ནག་ཆུ་ཀུན་དགའ says:
    2014-09-17 at 2:20 pm

    རྨོངས་དད་དང་ཚོར་བ་ལྷ་འདྲེ་གདོན་གེགས་གསུམ་ལ་ཤི་འཐམས་རོ་འཐམས་བྱེད་པ་འདི་གནས་ལུགས་ཀྱི་དགྲ་བོ་ངོ་མ་ཡིན། ཨ་ནུས་གནས་ལུགས་བཤད་པ་ལ། གོ་མཁན་མེད་པར་རྒོལ་མཁན་མང་བ་འདི་གཅིག་པུས་ང་ཚོའི་རིགས་རྒྱུད་ཐུར་དུ་རྒུད་པའི་ངན་ལྟས་མངོན་འདུག། སྔོན་མ་ནུབ་ཕྱོགས་སུ་འཇིག་རྟེན་བཀོད་པ་པོ་མེད་པར་སྨྲས་པའི་ཚན་རིག་པ་མང་པོ་རྨོངས་དད་པ་ཚོས་བསད་པའི་ལོ་རྒྱུས་དང་སྒོ་ཀུན་ནས་མཚུངས་འདུག། ད་འོ་ན་ཁྱེད་ཚོས་ར་ལྤགས་བརྡུངས། རྩམ་པ་མེ་ལ་ཐོབ། ས་རྡོ་སྐོར། རས་ལེབ་རི་མགོར་ཐོགས། ་མར་ཁུ་མེ་ལ་སྒྲོན། ད་གཟོད་ཁྱེད་ཚོ་མུན་པའི་ཞིང་དུ་ལོང་བས་བདེ་བླག་ཏུ་འདྲེན་པར་འགྱུར་རོ།། །།

  69. བསམ་ཤེས། says:
    2014-09-17 at 2:21 pm

    ཅོ་རིའི་མཆན་༥༦ལ་ཞུ་བ།

    ཆོས་སྲིད་བཟུང་འབྲེལ་ལ། ངའི་དགྲ་བོས་མེ་སྒྱོགས་བརྫངས་ནས། རིང་ལུགས་དེ་བོད་ནང་ལ་༡༩༥༩ལོར་མཇུག་བསྒྲིལ་ཟིན་པ་དང་། བཙན་བྱོལ་ནང་ལ་དབང་ཤུགས་ཐར་ཐོར་གནས་པ་དེ་རིམ་བཞིན་ཙི་གུའི་མཇུག་མ་བཞིན་ཕྲ་རུ་ཕྱིན་ནས། མང་མོས་བཀའ་བློན་བདམ་པ་ནས་ད་ཆ་ཆོས་སྲིད་བཟུང་འབྲེལ་གྱི་ནུས་པ་རྫོགས་ཟིན།

    ཆོས་སྲིད་བཟུང་འབྲེལ་ལ་སྐྱོན་ཡོད་པ་དོན་ལ་གནས་པས། ང་ཡང་དེ་ལ་མཐའ་གཅིག་ཏུ་དགག་པ་རྒྱག་མཁན་གྱི་གྲས་ཡིན། འོན་ཀྱང་ད་ཆ་དེའི་སྐྱོན་གླེང་བསྡད་ན། ནག་ཁུང་ལ་མདའ་འཕེན་པའི་ཁྲབ་སྟོན་ལས་གཞན་དོན་མིན་འདུག

    ད་ཕོ་ཁྱོ་ཀ་ཡིན་ན། མ་འོངས་པའི་ཐབས་ལམ་འདོན་ན་ལེགས་པར་སེམས།

    དཔེར་ན། དྲི་མེད་ལྷག་བསམ་གྱི་གསར་འགྱུར་དེ་དང་བསམ་ཚུལ་འདི་ཁ་ཡོད་ལག་ཡོད་རེད། ཁ་ཆེའི་མཁྲེགས་འཛིན་པ་ཚོས་དྲག་ཤུལ་ལ་བརྟེན་ནས་རང་གི་ཆོས་དང་རིན་ཐང་ཚང་མ་མེད་པར་བཟོ་བས།་དེ་ལས་ཡོན་ཏན་ཅན་གྱི་ཁ་ཆེ་ཚོའི་ནུས་པར་བརྟེན་ནས་ཁ་ཆེའི་ཆོས་ལུགས་སྐྱོང་བ་བཞིན། བོད་པ་ཚོས། དེང་དུས་ཀྱི་ཤེས་བྱ་ཡོན་ཏན་ལ་སྦྱངས་ནས། དེའི་སྟེང་ལ་རང་གི་ཐུན་མིན་ཆོས་ཀྱི་ཡོན་ཏན་བླངས་ཐུབ་ན་ལེགས་ཆ་ལྡན་སྙམས།

    འགྲོ་བ་མི་བྱུང་བ་ནས་ད་བར་ཆོས་ལུགས་ག་གེ་མོ་ཞིག་མཉམ་དུ་མཐའ་གཅིག་ཏུ་གནས་ཡོད། དེ་མེད་པར་བཟོ་བར། ཆོས་ལུགས་ཀྱི་ནུས་པ་དེའི་ཚབ་ཞིག་སྤྲོད་དགོས་པ་དེ་ཡང་ཚན་རིག་པ་ཚོས་སྤྲོད་མི་ཐུབ།

    ངས་སྔོན་མ་ནས་བཤད་པ་བཞིན། ཆོས་ལུགས་ཀྱི་བྱེད་པོ་གཙོ་བོ་ནི། ང་ཚོ་ཤི་རྗེས་ཀྱི་གནས་ཚུལ་སུ་ཞིག་གི་གསལ་པོ་ཞིག་ར་སྤྲོད་ཐུབ་ཀྱི་མེད། ཚན་རིག་པས་ཤི་རྗེས་ཀྱི་གནས་ཚུལ་ཤེས་ཀྱི་མེད་སྟབས། འདིའི་བར་ལ་ཆོས་ལུགས་པ་བཙངས་ནས་མིའི་སེམས་ཀྱི་དངངས་སྐྲག་དང་ཚེ་འདི་ཕྱིའི་མདུན་ལམ་ངོ་སྤྲོད་པ་རེད། དཔེར་ན་ཚན་རིག་པས་ཚེ་ཕྱི་མ་མེད་པའི་རིགས་པ་དང་། དཔང་པོ་ཡང་དག་པ་ཞིག་སྤྲོད་ཐུབ་པའི་ཉིན་མོ་དེར་ཆོས་ལུགས་པ་མང་པོ་ཞིག་གི་ལྟོ་ཕོར་བརླག་རྒྱུ་རེད། ཉིན་མོ་དེ་མ་འཆར་བའི་བར་ཏུ་ཆོས་དང་ཆོས་བཤད་པ་ཚོར་ད་དུང་ལྟོ་གོས་ཐོབ་སྲིད་པས། དེ་ལ་ཕྲག་མདོག་དང་གནག་སེམས་འཁུར་ན་རང་མ་སྐྱིད་པ་ལས་གཞན་ལ་གནོད་པ་མི་ཐུབ་པ་གསལ་པོ་རེད།

  70. རྒྱ་ཞིང་མྱི་དཀར། says:
    2014-09-17 at 2:41 pm

    ནང་ཆོས་དང་ནང་ཆོས་སྨྲ་བ་དག་ནི་རང་གི་རྣམ་རྟོག་ལ་འཆར་བའི་རྟོགས་བཏགས་ཏེ་འདྲ་ཞིག་རྩ་བ་ནས་མིན་འདི་ལ་འགྲེལ་བཤད་གནང་ན་ཧ་ཅང་མང་པོ་ཡོད་རང་ལྟ་བའི་ཕྱོགས་ཞེན་པ་དང་དངོས་ཡོད་ཀྱི་ཟུར་ཞིག་ཀྱང་མཐོང་མ་མྱོང་ཕྱི་འཁྱམ་པ་ཞིག་ལ་འགྲེལ་བཤད་གནང་རུང་ཕན་ཐོག་ཁག་པོ་རེད་ཁྱོད་ཀྱི་བྲིས་བའི་རྩོམ་ཡིག་གི་བརྗོད་འདི་ལྟར་ཞིག་རེད་དཔེ་ཞིག་བཞག་ནས་བཤད་ན་མ་གཏོགས་ཁག་པོ་རེད་ཡང་ཅིག་བཤད་ན་དཔེ་སྟོན་པ་ཟེར་བའི་གྲུབ་མཐའ་སྨྲ་བ་སྟེ་ནང་བའི་གྲུབ་མཐའ་བཞིའི་ནང་ནས་རིག་པ་སྐྱོ་ཤོས་ཏེ་ཡིན་་་་་མི་གཅིག་ལ་ལག་པ་མེད་ན་ཐམས་ཅད་མེད་པའི་སྒྲུབ་བྱེད་མཐའ་ཡས་བ་ཞིག་བཀོད་་་་་་་ཡང་གཅིག་ན་རྭ་ཡོད་ན་ཐམས་ཅད་ལ་རྭ་ཡོད་པའི་སྒྲུབ་བྱེད་མཐའ་ཡས་བ་ཞིག་བཀོད་་་་ཤེས་དགོས་བ་ཞིག་ལ་ཕྱི་ཡུལ་ན་རང་དབང་དང་བདེ་སྐྱིད་ཡོད་པ་མ་ཟད་ཕྱི་མིའི་ལག་འཁྱེར་ཞིག་རག་པས་ཐམས་ཅད་འགྲུབ་སོང་མ་འདོད་གང་དྲན་དང་གང་ཤར་འདོད་མོས་ལྟར་དྲཐོག་ལ་བཞག་ན་བོད་མི་སྤྱི་ལ་ཕན་གནོད་ག་འདྲ་ཞིག་ཡོད་སོགས་ལ་ཐུགས་བསམ་རེ་བཞེས་ན་དགའ་སྙམ། ལྷག་པར་དུ་ཤེས་དགོས་བ་ཞིག་ལ་ཆོས་ལུགས་དང་ཆོས་བར་གྱི་ལྟ་གྲུབ་ཆོས་ལུགས་སོ་སོའི་རྩ་བའི་གྲུབ་མཐའ་སོགས་ཉ་ཉོག་མི་སྲེ་བ་གལ་ཆེ་ཆོས་ལུགས་པ་ཞིག་ཡིན་ཕྱིན་རང་གི་ལྟ་གྲུབ་ལ་གཅེས་སྐྱོང་ཏོག་ཙམ་གནང་སྲིད་ཆོས་ལུགས་གཞན་གྱི་གྲུབ་མཐའི་ཟུར་ཞིག་འཁྱེར་ཡོང་ནས་རང་གི་ཆོས་ལུགས་ལ་སྐྱོན་བརྗོད་བྱས་ན་ནི་གསལ་བྱེད་པའི་བཞག་གད་ལས་གཞན་ཅི་ཡང་མེད་་་་་སྡུད་བ་ལས་་་་་དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས།།ལམ་ཡང་མི་ཤེས་གྲོང་འཁྱེར་འཇུག་པ་ག་ལ་ནུས།།ཤེས་རབ་མེད་པ་་མིག་མེད་ཕ་རོལ་ཕྱིན་ལྔ་འདི་།།དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན།།

  71. ཅོ་རི་ཉི་མ། says:
    2014-09-17 at 2:45 pm

    ཨོ་་་་་བསམ་ཤེས་ལགས། དེ་རིང་ཁྱོད་ཀྱིས་བསམ་ཤེས་མ་སོང་། ཆོས་པའི་ལྟོ་གོས་རེག་ན་ཕྲག་དོག་སྤུ་ཙམ་མེད་པར་དཀོན་མཆོག་པོ་དཔང་དུ་བཙུགས། མ་ཟད་བོད་པའི་ཆོས་ལུགས་པ་ཚོས་ཕྱི་ནས་སྒོར་མོ་རེག་ན་ང་དགའ་ངོ་མ་དགའ། ཁྱོད་ཚོས་ལྟ་གོས་རེག་ན་མིག་མཁན་གྱི་མྱི་ངན་ཐ་ཤ་དེ་འདྲ་ཞིག་ལ་ང་ཅོ་རི་ངོས་འཛིན་པ་ནི་ཏོག་ཙམ་བློ་ཕམ་བྱུང་། གཅིག་ཡིན།

    བཙན་བྱོལ་ནང་དུ་ཆོས་སྲིད་མཇུག་སྒྲིལ་ཡོད་ཟེར་བ་ནི་ཅང་མ་ཤེས་པའི་རྟགས་རེད།
    ༡་་་བཙན་བྱོལ་བོད་མིའི་བཅའ་ཁྲིམས་་ལས།
    དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན།
    མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་གཞིར་བཅོལ་བའི་ཐོག་ནས་རང་དབང་་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡིན་ཞེས་བཀོད་ཡོད་རེད།

    ༢་་་ཆོས་ཀྱི་ཐ་སྙད་སྲིད་ལ་བཏགས་ནས་དབུ་མའི་ལམ་ཟེར་བ་འདི་རེད། གཏན་འབེབས་བྱས་མཁན་ཆོས་སྲིད་ཟུང་འབྲེལ་ཀྱི་དབུ་ཁྲིད་ཟུར་པ་གོང་ས་ཏ་ལའི་བླ་མ་རེད། དབུ་མའི་ལམ་ལ་འགྲེལ་རྒྱག་དུས་མཐའ་བཞི་དང་བརྒྱད་བཤད་ནས་འགྲེལ་བརྒྱབས་ཀྱི་རེད། དབུ་མ་ཐལ་བའི་འགྲེལ་བཤད་རྒྱག་སྟངས་ནང་བཞིན་བརྒྱབས་ཀྱི་རེད།

  72. བསམ་ཤེས། says:
    2014-09-17 at 2:47 pm

    ཅོ་རི་དང་། ཨ་ནུ་སོགས་ཆོས་དང་ཆོས་ལུགས་པར་སྣང་བ་མི་འགྲོ་ན། ཆོས་ཀྱི་ནུས་པ་ལས་ལྷག་པ་ཞིག་ཁྱེད་ཚོས་མིའི་རིགས་ལ་ངོ་སྤྲོད་ཐུབ་ན། དེས་ཁ་ཡོད་ཀྱིས་ཆོས་ལ་གནོད་ཐུབ་པ་བྱུང་བས། འཇོན་པོ་རེད། དེ་མིན་ཨ་ནུ་སོགས་འདིར་ཡོང་ནས། ཆོས་ལུགས་ལ་ཉེས་སྐྱོན་རེ་བཤད་ནས། ཤེས་ཡོན་ཅན་པའི་གྲལ་ལ་འཚང་པ་ནི། ཤེས་མཁན་ཞིག་དང་ཐོས་པ་དོན་གཉེར་བ་ཞིག་གིས་བལྟས་ན། དགོད་བྲོ་བ་ལས་གཞན་ཅང་མི་སྣང་།

    ཨ་ནུའི་རིགས་པ་མང་པོ་ཞིག་ཞོགས་དུང་དང་། མེ་ལྕེ། དེ་བཞིན་འབར་ཞུན་སོགས་ཀྱིས་བོད་ནང་ལ་བྲིས་ཟིན་འདུག་ལ། དེ་ཚོ་བཤད་ཚར་བ་རེད། གོ་མྱོང་བ་རེད། གཏམ་རྙིང་པ་རེད། ངས་ཨ་ནུས་གང་བཤད་པ་འདི་དབྱིན་ཡིག་ནང་ལ་ཚིག་དུམ་བུ་འགའ་ཤས་ནང་ལ་སྐྱོར་ཐུབ། རྒྱུ་མཚན་ནི་དེ་ཚོ་ཚང་མ་དབྱིན་ཇིའི་སྐད་ཡིག་དང་ཉོག་གཏམ་ནང་ལ་ལོ་ཉིས་བརྒྱ་ལྷག་གི་གོང་ནས་བྲིས་ཟིན་པ་དང་། སྤར་ཟིན་པ། བཤད་ཟིན་པ་ཤ་སྟག་རེད། དེ་ནས་རུ་སུ་དང་རྒྱ་ཡིག་ནང་ལ་ཐོན་པ་རེད། ད་ཆ་གཞི་ནས། བོད་ཡིག་ནང་ལ་འཐོན་པ་རེད།

    ཨ་ནུ་ལགས་འདི་ཀློག་དང་། ཁྱེད་ཀྱི་གཏམ་ཇི་མ་ཇི་བཞིན་བྲིས་འདུག འདི་ལོ་བརྒྱ་ལྷག་གི་གོང་ལ་དབྱིན་ཇིའི་མཁས་པ་ཞིག་གིས་བྲིས་འདུག འདི་བོད་ནང་ལ་རྒྱ་ཡིག་དང་བོད་ཡིག་ཐོག་ལ་མང་པོ་གླེང་ཚར་སོང་།

    “Religion or religious indoctrinations have been used ( or abused) by their respective preachers to indoctrinate people to be submissive and submissive to common norm or what is acceptable to the churches through various modes and means. Through time and space, these indoctrination started to shape people’s attitudes, values, and behaviors and choices (including responding to situation threatening their immediate survival). This argument is a primary line used by the anti-religious establishments to critiques religious affect. However, the anti-religious establishments, surprisingly used the same method and approach to shape people’s perception and attitude that goes to say that they also expect and hope people to be submissive to their views and values…….The question is who’s better and what is difference between the two factions? ”

  73. རྒྱ་ཞིང་མྱི་དཀར། says:
    2014-09-17 at 2:56 pm

    ཨ་ནུའི་རྩོམ་ཡིག་ལ་ཡག་པོ་ལྟ་ན་འགལ་འདུས་ཕུང་པོ་རི་ལྟར་མཐོ་ཞིང་དབྱེ་ཞིབ་ཀྱི་ཆ་ཕྲ་མོ་ཙམ་ཡང་མཐོང་ཁག་པོ་རེད་དུས་ཚོད་ཀྱི་རྐྱེན་པས་ཁོམ་ལོང་བྱུང་མ་སོང་།

  74. ཅོ་རི་ཉི་མ། says:
    2014-09-17 at 2:57 pm

    ཨོ་རེད་་་བསམ་ཤེས་ལགས། ངས་ཁྱོད་ལ་སྔོན་མ་ནས་བཤད་ཡོད། ཡིན་ཀྱང་ཅང་ཉན་ཡོད་ཟོལ་མི་འདུག བོད་མི་རིགས་ལ་བདེ་སྐྱིད་དང་རང་དབང་སྤྲོད་ཐུབ་ཀྱི་རིག་གནས་ཡོད་པ་ནི་དམངས་གཙོ་རེད་ཅེས་བཤད་ཡོད། ཆོས་ལུགས་ནི་ཕན་སུམ་ཚོགས་པའི་ཡན་ལག་ཞིག་རེད་ཅེས་བཤད་ཡོད། ཡིན་ཀྱང་་་དེ་རིང་ཡང་ཅིག་ཁུར་ཤོག་ཟེར་ནས་བཤད་འོང་གི་འདུག་ག་་་ཧཧཧ ངོ་མ་ཀླད་པ་ཆོས་ཀྱིས་བཟི་ཚར་དུས་གོ་བརྡ་འཕྲད་ཡ་མེད་པར་འདྲ་།

    ཨོ་རེད་་་་སི་ཁོ་ཆེ་ལན་ཌ་ཡིས་རང་བཙན་པ་ཚོ་ལ་རྒྱལ་ཁ་འཐོབ་ཟོལ་འདུག་པེ། ང་ལ་ནི་སེམས་འཁྲུལ་འདྲ་ཞིག་ལང་གི་འདུག

  75. རྒྱ་ཞིང་མྱི་དཀར། says:
    2014-09-17 at 3:01 pm

    རང་མཚང་ཕྱི་ལ་སྟོན་ཟེར་ན་འདི་རེད་ཧཧཧ

  76. ཞོལ་གཡག་འབྲོང་རྒྱུད། says:
    2014-09-17 at 3:29 pm

    ཆོས་ལུགས་ཀྱིས་ཀླད་པ་བཀྲུས་ཟིན་པའི་གང་ཟག་དེ་ཚོ་གནས་ལུགས་ལ་གཡོལ་འགྲོ་ཡི་རེད། ཁོ་ཚོའི་གོམ་གཤིས་ངན་པ་དེས་འགྲོ་བ་བོད་མི་རིགས་མུན་ནང་དུ་དེད་ནས་ད་ཆ་ལངས་མི་ཐུབ་པ་ཆགས་པ་རེད། ཁོ་ཚོར་འཇོན་རྒྱུ་གཅིག་རང་གཅིག་དེ་ལག་པ་སྟོང་པ་ཕན་ཚུན་བརྡབ་རྒྱུ་ལས་ལག་པ་འགུལ་སྐྱོད་མི་ཤེས་པ་དེ་རེད། བྱས་ཙང་ལག་པ་སྟོང་པ་བརྡབ་རྒྱུ་དང་ཁ་སྟོང་པ་ལུང་གང་བཤད་ནས་གྲོད་པ་བཙོང་ནས་ཉི་མ་འཁྱོལ་ཐབས་བྱེད་ཀྱི་རེད། དེས་ན་རྒྱ་གུང་ཁྲན་གྱིས་མཛུབ་གཅིག་འགུལ་སྐྱོད་ཀྱིས་ཁ་སྟོང་ལག་སྟོང་བརྡབ་མཁན་གྱིས་མི་ཕན་པ་དེ་དངོས་ཡོད་གནས་ཚུལ་རེད། ད་ཆ་གོ་ལའི་སྟེང་ཁ་སྟོང་ལག་སྟོང་བརྡབ་རྒྱུ་འགྲོ་རྒྱུགས་ཏོག་ཙམ་བྱུང་པ་དང་གུང་ཁྲན་གྱིས་མཛུབ་མོ་གཅིག་གིས་འགུལ་སྐྱོད་དེ་རྦད་དེ་རྗེད་སོང་བ་དེ་རེད་ལ། ད་དུང་ཨུ་ཚུགས་ཀྱིས་ཁ་སྟོང་ལག་སྟོང་བརྡབས་ནས་ཉིན་འཁྱོལ་གང་ཐུབ་བྱེད་པ་ལས་ལག་པ་འགུལ་སྐྱོད་ཕྱོགས་གཞོལ་རྒྱུ་ནི་ཕར་ཟད་དེའི་ཕྱོགས་ལ་བསམ་བློ་ཡང་འཁོར་གྱི་མེད་པ་རེད།

  77. ཨ་ནུ་ཐང་བསོད་ནམས། says:
    2014-09-17 at 5:54 pm

    ལྷག་བསམ་གྱི་སྐད་ཆའི་ནང་ནས་ཞེན་ཁོག་སྐམ་པོ་ལས་གནས་ལུགས་ཀྱིས་སྐད་ཆ་ཉུང་ཉུང་རེད། ཁོས་ང་ཚོ་ཆོས་ལུགས་ལ་སྡང་མཁན་དང་ཕམ་པ་རྒྱག་མཁན་ཞིག་ལ་གོ་བ་ལོན་གྱི་འདུག དེ་ལྟར་མིན། ང་ཚོས་གླེང་བཞིན་པ་ནི་དོན་དངོས་དང་ཁེ་ཕན། ཚན་རིག་དང་མཐུན་པའི་ལྟ་གྲུབ་གླེང་བཞིན་ཡོད་པ་ལས། ཆོས་ལུགས་རྩ་མེེད་བཟོ་རྒྱུའི་ལས་འཆར་མིན། འོན་ཀྱང་། དོན་དངོས་གླེང་གླེང་ནས་ཆོས་ལུགས་ཀྱི་སྐྱོན་འཚང་ཕྱི་རོལ་ཏུ་ཐོན་ཚེ། ཆོས་ལུགས་ཀྱི་བསམ་བློ་སྒྱུར་མཁན་གྱི་མི་རྣམས་ཀྱིས་ཁོང་ཁྲོ་ཡི་སྐད་ཆ་བཤད་ནས་སྡུག་མོལ་བྱས་ཚེ། ཁྱེད་ཚོས་རང་དབང་ལས་ལན་འདེབས་མེད།

    ལྷག་བསམ་གྱིས་གོང་དུ་བཀོད་པའི་དབྱིན་ཡིག་གི་ཚིག་དེའི་ནང་དོན་དང་ངའི་གོང་གི་རྩོམ་ཡིག་དང་མཐུན་པ་མེད་ཁར། དེའི་ནང་སངས་ཆོས་་དང་བོད་ཀྱི་སྐོར་གཅིག་ཀྱང་བཤད་ཀྱིིན་མི་འདུག ལྷག་པར་དུ་སངས་ཆོས་ཀྱིས་མི་རྣམས་སྡར་མར་སྒྱུར་ཚུལ་གྱི་སྐད་ཆ་དེ་བས་མི་འདུག་པས། ཁོང་གིས་ངའི་སྐད་ཆ་དང་ཇི་མ་ཇི་བཞིན་ཡིན་པ་ག་འདྲ་བྱས་ནས་འཚོར་བ་ཡིན་ནམ། གཅིག་བྱས་ན་ཁོང་ལ་ཇི་མ་ཇི་བཞིན་གྱི་ཐ་སྙད་ལ་འགྲེལ་ཚུལ་གཞན་ཞིག་ཡོད་མི་འགྲོ།

  78. ལྷ་སྡེ་གནམ་ལོ་ཡག says:
    2014-09-17 at 8:59 pm

    ཨ་ནུ་ཐང་ལགས་ཀྱི་རྩོམ་ཡག་པོ་སྤེལ་འདུག བོད་རྒྱལ་ཁབ་སྟོང་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སངས་རྒྱས་ཆོས་ལུགས་པ་ངོ་མ་ཞིག་གི་ལ་རྒྱ་སྲུང་ཐུབ་ཡོད། ཡིག་འབྲུ་ཁྲི་བདུན་མ་དཔང་རྟགས་ཡིན་པའི་ཁར། ཁོང་ལ་འཐབ་རྩོད་བྱེད་སྐབས་བླ་ཆེན་ཁག་ཅིག་གིས་པཎ་ཆེན་སྲོག་ཐོག་ལ་གཏོང་དགོས་ཞེས་རྒྱ་དམར་གཞུང་ལ་ཞུ་བ་ཕུལ་འདུག

  79. དྲི་མེད་ལྷག་བསམ། says:
    2014-09-17 at 11:34 pm

    གྲོགས་གནམ་ལྡེ་ལོ་ཡག་ལགས། ཉིནདཀྱིས།༼བོད་ཀྱི་བླ་ཆེན་ཁག་ཅིག་གིས་པཎ་ཆེན་སྲོག་ཐོག་ལ་གཏོང་དགོས་ཞེས་རྒྱ་དམར་གཞུང་ལ་ཞུ་བ་ཕུལ་འདུག༽ཞེས་པའི་གཞི་གང་ལ་བཅོལ། མི་སུ་རེད་གསལ་བོ་བྱས་ན་ཚོད་དཔག་མིན་པའི་ཡིད་ཆེས་ཡོད། དེ་མིན་པར་གོ་ཐོས་ཙམ་ལ་ཁུངས་བཅོལ་ན་ནི། རྫུན་པ་ཡང་ཡིན་སྲིད། གཅིག་བྱས་ན་སྲིད་དོན་པ་འགའ་ཞིག་གིས་མཐུན་པ་འབྱེད་པའི་གཏམ་དུ་ཟད། ཡང་ན་ནང་སྒང་བླ་བྲང་གི་འགལ་ཟླས་ཕྱོགས་ཀྱིས་དེ་ལྟར་བྱས་ཡོད་སྲིད་པ་བཅས་སོམ་ཉི་འགའ་ཞིག་མཆིས་པར་དོགས་སེལ་མཛད་པར་འཚལ། །

  80. དྲན་དཀར་དཔལ་ཡོན་ says:
    2014-09-18 at 4:05 am

    ལྷ་སྡེ་གནམ་ལོ་ཡག་འདི་དགྱ་མི་ཕྱུག་བདག་མིན་ལས་དགུ་ལས་བྱ་མཁན་ཚོར་རྐུབ་བཟེད་པ་ལས་ཅུང་མི་འཇོན་པའི་གྱབས་ཀ་དེ་རེད། ཁག་མེད་འཚོ་བ་སྐྱེལ་སྟངས་འདྲ་མིན་རེད་ཨ། ༧པན་ཆེན་རིན་པོ་ཆེ་དགོངས་ན་བཅུ་གཅིག་སྟེང་པན་ཆེན་མིང་ཐོགས་ནས་བོད་ནང་གང་མགྱོགས་མགྱོགས་ཀྱིས་བཅིངས་གྲོལ་དམག་མི་གཏོང་རོགས། ང་ཚོའི་བོད་མི་རྣམས་བོད་གཞུང་གིས་སྡིག་པོ་བཏང་ནས་ཉིན་མཚན་འཁྱོལ་དཀའ་བ་འདུག་ཅེས་བཀོད་པ་གུང་ཁྲན་ལ་སྤྲད་འདུག གུང་ཁྲན་གྱིས་འཛམ་གླིང་ལ་བསྒྲགས་ནས་བེད་སྤྱོད་ངན་པ་བཏང་འདུག བླ་རྒན་ཁ་ཤས་ཀྱིས་པཎ་ཆེན་དང་པན་ཆེན་བླ་བྲང་ཁྱད་ཕྱེ་བར་ཁོང་ཁྲོ་ཟ་ཡོད་སྲིད་པ་རེད།

  81. ཅོ་རི་ཉི་མ། says:
    2014-09-18 at 5:55 am

    རྒྱ་ཞིང་མྱི་དཀར་ལགས། ཁྱོད་ཀྱིས་་་་ནང་ཆོས་དང་ནང་ཆོས་སྨྲ་བ་དག་ནི་རང་གི་རྣམ་རྟོག་ལ་འཆར་བའི་རྟོགས་བཏགས་ཏེ་འདྲ་ཞིག་རྩ་བ་ནས་མིན།་་་ཞེས་བཤད་འདུག

    བརྗོད་ཚིག་ཐུང་ཐུང་འདི་ནང་དོན་ལ་ཞིབ་ཏུ་བསམས་ན་ཁྱོད་ལ་ནང་ཆོས་ཀྱི་ཤེས་ཚོད་མེད་པ་ནི་ཚུལ་གསུམ་རིག་པས་གྲུབ། དབུ་མ་ཐལ་བའི་ལུགས་ལྟར་ན་་་གཞི་གྲུབ་ན་རྟོག་བཏགས་ཡིན་པའི་ཁྱབ། རང་ངོས་གྲུབ་པ་སྤུ་ཙམ་ཁས་མི་ལེན། ཁྱོད་ཀྱི་ལུགས་བྱས་ན་་་ནང་ཆོས་དང་ནང་ཆོས་སྨྲ་བ་དག་བདེན་པ་གྲུབ་པ་དང་རང་ངོས་ནས་གྲུབ་པ་ཨེ་འདོད། འདོད་ན་་་ནང་པའི་གྲུབ་མཐའ་མཐོ་ཤོས་ཐལ་བའི་ལྟ་གྲུབ་ག་རེ་རེད་དམ།

    ཤཀྱའི་རྒྱལ་པོས་འཁོར་ལོ་མཐའ་མའི་སྐབས་སུ་ག་རེ་གསུངས་ཡོད་དམ། དྲི་བ་ཡིན། གཅིག་རེད།

    གཉིས་ནས་་་་ང་ཚོའི་སྐད་ཆ་ཡིས་བོད་མི་རིགས་ལ་ཕན་ཐོགས་དང་མི་ཐོགས་ཁྱོད་ཀྱིས་ཐག་གཅོད་མི་ཐུབ། ང་ཚོས་ངོས་ནས་ཕན་ཐོགས་ཡོད་པར་ངོས་འཛིན་གྱིས་ཐོག་ནས་བཤད་ཀྱི་ཡོད། ཕན་མི་ཐོགས་པ་ཞིག་ཡིན་ན་འདི་དང་དེའི་ཕན་ཐོགས་མི་འདུག་ཟེར་ནས་མཛུབ་མོ་བཙུགས་ཤོག དེ་མིན་ཁྱོད་ཀྱི་བསམ་ཚུལ་དང་མ་མཐུན་པ་ཙམ་གྱིས་ཕན་ཐོགས་མེད་ཟེར་ན་ཧང་ཐལ་ཆ་ཆེ། སྔོན་མ་ཞིག་ནས་དེ་འདྲ་བཤད་བསྡད་མཁན་འདུག་པས་ཡིན། མཁྱེན་སོང་ངམ། ད་དུང་་་་པ་སེ་ཐོབ་མ་ཐོབ་འདྲ་ཞིག་ཡང་བཤད་བཞིན་འདུག རང་རྟགས་ཕྱི་ལ་སྟོན་པ་ཙམ་རེད་མོ།

  82. ཅོ་རི་ཉི་མ། says:
    2014-09-18 at 5:57 am

    ཐལ་འགྱུར་བ་ཅེས་བཅོས་་་་་་་་་་་་་་་་་་་ཧཧཧཧཧཧཧཧ

  83. ཨ་ནུ་ཐང་བསོད་ནམས། says:
    2014-09-18 at 7:16 am

    གནམ་ལོ་གཡ་དང་དྲི་མེད། ཅོ་རི་སོགས་ཕེབས་ནས་དགོངས་ཚུལ་གསུངས་བར་ཡག་བྱུང་། སེང་གྷ་པུར་སྲིད་གཟུར་གྱིས་བཤད་པ་འདི་དག་ནི་ཁ་ཆེའི་འཇིགས་སྐུལ་དང་། དྲག་སྤྱོད་ཚོགས་པའི་ལྟ་གྲུབ་ཕམ་ཉེས་བཏང་བྱེད་ཀྱི་སྐད་ཆ་ཞིག་རེད་ལ། གསལ་བོ་ཞུས་ན་ལྟ་གྲུབ་ཀྱི་དམག་འཐབ་ཅིག་རེད། ཁ་ཆེའི་ཆོས་ལུགས་ཡག་ཤོས་དེ་གནས་དེའི་ཁ་ཆེའི་ཆོས་ལུགས་ཡིན་ཚུལ་གྱི་ངོ་བསྟོད་དང་ལྷན། ཁ་ཆེའི་དྲག་སྤྱོད་པས་ཨ་ཨུ་སོགས་ཀྱི་ཁ་གཏད་ཡོང་ཐབས་མེད་ཚུལ་སོགས་ཀྱིས་འཇིགས་སྣང་སྐུལ་ཞིང་། ཁ་ཆེའི་དྲག་སྤྱོད་པའི་ལྟ་བ་ལ་གནས་དེའི་ཁ་ཆེའི་མི་མང་གིས་རྒྱབ་སྐྱོར་མི་ཡོང་སླད་ཀྱི་ཆབ་སྲིད་ཀྱི་ཚིག་ཅིག་རེད། དེ་བཞིན་དབྱིན་ཇིས་སྲིད་བློན་གྱིས་ཀྱང་ཁ་ཆེའི་ཆོས་ལུགས་ནི་ཞི་བའི་ཆོས་ལུགས་ཡིན་ཚུལ་དང་། ISISནི་ཁ་ཆེའི་ཆོས་བྱེད་པ་མིན་པ་སྲིན་པོའི་ཚོགས་ཁག་ཡིན་ཚུལ་བརྗོད་ཡོད། ཨ་རིའི་སྲིད་འཛིན་གྱིས་ཀྱང་ཁ་ཚོའི་ཁ་ཆེ་ལ་ཁ་གཏོད་གཅོད་ཀྱིན་མེད་པ། ཡོད་པ་ནི་ཁ་ཆེའི་ཆོས་འབག་གྱོན་པའི་རྟག་མཐའ་ཅན་གྱི་དྲག་སྤྱོད་ཕྱོགས་ཁག་ལ་གཏད་གཅོད་ཀྱིན་ཡོད་ཅེས། ལྟ་གྲུབ་ཀྱི་ཐོག་ནས་ཁ་ཆེའི་ཆོས་དམག་རྒྱག་མཁན་གྱི་རྟག་མཐའ་ཅན་ཚོ་ལ་དགག་པ་རྒྱབ་ཅིང་། ཕམ་ཉེས་བཏང་ཏེ། ཁ་ཆེའི་མི་མང་དང་། ལྷག་པར་དུ་གསོ་ནུས་ཆོས་རྒྱུད་ཀྱི་མི་མང་གིས་རྒྱབ་སྐྱོར་མི་ཡོང་སླད་དུ་རེད། དམག་རྒྱག་སྐབས་གོ་མཚོན་གཅིག་བུ་མིན་པ། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་ལྟ་གྲུབ་དང་དཔལ་འབྱོར་གྱི་དམག་ཐབས་རེད། ཡིན་ཏེ། ལྟ་གྲུབ་ཕམ་ན་མི་མང་གིས་རྒྱབ་སྐྱོར་བྱེད་པའི་འཆིངས་ཐག་མེད་པ་གྱུར་བ་དང་། འཆིངས་ཐག་མེད་ན། མི་མང་གིས་རྒྱབ་སྐྱོར་མི་ཡོང་ཞིང་། རྒྱབ་སྐྱོར་མེད་ན་མི་དང་དཔལ་འབྱོར་གྱི་ཡོང་ཁུངས་ཆད་པས། དྲག་ཚོགས་གང་ཞིག་རྒོད་ཀྱང་མཐའ་མར་ཕམ་ཉེས་འགྲོ་བས་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁ་ཆེའི་རྟག་མཐའ་ཅན་ལ་ཁ་གཏད་གཅོད་མཁན་ཚོས་ཁ་ཆེ་དང་རྟག་མཐའ་ཅན་གཉིས་ངེས་བར་དུ་ཐ་དད་འབྱེད་ཐབས་དང་། དེ་གཉིས་བར་དུ་འགལ་བ་སློང་རྒྱུར་ངེས་བར་དུ་འབད་དགོས་ཡོད། ཁ་ཆེའི་ཆོས་དམག་རྒྱག་མཁན་གྱི་རྟག་མཐའ་ཅན་ཞིག་ཡིན་ན། དམག་དོན་དེ་ཆོས་ལུགས་སྲུང་སྐྱོབ་ཀྱི་ཆེད་དང་། དེ་ལྟར་གནང་བ་དཀོན་མཆོག་གིས་བཀའ་ལུང་དང་རོགས་རམ་ཡོད་ཚུལ་སོགས་་བསྒྲགས་དགོས་བ་མ་ཟད། ཁ་ཆེའི་ཆོས་ལུགས་དང་དྲག་སྤྱོད་གཉིས་ཟླ་སྒྲིག་ངེས་བར་དུ་བཏང་དགོས་ཡོད། དེ་བརྟེན། ཁ་ཆེའི་ཆོས་དམག་རྒྱག་མཁན་ཚོས་འཛམ་གླིང་གང་ས་ཡི་ཁ་ཆེ་ལ་དུང་ཞེན་ཡོད་པའི་རྣམས་ལ་འབྲེལ་གཏུགས་དང་། དེ་དག་ལས་མི་རྒྱུ་གཉིས་ཀྱི་རྒྱབ་སྐྱོར་བཙལ་བའི་ཉེར་ལེན་གྱིས། ISISལ་ལྟ་རྒྱ་ཁབ༨༠ལྷག་ནས་ཡོང་བའི་དྭངས་བླངས་དམག་མི་དང་། ཐ་ན་ཡོ་རོབ་ཁུལ་ནས་མི་སུམ་སྟོང་ཙམ་དང་། ཨ་རི་དང་ཁ་དྲ་སོགས་ནས་མི་བརྒྱ་ཕྲག་དུ་མ་མཉམ་ཞུགས་བྱས་བ་མ་ཟད། དུས་ཡུན་ཐུང་ངུའི་ནང་ཨེ་རག་དང་སེ་རི་ཡའི་ཆ་ཁུལ་མང་པོ་ཞིག་དབང་སྒྱུར་བྱས་ཤིང་། དེ་དག་འཛམ་གླིངགང་གི་སར་བསྟན་ནས། དཀོན་མཆོག་གིས་ཁོང་ཚོ་ལ་རོགས་སྐྱོར་བྱས་བས་དམག་ལས་རྒྱལ་ཚུལ་གྱི་དྲིལ་བསྒྲགས་དང་། ལྷ་དམག་ཁོང་ཚོའི་ཕྱོགས་ནས་ཡོད་ཚུལ་སྒྲུབ་ཀྱིན་ཡོད། རྒྱུ་མཚན་ནི། ཁོང་ཚོའི་བྱེད་སྟངས་དེ་འགྲིག་པས་ཁ་ཆེའི་ལྷ་དམག་གིས་ཁོང་ཚོར་རོགས་སྐྱོར་བྱས་བ་ངོམས་ཀྱི་ཡོད།

    དེ་བཞིན་སངས་ཆོས་དང་ཡི་ཤུ་སོགས་ནི་ཞི་བའི་ཆོས་ལུགས་ཡིན་ཚུལ་བསྒྲུབ་མཁན་མང་བ་མ་ཟད། མང་པོ་ཞིག་གིས་ཆོས་ལུགས་ཐམས་ཅད་ཞི་བའི་ཆོས་ལུགས་ཡིན་ཚུལ་བསྒྲུབས་ཀྱིན་ཡོད། ཁག་ཅིག་གིས་དེ་ལྟར་སྒྲུབ་ནས་ལྟོ་རྒྱབ་དང་ཁ་རྗེ་དབང་ཐང་འཚོལ་གྱིན་ཡོད། ཡིན་ཡང་། སྲིད་དོན་པ་མང་པོ་ཞིག་གིས་ཆེད་མངགས་ཀྱིས་དེ་ལྟར་སྒྲུབ་ཅིང་། ཆོས་ལུགས་ཀྱིས་དྲག་སྤྱོད་མི་ཡོང་རྒྱུའི་སྔོན་འགོག་བྱེད་ཀྱིན་ཡོད། ཡིན་ཡང་། ཆོས་དཔོན་མང་པོ་ཞིག་གིས་དེ་ནི་དངོས་ཡོད་དུ་འཁྲུལ་ནས་གཡོ་འོག་ཏུ་ཚུལ་ཞིང་ཆབ་སྲིད་པ་ཚོས་ལག་ཆར་གྱུར་མཁན་དང་། འགྱུར་བཞིན་པའང་ཡོད།

  84. དྲན་དཀར་དཔལ་ཡོན་ says:
    2014-09-18 at 11:05 am

    དགྱ་རྐུབ་ལྡག་མཁན་ཨ་ནུ་ཐང་བ་དང་། མའོ་ཙེ་ཏང་གི་ཨབ་ཕྲུག་ཚོགས་པས་སངས་རྒྱས་པར་རྒོལ་ཚུལ་རྣམ་པ་མི་འདྲ་ཁུལ་བགྱིས་པ་ཙམ་ལས་དོན་དངོས་ལ་ནི་དོན་གཅིག་ཏུ་འདུག ངས་འདི་ལྟར་བཤད་ཁྱི་ཚུགས་མེད་པའི་མི་གཅིག་ཡིན་ན་དང་པོར་གོ་མཚོན་གྱིས་ཐབས་འཚོལ་དགོས། གཅིག་བྱོས།
    མེ་མདའ་བྷག་བྷག་གཅིག་བཟོ་བའི་མེད་པར་རང་བཙན་དགོས་ཟེར་མཁན་ཡོད་ན། རང་བཙན་ཟེར་བ་འདི་འཐབ་འཁྲུག་གི་ཟོས་ལེགས་པར་ཟོས་པའི་རྗེས་སུ་གཏོང་དགོས་པའི་སྐྱག་པ་ཡིན་པར་ངེས་ཤེས་རྙེད་དགོས། གཉིས་བྱོས།

    དེང་ཕྱིན་ཆད་ས་ཡ་བདུན་གྱི་མི་མང་གི་ཆེད་དུ་འཐབ་འཁྲུག་གི་ཟོས་བཟའ་གི་ཡིན་ཟེར་ན། མ་མཐར་ཁྱོད་རང་གོ་མཚོན་དམག་ཇུས་ལ་ལེགས་པར་བསླབས་པའི་སྐྱེས་བུ་ཞིག་ཡིན་དགོས། ཁྱི་ཟུག་ཟུག་བགྱིས་ནས་ང་ཚོའི་ཆོས་དད་ལ་ཁྱད་གསོད་ཙམ་བྱ་བར་དགྱ་མིས་ཁྱེད་ལ་སྒོར་མོས་གསོ་གིན་ཡོད་རྟགས་ཡིན།

  85. བསམ་ཤེས། says:
    2014-09-18 at 11:33 am

    ཅོ་རིའི་མཆན་༧༤ལ་ལན་འབུལ་བ།

    ཅོ་རིག་ལགས། དམངས་གཙོ་རྒྱལ་བ་རིན་པོ་ཆེ་དང་། བཙན་བྱོལ་གཞུང་དམངས་ཀྱིས་སྤྲད་ཟིན་སོང་། ད་ལྟ་དྲ་འབུ་འགས་དགྲ་ལྟར་རྩིས་པའི་བཀའ་ཁྲི་བློ་སེང་འདི། མང་མོས་ལམ་ལ་བསྟུན་ནས་བདམ་པ་རེད། ཁོང་ལ་གུས་ཞབས་མེད་རུང་། བཙན་བྱོལ་བོད་པ་མང་ཆེ་བའི་འདེམས་ཤོག་ལ་བསྟེན་ནས་བདམ་པས། དྲ་འབུ་དེ་ཚོས་མི་དམངས་དང་དམངས་གཙོའི་རེ་འདུན་ལ་གུས་ཞབས་ཏོག་ཙམ་ཡོང་བའི་རེ་བ་ཡོད།

    ངས་བཤད་པ་ནི། ཆོས་ལ་སྐྱོན་བཏོན་ན་འགྲིགས་མོད། འོན་ཀྱང་སྐྱོན་མཉམ་དུ་ཐབས་ཤེས་སྤྲོད་རོགས་གྱིས་ཞེས་པ་འདི་ལོ་གསུམ་གོང་ནས་བཤད་བསྡད་པ་ཡིན། ཆོས་མེད་པ་ནི་བཟོ་མི་ཐུབ། ཆོས་པ་ཚོ་རྩ་མེད་ནི་གཏོང་མི་ཐུབ། མི་དམངས་ལ་ཆོས་ནི་མཁོ་བས། ད་སྐྱོན་དེ་ཕན་ཆར་སྒྱུར་བའི་ཐབས་ཤེས་ཤོད་རོགས་ཟེར་བ་ལགས།

    ང་རང་ཆོས་ཀྱིས་གཟི་བའི་ཉིན་མོ་ཞིག་ཡོང་ན་ནི། ངའི་རྨི་ལམ་ངོ་མ་འདི་བསྒྲུབ་པ་རེད། དེ་མ་ཡོང་བར་འདིར་མི་ཚེའི་རྩ་ཆེའི་དུས་ཚོད་དག་ལས། ལྟོ་གོས་དང་འདི་ཕྱི་གཉིས་ཀར་ཕན་ཐོག་ཅང་མེད་པའི་བབ་ཅོལ་འབའ་ཞིག་ལ་སེམས་ནེམ་ནེམ་དུ་ཤོར་འགྲོ་བ་འདི། ད་དུང་ཆོས་ཀྱི་བྱིན་རླབས་འདི་རྒྱུད་ལ་བཞུགས་མེད་པའི་རྟགས་ལ་རྩི་བཞིན་ཡོད་པས། ཁྱེད་ཀྱིས་གུས་པར་རྟེན་འབྲེལ་ཡག་པོ་ཞིག་འགྲིགས་སོང་བས། ཁ་བྲོ་པོ་བྱུང་། ཐུགས་རྗེ་ཆེ།

  86. བསམ་ཤེས། says:
    2014-09-18 at 11:37 am

    ཨ་ནུའི་མཆན་༧༧ལ་ལན་འབུལ་བ།

    ཨ་ནུ་ལགས་ཀྱིས་ངས་བཀོད་པའི་དབྱིན་ཡིག་དུམ་བུ་འདི་དང་ཁྱེད་ཀྱི་རྩོམ་གཉིས་འབྲེལ་བ་མིན་འདུག་ཟེར། དྲང་པོ་བགྱིས་ནས་དང་པོ་དུམ་བུ་འདི་ཁྱེད་ཀྱིས་བོད་ཡིག་ལ་ཕབ་རོགས། དེ་ནས་དྲ་གྲོགས་ཚང་མས་འདི་བཀླགས་ནས་ངེད་གཉིས་སུས་བདེན་པ་ཤོད་ཀྱི་ཡོད་མེད་བསྟན་ན། ཕོ་ཁྱོ་ཀ་རེད། དེ་མིན་བློ་གཟུ་བོར་གནས་པའི་དྲ་གྲོགས་ཤིག་གིས་འདི་བསྒྱུར་ན། ད་གཟོད་གནས་ཚུལ་གསལ་པོ་ཡོང་། ངས་བསྒྱུར་ན་དེ་ཕྱོགས་ལྷུང་ལ་མཐོང་སྲིད་པས། བདེན་པ་ཚང་མའི་སྤྱན་མངར་འབུལ་བཞིན་པས་དེ་ལྟར་ཡོང་བ་མཛོད།

    “Religion or religious indoctrinations have been used ( or abused) by their respective preachers to indoctrinate people to be submissive and submissive to common norm or what is acceptable to the churches through various modes and means. Through time and space, these indoctrination started to shape people’s attitudes, values, and behaviors and choices (including responding to situation threatening their immediate survival). This argument is a primary line used by the anti-religious establishments to critiques religious affect. However, the anti-religious establishments, surprisingly used the same method and approach to shape people’s perception and attitude that goes to say that they also expect and hope people to be submissive to their views and values…….The question is who’s better and what is difference between the two factions? ”

  87. མིག་བརྒྱད་པ། says:
    2014-09-18 at 2:51 pm

    སངས་ཆོས་སྡར་མར་སྒྱུར་བྱེད་ཅིག་རེད་ཟེར་བའི་ཕག་ན་ཁ་ཆེའི་དྲག་སྤྱོད་པར་བསྟོད་གླུ་ལེན་གི་ཡོད་པ་གསལ་བོ་རེད། རྨོངས་དད་དང་ཚོར་བ་ལྷ་འདྲེ་གདོན་གེགས་གསུམ་ལ་ཤི་འཐམས་རོ་འཐམས་བྱེད་པ་འདི་གནས་ལུགས་ཀྱི་དགྲ་བོ་ངོ་མ་ཡིན། ཞེས་པའི་སྐད་ཆ་འདི་གཅིག་བུས་ཀྱང་སངས་ཆོས་ནི་ལྷ་འདྲེ་གདོན་བགེགས་ལ་ཡིད་ཆེས་ཙམ་ལས་གཞན་གང་ཡང་མིན་ཟེར་གི་ཡོད་པ་རེད། ཆོས་དང་ཆོས་མིན། ཆོས་དང་གང་ཟག་གི་དབྱེ་བ་ཙམ་ཡང་དགར་མི་ཤེས་བའི་རྨོངས་ཤེད་ཁག་ཅིག་ཁོ་ནའོ།།

  88. མིག་བརྒྱད་པ། says:
    2014-09-18 at 2:59 pm

    ཆང་གཏམ་མང་པོ་གུང་བསྒྲིགས་ནས་རང་གི་ཡན་ན་མི་མེད་སྙམ་པའི་ཁེངས་དྲེགས་དང་ང་རྒྱལ་གྱིས་དབང་རྩ་སྦྲིད་ནས་ཀླད་པ་འཐོམས་ཏེ་ཡོད་ན་ཡང་རང་ངོ་མི་ཤེས། རང་ངོ་མི་ཤེས་བས་གཞན་ངོ་ག་ལ་ཤེས།

  89. མིག་བརྒྱད་པ། says:
    2014-09-18 at 3:02 pm

    ཚིག་གི་མགོ་བརྗོད་ན་་་་ནུབ་ཕྱོགས་ཀྱི་མཛེས་མ་ཞེས་ཐོན་ཡོང་དུས་སྐད་ཆ་ཡག་པོ་ཞིག་བཤད་རྒྱུ་མེད་ནོ་གསལ་བོ་རེད། སྔོན་ལ་རང་ངོ་ཤེས་བ་དེ་གལ་ཆེ། སེམས་གཏམ་ཡིན།

  90. ཅོ་རི་ཉི་མ། says:
    2014-09-18 at 4:13 pm

    ཧཧ་་བསམ་ཤེས་ལགས། དམངས་གཙོ་རྒྱལ་བ་རིན་པོ་ཡི་སྤྲད་ཟིན་ཟེར་བའི་སྐད་ཆ་འདིར་ཁས་ལེན་གྱིས་མིན། བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པ་མང་མོས་བྱུང་ཡང་སྒྲིག་འཛུགས་ལ་བསྒྱུར་ཡོད། འདི་དམངས་གཙོ་ཨེ་རེད། ཁྱོད་ཀྱི་བསམས་པར་བཀའ་སྤྱི་གཉིས་འོས་བསྡུ་བྱས་པ་ཙམ་གྱིས་དམངས་གཙོ་ཡིན་ཨེ་བསམ་ཁུ། དེ་ཙམ་གྱིས་དམངས་གཙོའི་མཚན་ཉིད་ཡོངས་སུ་ཚང་གི་མ་རེད།

    བཙན་བྱོལ་མི་དམངས་ལ་སོ་སོའི་གཞུང་དགོས་དང་མི་དགོས་ཀྱི་ཐག་གཅོད་ཆོག་པའི་དབང་ཆ་ཙམ་ཡང་མེད་པར་་་་ད་དུང་དམངས་གཙོ་ཡིན་ཨེ་་་་གནང་ཡོད་ཨེ་་་་མ་བྷི་ཚོ།་དགའ་ངོ་བ།

  91. ཨ་ནུ་ཐང་བསོད་ནམས། says:
    2014-09-18 at 6:03 pm

    འབྲེལ་བ་འདུག་ཟེར་མཁན་ཁྱེད་རང་རེད། ཁྱེད་ཀྱིས་འབྲེལ་བ་ཡོད་ཚུལ་གླེང་ནས་ང་ལ་བསྒྱུར་དུ་བཅུག་པ་ནི་འཚོ་བ་གཞན་ལ་རྟེན་ཞིང་བཀས་བཀོད་ཀྱི་རང་གཤིས་ཆེ་བའི་སྤྱོད་ཚུལ་རེད། ཁྱེད་ཀྱིས་ང་ལ་སྐྱོན་བརྗོད་བྱས་ནས་དབྱིན་ཚིག་དག་བཀོད་པ་ཁྱེད་ཀྱི་མི་སྒྱུར་བ། ངས་ག་འདྲ་བྱས་ནས་སྒྱུར་དགོས་རེད། དེ་ལྟར་གནང་ན་དྲང་མོ་རེད་དམ།

    ནུབ་ཕྱོགས་ཀྱི་མཛེས་མ་ཡིན་པས་མཛེས་མ་ཞེས་ན་ཅི་འདྲ་བྱས་ནས་ངན་པ་ཆགས་པ་རེད། གྲྭ་བ་ཡིན་ཞིང་། ཚེ་གང་བུ་མོ་དང་འགྲོགས་མྱོང་མེད་པའི་རང་ཚང་འདུག བུ་མོ་མཛེས་མ་གཞོན་ནུ་མ་དག་ནི་འཇིག་རྟེན་གྱི་རྒྱུ་ནོར་ཡག་ཤོས་དང་། ཨ་མ་བཟང་ཤོས། ཆུང་མ་ལེགས་ཤོས་དག་རེད། བཟང་མོའི་རིན་ཐང་མི་ཤེས་ཤིང་། བཟང་མོའི་དེ་ཉིད་མི་རྟོགས་པ། དེ་དོན་ལ་རྒྱབ་ཀྱིས་ཕྱོགས་ཁུལ་བྱས་བའི་བྱ་སྤྱོད་འདི་ནི། དོན་དངོས་མི་རིགས་རྩ་རྫོགས་བྱེད་བྱེད་དང་། ཚེ་གང་གྲུབ་མཐའ་ཞིག་གམ། གཞན་ཞིག་གི་བསམ་བློའི་འོག་ཏུ་མི་ཚེ་ཟད་ཅིང་། རང་ཉིད་ཀྱི་ཀླད་པ་བེད་སྤྱོད་བཏང་མི་ཤེས་མཁན་ཚོ་རེད། ཚེ་སྲོག་འཚོ་བ་ནི་གྲུབ་མཐའ་འམ་ཆོས་ལུགས། ཡང་ན་གཞན་ཞིག་གི་ལྟ་གྲུབ་ཀྱི་ཁྱབ་ཁོངས་སུ་འཚོ་བ་ཡིན་པས། མི་དག་རང་ཉིད་ཀྱི་ཆེད་དུ་འཚོ་བཞིན་མེད། དེ་བརྟེན། ཁོང་ཚོས་ནམ་ཡང་རང་ཉིད་ཀླད་པ་བེད་སྤྱོད་མི་ཤེས་ཤིང་། མྱོང་འཚོར་དངོས་དང་སྟུན་མི་ཐུབ་པས་འཇིག་རྟེན་གྱི་གནས་ལུགས་རྙེད་པའི་ནུས་བ་མེད། ནམ་ཡང་ཚུལ་ཆོས་དང་ཆོས་ལུགས། གྲུབ་མཐའ་ཞིག་གི་ཆེད་དུ་འཚོ་བཞིན་ཡོད་པ་མ་ཟད། གཞན་ལའང་དེ་ལྟར་བྱེད་པ་སྐུལ་མ་བྱེད་ཀྱིན་ཡོད་པས། མིའི་ཤེས་རིག་དང་ཀླད་པ་ཡར་རྒྱས་ལ་འགོག་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད། དེ་བརྟེན། གང་ན་གཞན་གྱི་ལྟ་གྲུབ་འོག་ན་འཚོ་མཁན་མང་ན། དེ་དག་བཀག་རྒྱ་དང་ཚུལ་ཆོས་ཀྱི་འདུ་ཤེས་ཆེ་ལ། བླུན་རྨོངས་དང་རྗེས་ལུས། གླེན་རྟགས་ཀྱི་སྡུག་ངལ་ལྕི་བ་མ་ཟད། དགོས་མེད་ཀྱི་སྡུག་ངལ་དང་། མཁོ་མེད་ཀྱི་གྲུབ་མཐའ་མང་བས་བྲན་གཡོག་གི་དཀའ་ངལ་མང་།

  92. མིག་བརྒྱད་པ། says:
    2014-09-18 at 9:00 pm

    ཁ་ཆེའི་དྲག་སྤྱོད་པར་བསྟོད་གླུ་ལེན་པ་འདི་རིགས་་ཀྱིས་སྐད་ཆ་བཤད་སྟངས་ལ་བལྟས་ན་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་དྲི་ཙམ་ཡང་མི་བྲོ་བས་ཁ་ཆེའི་ཐལ་ལྷུང་རིང་ལུགས་པ་ངོ་མ་ཆགས་འདུག །འཇིག་རྟེན་གྱི་རྒྱུ་ནོར་ཡག་ཤོས་བུ་མོ་མཛེས་མ་དག་རེད་ཟེར། རང་གི་རིག་གནས་མི་དགོས། དགེ་རྒན་མི་དགོས། བུ་མོ་མཛེས་མ་ཡོད་ན་ཡིད་ཚིམ་སོང་ནི་ཡིན་རྒྱུ་རེད། མི་འདིའི་རིགས་ནི་བོད་ལ་ཤ་ཞེན་ཡོད་དམ། དོགས་གཞི་ཆེན་པོ་རེད། དེ་བས་བསམ་བློ་འདི་དང་འདི་ལྟ་བུའི་མི་རིགས་ཤིག་གསོན་པོར་གནས་བ་ལ་དགོས་བ་་ཅི་ཡང་གང་ཡང་མེད་དོ། །ད་དུང་བཤད་རྒྱུར། མྱོང་ཚོར་དངོས་དང་མི་མཐུན་པས་འཇིག་རྟེན་གྱི་གནས་ལུགས་རྙེད་པའི་ནུས་བ་མེད་ཟེར། བུད་མེད་ཀྱི་བསླུ་བྲིད་ལ་བརྟེན་ནས་རྒྱལ་ཁམས་འཇིག་པའི་གནས་ལུགས་དེ་མ་ཤེས་བ་འདྲ། མཛེས་མ་གཏོགས་དྲན་རྒྱུ་མེད་པའི་མི་འདིའི་རིགས་ནི་དབང་རྩ་སྦྲིད་ནས་ཀླད་པ་ལ་སྐྱོན་ཡོད། ཆང་གཏམ་གྱིས་མི་ཚེ་རྫོགས་ན་ཡང་རང་གི་རིག་གནས་དང་རང་གི་ལྟ་གྲུབ་ཆེད་དུ་འཚོ་གནས་བྱེད་མཁན་དག་ལ་བཀག་རྒྱ་དང་ཚུལ་འཆོས་ཡོད་ལུགས་ཟེར། རིག་ཚོད་མི་ཟིན་པ་ཟེར་ན་འདི་མོ་ལ་ཟེར་ནི་རེད་གོ །

  93. མིག་བརྒྱད་པ། says:
    2014-09-18 at 9:14 pm

    བརྗོད་བྱའི་དོན་གྱི་མི་སྣ་དག་ལ་བཤད་གི་ཡོད། རྩོམ་པ་པོ་ཉིད་ལ་གང་ཡང་བཤད་གི་མེད།

  94. ཀརྡོ་གཉེར་ཕྱག་པ་ says:
    2014-09-19 at 2:55 am

    # 91 ཨ་ནུ་ཐང་བསོད་ནམས།་ལགས་ཀྱིས་མཆན་བཏབ་པ།:
    དྲང་མོ། དྲང་པོ།
    གྲྭ་བ། གྲ་པ།
    དེ་བརྟེན། དེར་བརྟེན།
    ཚུལ་ཆོས། ཚུལ་འཆོས།
    སྡུག་ངལ། སྡུག་བསྔལ།

  95. བན་དེ་བ། says:
    2014-09-19 at 7:26 am

    NEW DELHI: While Prime Minister Narendra Modi and Chinese President Xi Jinping were on a swing along the Sabarmati and their respective Armies continued a face-off in Ladakh, the leader of a Buddhist sect on Wednesday sought help from the Indian government to stop his monasteries in Tibet from being taken over by a richer, rival sect, allegedly backed by the Beijing.

    Breaking his silence, Jigme Pema Wanghcen, head of 1,000-year-old Drukpa lineage school, also known as Gyalwang Drukpa, told Express about the “conversion” by the Karma Kagyu school. However, the latter strenuously rejected the claims, saying there was no such campaign or orders from their leader, the 17th Karmapa. Drukpa was here on Wednesday to address a seminar on Buddhist tourism.
    Drukpa, who has 25 million followers world-wide, told Express on the “disturbing trend” of his monasteries in Tibet, ringing Mount Kailash, being taken over by powerful Karma Kagyu sect. “This has been going on for the past 15-16 years. But, we didn’t speak as we didn’t want to escalate the situation… We were hoping that they would realise what they are doing is bad. But, nothing happened, so we have to speak out now,” Gyalwang Drukpa said.

    His office had issued a statement earlier this month, but this is the first time that Drukpa is publicly talking about the issue. He claimed that 12 of his monasteries have been converted “forcibly”, starting with the Dri-ra Phug monastery 15 years ago. This means that slowly through donations from Karma Kagyu followers, monasteries were taken over, the drukpa emblem obliterated and the sect leaders’ photos removed. His followers, numbering around two million across the Himalayas, were reportedly told to ‘convert’ to the Karma Kagyu school or face expulsion.

    “There is a strong rumour that all of this is being done with funds from the Chinese government,” he said.

    However, he was cautious in imputing any motive to the Chinese government. “We are still trying to find out from the ground on what could be the motive behind this,” he said. China, of course, maintains overall control over monasteries and monks in Tibet with many of them being the nursery for leading the struggle for autonomy in the region.

    He emphasised that this was a matter which India had to take cognisance as for centuries, his followers had been the guardians of the Himalayan frontier.

    “You know how sensitive the border is… especially now,” said Gyalwang Drukpa, an Indian citizen.

    In May, Department of Posts released a special commemorative stamp to mark 1,000 years of Drukpa lineage. The Buddhist spiritual leaderis planning to raise the issue with the Indian authorities.

    “India has a big role to play,” he said. When asked as to why the the issue was raised during the Chinese President’s visit, he said, “it is a pure coincidence”.

    Charges Denied

    The Karma Kagyu sect is led by 17th Karmapa Ogyen Trinley Dorje, who escaped to India from Tibet at the age of 15 in 2000. His spokesperson Kunzang Chungyalpa said that they were not aware of the allegations made by the Drukpa sect. “We have no such knowledge, so we want to verify them ourselves and ask for reports from there. But, His Holiness has not given any such orders for conversion. He has a non-sectarian approach,” Chungalypa said.

  96. ཨ་ནུ་ཐང་བསོད་ནམས། says:
    2014-09-19 at 12:07 pm

    བུ་མོ་མེད་ན་ཁྱེད་རང་ཐེ་བའི་གྲྭ་བ་ཀུན་མེད་ལ་སངས་ཆོས་ཀྱང་ཡོད་མི་སྲིད། མཛེས་མ་མེད་ན་འཇིག་རྟེན་ལ་ཁ་དོག་མེད་ཅིང་སྐྱེས་བ་ཚོའི་མི་ཚེ་ལ་སྙིང་བོ་མེད་ཀྱང་། ཚུལ་མིན་གྱི་ཆོས་ལུགས་དང་གྲུབ་མཐའ་ཡིས་ལྟ་གྲུབ་ཀྱིས་བསམ་བློ་སྒྱུར་ཟིན་པའི་གང་ཟག་ཚོས། དེ་དག་ནམ་ཡང་མཐོང་མི་སྲིད། ཁོང་ཚོས་ཆོས་ཉིད་གོ་ལྡོག་དང་གནས་ལུགས་གོ་ལྡོག་ཏུ་མཐོང་བས་རེད། བོད་ལ་དེ་ལྟར་མཐོང་མཁན་མང་དྲགས་པས་བོད་འདི་ཕམ་པ་རེད།

    ཁ་ཆེའི་དྲག་སྤྱོད་ལ་ཡི་རང་བྱས་བ་གང་མིན་ཞིང་། སྒེར་ངོས་ནས་ཁ་ཆེ་ལ་དེ་ཙམ་དགའ་མོས་མེད། ཡིན་ཡང་། ཁོང་ཚོའི་དཔའ་སྟོབས་དང་འཐབ་འཛིང་གི་གྲུབ་འབྲས་ཀྱིས་འཇིག་རྟེན་ཀུན་ཧང་སང་དུ་བཅུག་བཞིིན་ཡོད་པ་ནི་དངོས་ཡོད་རེད་ལ། བདེན་པ་ཡིན་པས་མི་སྨྲ་ཐབས་མེད་ཡིན་པས་སྨྲས་བ་ཡིན། སྨྲས་ཤིང་མང་པོ་ཞིག་གི་ཐུགས་ལ་ཕོགས་ན་ཐབས་ཤེས་གཞན་དུ་མེད། རྒྱུ་མཚན་ནི། དེ་ནི་ངའི་སྐྱོན་མིན་ཞིང་ཕོགས་མཁན་ཁོང་ཚོའི་སྐྱོན་ཡིན་པས་གཞན་གྱི་སྐྱོན་ཆ་ཞུ་དག་ཞུ་བའི་འདོད་མོས་མེད།

    མིག་བརྒྱད་པས་ད་དུང་ཡང་ཞི་བ་ཞེས་ནས་སློབ་སྦྱོང་བྱས་ཞིང་དགེ་རྒན་ལ་བསྟེན་ནས་སྡོད་ཀྱིན་ཡོད་པ་བདེན་དུ་བྱས་ཀྱང་། ཁྱེད་ཀྱིས་དེ་ལྟར་བདེ་འཇགས་ངང་འདུག་ཐུབ་པའང་། ཁྱེད་ཀྱི་སྡོད་སའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཡག་པོ་ཡོད་པ་དང་། ཁྲིམས་ལུགས་སྲུང་མཁན་གྱི་གཉེན་རྟོག་པ་ཡག་པོ་ཡོད་པ། གཉེན་རྟོག་ལའང་རྒྱལ་གཉེར་གྱི་དྲག་པོས་དམག་སྡེ་ཡག་པོ་ཡོད་པ། དཔུང་སྡེ་ལའང་དཔང་འབྱོར་གྱི་མ་དངུལ་ཡག་པོ་ཡོད་པས་རེད། དག་དག་གིས་རྒྱུ་རྐྱེན་ལ་བརྟེན་ནས་ཁྱེད་ཀྱིས་སློབ་སྦྱང་ནས་འདུག་ཐུབ་པ་བྱུང་བ་རེད། དེ་ལྟར་མིན་ན། མི་ངན་ཚོས་ཁྱེད་ཉིད་ལྷིང་འཇགས་ཀྱི་ངང་ནས་སློབ་སྦྱོང་བྱེད་ནས་་འདུག་ཏུ་བཅུག་མི་སྲིད་ལ། ཁྱེད་ཉིད་འཚོ་སྡོད་བྱེད་སའི་རྒྱལ་ཁབ་ཀྱང་བདེ་འཇགས་ངང་འདུག་མི་ཐུབ་ཅིང་། གཞན་གྱི་བཙན་འོག་ཏུ་འགྲོ་ངེས་རེད།

    དྲག་དོན་ལ་མོས་བ་ངན་པ་མིན་ཞིང་། དེ་ལྟར་ཡིན་ན་ཨ་རིས་དྲག་པོའི་ཆེད་དུ་ལོ་རེ་ཨ་སྒོར་ཐེར་འབུམ་དྲུག་བརྒྱ་རེ་བཏང་དགོས་དོན་མེད་ལ། དེ་བཞིན་རྒྱ་ནག་དང་ར་ཤི་ཡ། རྒྱ་གར་དང་ཉིན་ཧོང་སོགས་ཀྱིས་ཀྱང་ལོ་རེ་བཞིན་དྲག་པོའི་དཔུང་སྡེ་ཡི་ཆེད་དུ་ཨ་སྒོར་ཐེར་འབུམ་མང་པོ་བཏང་དགོས་དེ་བས་མེད། བོད་ལ་ཁྱེད་ལྟར་ཞི་བདེ་ཡི་ཁ་ཟས་བྱས་ཤིང་བཙོང་མཁན་མང་བས། བོད་འདི་རྩ་མེད་དུ་བཏང་བའི་རྩ་བའི་རྒྱུ་རྐྱེན་བྱེད་ཀྱིན་ཡོད། ཡིན་ཡང་། ཁྱེད་ཚོ་ལ་ཆོས་ལུགས་དང་དགེ་རྒན་མ་གཏོགས་མི་རིགས་མི་དགོས་བས། ཁྱེད་ཚོའི་བསམ་བློ་འདི་ནི་བོད་མི་རིགས་རྩ་མེད་འགྲོ་བའི་དུག་སྡོང་ཡིན་ཞིང་། ཁྱེད་ལྟར་བསམ་བློ་འཛིན་བོད་མིའི་ཁྲོད་ཚད་མཐོ་ཡོད་པས། བོད་འདི་རྩ་མེད་འགྲོ་ཡ་ལས། མ་འོངས་བར་རེ་བ་ཁག་པོ་མཐོང་། དེ་བརྟེན། ཁྱེད་ཚོ་ལ་རེ་བ་ཞུ་ཡ་ཞིག་ལ། མི་རིགས་དང་ཆོས་ལུགས་མཉམ་དུ་མ་སྦྲེལ་རོགས། ཁྱ྄ེད་ཚོས་ཕྱི་གླེང་བ་ཐུགས་སྐབས་བོད་དོན་ནི་ཆབ་སྲིད་ཡིན་པས་དོགས་སྣང་མེད་ཚུལ་དང་། བོད་རིགས་ཐུག་ཚེ་ཆོས་དོན་ནི་བོད་དོན་ཡིན་ཚུལ་བསྒྲགས་ནས་ཕན་ཚུན་གཉིས་ལས་ཁེ་ཚོང་ལེན་གྱི་ཡོད། དོན་དངོས་འཇིག་རྟེན་ན་མགོ་གཉིས་མ་ཞིག་ཡོད་ན། དེ་ལྟར་ཡིན་པའི་དཔེ་མཚོན་ཡག་ཤོས་སུ་མཐོང་།

  97. ཀརྡོ་གཉེར་ཕྱག་པ་ says:
    2014-09-19 at 12:10 pm

    གྲྭ་བ། གྲྭ་པ།

  98. མིག་བརྒྱད་པ། says:
    2014-09-19 at 2:11 pm

    ཁྱེད་ཚོ་ལ་ཆོས་ལུགས་དང་དགེ་རྒན་མ་གཏོགས་མི་རིགས་མི་དགོས་བས། ཁྱེད་ཚོའི་བསམ་བློ་འདི་ནི་བོད་མི་རིགས་རྩ་མེད་འགྲོ་བའི་དུག་སྡོང་ཡིན་ཞིང་། ཁྱེད་ལྟར་བསམ་བློ་འཛིན་བོད་མིའི་ཁྲོད་ཚད་མཐོ་ཡོད་པས། བོད་འདི་རྩ་མེད་འགྲོ་ཡ་ལས། མ་འོངས་བར་རེ་བ་ཁག་པོ་མཐོང་། །ཟེར་བ་འདིའི་བསམ་བློའི་གོ་རྟོགས་དང་ཤེས་རྒྱ་ཧ་ཅང་ཆུང་གི །ཁྱེད་ཚོས་མི་རིགས་ཤིག་རྩ་མེད་འགྲོ་མ་འགྲོ་གང་ལ་ཐུག་ཟེར་དུས་ཕྱོགས་ཡོངས་ལ་འདང་མ་བརྒྱབ་པར་ནང་བསྟན་མི་དགོས། གྲྭ་བ་མི་དགོས། དམག་འཁྲུག་རྒྱག་དགོས་ཟེར་གི་ཡོད་པ་རེད། མི་རིགས་ཤིག་གསོན་པོར་གནས་མི་གནས་མི་རིགས་དེའི་སྐད་དང་ཡི་གེ་རིག་གཞུང་རྩ་བརླག་ཏུ་སོང་ན་ད་གཟོད་མི་རིགས་དེ་གསོན་པོར་གནས་ཐབས་ཡོད་དམ། ཡོད་ཀྱང་དོན་སྙིང་ཅི་ཞིག་ཡོད། ཁྱེད་ཚོས་ནམ་ཡང་ཕྱོགས་གཞན་པ་དག་བསམ་བློའི་ནང་ལ་མ་བསླེབས་པ་ཅི་ཡིན་ནམ། དམག་འཁྲུག་བརྒྱབ་ནས་མི་ཤི་ཁྱིམ་སྟོང་དུ་གྱུར་ན་ད་གཟོད་གསོན་གནས་ཐུབ་བམ། མི་རིགས་གཞན་དག་དང་འབྲེལ་བའི་བཟའ་ཚང་དང་ཆང་སའི་གནད་དོན། བཙན་གྱིས་སྐྱེ་སྒོ་གཅོད་པ་སོགས་མི་རིགས་རྩ་བརླག་འགྲོ་བའི་རྒྱུ་རྐྱེན་ལ་བསམ་བློར་འཁོར་ཨེ་མྱོང་། གླེང་སློང་བྱེད་ཨེ་མྱོང་། ངོ་མ་ཡ་མཚན་རེད། ཁྱེད་ཚོའི་མཛེས་མ་དག་གིས་སྒོར་མོའི་ཆེད་དུ་རང་ལུས་བཙོང་ན་ད་གཟོད་བོད་མི་རིགས་སྐྱོབ་ཐུབ་བམ། ངོ་མ་དགོད་རྒྱུ་ཡོང་གི །ད་དུང་ཆང་ནག་དུད་འཐེན་ཉལ་ཐའི་རིགས་ལ་ལང་ཤོར་སོང་བའི་ཕོ་གསར་མོ་གསར་ག་ཚོད་ཡོད། དེ་ཚོ་ལ་ཞིབ་འཇུག་བྱས་ཨེ་མྱོང་། ཡིན་གཅིག་མིན་ནས་མདུང་ཁ་སངས་ཆོས་ལ་བསྐོར་ནས་དོན་དག་ཅི་ཞིག་འགྲུབ་གི་རེད་སོམས་དང་། འཛམ་གླིང་སྤྱི་ཡོངས་ཀྱིས་བོད་པ་ཞེས་ངོས་འཛིན་ཡང་དག་པ་ཞིག་བྱེད་པ་འདི་བོད་རང་གི་ཡི་གེ་དང་རིག་གཞུང་མིན་ན་དེ་ནས་མཛེས་མ་དག་ཡིན་རྒྱུ་རེད། ཧ་ཧ།

  99. ཨ་ནུ་ཐང་བསོད་ནམས། says:
    2014-09-19 at 4:13 pm

    བོད་ཀྱི་གནད་ཡོད་ཀྱི་མི་སྣ་མང་ཤོས་ཁྱོད་ལྟར་སྡར་མ་དང་ཞི་འབག་གྱོན་མཁན་གྱི་རང་དོན་ཅན་ཁོ་ན་ཡིན་པས། དམག་དང་རྒྱག་ག་ལ་ཐུབ། དམག་རྒྱག་པ་མ་དགོས་རང་ཁ་མི་སོས་ཤིང་འཚོ་བ་གཞན་རྟེན་ཁོ་ན་ཡིན་པས་དམག་རྒྱག་པའི་ནུས་བ་མེད། ནུས་བ་མེད་པའང་ཁྱེད་ལྟར་མང་བས་ཡིན་པས། བོད་ལ་དམག་རྒྱག་པའི་ནུས་བ་མེད་ཚུལ་རྩོམ་ཡིག་འདིའི་བརྗོད་སྙིང་རེད།

  100. དྲན་དཀར་དཔལ་ཡོན་ says:
    2014-09-19 at 7:43 pm

    མི་ནུས་མེད། ཁྱི་ཚུགས་ལས་མེད་པ། སྐྱག་པ་བཏང་སར་ནམ་ཡིན་ཡང་ཨ་མ་འཁྲིད་དགོས་པ་དེས་དམག་གི་གྲབས་ཙམ་ཡང་བཤམས་མི་ནུས་པར་གཞན་གྱིས་དམག་ཤོར་བ་དང་དམག་ཤོར་མཁན་ལ་སྡིག་དམོད་རྐྱང་བྱས་ནས་སྡོད་ཀྱིན་ཡོད།
    ཁྱི་ཚུགས་བཏང་ནས་རང་ཉིད་དགའ་བའི་མི་ཚུགས་དེ་བསྲུང་འདོད་ན། མེ་མདའ་བྷག་བྷག་གཅིག་གིས་སྟ་གོན་གྱིས་ལ་མགོ་རྩོམ་ལ་མི་གསོད་གཤེད་མའི་སྲོག་ཆད་གཅོད་པའི་རྣམ་པ་གཟུང་ཤིག ཁྱོད་ཀྱིས་མི་གྲངས་མང་བའི་རྒྱ་ནག་བཙན་རྒྱལ་རིང་ལུགས་པའི་མགོ་བོ་གཅིག་གྱང་གཅོད་མ་ནུས་པར། གྲངས་ཉུང་ལ་དམག་ཤོར་བའི་བོད་མི་མང་གི་ཆོས་དད་ལ་རྒོལ་རྡུང་གིས་མི་ཚེལ་བསྐྱལ་ཀྱིན་པ་འདིས། གཞན་བརྟེན་དང་རང་གི་ནུས་ཡིད་ཆེས་མེད་དགྱ་ཁྱི་སེར་པོ་གཅིག་གི་རྣམ་ཤེས་ལས་གང་ཡང་མཚོན་མི་ནུས། xxx

  101. ཀློང་ཆུང་ says:
    2014-09-19 at 8:21 pm

    ཆོས་ཀྱིས་མི་རིགས་ཞུམ་པར་བྱེད་ཟེར་དུས་ཨ་ནུ་འདི་མགོ་སྟོང་བ་ཡིན་པའི་རྟགས་རེད། འཛམ་གླིང་ནང་དབང་སྒྱུར་བ་ཚང་མ་ཆོས་པ་རེད། དཔལ་འབྱོར་ཡག་ཤོས་ཚོ་ཆོས་ལུགས་ཡོད་པ་འདི་ཚོ་རེད། ཨ་ནུ་སྐྱབས་ཅོལ་ས་དེ་ཆོས་ལུགས་ཀྱི་རྒྱལ་ཁབ་རེད། ཚན་རིག་དར་ས་ཆོས་ལུགས་ཡོད་པའི་རྒྱལ་ཁབ་ནང་ལ་རེད། ཨ་ནུ་ཁ་བཙུམས་ནས་མིག་དང་རྣ་བཀོལ་ན་ཤེས་ངེས།

    ད་ལྟ་འཛམ་གླིང་གི་མི་རྒྱུ་ཆེ་ཤོས་༡༠༠ དེ་ཚོ་ཚང་མ་ཆོས་དད་པ་རྐྱང་རེད། ཨ་ནུ་སོམས་ཅིག

  102. མིག་བརྒྱད་པ། says:
    2014-09-19 at 10:59 pm

    བོད་ཀྱི་གནད་ཡོད་ཀྱི་མི་སྣ་དག་ལ་དམག་རྒྱག་གི་ནུས་པ་མི་འདུག་སྡར་མ་དང་རང་དོན་ཁོ་ན་རེད་ཟེར། ཁྱེད་ཚོས་མཛེས་མ་མ་གཏོགས་ནང་བསྟན་མི་དགོས། དམག་བརྒྱབ་ནས་མི་བསད་ན་གཞན་དོན་དང་ནང་བསྟན་གྱི་དགོན་པ་གཏོར་ན་དཔའ་བོའི་ལག་རྗེས་ཨེ་རེད། འདི་འདྲའི་དཔའ་བོ་ལག་རྡུམ་མང་དྲགས་ན་བོད་མི་རིགས་སྔར་ནས་སྟོང་ཚར་བ་རེད། ངེད་ཅག་སངས་ཆོས་པ་དང་དགེ་རྒན་དག་གི་བཀའ་དྲིན་ལ་བརྟེན་ནས་བོད་མི་རིགས་ད་དུང་གསོན་པོར་གནས་ཡོད། ཁྱེད་ཀྱིས་ད་དུང་བོད་ལ་དམག་རྒྱག་པའི་ནུས་བ་མེད་ཚུལ་རྩོམ་ཡིག་འདིའི་བརྗོད་སྙིང་ཡིན་ཟེར། སྒོ་ང་ལ་བྲག་གཏོར་བའི་ནུས་བ་ཡོད་མེད་བཤད་ན་རིན་ཐང་ཅི་འདུག །

  103. ཨ་ནུ་ཐང་བསོད་ནམས། says:
    2014-09-20 at 3:20 am

    ཁྱེད་ཚོ་ལ་དམག་དོན་དང་འཇིག་རྟེན་ཁྱིམ་པའི་གནད་འགག་ཆེ་བའི་བྱ་ཀུན་རྟོགས་པའི་ནུས་བ་མེད་ཀྱང་། འཇིག་རྟེན་གྱི་དཔའ་འཛངས་ལྡན་པའི་ཐབས་ཇུས་དང་ཞུམ་པ་མེད་པའི་བློ་གྲོས་ལ་རྟེན་ནས་འགྲན་རྩོད་དང་རང་སྲུང་། ཕུགས་རྒྱང་རིང་བོའི་རང་ཉིད་ལ་ཞི་བདེ་དང་བདེ་འཇགས་འབྱུང་ཞིང་། ཕྱི་ནང་གི་དགྲ་བོའི་མངོན་འགོག་གི་ལས་རྣམ་བཞག་འདི་དག་ཞ་ར་ཁ་དོག་བསྟན་པའི་རྣམ་བཞག་བཞིན་ནུས་བ་མི་འདུག དེ་ལས་སྦྱིན་བདག་འཚོལ་རྒྱུ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་རྩོད་རྒྱུ། གྲོང་མཆོད་འགྲོ་རྒྱུ་དང་ཁ་འདོན་རྒྱུ་བཅས་ལ་མཁས་བས་དེ་ལྟར་བཞུགས་ན་ལེགས་པ་ལས། འཇིག་རྟེན་གྱི་རྙོག་འཛིང་ཆེ་བའི་གནད་འགག་གི་མི་ཚེེ་འདི་རུ་མཐོང་རྒྱུ་ཁག་པོ་རེད། རྒྱུ་མཚན་ནི། ཆོས་ལུགས་ཀྱིས་བསམ་བློ་སྒྱུར་ཟིན་ཞིང་། འཇིག་རྟེན་གྱི་འགྲོ་ལུགས་དངོས་ལ་རྒྱབ་ཀྱིས་ཕྱོགས་པས་རེད།

  104. མིག་བརྒྱད་པ། says:
    2014-09-20 at 4:27 am

    སྤྱི་ཚོགས་ཟེར་བ་ཁྱེད་ཚོའི་འདོད་པ་ལྟར་དམག་དོན་དང་འཇིག་རྟེན་ཁྱིམ་པའི་གནད་འགག་མ་གཏོགས་གང་ཡང་མེད་པ་ག་ལ་ཡིན། རིག་གནས་ཆེ་བ་ལྔའི་ནང་ན་བཟོ་ལས་ལག་རྩལ་དང་གསོ་རིག །གཏན་ཚིགས་ཚད་མ་རིག་པ་སོགས་ཤེས་ཡོན་གྱི་ཆ་མང་པོ་ཞིག་འདུས་ཡོད་པས་སྤྱི་ཚོགས་ཀྱི་གྲུབ་ཆ་དཔའ་བོ་ལག་རྡུམ་ལྟ་བུ་ཞིག་གང་ནས་ཡིན། མི་ཤེས་ན་ཁག་མེད། ཁྱོད་ཤི་ང་གསོན་གྱི་དམག་འཁྲུག་བརྒྱབ་ནས་ཕུགས་རྒྱང་རིང་པོའི་ཞི་བདེ་དང་བདེ་སྐྱིད་འབྱུང་བར་རེ་བ་ནི་བྱེ་མ་བཙུར་ནས་སྣུམ་འབྱུང་བར་རེ་བ་དང་གཅིག་མཚུངས་རེད། འདིའི་རིགས་ལ་གནས་ལུགས་རྟོགས་པའི་ནུས་བ་ཞིག་གང་ན་ཡོད། འདི་ལ་འཇིག་རྟེན་གྱི་དཔའ་འཛངས་ལྡན་པའི་ཐབས་ཇུས་ཟེར་གི་མ་རེད། ཕྱེ་མ་ལེབ་མེ་ལྕེར་རང་ཤི་བརྒྱབ་པ་དང་གཅིག་མཚུངས་རེད། ཕྱི་ནང་གི་དགྲ་བོའི་དབྱེ་ངོ་མི་ཤེས་བ་འདིའི་རིགས་ནི་ནང་དགྲ་ངོ་མ་དེ་རེད། བོད་མི་རིགས་འཆི་ལམ་དུ་འདེད་པའི་དགྲ་རེད། ཁ་ཆེའི་དྲག་སྤྱོད་པས་རང་གི་ཆོས་ལུགས་ལ་དགྲ་རུ་མི་བལྟ། དེང་སང་བོད་མི་ནང་རུལ་བ་འདི་ཚོས་ཆོས་ལུགས་གཏོར་དགོས་ཟེར་གི་ཡོད་པ་རེད། ཁ་ཆེའི་དྲག་སྤྱོད་ལས་ཐབས་སྡུག་གི་བྱ་སྤྱོད་ལ་མིག་གདངས་ནས་བལྟས་ཡོད་ཤག །ཁྱེད་ཚོའི་མིག་གིས་དགྲ་གཉེན་གྱི་དབྱེ་བ་མི་ཤེས་བས་ངོ་མ་ཞ་ར་ལས་ཀྱང་ཐུ། ཁྱེད་ཚོས་ཕྱི་རྒྱལ་ནས་གཡོག་བྱས་ནས་ཌོ་ལར་རྐྱང་རྐྱང་འཚོལ་བ་ལས་བོད་མི་རིགས་ལ་ཕན་པའི་ལས་ཀ་སྣ་གཅིག་བྱེད་ཨེ་ཡོད། ངེད་ཅག་གྲོང་ཆོག་ལ་སོང་ནས་ཁ་ཏོན་འདོན་པ་ནི་རང་གི་རིག་གཞུང་གི་སྲོལ་རེད། འཇིག་རྟེན་གྱི་རྙོག་འཛིང་ཆེ་བའི་གནད་འགག་གི་སྐབས་དྲག་སྤྱོད་བྱེད་དགོས་ཟེར་གི་ཡོད་པ་རེད་ལ་འཇིག་རྟེན་གྱི་འགྲོ་ལུགས་དངོས་ལ་རྒྱབ་ཀྱིས་ཕྱོགས་པས་རེད།

  105. ལུང་རྟོགས། says:
    2014-09-20 at 5:20 am

    ཆོས་ལུག་གིས་བློ་བསྒྱུར་ན་འདྲ། སྲིད་དོན་གྱིས་བློ་བསྒྱུར་ན་འདྲ། ཚན་རིག་གིས་བློ་བསྒྱུར་ན་འདྲ། གང་ལྟར་བློ་བསྒྱུར་བ་ཅིག་པ་རེད་ལ། ཅི་གང་གིས་བློ་མ་བསྒྱུར་བའི་མི་ཞིག་ནི་འཇིག་རྟེན་འདིར་ཡོད་མི་སྲིད་པ་རེད། ཆོས་དང་འཇིག་རྟེན་གྱི་བྱ་བཞག་གང་ཡིན་ཡང་དགོས་མཁོ་ཡོད་པའི་དབང་གིས་ད་བར་དུ་འཇིག་རྟེན་འདིར་གནས་སྡད་པ་ཞིག་ཡིན་པས། ཆོས་ལུག་གིས་བློ་བསྒྱུར་ན་སྡུག་པོ་ཡིན་པ་དང་གཞན་དག་གིས་བློ་བསྒྱུར་ན་བཟང་པོ་ཡིན་པའི་རྒྱུ་མཚན་ཞིག་སུ་ལ་བཤད་རྒྱུ་མེད་ཚོད་རེད། དེ་ལས་མི་སུམ་བཅུ་ལ་བསམ་པ་སུ་བཅུ་དང་མཛོ་སུམ་བཅུ་ལ་རྭ་ཅོ་དྲུག་བཅུའི་དཔེ་བཞིན་མི་ཚང་མ་ཁམས་དང་མོས་པ་ཅིག་པ་མིན་པ་ཤེས་པར་བྱས་ནས། ཆོས་དང་འཇིག་རྟེན་ཕན་ཚུན་བརྩི་སྐུར་བྱས་ན་ལེགས་པ་ལས་ང་བཟང་ཁྱོད་ངན་གྱི་རྩོད་པ་བྱས་ནས་ཐག་ཆོད་རྒྱུ་མེད་པ་ནི་དངོས་ཡོད་རེད།

  106. ཨ་ནུ་ཐང་བསོད་ནམས། says:
    2014-09-20 at 3:49 pm

    མི་ཁག་ཅིག་གིས་དམག་དོན་ལོ་རྒྱུས་དང་བྱུང་བ་ལ་རྒྱུས་མངའ་མེད་པ་རང་རེད། ཁོང་ཚོས་ལྟེད་མོ་ལ་ལྟས་ཏེ་ངས་མེ་མདའ་འཁུར་ནས་དམག་ལ་ཞུགས་གསུངས་ཀྱིན་འདུག དམག་དོན་དང་། ལྷག་པར་དུ་མི་རིགས་དང་རྒྱལ་ཁབ་ཅིག་གི་ཆེད་ཀྱི་དམག་འཐབ་ནི་གནད་ཡོད་ཀྱི་གཙོ་འཛིན་མི་སྣ་དང་སྤྱི་ཆོགས་ཀྱི་གནད་ཁྲིད་པ་ཚོས་མགོ་ཁྲིད་ནས་འགྲོ་དགོས་བ་ལས། གང་ཟག་སྒེར་བ་རེ་ཟུང་གིས་འཚོར་སྣང་གིས་རྒྱུག་རྒྱུ་མ་རེད་ལ། ཕྱིན་ཡང་གནད་ཡོད་མི་སྣ་ཚོས་འདོད་པ་མེད་པས་ཕམ་རྒྱུ་ཡིན་པ་ལས་དགེ་མཚན་མེད་ཁར། བོད་ཀྱི་གནོད་ཡོད་ཀྱི་ཆོས་དཔོན་ཚོ་དང་དེའི་རྗེས་འཇུག་པ་ཚོས་དམག་ལ་ཞུགས་མཁན་དེ། བླ་མའི་བཀའ་གསུངས་མི་བརྩི་མཁན་རེད་ཅེས་ནས་བདུད་དུ་བརྩི་བ་ལས་དགེ་མཚན་དུ་མི་བརྩི་བས། ཕྱི་ནང་གཉིས་ཀྱི་དགྲ་བོ་ཚོས་བོད་པ་སུ་ཞིག་དམག་ལ་ཞུགས་ཐབས་མེད་ལ། ཞུགས་པ་ཡིན་ན་ངལ་བ་འབྲས་མེད་དང་། ཆོས་དཔོན་ཚོ་དང་དེའི་རྗེས་འཇུག་གི་དུད་འགྲོ་ཚོའི་བཀའ་བཀྱོན་ཕོགས་ཡུལ་ལས། གྲུབ་འབྲས་མེད་པས། གྲུབ་འབྲས་མེད་པའི་ལས་དོན་ཞིག་ལ་ང་ནམ་ཡང་ཞུགས་མི་སྲིད། དེ་ལྟར་ཞུགས་མཁན་གྱི་གླེན་པ་ཞིག་མིན་པ་གོང་གི་རྩོམ་ཡིག་ལས་གསལ་བཤད་བྱས་ཡོད།

    བོད་མི་རིགས་ནི་སྡར་མ་ཞིག་མིན་ཞིང་རེ་བ་ཅན་གྱི་མི་རིགས་ཤིག་ཡིན་ཡང་། སྤྲུལ་སྐུ་དང་ཆོས་དཔོན་ཚོས་རང་གི་ཁེ་ཕན་སྒྲུབ་བྱེད་དུ་བོད་འདི་སྡར་མའི་རིགས་ཤིག་ཏུ་སྒྱུར་བཞིན་ཡོད། རྒྱུ་མཚན་ནི། ཆོས་དཔོན་དེ་དག་ནི་སངས་ཆོས་ཀྱི་སེམས་ཁམས་སྒྱུར་བའི་སྡར་མའི་འཁོར་ཚོགས་ཡིན་པས། སྡར་མ་ཆོའི་བོད་ཀྱི་དབུ་ཁྲིད་མཛད་པས། བོད་མི་རིགས་ལ་སྡར་མའི་ཤུགས་རྐྱེན་ཐེབས་བཞིན་ཡོད།

    དེ་སྔོན་དྲག་སྐུ་དང་དྲག་ཆོས་ཀྱིས་འཇིག་རྟེན་སྐྱོང་ཞིང་ལྷག་པར་དུ་བོད་མི་ཚོ་ལ་དྲག་ཆོས་ཀྱི་འཇིགས་སྣང་ནས། དགོན་པ་ལ་ལྷག་དམག་ཡོད་ཚལ་དང་། དགོན་བདག་ནི་ལྷ་དམག་གི་དམག་སྤྱི་ཡིན་ཚུལ་སོགས་ཀྱིས་འཇིིགས་སྣང་སྐུལ་ཞིང་། དབང་སྒྱུར་བྱས་མ་ཟད་ལོ་རེའི་རྒྱལ་སྲུང་གི་འགྲོ་སོང་ཆེ་ཤོས་ཤིག་གཏོར་མའི་འཁྲུལ་འཁོར་སོགས་སུ་བཏང་ཡང་། དུས་རབས་འགྱུར་ཞིང་། ལྷག་པར་དུ་རྒྱ་ནག་གི་བཙན་འཛུལ་བྱེད་སྐབས། དེ་ཡིས་ནུས་བ་མ་ཐོན་པས། དྲག་ཆོས་རེ་བ་བཅོལ་བའི་སྤྲུལ་སྐུའི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཀྱི་གཞི་རྟེན་བརླགས་ཤིང་། རྩ་བ་མ་ཚུགས་པས་བླ་ཆེན་དེ་དག་ཁྱི་བཞིན་གཞན་དུ་བྲོས་ནས་ཞི་བདེའི་ཁ་གཡང་སྒྲོག་ཞོར་སྦྱིན་བདག་འཆོལ་སྒྲུབ་དང་དགོན་སྡེ་གསར་རྒྱག རང་ཉིད་ཀྱི་ཆོས་རྒྱུད་དར་སྤེལ་གྱིས་མཚན་སྙན་སྔ་ལྟར་་གནས་ཐབས་བྱས་བ་ལས། བོད་མི་རིགས་ཀྱི་དོན་དུ་ལྷག་བསམ་རྣམ་དག་གིས་ལས་ལ་བརྩོན་པའི་སྙིང་སྟོབས་དང་མདུན་པ་འཆང་མཁན་ཉིན་མོའི་སྐར་མ་བཞིན་གྱུར་བ་རེད། རྒྱུ་མཚན་ནི་སྡར་མ་ཡིན་ཞིང་ཁོང་ཆོས་གཞན་ལ་འཇིགས་སྐུལ་བཏང་བྱེད་དང་། རང་ཉིད་སྲུང་སྐྱོབ་བྱེད་ཀྱི་དྲག་ཆོས་རྣམས་གློར་བུར་དུ་ནུས་མེད་དུ་གྱུར་བས། དམག་དོན་གྱི་གཡུལ་འགྱེད་བྱེད་པའི་མྱོང་བ་དང་གོམས་འདྲིས་མེད་ཅིང་། ཅི་ལྟར་བྱེེད་དགོས་མིན་སོགས་ཀྱི་་ལས་འཆར་ལ་དེ་བས་རྨོངས་བས། དམག་དོན་ལ་གོམས་འདྲིས་ཆེ་བའི་རྒྱ་བལ་གྱི་དམག་ཚོས་འཇིགས་སྐུལ་དང་། ཐབས་བྱུ། དམག་འཐབ་ཀྱི་རྣམ་དཔྱོད་ཀྱི་ཐོག་ནས་ས་ཆ་ལག་འཐུལ་ཙམ་ཡང་མ་དབང་བ་གཞན་ལག་ཏུ་ཤོར་བ་རེད།

    མིག་བརྒྱད་བས་ཞི་བ་ཡིན་ན་བཟང་བ་དང་དྲག་པོ་ཡིན་ན་ངན་པ་རེད་ཅེས་ནས་ཕྱོགས་རིས་ཀྱི་ལྟ་ཚུལ་འཛིན་པ་ནི་ན་སོན་པའི་ལྟ་ཚུལ་རེད་ལ། ནད་ལ་ཚ་གྲང་གཉིས་ཡོད་པ་བཞིན་སྨན་ལ་ཚ་གྲང་གཉིས་ཡོད་ལ། མི་ལ་བཟང་ངན་གཉིས་ཡོད་པས། འདུལ་ཐབས་ལའང་ཞི་དྲག་གཉིས་ཡོད། དེ་གཉིས་ལས་ཅི་ཞིག་ལེགས་མིན་ནི་ཕ་རོལ་བའི་གནས་བབ་ལ་དཔྱད་ནས་ཐག་གཅོད་བྱེེད་རྒྱུ་ལས། གཅིག་ནི་ཡག་པོ་དང་གཅིག་ནི་སྡུག་པོ་རེད་ཅེས་ནས་ལས་ཐག་གཅོད་ཐབས་ཤིག་མེད་ལ། གཅོད་ཐབས་ཤིག་ཡོད་ན་སྤྱི་ཚོགས་ལ་དབང་སྒྱུར་བྱེད་པ་ལས་སླ་བོ་རེད། ཡིན་ཡང་། དེ་ལྟར་མིན་ཏེ། སྤྱི་ཚོགས་ནི་འགྲན་རྩོད་ཀྱི་རང་བཞིན་ཡིན་ལ། མི་ཚང་མ་དྲང་བདེན་ལ་མོས་མཁན་དང་གཞན་གྱི་བདེ་སྡུག་ལ་བརྩི་མཁན་མིན་ཁར། མི་རེ་རེའི་བདེ་བ་དང་སྡུག་ངལ་ངོས་འཛིན་སྟངས་མི་འདྲ་བས། མཐའ་གཅིག་ཏུ་ཞི་བ་ལེགས་པོ་རེད་ཅེས་ནས་ཕྱོགས་རིས་བའི་སྐད་ཆ་བཤད་པ་ཀླད་པ་ལ་གྲུབ་མཡའ་ཡི་ནད་རྟགས་ཡོད་པའི་དཔང་པོ་རེད། གནས་དོན་གང་ཞིག་ཡིན་ཡང་། དེ་སེལ་ཐབས་ལ་ཞི་དྲག་གཉིས་དང་། དེ་གཉིས་མཉམ་བསྲེས་སོགས་ཀྱིས་སེལ་ཐབས་སོགས་ཡོད་པས། གང་ཞིག་མཚམས་མིན་ནི་དཀའ་ངལ་དེ་ལ་ཞི་དྲག་གང་ཞིག་མཁོ་མིན་གྱི་ཞིབ་འཇུག་བྱས་ནས། ཁྲིམས་ཐག་གཅད་ཡ་ལས། དད་པ་དང་དག་སྣང་སྒོམ་སྟངས་བཞིན་མ་རེད།

  107. ཅོ་རི་ཉི་མ། says:
    2014-09-20 at 3:56 pm

    བློ་མཐུན་ཨ་ནུ་ལགས། ཁྱོད་ཀྱིས་དཀའ་ལས་རྒྱག་ནས་གསལ་བཤད་བྱེད་དགོས་མ་རེད། མིག་བརྒྱད་པ་ཟེར་ནའང་འདྲ། བོང་རྫི་ཟེར་ནའང་རེད། དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་འདོད། མྱི་འདིས་་མདའ་ཁ་དང་མདུང་ཁ་སྐོར་ས་་་བོད་ཀྱི་རྟོག་སད་པ་དང་གསར་གཏོད་པ་ཚོ་ལ་རེད། ཁྱོད་ཀྱིས་འགྲེལ་བཤད་ཅི་ཙམ་རྒྱབ་ཀྱང་ཕན་ཐོགས་ཀིན་མ་རེད། དཀའ་ལས་ཁག་རོགས་རེད།།།

  108. དྲན་དཀར་དཔལ་ཡོན་ says:
    2014-09-20 at 8:20 pm

    ད་དངོས་གནས་ཁྱི་ཚུགས་ངོམ་གྱིན་འདུག ལྐོག་གསོད་པ་གཅིག་གི་རྣམ་པ་འཛིན་མི་ནུས་པའི་མྱི་དམག་མི་ཚད་ལྡན་ཅིག་ག་ནས་ཡོང་།

  109. མིག་བརྒྱད་པ། says:
    2014-09-21 at 7:49 am

    སྐད་ཆའི་མགོ་མཇུག་ལ་བལྟས་ཚེ་ཁ་ཆེ་དྲག་སྤྱོད་པ་དང་མཛེས་མ་གཏོགས་མྱི་ངོ་མི་ཤེས་བ་མི་འདིའི་རིགས་ཀྱིས་རང་གི་ངོས་ནས་ཅི་ཡང་མ་འཇོན་པར་ཁ་གཡང་སྙན་པོ་ཞིག་སྒྲོག་བཞིན་ཆོས་སྡེ་དང་སྒྲིག་འཛུགས་བར་གཏོར་བརླག་གང་ཐུབ་གཏོང་གི་ཡོད་ས་རེད། ད་དུང་རྟོགས་སད་པ་དང་གསར་གཏོད་པ་ཡིན་ཟེར། ཅི་ཞིག་གསར་གཏོད་བྱས་ཡོད། །

  110. མིག་བརྒྱད་པ། says:
    2014-09-21 at 7:58 am

    ད་ནི་ཁྱི་སྐད་ཟུག་པ་རང་རེད། ཁྱི་སྐད་དེ་ཡང་ཆོས་ཀྱི་དབུ་ཁྲིད་དང་དགོན་པ་ལ་ཟུག་གི་ཡོད་པ་འདྲ།

  111. ཀརྨ་བློ་གསལ་ says:
    2014-09-21 at 8:04 am

    ཐེག་ཆེན་གྱི་ལྟ་བའི་ནང་དུ་སངས་ཆོས་ལ་གནོད་པ་བྱེད་མཁན་ཡོད་ན། ༼ཕ་དང་མའང་བསད་བྱ་ཡིན༽ཞེས་གསུང་ཡོད་པ་རེད། ཡིན་ནའི། དེང་སྐབས་སྐད་ཆ་དེ་རིགས་འཚེ་བ་ཅན་དུ་འགྱུར་ཉེན་ཡོད་པས། གསུང་ཕོད་མཁན་ཡོག་མ་རེད། སངས་ཆོས་ལག་ལེན་བྱེད་མཁན་དག་གིས་དུས་རབས་མ་འདྲ་བ་རེ་རེར་དགོས་མཁོ་མ་འདྲ་བར་དད་ལྡན་མི་མང་བེད་སྤྱོད་བཏང་ཡོད་པས། སྡར་མ་བསྒྱུར་མཁན་ནི་ཆོས་པ་ཚོ་ཡིན་པ་འདྲ།

  112. ཨ་ནུ་ཐང་བསོད་ནམས། says:
    2014-09-21 at 10:48 am

    མིག་བརྒྱད་པས་མཛེས་མ་ལ་མཐོང་ཆེན་མི་སྤྲད་སྟངས་ལ་ལྟས་ན་མཚན་མཐུན་ཆགས་སྤྱོད་པ་ཡིན་པ་འདྲ། གྲྭ་གཞོན་མ་གཏོགས་མཛེས་མ་མི་མཁོ་བ་འདྲ། གྲྭ་ག་ཚོད་ཅིག་དང་མཉམ་དུ་ཉལ་ཡོད་དམ། ཧཧཧ་

    རྣམ་དཔྱོད་ལྡན་པའི་ཅོ་རིའི་གསུངས་བཞིན་རེད་ལགས།

  113. མིག་བརྒྱད་པ། says:
    2014-09-21 at 1:55 pm

    སངས་ཆོས་སྡར་མར་སྒྱུར་བྱེད་ཡིན་ཟེར་བ་མགོ་མཇུག་བར་གསུམ་དོན་མེད་ཉོག་གཏམ་གྱིས་ཁེངས་ཤིང་། བླུན་པོ་དཔའ་རྩལ་ཆེ་ན་ཡང་།།མཁས་པ་མིན་པས་དཔའ་མི་ཐོབ།།ཞེས་པ་ཙམ་ཡང་གོ་མྱོང་ཐོས་མྱོང་མེད་པ་འདྲ། སངས་ཆོས་ལ་རྒྱུས་མངའ་གང་ཡང་མི་འདུག །རང་གི་ཕ་གསོད་ལག་དམར་ལ་དཔའ་བོའི་ཆོ་ལོ་སྤྲོད་མཁན་ནི་ཁྱེད་ཚོའི་རྟོགས་སད་ཡིན་རྒྱུ་རེད། གཞན་དོན་དུ་རང་སྲོག་གཏོང་མཁན་སྟག་མོ་ལུས་སྦྱིན་དང་ཆོས་ཚིགས་བཅད་གཅིག་གི་ཆེད་དུ་ལུས་ལ་ལྕགས་གཟེབ་སྟོང་གདབ་པ་སོགས་བྱང་ཆུབ་སེམས་དེ་ཚོ་དཔའ་བོ་རེད་དམ་སྡར་མ་རེད། ལན་ཞོག །དེ་ནས་དཔའ་བོ་དང་སྡར་མའི་ཁྱད་པར་ཤེས་ཐུབ།

  114. བཀྲིས། says:
    2014-09-21 at 2:11 pm

    ཨ་མའི་རེ་བའི་མིག་ལ་ཐལ་བ་འབྱོ།
    ནུ་རིན་དགྲ་དང་གཤེད་མའི་ལ་རྒྱས་འཇལ།
    ཐང་བྱིའུ་ཆར་བས་བརྡུང་ལྟར་ལས་ངན་ལ།
    བསོད་ནམས་ཟད་པའི་བུ་ཆུང་འདི་འདྲ་སྐྱེས།

    ཨ་ནུ་xxབོད་མིའི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་རྒྱུ་ཁོ་ན་ཡིད་ལ་རྣག་མཁན་ཞིག་ལ་བརྗོད་མི་དགོས། ཁོའི་མ་བསོད་ཟད་བོད་མིར་སྐྱེས་ནས་བོད་མིའི་རྩ་དོན་གཏོར་མཁན་xxxའདི་འདྲ་ཞིག་གསོ་སྐྱོང་བྱས་པར་ནོངས་པ་ག་ཚོད་མེད་དམ། ཁོའི་མ་དེ་ལ་སྙིང་རྗེ་སྐྱེས་འོང་། མོ་ལས་ངན་རང་གི་ཚེ་སྔོན་ལས་ངན་ལོག་སྨོན་འདི་འདྲ་ཞིག་གི་ལས་དབང་ཐབས་སྡུག་རེད། བྱིས་ཕྲུག་འདི་འདྲ་ཞིག་འཇིག་རྟེན་འདིར་སྐྱེས་ནས། རང་གི་ནོར་ལྟར་མཚུངས་པའི་ཆོས་དང་རིག་གཞུང་ལ་རྟག་ཏུ་དགྲ་རུ་འཛིན་མཁན་གྱི་བྱིས་ཕྲུག་བསོད་ཟད་འདི་འདྲ་འཁུར་འོང་མཁན། མོ་ཤིས་རྗེས་གཏན་གཏན་ལས་ངན་གྱི་འབྲས་བུ་ཞིག་མྱོང་དགོས། བདུད་འདི་འདྲ་ཞིག་མོས་འཁུར་འོང་བ་རེད། ཁོའི་རྩོམ་འདི་ངའི་ནང་མིས་བཀླགས་ནས་ཉིན་གང་མ་སྐྱིད་པ་བྱས་ནས་བསྡད་དགོས་པ་བྱུང་སོང་། xxxxx

  115. མིག་བརྒྱད་པ། says:
    2014-09-21 at 2:21 pm

    དམར་ལྟའི་རྐྱལ་བ་ཁུར་ནས་དྲག་སྤྱོད་ལ་དུང་བའི་བག་ཆགས་མཐུག་པོ་ཡོད་པ་ཨ་ནུ་དང་ཅོ་རི་སོགས་རྟོགས་སད་པ་དང་གསར་གཏོད་པ་རྣམ་པ། བདེ་མོ།

  116. ཅོ་རི་ཉི་མ། says:
    2014-09-21 at 2:48 pm

    ཨོ་རེད། བོང་རྫི་ཁྱོད་ཀྱི་མཉམ་དུ་རྩོད་མ་རྩོད་ཤིག་མི་འདུག་བསམས་ནས་བསྡད་ཀྱང་མིང་འདྲ་མིན་སྣ་ཚོགས་སྤྱོད་ནས་བརྩད་པ་རྒྱག་གྱི་འདུག

    མཁས་དབང་ཨ་ནུ་ཐང་ལགས་ཀྱིས་སངས་ཆོས་ནི་མི་རྣམས་སྡར་མ་ལ་བསྒྱུར་བྱེད་ཅིག་རེད་དམ་ཞེས་པ་འདིའི་ཐོག་ཏུ་བརྩད་རྒྱག་གྱི་འདུག ཀླད་རྙིང་ཆོས་བཟི་ཁྱོད་ཚོས་བཤད་སྟངས་ལྟ་ན་སྡར་མ་ཟེར་བ་ག་འདྲ་ཞིག་ཡོད་པར་དམ། དཔའ་བོ་ཡི་མཚན་ཉིད་ཤིག་དང་སྡར་མ་ལ་དོན་འགྲེལ་ཞིག་བྱོས་དང་་་་་དེ་ནས་རྩོད་ཆོག་གིོ་རེད།

    དེང་སང་འཛམ་གླིང་ཐོག་གི་དཔའ་བོ་སུ་རེད་དམ། མཛུབ་མོ་འཛུགས་ཐུབ་ཀྱི་ཡོད་པེ། དྲི་བ་་་འདི་དག་ལ་ལན་ཡོད་ན་དེ་ནས་རྩོད་ཆོག ལན་ཁ་གསལ་མེད་ན་མུ་མཐུད་ནས་རྩོད་ཀྱི་མིན།།

  117. ཨ་ནུ་ཐང་བསོད་ནམས། says:
    2014-09-21 at 3:19 pm

    ཁྱེད་ཚོས་བདུད་དང་འདྲེ་ཕྲུག་ཅེས་བའི་ཆིག་ངན་ལས་རྒྱུ་མཚན་འདྲེན་རྒྱུ་མེད་པ་ནི་རང་འཚང་བསྟན་པའི་དཔང་པོ་རེད། དང་པོ་བཀྲ་ཤིས་ལགས། ཁྱེད་ཀྱི་ལྷ་ཕྲུག་ཡིན་ས་རེད། ངོ་སྤྲོད་རེ་གནང་དང་།

    རང་རིགས་ཆོས་དང་རིག་གཞུང་ཨེ། རང་གི་ཆོས་དང་རིག་གཞུང་ཟེར་ན་ག་རེ་རེད་དམ། ཆོས་ཟེེར་ན་སངས་ཆོས་ལ་གོ་དགོས་སམ། གོ་དགོས་ཚེ་དེ་ནི་བོད་ཀྱི་མིན་པ་རྒྱ་གར་གྱི་རེད། རྒྱ་གར་ནས་ཕམ་ཉེས་བྱུང་བའི་ཆོས་ལུགས་ཤིག་རེད། དེ་ནི་ཕྱི་ཆོས་ཡིན་པ་ལས་རང་ཆོས་མ་རེད། རང་ཆོས་མིན་པའི་ཕྱི་ཆོས་ཤིག་ག་འདྲ་བྱས་ནས་རང་ཆོས་སུ་ཆགས་སོང་བ་རེད་དམ། གཉིས་པ་རང་རིགས་རིག་གཞུང་ཟེར་བ་དེ་ཅི་ཞིག་རེད་དམ། དེ་ནས་རིག་པའི་ལམ་ནས་རྩོད་ཆོག

  118. ཅོ་རི་ཉི་མ། says:
    2014-09-21 at 4:05 pm

    ད་་་སྒུག་ཚོད་མི་འདུག་ད་་་་དཔའ་བོ་དང་སྡར་མའི་མཚན་ཉིད་ཙམ་འཇོག་ཤེས་ཀྱི་མེད་དམ། མེད་ན་ནི་མེད་ལབ་ཤོག ཡོད་ན་ནི་འཁྱེར་ཤོག
    མཁས་དབང་ཨ་ནུ་ལགས་བདེན། རྒྱ་གར་བའི་ཤཀྱའི་ཆོས་ལུགས་འདི་ཧ་ལོ་བོད་ཀྱི་སྒེར་བདག་མིན་ནམ་་་བསམས་བསམས་འདྲ་ཞིག་བཤད། བདག་འཛིན་ཆེ་མདོག ཧམ་པ་ཆེ་མདོག ཁྱོད་ཚོས་བལྟས་ན་རྒྱ་གར་བའི་རས་གོས་དཀར་པོ་དེ་ཡང་བོད་ཀྱི་ཡིན་ཟོལ་འདུག་ག་་་་ཧཧཧ ཤཀྱའི་རྒྱལ་པོ་ཨ་མ་ཡང་བོད་པ་རེད་པེ།

  119. མིག་བརྒྱད་པ། says:
    2014-09-21 at 11:13 pm

    ཨ་རོ། ཅོ་རི། ད་ཐེངས་་རྩོམ་གྱི་བརྗོད་གཞི་བོན་ཆོས་དང་ཁ་ཆེའི་ཆོས་སོགས་མ་རེད། སངས་ཆོས་རེད། སངས་རྒྱས་ཆོས་ལུགས་ཟེར་གི་ཡོད་པ་རེད། ཨ་ནུའི་དེ་ལ་རྒྱབ་སྐྱོར་བྱེད་སྟངས་ལ་བལྟས་ན་ནུབ་ཕྱོགས་ཀྱི་མཛེས་མ་མ་གཏོགས་མྱི་ངོ་མི་ཤེས་བའི་གླེན་པ་ཞིག་ཡིན་པ་འདྲ། ཨ་ནུ་ཟེར་བའི་མི་འདི་ལ་རྙིང་བཞི་གཏོར་བའི་རིག་གནས་གསར་བརྗེའི་བག་ཆགས་མཐུག་པོ་ཡོད་པ་ཞིག་རེད། ཡིན་ཡང་དེང་སང་ལས་འགུལ་དེ་་རྙིང་པ་ཆགས་ཚར་བས་ཁྱེད་ཚོ་ལ་གསར་གཏོད་པའི་ཆོ་ལོ་དེ་གཏན་ནས་མི་མཛའ་གི །སྲང་བར་དུ་སྐྱག་པ་གང་སར་གཏོང་མཁན་གྱི་བྱིས་པ་སྣབས་ལུག་་དྲན་འོང་གི །རྐྱག་པ་གང་སར་མ་གཏོང་རོགས་ཟེར་གི་ཡོད། འཕགས་པ་ཀླུ་སྒྲུབ་ཀྱིས། ཤེས་རབ་སྡོང་བུ་ལས། ཕྱུག་པོ་ཀླ་ཀློ་ལ་ཡང་ཡོད།།དཔའ་བོ་དུད་འགྲོ་ལ་ཡང་ཡོད།།དོན་དང་མཐུན་པའི་གཏམ་སྨྲ་བ།།འཇིག་རྟེན་དག་ན་རབ་ཏུ་དཀོན།།ཞེས་པ་རིན་ཐང་ཅན་གྱི་གསུང་འདི་སྔ་དགོང་གཉིས་ཀར་སྐྱོར་ཞིག་དང་། ཁྱེད་ཚོས་འདོད་པའི་དུད་འགྲོ་ལྟ་བུའི་དཔའ་བོ་ལག་རྡུམ་གྱི་ཆང་གཏམ་ལས་བརྒྱ་འགྱུར་གྱི་གོ་རྒྱུ་ཆེན་པོ་ཡོད། །

  120. མིག་བརྒྱད་པ། says:
    2014-09-21 at 11:22 pm

    གང་ལྟར་རྣམ་དཔྱོད་ཅན་གྱི་དཔའ་བོ་དེ་ཨང་དང་པོར་བརྩི་གི་ཡོད། དུད་འགྲོ་ལྟ་བུའི་དཔའ་བོ་དེ་ཁྱེད་ཚོའི་དཔའ་བོ་རེད། ཨེ་རེད་མ་རེད།

  121. མིག་བརྒྱད་པ། says:
    2014-09-21 at 11:48 pm

    ཨ་ནུས་རང་རིགས་ཆོས་དང་རིག་གཞུང་ཨེ། རང་གི་ཆོས་དང་རིག་གཞུང་ཟེར་ན་ག་རེ་རེད་དམ། དྲི་བ་འདི་རྩོམ་གྱི་བརྗོད་གཞི་དང་འབྲེལ་མེད་རེད། ཆོས་ཟེེར་ན་སངས་ཆོས་ལ་གོ་དགོས་སམ། གོ་དགོས་ཚེ་དེ་ནི་བོད་ཀྱི་མིན་པ་རྒྱ་གར་གྱི་རེད། དྲི་བ་འདི་ལ་ལན་ནི། སངས་རྒྱས་ཆོས་ལུགས་རྒྱ་གར་ནས་བྱུང་བ་བདེན་མོད། རྒྱ་གར་ནི་སངས་རྒྱས་ཆོས་ལུགས་ཀྱི་འབྱུང་ཁུངས་རེད། བོད་དང་རྒྱ་ནག །ཉི་ཧོང་སོགས་ཀྱི་ནང་པ་ཡོད་དོ་ཅོག་གི་ཐུན་མོང་གི་ཆོས་ལུགས་རེད། རྒྱ་གར་བ་གཅིག་བུའི་ཆོས་ལུགས་ཤིག་མ་རེད། ཡང་ཨ་ནུས། རྒྱ་གར་ནས་ཕམ་ཉེས་བྱུང་བའི་ཆོས་ལུགས་ཤིག་རེད། དེ་ནི་ཕྱི་ཆོས་ཡིན་པ་ལས་རང་ཆོས་མ་རེད། ཟེར། ངེད་ཀྱི་གྲོགས་པོ་བོན་པོ་ཁ་ཤས་ཀྱིས་ཀྱང་དེ་ལྟར་གསུངས་མྱོང་། བོད་ལ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཟེར་རྒྱུ་ཞིག་ཡོད་ནི་རེད། ཐུན་མོང་བའི་རིག་གནས་དང་ཐུན་མིན་རིག་གནས་དེ་ནི་བོད་རང་གི་སྐད་དང་ཡི་གེའི་རང་གཟུགས་སུ་གྲུབ་ཡོད་སྟབས་བོད་ཀྱི་རིག་གནས་རེད། དེའི་ནང་གི་ནང་དོན་རིག་པ་ནི་བརྗོད་བྱ་ནང་པ་ཐུན་མོང་གི་རིག་གནས་ཤིག་ཡིན། རྗོད་བྱེད་སྐད་དང་ཡི་གེ་ནི་བོད་རང་གི་རིག་གནས་ཡིན། དེ་ནས་རིགས་པའི་ལམ་ནས་རྩོད་ཆོག །དྲི་བ་ཡོད་ན་དགོད་རོགས།

  122. ཅོ་རི་ཉི་མ། says:
    2014-09-22 at 3:21 am

    ཁྱོད་ཀྱིས་དཔའ་བོའི་མཚན་ཉིད་ཤེས་ཀྱི་མེད་པེ། དེང་སང་གི་འཛམ་གླིང་ཐོག་གི་དཔའ་བོ་འདི་རེད་ཟེར་ནས་མཛུབ་མོ་འཛུགས་ཐུབ་ཀྱི་མེད་པེ། དེ་ཙམ་ཡང་མ་ཤེས་ན་་མཁས་དབང་ཨ་ནུ་ལགས་ཀྱི་གསུང་རྩོམ་ལ་སློབ་སྦྱོང་བྱོས། རྗེས་སུ་དཔའ་བོའི་མཚན་ཉིད་ཤེས་འོང་གི་རེད་དོ་་་་ཧཧཧཧ

    སངས་ཆོས་འདི་བོད་ཀྱི་ཆོས་ལུགས་ཡིན་པའི་རྒྱུ་མཚན་ཅི་ཡོད་དམ། སངས་ཆོས་བྱས་མཁན་བོད་མི་མང་པོ་ཡོད་པའི་ཕྱིར་ཟེར་ན་་་་ཁ་ཆེའི་ཆོས་ལུགས་འདི་ཡང་བོད་ཀྱི་ཆོས་ལུགས་ཡིན་པཪ་ཐལ། རྟགས་དེའི་ཕྱིར། ་་་་ཧཧ

  123. ཅོ་རི་ཉི་མ། says:
    2014-09-22 at 3:32 am

    ཨོ་རེད་་་་ང་ཚོས་རྙིང་པ་ཐབས་ཅད་ལྷ་ཡི་སྲོལ་དུ་མི་འདོད་ལ་་་རྙིང་པ་ཐམས་ཅད་གཏོར་དགོས་པ་ཡང་མི་འདོད། གསར་པ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་མི་འདོད་ལ་་་གསར་པ་ཐམས་ཅད་ལེན་དགོས་པ་ཡང་མི་འདོད།

    ཁྱོད་ཀྱིས་་་དུས་རྟག་ཏུ་རྙིང་གཏོར་གསར་བརྗེ་བ་ཅེས་འབོད་བསྡད་པ་རེད། དོན་དངོས་པོའི་ཐོག་ནས་བལྟས་ན་བོད་པའི་སངས་ཆོས་པ་རྣམས་རྙིང་གཏོར་གསར་བརྗེ་བ་རེད། བོད་བཙན་པོའི་ཕ་མེས་ཚོའི་ཆོས་ལུགས་རྙིང་པ་བོན་ཆོས་དང་རིག་གནས་རྙིང་པ་དམག་དོན་རིག་པ་སོགས་གཏོར་ནས་ཤཀྱའི་སངས་ཆོས་གསར་ལེན་བྱས་པ་རེད། བོད་བཙན་པོའི་རྒྱལ་ཁབ་ཀྱི་རྒྱལ་པོ་བསད། སྲིད་གཞུང་རྙིང་པ་གཏོར་ནས་བོད་སིལ་བུ་ཐོར་སོང་བ་རེད། ཁྱོད་རང་ཚོ་རྙིང་གཏོར་གསར་བརྗེ་བ་རེད་ད། རང་ངོ་རང་གིས་མི་ཤེས་པ་མ་གཏོགས་ལོ་རྒྱུས་ལ་ཕྱི་བལྟས་བྱོས་དང་་ཁྱོད་ཚོས་རྙིང་གཞི་རྩ་གཏོར་ག་འདྲ་བཏང་མྱངས་ཡོད་མེད་ཤེས་འོང་གི་རེད་དོ།

  124. ཞོལ་གཡག་འབྲོང་རྒྱུད། says:
    2014-09-22 at 4:01 am

    ཨ་ལས། བོད་ཀྱི་རིག་གནས་ཆེ་ཆུང་ལྔའི་ནང་གི་ནང་དོན་རིག་པ་མ་གཏོག་རིག་གནས་གཞན་རྣམས་གཙིག་འཛིན་དང་ལག་བསྟར་དོན་འཁྱོལ་མི་བྱེད་པའི་རྒྱུ་མཚན་ཅི་རེད། འདིས་ག་རེ་བསྟན་པ་རེད་ཟེར་ན་བོད་འདི་ཆོས་ལུགས་དབང་བསྒྱུར་ལམ་ལུགས་ཡིན་པ་མཚོན་ཐུབ། ཆོས་ལུགས་དབང་བསྒྱུར་ལམ་ལུགས་ཀྱི་རྒྱལ་ཁབ་ཞིག་ཡིན་ན་རྒྱལ་ཁབ་ཀྱི་མངའ་ཐང་དང་རྒྱལ་བསྲུང་དམག་དོན། མི་དམངས་ཀྱི་དཔལ་འབྱོར་དང་ཤེས་ཡོན། མདོར་ན་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཚོ་གནས་ལ་མེད་དུ་མི་རུང་བའི་འཇིག་རྟེན་མི་ཆོས་རིག་གནས་སོགས་ཡར་རྒྱས་སྣེ་གཅིག་མེད་པར་ཆེས་རྗེས་ལུས་ཡིན་པ་དང་། མི་རིགས་འདིའི་མགོ་ཐོག་ཏུ་བབས་པའི་ཆག་ཆེ་ཉམས་ང་འདི་ངོས་ལེན་ཨེ་ཡོད་དམ།

  125. ཅོ་རི་ཉི་མ། says:
    2014-09-22 at 6:27 am

    xxxxx

    དཀོར་ཁུག་ཁྱོད་ལ་ཡོན་ཏན་སྣེ་གཅིག་ཡོད་པ་ནི་དངོས་མིང་ཐོག་ནས་རྩོམ་ཡིག་འདྲ་བྲིས་མྱངས་བ་རེད། ཁྱོད་ཀྱི་རྩོམ་ཡིག་ལ་དོན་དངོས་དང་མཐུན་མིན་ལ་མ་ལྟོས་པ་སོ་སོའི་ངོ་གདོང་བཏོན་ནས་བསམ་ཚུལ་བཤད་པ་རེད། ད་་ཟླ་ཤས་ཕྱིན་སོང་། ངོ་གདོང་མིང་ལྷག་ཞིག་གི་འོག་ཏུ་གབ་ནས་སྐད་ཆ་བཤད་ཡོང་གི་འདུག ཡོན་ཏན་སྣ་གཅིག་ཡོད་པ་དེ་ཡང་ཚར་སོང་། ད་་་ཁྱོད་ལ་བལྟ་ས་ག་རེ་འདུག མིང་ལྷག་གི་འོག་ཏུ་གབ་ནས་དཀྲུག་ཤིང་གི་སྐད་ཆ་བཤད། མི་གཞན་ལ་དམོད་འབོད་བྱེད།

    སྤྲུལ་གོག་ཁྱོད་ཚོའི་རང་བཞིན་ངོ་མ་དེ་འདི་འདྲ་རེད། འབྱུང་འགྱུར་བོད་མི་རིགས་ལ་རྒྱང་བལྟ་བྱེད་སྟངས་འདི་རེད་པེ། ཕོ་རབ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་བཀའ་སྒྲུབ་སྟངས་འདི་རེད་པེ། ཚུལ་ཁྲིམས་བློ་གྲོས་ཀྱིས་གོ་སོང་ནའང་ཁྱོད་ལ་སྐྱུག་མེར་ལངས་ཀྱི་རེད་ད། ཕོ་ཐ་མའི་ལས་ཀ་འདི་འདྲ་ག་རེ་རེད་དམ།

  126. བསམ་ཤེས། says:
    2014-09-22 at 3:11 pm

    ཅོ་རི་ལགས།

    ཁྱོད་རིག་པ་སྨྲ་བ་དང་བདེན་པ་སྨྲ་བ་ཞིག་རེད་བསམ་རུང་། དི་རིང་འདིར་ནག་ཁུང་ནང་ལ་མདའ་འཕེན་ནས་དཔའ་ངོམས་སྟབས་བྱེད་སྟངས་འདི་ལ་ལྟ་དུས། ངའི་ཚོད་དཔག་ཀུན་ནས་ནོར་བའི་ཚོར་བ་བསྟེར།

  127. མིག་བརྒྱད་པ། says:
    2014-09-22 at 3:35 pm

    ཞོལ་གཡག་དང་ཅོ་རི་སོགས་ཀྱིས་དོན་དངོས་ལ་ཞིབ་དཔྱོད་གང་ཡང་མེད་པར་ཁ་ཤོབ་དང་འུད་བརྒྱབ་ནས་ཡོང་རྒྱུ་ཅི་ཡང་ཡོད་པ་མ་རེད། ཁ་ནས་བཤད་པ་དང་ལག་ཏུ་བྲིས་བྲིས་ཚང་མ་རིག་གནས་གསར་བརྗེའི་གོ་དོན་དང་གཅིག་མཚུངས་རེད། རང་གི་མི་རིགས་ལ་མཐོང་ཆུང་དང་བརྙས་སྨོད་དམའ་འབེབས་བྱེད་རྒྱུའི་ནད་དུག་དེ་འགོས་ཡོད་པ་རེད། དགོན་པ་གཏོར་དགོས། ཆོས་ཀྱི་དབུ་ཁྲིད་མི་དགོས་ཟེར་གི་ཡོད་པ་རེད། ཁྱེད་ཚོའི་མིག་དཔེར་བལྟ་ས་ནི་ཁ་ཆེ་དྲག་སྤྱོད་པ་དང་ནུབ་ཕྱོགས་ཀྱི་མཛེས་མ་རེད། ངོ་མ་དགོད་རྒྱུ་ཡོང་གི །ཞོལ་གཡག་ཟེར་བ་མི་འདིས་རྟོག་བཟོའི་རང་བཞིན་གྱི་སྐད་ཆ་འདི་འདྲ་བཤད་འདུག །(ཆོས་ལུགས་དབང་བསྒྱུར་ལམ་ལུགས་ཀྱི་རྒྱལ་ཁབ་ཞིག་ཡིན་ན་རྒྱལ་ཁབ་ཀྱི་མངའ་ཐང་དང་རྒྱལ་བསྲུང་དམག་དོན། མི་དམངས་ཀྱི་དཔལ་འབྱོར་དང་ཤེས་ཡོན། མདོར་ན་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཚོ་གནས་ལ་མེད་དུ་མི་རུང་བའི་འཇིག་རྟེན་མི་ཆོས་རིག་གནས་སོགས་ཡར་རྒྱས་སྣེ་གཅིག་མེད་པར་ཆེས་རྗེས་ལུས་ཡིན་པ་དང་། མི་རིགས་འདིའི་མགོ་ཐོག་ཏུ་བབས་པའི་ཆག་ཆེ་ཉམས་ང་འདི་ངོས་ལེན་ཨེ་ཡོད་དམ།) འཛམ་གླིང་རང་བཞིན་གྱི་ལོ་རྒྱུས་དང་བོད་ཀྱི་གནས་བབས་ལ་བསམ་ཤེས་གང་ཡང་མེད་པ་ཐ་སྙད་སྐམ་པོ་ཞིག་གིས་ཉམ་ཆུང་ཨ་ཕའི་མགོ་བོ་གཅོག་ཐབས་བྱེད། འགྱུར་ལྡོག་ལ་གོ་རིམ་ཡོད་ཀྱང་སྔ་ཕྱི་ཚང་མ་གཅིག་པ་ཡིན་བསྡད་པའི་སྤྱི་ཚོཊ་ཤིག་ད་བར་བྱུང་ཡོད་པ་མ་རེད། བོད་ཀྱི་སྤྱི་ཚོགས་འདི་ཡང་དེ་དང་གཅིག་མཚུངས་རེད། ཆོས་ལུགས་དབང་བསྒྱུར་ལམ་ལུགས་ཀྱི་རྒྱལ་ཁབ་གཅིག་ཀྱང་ཡོད་པ་མ་རེད། ཚང་མ་རང་གི་འདོད་རྔམས་ལ་བརྟེན་ནས་ཐོག་མར་སྤྱི་ཚོཊ་ནང་ཚོང་ལས་དར་ཏེ་མི་དམངས་ཀྱི་སྟོབས་ཤུཊ་རྒྱས་པས། ད་གཟོད་རྒྱལ་པོ་དང་སྲིད་གཞུང་གིས་ཁྲལ་གང་བྱུང་བསྡུ་མི་ཆོག་པ་སོཊ་རང་སྲུང་གི་འདུ་ཤེས་བྱུང་པ་རེད། དེ་འདྲའི་ཚོང་ལས་ཀྱི་ལས་འགུལ་ཞིག་སྔོན་དུ་སོང་མེད་ཚེ། མི་དམངས་ཀྱི་བློ་འབྱེད་དཀའ་མོ་རེད། བློ་སྒོ་འབྱེད་པར་བརྟེན་ནས་སྤྱི་ཚོཊ་ལེཊ་བཅོས་བྱེད་རྒྱུ་ཡིན་པ་དང་ཐོབ་ཐང་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར་གྱིན་ཡོད་པ་རེད། །

  128. ཨ་ནུ་ཐང་བསོད་ནམས། says:
    2014-09-23 at 8:01 am

    གལ་སྲིད་སངས་ཆོས་བོད་ཀྱི་ཡིན་ན་གུང་གོ་ཡང་བོད་ཀྱི་རེད།།

    ༼སངས་རྒྱས་ཆོས་ལུགས་རྒྱ་གར་ནས་བྱུང་བ་བདེན་མོད། རྒྱ་གར་ནི་སངས་རྒྱས་ཆོས་ལུགས་ཀྱི་འབྱུང་ཁུངས་རེད། བོད་དང་རྒྱ་ནག །ཉི་ཧོང་སོགས་ཀྱི་ནང་པ་ཡོད་དོ་ཅོག་གི་ཐུན་མོང་གི་ཆོས་ལུགས་རེད། རྒྱ་གར་བ་གཅིག་བུའི་ཆོས་ལུགས་ཤིག་མ་རེད།༽ ཚང་མའི་ཐུན་མོང་གི་ཡིན་རྒྱུ་ཞིག་ག་འདྲ་བྱས་ནས་རང་རིགས་ཀྱི་ཆོས་ལ་ཆགས་སོང་བ་རེད་དམ། དེ་ལྟར་ཡིན་ན། གུང་གོ་ཟེར་བའང་མི་རིགས་ལྔ་བཅུ་ལྔ་དྲུག་གི་ཐུན་མོང་གི་ཡིན་པས་རང་རིགས་ཀྱི་ཡིན་སོང་བ་མ་ཡིན་ནམ། དེ་ལ་སྐྱོན་བརྗོོད་བྱེད་མི་འོས་ཏེ། རིགས་ཀྱི་ཡིན་པས་སོ། མིན་ཏེ། སངས་ཆོས་ནི་ཞི་བའི་ངང་དར་ཞིང་། གུང་གོ་ནི་བཙན་དབང་གི་འཁྱེར་བ་ཡོང་འདོད་ན་མ་གྲུབ་སྟེ། སངས་ཆོས་བོད་ལ་སྤེལ་སྐབས་བོན་གྱི་བློན་ཆེན་མང་པོ་ཞིག་ལྐོག་གཡོ་ཡིས་བསད་ཅིང་། ལྷག་མ་རྣམས་ལ་འཇིགས་སྣང་སྐུལ་བ་མ་ཟད། ཐ་ན་བོན་གྱི་རྒྱལ་པོའི་གླང་དར་ཡང་བན་དྷེ་ཆོས་བསད་ཅིང་། བཙན་པོའི་རྒྱལ་སྲིད་ཀྱང་བན་བོན་འཐབ་རྩོད་ལས་བརླགས་པའི་སྟེང་། ད་དུང་བོད་མིའི་སྤྱི་ཚོགས་ནང་ཆོས་ལུགས་འཐེན་འཁྱེར་དང་། དེང་རབས་པ་ལ་བཏང་འཛིན་སོགས་ཀྱི་འགོག་རྐྱེན་སྣ་ཚོགས་ཤིག་བཟོ་བཞིན་ཡོད་པས་སོ། དྲག་སྤྱོད་དང་གཡོ་སྒྱུ། མགོ་སྐོར་ཟུང་འབྲེལ་གྱིས་སངས་ཆོས་བོད་དུ་དར་བ་ལས། བདེ་ལེགས་ངང་དར་མེད་པས། གུང་གོ་བོད་དུ་ཡོང་བ་དང་གཅིག་མཚུངས་ལས་གཞན་དུ་མེད་པས། གལ་སྲིད་སངས་ཆོས་བོད་ཀྱི་ཡིན་ན་གུང་གོ་ཡང་བོད་ཀྱི་རེད།
    དྲང་མོ་ཞུས་ན། སྐྱོན་བརྗོད་བྱེད་དང་མི་བྱེད་ཟེར་བ་དེ་རང་རིགས་ཀྱི་ཡིན་མིན་གྱིས་མིན། དེ་རང་རིགས་ལ་ཕན་མིན་དང་དེས་རང་རིགས་ལ་གནོད་པ་སྐྱེལ་བཞིན་ཡོད་མེད་ལ་ལྟ་དགོས། གལ་སྲིད་དེ་འམ་དེའི་ཆ་ཤས་ཤིག་གི་རང་རིགས་ལ་གནོད་པ་སྐྱེལ་བཞིན་ཡོད་ན། དག་ཐེར་བྱེད་དགོས་བ་ལས་བཟོད་སྒོམ་བྱེད་ཡུལ་མིན་པས་ཡིན། རྒྱུ་མཚན་ནི། སྐྱོན་ཆ་ནི་སྐྱོན་ཆ་ཡིན་པས་དེ་ལ་ཞུ་དག་བྱེད་པའི་འོས་འགན་རང་རིགས་པ་ཀུན་ལ་ཡོད་པས་ཡིན། ཡིན་ཏེ། ཚང་མའི་བདེ་སྡུག་འབྲེལ་བས་རེད།

    བླངས་བྱ་དོར་བྱ་ནི་རང་རིགས་ཀྱི་ཡིན་མིན་གྱིས་མིན་པ་དེའི་རང་རིགས་ལ་ཕན་ཐོགས་མིན་ལ་ལྟ་དགོས། གལ་སྲིད་དེའི་ཕན་གྱི་ཡོད་ན་རང་རིགས་ཀྱི་མིན་ཡང་བླངས་དགོས་ལ། མི་ཕན་ན་རང་རིགས་ཀྱི་ཡིན་ཡང་འཕོངས་ཕྱིས་ཀྱི་རྡོ་བཞིན་འདོར་འོས་ཏེ། མ་དོར་མ་ཡིན་ན་རང་ཉིད་ལ་གནོད་སྐྱོན་འཕྲད་པས་རེད། གལ་སྲིད་དེ་ལྟར་མིན་ན་གསར་བཏོད་དང་ཚུར་ལེན་ཟེར་བ་དེ་བས་ཡོང་ཐབས་མེད་པས་ཡིན། གང་དུ་གསར་བཏོད་དང་ཚུར་ལེན་ཟེར་བ་མེད་ན། དེ་ན་རྗེས་ལུས་དང་བཙན་བརྗོད་གནོན་གྱི་སྡུག་ངལ་ལྕི་བ་མ་ཟད། གཞན་རྗེས་མི་ཆོད་ཅིང་། རྩ་མེད་འགྲོ་བའི་ཉེར་ལེན་བྱེད་པས་ཡིན།།

  129. མིག་བརྒྱད་པ། says:
    2014-09-23 at 6:43 pm

    བོན་པོའི་ཕག་ཏུ་གབ་ནས་བན་དེའི་ཆོས་ལུགས་ལ་རྡོག་རྫུས་བཏང་འདོད་ན་རང་གི་འདོད་མོས་རེད། དེ་མིན་འབྲེལ་མེད་དོན་གཞན་གླེང་བ་ལ་དགོས་པ་གང་ཡང་མི་འདུག །བསྟན་པ་བྱང་ནས་བྱང་དུ་དར་བར་འགྱུར་རོ། །ཞེས་པ་ལྟར་བསྟན་པ་དར་ཚུལ་ག་རེ་རེད། བོད་རང་གི་ཐུན་མོང་གི་སྐད་དང་ཡི་གེ་གཙོ་བོར་གྱུར་བས་བསམ་སྤྱོད་ཚུན་ཆད་ནས་དེ་ལ་གོམས་གཤིས་འཇགས་པ་ན་བོད་བརྒྱུད་ནང་བསྟན་ཟེར་གི་རེད། ཀླད་རྙིང་མཁྲེགས་བཟུང་བྱས་ནས་མི་དགའ་ན་སྡུག་གྱོང་རེད། རིག་གནས་མེད་པའི་མི་རིགས་ཤིག་གསོན་པོར་གནས་ན་ཡང་དོན་སྙིང་ཅི་ཞིག་ཡོད། དེ་ཡང་ཡིན་ཏེ་གལ་ཏེ་རིག་གནས་མེད་པའི་མི་རིགས་ཤིག་འཛམ་གླིང་འདིའི་ཐོག་གནས་ཡོད་ན་ཞོག་དང་དེ་ནས་རིམ་པས་ལྟ་ཆོག །

  130. ཨ་ནུ་ཐང་བསོད་ནམས། says:
    2014-09-24 at 7:49 am

    སངས་བསྟན་བྱང་ནས་བྱང་དུ་དར་ཨེ། སངས་བསྟན་དར་ཡུལ་ནི་ད་ལྟ་བྱང་ཤར་དང་ཤར་ཕྱོགས། ལྷོ་ཤར་དང་ལྷོ་ཕྱོགས་བཅས་སུ་དར་བ་ལས་བྱང་ཕྱོགས་སུ་དེ་ཙམ་དར་མེད། བྱང་ཤར་ཁུལ་གྱི་བོད་སོག་གཉིས་ལ་ད་ལྟའང་དར་ཡོད། དེ་མིན་གཞན་རྣམས་ཤར་ཕྱོགས་དང་ལྷོ་ཤར་ཁུལ་རེད། ཧཧ། ལོ་རྒྱུས་ཀྱི་གནས་བབ་དང་ས་ཆ་ཡི་འགྲོ་ཕྱོགས། ཐ་ན་སངས་ཆོས་དར་ཡུལ་བོད་དང་སོག་པོ་གཉིས་ལས་གཞན་གྱི་གནས་བབ་ཡག་པོ་མི་མཐོང་བའི་གནའ་བོད་གླེན་པ་ཁག་ཅིག་གིས་ཚིག་ལ་ཡིད་ཆེས་བྱེད་པ་ནི་རང་ཉིད་རྨོངས་བ་ཡིན་པའི་རང་འཚང་ལས་གཞན་དུ་མིན། རིག་གནས་མེད་པའི་མི་རིགས་ཨེ། རིག་གནས་མེད་པའི་མི་རིགས་དེ་གང་ཞིག་རེད་དམ། རིག་གནས་ཟེར་བ་སངས་ཆོས་རེད་དམ། ཡིན་ས་མ་རེད།་སངས་ཆོས་པ་རྣམས་ཀྱིས། སྒྲ་སྙན་སྨན་རྩིས་སོགས་ལས་མགོ་འཁོར་ནས་མ་རྩ་བོར་ནས་ཡ་ག་མ་སྲུང་བརྗོད་པ་བཞིན་དེ་ལྟར་ཡིན་མི་སྲིད། དེ་བརྟེན། སངས་ཆོས་ནི་རིག་གནས་ཡིན་རྒྱུ་མ་རེད། ཨེ་རེད་དམ། ཡང་མིན་ན། སུམ་རྟགས་དག་གསུམ་དང་སྨན་རྩིས། གློག་ཀླད་དང་ཚན་རིག། འཕྲུལ་རིག་དང་སྐྱེས་དངོས། རྫས་འགྱུར་དང་གནམ་གཤིས་རིག་པ། ལོ་རྒྱུས་དང་སྐད་ཡིག་སོགས་ནི་རིག་གནས་མ་རེད་དམ།

  131. ཞོལ་གཡག་འབྲོང་རྒྱུད། says:
    2014-09-24 at 9:45 am

    ལྷ་ཆེན་ཚངས་པར་རྫུས་པའི་སྐུ་ཞབས་ལགས།
    ཨ་ཅོ་ཞོལ་གསུམ་གྱིས་ཁ་ཤོབ་དང་འུར་ཤོབ་ཀྱིས་བོད་མི་རིགས་འདི་སྙིང་རྗེ་ཅན་དང་བྱང་སེམས་ཅན། རང་དོན་མེད་པའི་གཞན་དོན་འབའ་ཞིག་བསམ་མཁན་བསྒྲུབ་མཁན་གྱི་སངས་རྒྱས་གསོན་པོ་ཡིན་ཞེས་ནམ་ཡང་ཁ་སྟོང་ནང་གི་ཚིག་སྟོང་གི་འུར་སྒྲ་བརྒྱབས་མེད་ཞེས་ཞུ་འདོད་ལ། ཁ་ལག་གཉིས་ཀྱི་འགུལ་ཤུགས་རྩོལ་བ་ཡོད་ཚད་གཅིག་བསྡུས་རིང་ལུགས་ཀྱི་དབང་བསྒྱུར་ལམ་ལུགས་འགྲིགས་རབས་དང་རྙིང་གཞི་རྩ་གཏོར་བྱེད་དགོས་རབས་ནམ་ཡང་བཤད་མེད། ཁ་ལག་གཉིས་ཀྱིས་བཤད་བཤད་བྲིས་བྲིས་ཡོད་ཚད་མཐོ་སྒང་གི་བཙན་པོའི་མི་རིགས་འདི་བརྒྱ་ཆ་མང་ཤོས་ཞིང་འབྲོག་གཉིས་ལས་གྲུབ་ཡོད་ཙང་། གོ་ལའི་མི་རིགས་དང་གཅིག་གྱུར་གྱི་ཐོབ་ཐང་དང་རང་དབང་། ལྷག་པར་དུ་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་རིག་ནས་ལ་ཆོས་ལུགས་བྱེ་བྲག་པའི་ཤུགས་རྐྱེན་འོག་ལྷ་སྐུ་གསོན་པོ་བཟོ་ཐབས་ཀྱི་ལམ་ལུགས་དེ་མི་དགོས་ཟེར་ཞོར། འཇིག་རྟེན་མི་ཆོས་རིང་ལུགས་ལ་ཐེབས་པའི་གོད་ཆག་དེ་ཇི་ལྟར་བྱས་ནས་སྐྱར་གསོ་བྱེད་ཐབས་བཤད་ཀྱིན་པ་མ་ཟད། དགོན་པ་གཏོར་བཤིག་གཏོང་དགོས་རབས་བཤད་ཀྱིན་མེད་ལ་གཏོར་བཤིག་བྱེད་དོན་ཡང་མེད་ཀྱང་བོད་མི་རིགས་ཀྱིས་རྔུལ་ཁྲག་གི་རྩོལ་སྒྲུབ་ཡོད་ཚད་ལྷ་སྐུ་གསོན་པོ་དང་གསོན་པོ་མ་ཡིན་པ་གཉིས་ལ་སྒྲོན་དགོས་པའི་རྒྱུ་མཚན་གཏན་ནས་མེད་ཞེས་བཤད་ཀྱི་ཡོད་ལ། ལྷག་པར་དུ་ཆོས་ཀྱི་དབུ་འཁྲིད་ནི་ཆོས་ལུགས་ཀྱི་དབུ་འཁྲིད་དགོས་པ་ལས་སྲིད་ཀྱི་དབུ་འཁྲིད་ན་འགྲིགས་ཀྱི་མ་རེད་ལ་དམ་ཆོས་འདུལ་བའི་གཞུང་ལུགས་ལས་ཀྱང་འགལ་ཀྱི་ཡོད་པ་རེད།
    དེ་དེ་བཞིན་མི་རིགས་ཀྱི་འཐབ་རྩོད་ཀྱི་ཐབས་ལམ་ཡིན་ཅིག་ཁ་ཆེ་དྲག་སྤྱོད་པར་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མེད་ཀྱང་མི་རིགས་གཞན་གྱིས་རང་རིགས་དང་རང་གི་རིག་གཞུང་ལ་བརྙས་སྨོད་དང་མནར་གཅོད་ཀྱི་ལམ་་ལུགས་ལ་མགོ་མི་་སྒུར་བ་དེ་ཁ་ཆེའི་དྲག་སྤྱོད་ལ་སློབ་སྦྱོང་བྱེད་རྒྱུ་གཏན་གཏན་ཡོད་རྒྱུ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme