Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སང་ཉིན་ཚེས་ ༨ ཉིན་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གནང་གཏན་འཁེལ་བ།

Posted on 2013-08-07 By ཁ་བརྡ་ 20 Comments on སང་ཉིན་ཚེས་ ༨ ཉིན་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གནང་གཏན་འཁེལ་བ།

འདྲེན་ཁུངསཿ བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས། 

 
༄༅། །འདི་གར་ཆོས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༡ འཁོད་གནས་གནང་འབྱོར་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་བཀའ་བློན་ཁྲི་པའི་མཛད་ཁུར་དམ་འབུལ་གནང་ནས་ལོ་གཉིས་ཧྲིལ་པོར་འཁོར་རྒྱུ་དང། 

དུས་ཡུན་དེའི་ནང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བྱིན་མཐུ་དང། གཞུང་བསྟན་ཆོས་སྲུང་རྣམས་ཀྱི་འཕྲིན་ལས། གཞིས་བྱེས་བོད་མི་ཡོངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང་ལས་བྱེད་པ་རྣམས་ཀྱི་མཐུན་སྐྱོར་བཅས་ལ་བརྟེན་ནས་བོད་མིའི་སྤྱི་དོན་འགན་འཁུར་ཞུ་སྒོ་གང་ཅི་གེགས་མེད་ལམ་ལྷོངས་དང། གྲུབ་འབྲས་མི་དམན་ཙམ་བྱུང་བའི་བཀའ་དྲིན་གཏང་རག་མཚོན་ཕྱིར་དང།བོད་དང་བོད་མིའི་རྩ་དོན་ཆེད་ཕྱི་ལོ་ ༢༠༠༩ ནས་བཟུང་རང་ལུས་མེར་སྲེག་གནང་མཁན་འདས་གསོན་འབྲེལ་ལྟོས་ཡོངས་ཀྱི་ཆེད་དུ་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གདུང་འབོད་གསོལ་འདེབས་ཞུ་བའི་སླད་གོང་ཚེས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང། བཙན་བྱོལ་བོད་མིའི་འདུས་སྡོད་ས་གནས་གཞན་བཅས་སུ་སྨོན་ལམ་མཆོད་འབུལ་གྱི་འདུ་འཛོམས་རྒྱས་པ་རེ་གོ་སྒྲིག་དགོས་རྒྱུ་ཞེས་བཀའ་ཤག་ནས་ཐག་གཅོད་ལམ་སྟོན་ཕེབས་སོང་ན། སེར་སྐྱ་མང་ཚོགས་རྣམས་དུས་ཐོག་ཚང་འཛོམས་དགོས་པ་ཁྱབ་ཁོངས་གཞིས་སྒར་ཁག་དང། ཆོས་སྡེ་ཁག་དང། སློབ་གྲྭ་སོགས་ལ་འཚེམས་ལུས་མེད་པར་བརྡ་ཁྱབ་ནན་འདྲོངས་གནང་གལ་ཆེ་བ་ཡིན་སྐོར་འཁོད་འདུག་པ་བཅས། །
གསལ་བསྒྲགས།

Post navigation

Previous Post: དེ་རིང་གི་སྔགས་སྐོར་དྲི་བ།
Next Post: རེ་དོགས་རྗེས་བསྙེགས་ཀྱི་ཤུལ།

Comments (20) on “སང་ཉིན་ཚེས་ ༨ ཉིན་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གནང་གཏན་འཁེལ་བ།”

  1. ཐོ་རེངས་སྐར་ཆེན says:
    2013-08-07 at 12:13 pm

    སེང་གེ་བཀའ་ཤག་གི་ཤི་བོ་ཚོས་རྣམ་ཤེས་བེད་སྤྱད་དེ་རང་ཉིད་ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཅན་ཅིག་ཏུ་འགྱུར་ན་བསམ་ཡོད་པར་སྙམ། དེ་མ་གཏོགས་ཁོ་བོ་སྲིད་སྐྱོང་ལ་ལངས་བའི་ཉིན་མོ་དང་མཆོད་འབུལ་སྨོན་ལམ་གཉིས་འབྲེལ་བ་མེད་པས་ན། དངོས་གནས་ཆབ་སྲིད་པ་ཟེར་བ་རེད།

  2. རྒྱང་མིག says:
    2013-08-07 at 1:45 pm

    མགོ་བདེ་དྲན་འཕྲུལ་རང་རེད། ང་ཚོའི་སྲིད་སྐྱོང་བའི་དཔོན་པོར་འདི་འདྲ་ཞིག་ལས་མེད་ན་ཡི་མུག་གཞི་ཞིག་རེད། དེ་ནི་གཞན་ཅི་ཡང་མ་ཡིན་པར། སྲིད་སྐྱོང་གི་ལོ་འཁོར་གཉིས་པ་དུས་དྲན་གྱི་ཚབ་ཏུ་རེད། ན་ནིང་ལོ་གཅིག་འཁོར་བའི་དུས་དྲན་བྱས་པ་དེ་ལ་སྤྱི་ཚོགས་ཐོག་ལྡོག་ཕྱོགས་ཀྱི་གླེང་གཞི་ཤུགས་ཆེ་བྱུང་བས། ལོ་གཉིས་པའི་དུས་དྲན་འདི་མཆོད་འབུལ་སྨོན་ལམ་གྱི་རྣམ་པར་བསྒྱུར་བ་རེད།

    ད་ནི་འདི་ལ་གསར་བཏོད་ཟེར་དགོས་སམ། གང་ལྟར་རྒྱལ་གཅེས་དཔའ་རྒོད་རྣམ་པའི་ཞལ་ཆེམས་དང་འབོད་སྒྲ་དེ་དག་ནི་་་་་་་་་

  3. བསོད་ནམས། says:
    2013-08-07 at 2:40 pm

    སྐྱུག་བྲོ་བའི་སྲིད་གཞུང་། ཡ་ང་བའི་སྲིད་གཞུང་། ཞེར་མེར་བའི་སྲིད་གཞུང་། འཛམ་གླིང་ས་སྟེང་འདི་ན་རྒྱལ་དོན་འཐབ་རྩོད་དང་ཆབ་སྲིད་ལས་དོན་ཆེད་ཆོས་འདོན་མཁན་གྱི་སྲིད་གཞུང་ཞིག་ཡོད་པ་ནི་ངོ་ཚ་བ་ལ། ད་ནི་མི་ངོ་ལ་འབག་གོན་ཡོད་པ་འདི་ཚོས་བོད་འདི་བསྐྱལ་ས་ཞིག་ལ་བསྐྱལ་སོང་། མི་རུས་བ་ཅན་ཚོ་ལངས་ན་མ་གཏོགས་ཤོག་བུའི་བཀའ་ཤག་འདིར་རེ་བ་ལྟོས་ས་མེད་པ་གསལ་བོ་རེད།

  4. བློ་བཟང་ཡེ་ཤེས། says:
    2013-08-07 at 6:06 pm

    ད་ཁོས་གསར་བཏོད་བྱེད་ཀྱི་ཡོད་པ་རེད།   བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་དེ་དག་གི་ནང་མི་སྡུག་བསྔལ་གྱིས་མནར་བ་དེ་ཚོ་སྙིང་རྗེ།   ང་ཚོའི་བཀའ་ཤག་གིས་འཁྲབ་སྟོན་དེ་དག་མཐོང་དུས་ངོ་མ་སྐྱུག་ལོག་གི

  5. བཙན་བྱོལ་བ་ says:
    2013-08-07 at 9:08 pm

    གོང་ས་མཆོག་གིས་བོད་དོན་ཆེད་མ་ནི་དང་ཤེར་སྙིང་སོགས་འདོན་དགོས་པར་སྐུལ་བ་ལ་ལད་མོ་བྱེད་པ་ཞིག་རེད།

  6. ཁ་བའི་སྒྲོན་མེ། says:
    2013-08-07 at 10:42 pm

    དེ་རིང་བོད་སྐད་བཤད་མཁན་ཚོའི་སེང་གེའི་སྲིད་གཞུང་ལ་ངོ་རྒོལ་རྒྱབ་དགོས་ནི་རེད། ཧཧཧའདི་ཡུམ་དམ་པ་ང་ཚོའི་འགན་རེད། འདི་མོ་མ་བྱས་ན་འགྲིག་ཁི་མ་རེད། ཅི་རེད་ཟེར་ན་སེང་གེ་འདི་མི་ཧམ་བཤད་ཅན་མྱི་ཞིག་རེད་།

  7. འདྲེ་རྐང་ཐོ། says:
    2013-08-08 at 1:10 am

    ངས་དེ་སྔོན་ནས་གླེང་མྱོང་བ་་་་འདི་འདྲའི་ཆབ་སྲིད་ཐེབས་ཆག་་་བཙན་བྱོལ་བའི་ལོ་ལོན་ཆ་ལ་ཏག་ཏག་འགྲིག་བསྡད་ཡོད་་་་ཁོང་ཚོར་མཚོན་ན་འདི་ཡང་ཆབ་སྲིད་ཡག་པོ་ཞིག་ཡིན་ནི་རེད་ཡ།

  8. མེ་ཏོག་དཀར་པོ says:
    2013-08-08 at 1:20 am

    གོང་འཁོད་མཆན་བུ་དག་ལ་འདྲི་རྒྱུ། ཁྱེད་ཅག་སྲིད་སྐྱོང་ཡིན་ན་ག་རེ་བྱེད་ས་རེད། འདི་ཡིན་་སྟོན་རྒྱུ་མེད་ན་སེངྒེའི་སྐྱག་པ་ཁ་གང་རེ་ལྟེར་གི་ཡིན།

  9. གནམ། མེས་པོའི་ཐེམ་སྐས། says:
    2013-08-08 at 1:50 am

    སེང་གེ་བཀའ་ཤག་ཅེས་སྐྱོན་བརྗོད་མ་བྱེད། བློ་སེང་ལ་བཀའ་ཁྲི་གཞན་ལས་ལྷག་པའི་ཆེ་མཐོང་ངམ། ཡར་ལ་བསྟོད་དྲགས་པ་འདི་བོད་མི་ཨ་གསར་ཅན་ཚོ་བླུན་དྲགས་པའི་སྐྱོན་རེད། ད་ལྟའི་ཆར་ལྟོས་དང་། བློ་སེང་ཕྱོགས་བསྐྱོད་སྐབས་གནམ་ཐང་དང་རླངས་འཁོར་འབབ་ཚིགས་སོགས་ལ་བོད་ཀྱི་བླ་ཆེན་ཞིག་ཕེབས་པ་ལས་ཀྱང་བསུ་མ་ཆེ་ཙམ་བྱེད། དྲང་པོར་བཤད་ན་དེའི་རྒྱབ་ལྗོངས་ནི་བོད་མི་རྣམས་རྨོངས་དད་ཆེ་དྲགས་པ་དང་ཆོལ་ཁའི་ཕྱོགས་རིས་ཀྱི་དུག་ཆུས་བཟི་དྲགས་པས་རེད། བློ་སེང་ལ་གུས་བཀུར་དང་མཇལ་དར་འབུལ་བར་ང་ལ་ཕྲག་དོག་དང་སྡང་སེམས་སྤུ་ཙམ་མེད། ཡིན་ན་ཡང་བོད་མི་རྨོངས་རྒན་ཚོས་བླུན་རྟགས་འཛམ་གླིང་མི་མང་གི་མདུན་དུ་འཛེམས་ཟོན་མེད་པར་སྟོན་པ་འདིས་བོད་མི་རྣམས་ད་དུང་གཉིད་སད་མེད་པའི་བརྡ་རྟགས་ཕྱིར་སྟོན་པས་བློ་ཕམ་ཆེ།

  10. གནམ། མེས་པོའི་ཐེམ་སྐས། says:
    2013-08-08 at 1:57 am

    དེ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོའི་སྲིད་འཛིན་ཕྱོགས་ཕེབ་ལྟར་གནས་ལུགས་དོན་གྱི་སྙིང་པོ་ཁ་ཡིས་བཤད་སར་བཤད། ལག་པས་འཇུ་སར་འཇུས་ཏེ་ཕེབས་ན་ཡག་གི་རེད། ང་ཚོའི་བློ་སེང་ཕྱོགས་ཕེབས་ནི་མི་མང་གི་མདུན་དུ་ཕེབས་བསུ་དང་ཕེབས་སྐྱེལ་རྒྱས་སྤྲོས་ཙམ་གྱི་ངོ་བོར་གྱུར་འདུག མ་གཞི་བློ་སེང་གི་མི་གཞི་མི་ལ་འཛེམས་ཟོན་མེད་པར་རང་བསྟོད་རྐྱང་རྐྱང་བྱེད་མཁན་ཞིག་ཡིན་པ་ཡོངས་གྲགས་སུ་གྱུར།

  11. མེ་ཏོག་དཀར་པོ says:
    2013-08-08 at 2:28 am

    བློ་སེང་ངམ་སྲིད་སྐྱོང་ནི་བོད་ཀྱི་སྲིད་ཀྱི་དབུ་ཁྲིད་མཐོ་ཤོས་རེད་པས་ཁ་དར་ཕུལ་དང་ཕུལ། མ་དགའ་ན་སྡུག་གྱོང་རང་རེད། མ་གཞི་འོས་བསྡུའི་སྐབས་ཨ་གསར་ཆེན་པོ་ཡོད་སྡད་མཁན་ཚོས་འོས་ཤོག་འཕེན་སོང་ང་། ངས་ནི་བཀྲས་མཐོང་ལ་ཕངས་པ་ཡིན། ད་ཁྱོད་རང་ཚོས་བཙོས་པའི་ཆང་ཞིམ་པོ་མེད་ནའང་འཐུང་རྒྱུ་རང་རེད།

  12. གངས་ལྡོམ། says:
    2013-08-08 at 3:09 am

    བློ་སེང་གིས་གསར་འབྱོར་ཚོ་ཕྱི་རྒྱལ་དུ་གཏོང་གི་ཡིན་ལབ་པ་དེ་ཁོས་བརྗེད་སོང་པ་རེད་པས།
    བློ་སེང་གི་སྒྲིག་འཛུགས་འདིས་ཤི་བོ་ཚོའི་རྣམ་ཤེས་བཙོང་ཞིང་།
    ལྐོག་ཟ་བྱེད་གང་ཐུབ་བྱེད་ཡ་ལས་གང་ཡང་འཇོན་གི་མིན་འདུག

  13. བན་དེ་བ། says:
    2013-08-08 at 3:19 am

    ༼གངས་ལྡོམ་ལགས་ཡང་སྐྱར་འདི་ནའང་གཅིག་གིས་ཟོས་འདུག༽

    ཤོག་ངོས་ཀྱི་ཁུངས། གཙོོ་ངོས། » བཙན་བྱོལ།
    ཧིན་སྒོར་ཁྲི་ ༤ སྒེར་ཟ་བྱས་འདུག་ཟེར།
    འདོན་སྤེལ། ༢༠༡༣/༠༨/༠༨
    ལྡི་ལི་བསམ་ཡས་གླིང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ཟུར་པ་བསྟན་འཛིན་འཕྲིན་ལས་ཟེར་བས་སྤྱི་དངུལ་ཧིན་སྒོར་ཁྲི་བཞི་ ༤༠༠༠༠ ལྐོག་ཟ་བྱས་ཡོད་འདུག

    ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས་ ༤ ཉིན་ལྡི་ལི་བསམ་ཡས་གླིང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ཟུར་པ་བསྟན་འཛིན་འཕྲིན་ལས་ཨ་རིར་གཞིས་སྐྱོད་གནམ་གྲོན་ཆེད་ལྡི་ལི་ས་གནས་ལས་ཁུངས་ནས་གཞུང་དངུལ་ཧིན་སྒོར་ཁྲི་ ༤ སྔ་འདོན་བཏང་ཡོད་པ་དང་། གནས་ཚུལ་དེ་ ༡༩༩༨ དང་ ༡༩༩༩ ལོ་ནས་བཟུང་རྩིས་ཞིབ་སྙན་ཐོའི་ནང་ལོ་བསྟུད་མར་ཡོང་བསྡད་ཡོད་ཀྱང་། སྐབས་དེའི་འབྲེལ་ཡོད་ས་གནས་མགོ་འཛིན་ཟུར་པ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དང་ནང་སྲིད་ལས་ཁུངས་ནས་གོང་གསལ་དངུལ་འབབ་ཕྱིར་བསྡུ་རྩིས་གཙང་ཡོང་སླད་དོ་བདག་གར་ཡོད་ཨ་རིའི་དོན་གཅོད་ཁང་བརྒྱུད་འབྲེལ་ཡོད་ཁག་ལ་སྔ་རྗེས་འབྲེལ་གཏུགས་ཀྱིས་དྲི་རྩད་ལན་མང་བྱས་ཀྱང་དོ་བདག་གར་ཡོད་རྩད་གཅོད་ཐུབ་ཡོད་མི་འདུག

  14. ཅོ་རི་ཉི་མ། says:
    2013-08-08 at 8:51 am

    རྨོངས་དད་ཀྱི་ཞྭ་མོ་གྱོན་པའི་སེང་གེ་དཀར་མོ།
    ལག་པའི་ཕྲེང་མ་ཁུར་བའི་སེང་གེ་དཀར་མོ།
    མཆེ་བ་ལ་བེད་སྤྱོད་མེད་པའི་སེང་གེ་དཀར་མོ།
    སྡེར་མོ་ལ་རྣོ་ཁ་མེད་པའི་སེང་གེ་དཀར་པོ།
    ཨོ་སེང་གེ་ལགས།
    ཁྱོད་ཀྱི་མགོ་ལ་རྨོངས་དད་ཀྱི་ཞྭ་མོ་འདི་འཛེས་པོ་མི་འདུག་ལ་གཡུགས་ཞོག
    ཁྱོད་ཀྱི་ལག་གི་ཕྲེང་མ་འདི་ལེན་པོ་མི་འདུག་པས་བཞག་ཤོག
    ཁྱོད་ཀྱི་ཁ་ཡིས་མ་ཎི་འདོན་དུས་རི་དྭགས་ཚང་མ་དགོད་མོ་ཤོར་བཞིན་འདུག
    ཁྱོད་ཀྱི་ལག་པའི་སྡེར་མོ་གཉིས་ཀྱི་ཕྱག་རྒྱ་བཅལ་དུས་ཁྱི་སྦྱང་ཚང་མ་སྣང་བ་སྐྱིད་བཞིན་འདུག

    སེང་གེ་ལགས།
    རང་ལ་ཡོད་པའི་ཁྱད་ཆོས་དང་ཡོན་ཏན་བེད་སྤྱོད་ན་ཡག་བ་ལས་མ་ཡིན་ཡིན་མདོག་བྱེད་ན་དོན་མེད་རེད།
    སེང་གེའི་ཁ་ནས་ཆོས་འདོན་པ་དང་།
    གུན་ཁྲན་གཞུང་ནས་སྙིང་རྗེ་བྱེད་པའི་དུས་ཚོད་འདི་ནི་ལྟས་ངན་རེད་ལ་བོད་མི་རིགས་ཤི་རྟགས་རེད་ཡ།
    སྐུ་མཁྱེན་ཁྱོད་ཀྱི་ངོ་གདོང་ལ་སྤུ་སྐྱེས་ཡོད་ནའང་བོད་མི་རིགས་ཀྱི་ངོ་གདོང་ལ་སྤུ་མེད་པས་ངོ་ཚ་བཞིན་འདུག་་་་ཧཧཧ

  15. བློ་བཟང་ཡེ་ཤེས། says:
    2013-08-08 at 4:09 pm

    སེང་གེས་ལོ་གཉིས་རིང་བསགས་པའི་ནག་ཉེས་ཉུང་ཉུང་མ་རེད།   
    ༡༽གཙོ་བོ་ནི་ཉེ་ཆར་ཨ་རིར་ཡོང་ནས་བོད་མིའི་བདག་དབང་རྒྱ་ནག་གཞུང་ལ་ཡོད་ཟེར་བ་དེ་ནག་ཉེས་དང་པོ་རེད།   གལ་ཏེ་བོད་ཀྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་ན།   རྒྱ་ནག་གིས་བོད་དང་བོད་ཀྱི་སྐད་ཡིག་རིག་གཞུང་བཅས་ག་རེ་བྱས་ཀྱང་ཁྲིམས་མཐུན་ཆགས་པ་རེད།
    ༢༽བཙན་བྱོལ་སློབ་གྲྭ་འཛིན་གྲྭ་ ༦ ནས་ ༨ པ་བར་བོད་ཡིག་བསླབ་མི་ཆོག་པར་བྱས་པ་ནག་ཉེས་གཉིས་པ་རེད།   བོད་ནང་ནས་སློབ་ཕྲུག་རྣམས་ཀྱིས་རང་སྲོག་བློས་བཏང་གིས་བོད་ཡིག་བསླབ་ཆོག་ཆེད་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།
    ༣༽རང་བཙན་དང་དབུ་མའི་ལམ་གྱི་འཐབ་རྩོད་པ་ཞེས་ཕྱོགས་ཁག་གཉིས་སུ་བགོས་ཏེ།   བོད་མི་ནང་ཁུལ་བར་འགལ་བ་ཚབ་ཆེན་བཟོས་པ་ནག་ཉེས་གསུམ་པ་རེད།   སྔོན་ཆད་རང་བཙན་དང་དང་རང་དབང་གང་ཞིག་འཐབ་རྩོད་བྱས་ཀྱང་ཆོག་མོད།   དེང་སྐབས་རང་བཙན་འཐད་རྩོད་བྱས་ན་བོད་མིའི་སྤྱི་ཚོགས་ཁྲོད་གནས་མི་ཐུབ་པ་ལྟ་བུ་ཞིག་བྱས་ཡོད།
    ༤༽དབུ་མའི་ལམ་གྱི་ལས་འགུལ་གང་སར་སྤེལ་ཏེ་བོད་མིའི་རང་དབང་འཐད་རྩོད་རྩིས་མེད་རྡོག་རོལ་བཏང་བ་ནག་ཉེས་བཞི་པ་རེད།   ལས་འགུལ་འདི་དང་རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་རྒྱལ་གཅེས་ཆོས་གཅེས་ཟེར་བ་དེ་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་མེད།
    ༥༽ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགོ་འཛིན་རྒྱ་རྒན་མོ་དང་གསང་འབྲེལ་བྱས་ཏེ།   གསར་འགོད་རང་དབང་བཙན་འཕྲོག་བྱས་པ་ནག་ཉེས་ལྔ་བ་རེད།   གསར་འགོད་རང་དབང་མེད་པའི་གསར་ཁང་ནི་རྒྱ་ནག་གཞུང་གིས་གཉེར་བཞིན་པའི་ cctv དང་ཁྱད་པར་གང་ཡང་མེད།

  16. ཀརྡོ་གཉེར་ཕྱག་པ་ says:
    2013-08-08 at 5:15 pm

    ་་་་ བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང་ལས་བྱེད་པ་རྣམས་ཀྱི་མཐུན་སྐྱོར་བཅས་ལ་བརྟེན་ནས་བོད་མིའི་སྤྱི་དོན་འགན་འཁུར་ཞུ་སྒོ་༼དང་། གཞུང་དངུལ་ལྐོག་ཟ་རུལ་སྲུངས་དང་། གཞུང་དངུལ་ཁྱེར་ནས་གར་སོང་་ཆ་མེད་དུ་སོང་བ་སོགས་༽གང་ཅི་གེགས་མེད་ལམ་ལྷོངས་དང། གྲུབ་འབྲས་མི་དམན་ཙམ་བྱུང་བའི་བཀའ་དྲིན་གཏང་རག་མཚོན་ཕྱིར་དང། ་་་་་་

  17. ཅོ་རི་ཉི་མ། says:
    2013-08-08 at 5:30 pm

    ཀརྡོར་འདིས་་ཧཧཧཧ་་་་དེ་རིང་ཡིན་ན་ཁྱོད་ཀྱི་བྲིས་པའི་བུ་མཆན་དེར་བཀླགས་ནས་དགོད་མོ་སྐྱིད་པོ་ཞིག་ཤོར་གྱི་བྱུང་། ངས་མི་ལོ་དག་གི་ནང་དུ་ཁྱོད་ཀྱི་མཆན་བུ་བཀླགས་བསྡད་པའི་ནང་ནས་གོང་གི་མཆན་བུ་དེར་མཚར་ཤོས་བྱུང་།་་ཧཧཧཧ

  18. སྟག་སྨྱོན། says:
    2013-08-09 at 6:00 am

    བཀའ་ཁྲི་བློ་བཟང་གིས་ཆིལ་སྒྲིལ་བཤད་ཀྱི་ཡོད་ཀྱང་། བཀའ་ཤག་གི་ནང་མདོ་སྨད་ཀྱི་མི་ཕྱེད་ཀ་ཞིག་མ་གཏོགས་མེད་པ་ཁ་བཤད་དང་ལག་ལེན་འགལ་ཡོད།
    ལོ་གཉིས་རིང་བཀའ་ཤག་ལ་བྱས་རྗེས་ཞིག་ཡོད་པ་ནི་མཆོད་འབུལ་མང་པོ་དང་། བཀའ་ཁྲི་ཕྱི་རྒྱལ་ཡང་སེ་འཆམ་འཆམ་མང་པོ་སོང་ནས་ཕྱིར་རྡ་སར་ལག་སྟོང་དུ་ལོག་ཡོང་བ་དེ་ཚོ་རེད།

  19. སྟག་སྨྱོན། says:
    2013-08-09 at 6:12 am

    བཀའ་ཁྲི་བློ་སེང་གི་བཀའ་ཤག་སྐབས་བཅུ་བཞི་ནང་མདོ་སྨད་ཀྱི་གཅིག་ཀྱང་མཐོང་རྒྱུ་མེད། འོན་ཀྱང་བོད་ནང་གི་མདོ་སྨད་ཁུལ་གྱི་ཁྱིམ་ཚང་ཚོའི་ནང་སེང་གེའི་པར་བཞག་ཡོད་པ་མཐོང་ན། རྒྱུ་འབྲས་གོ་ལྡོག་དང་དོ་མི་སྙོམས་པའི་གནས་ཚུལ་འདི་གཉིས་མཐོང་ན་རང་བཞིན་གྱི་་འཁོན་སེམས་ཡོང་གི་འདུག
    འདི་ལ་མདོ་སྨད་ཀྱི་ཁ་དཔེར། ཕར་སེམས་བསྟན་ན་ཚུར་གློ་སྟོན་ཟེར་བ་དང་། ཡང་ན་ཇ་ལན་གཅིན་མཇལ་ཟེར་བའི་བློ་སེང་གི་ནང་དཀྲུགས་ཀི་བྱ་སྤྱོད་འདི་དག་གི་དབང་གི་བོད་མི་གང་མང་མང་ཞིག་བོད་མིའི་སྒྲིག་འཛུགས་ལ་ཞེན་པ་ལོག་ཡོད། བ

  20. Tsering says:
    2013-08-12 at 7:46 pm

    ད་རྒྱ་བཤད་སྟོང་ལ་བབས་ཀྱང་སྲིད་སྐྱོང་མཆོག་གིས་ཕྱག་རོགས་ཚང་མ་མདོ་སྨད་པ་བཞག་པ་ཡིན་ན་དེའི་ཉིན་མོ་ནས་སྲིད་སྐྱོང་མ་འཇོན་རབ་གོ་རྒྱུ་མེད་པ་ཐག་གིས་ཆད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (29)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (14)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme