Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སང་ཉིན་གྱི་མཛད་རིམ།

Posted on 2012-12-092012-12-09 By ཁ་བརྡ་ 3 Comments on སང་ཉིན་གྱི་མཛད་རིམ།

༅༅།། བོད་རྒྱལ་ལོ་ ༢༡༣༩ བོད་ཟླ་ ༡༠ ཚེས་ ༢༧ ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་ཤོས་ཀྱི་ནོོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་རྗེས་དྲན་གཞུང་དམངས་དགའ་སྟོན་མཛད་སྒོ་ཐེངས་ཉི་ཤུ་རྩ་གསུམ་པ་སྲུང་བརྩི་ཞུ་རྒྱུའི་མཛད་རིམ་གཤམ་གསལ།

༡། བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་དཔལ་ལྡན་སྲིད་ཚབ་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མ་སྐུ་བཞེངས་ཀྱིས་གུས་བཏུད་ཞུ་རྒྱུ།

 

༢། བོད་ཕྱི་ནང་གཉིས་ནས་བོད་ཀྱི་རྩ་དོན་ཆེད་གཅེས་པའི་རང་སྲོག་མེར་བསྲེགས་གནང་མཁན་རྣམས་ཀྱི་གཙོས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱ་ངན་ངག་བཅད་སྐར་མ་གཅིག་ཞུ་རྒྱུ།

 

༣། བོད་ཀྱི་ཟློས་གར་ཚོགས་པ་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་འབུལ་རྒྱུ།

 

༤། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ལས་བྱེད་བགྲེས་ཡོལ་ཐོན་པ་བཞི་ལ་དཔལ་ལྡན་སྲིད་ཚབ་མཆོག་ནས་གཟེངས་བསྟོད་ལེགས་སྐྱེས་དང་། ཕྱག་འཁྱེར་གསོལ་རས་གནང་རྒྱུ།

 

༥། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་ལས་བྱེད་པས་གཙོས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་གཅིག་ལ་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་དཔལ་ལྡན་སྲིད་ཚབ་མཆོག་གིས་གསོལ་བསྩལ་གནང་རྒྱུ།

 

༦། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་རྒྱལ་སྤྱིའི་ཆ་འཕྲིན་གསར་ཁང་ནས་ The Tibet Post ཞེས་པའི་ཨིན་ཡིག་ཚགས་པར་འདོན་སྤེལ་ཞུ་རྒྱུའི་ཚགས་པར་དབུ་འབྱེད་གནང་རྒྱུ།

 

༧། དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་བོད་ཀྱི་ཟློས་གར་ཚོགས་པས་ཕྱི་ལོ་ ༢༠༡༢ ལོར་གསར་འདོན་ཞུས་པའི་འོད་སྡེར་ཁག་ཅིག་དབུ་འབྱེད་གནང་རྒྱུ།

 

༨། དཔལ་ལྡན་སྲིད་ཚབ་མཆོག་ནས་ཕྱི་དྲིལ་ལས་ཁུངས་ཀྱིས་ཕྱོགས་སྒྲིག་པར་བསྐྲུན་ཞུས་པའི་ <<འབར་བཞིན་པའི་བོད་>> ཅེས་པའི་དཔེ་དེབ་དབུ་འབྱེད་གནང་རྒྱུ།

 

༩། དཔལ་ལྡན་སྲིད་ཚབ་མཆོག་གིས་བཀའ་ཤག་གིས་གསུང་བཤད་གནང་རྒྱུ།

 

༡༠། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་རྒྱུ།

 

༡༡། ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བོད་ཕྱི་ནང་གཉིས་ནས་བོད་ཀྱི་རྩ་དོན་ཆེད་གཅེས་པའི་རང་སྲོག་མེར་བསྲེགས་གནང་མཁན་རྣམས་ཀྱིས་གཙོས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གསོལ་འདེབས་ཞུ་རྒྱུ།

གསར་འགྱུར།

Post navigation

Previous Post: རླབས་ཆེན་གྱི་མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་།
Next Post: རྒྱལ་གཅེས་དཔའ་བོ་ཤིས་ཚང་ཆོས་འཁོར་བ་པདྨ་རྡོ་རྗེའི་གནས་ཚུལ་ཁ་གསབ།

Comments (3) on “སང་ཉིན་གྱི་མཛད་རིམ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-12-09 at 11:08 am

    སང་ཉིན། 10th Decemberབཅུ་གཉིས་བཅུ་ལ་བོད་རིགས་མི་མངས་སོ་སོ་ཡོད་སའི་རྒྱ་ནག་གཞུང་ཚབ་ཁང་ཚང་མའི་མདུན་དུ་སྐད་འབོད་ལ་ཕེབས་རོགས་ཞུའོ། །
    རྒྱ་ནག་རྫུན་པ་ཕམ་འགྱུར་ནས། བོད་པའི་བདེན་པ་ཉིད་རྒྱལ་འགྱུར་ཅིག །བོད་རིགས་རྒྱལ་ལོ། །

  2. བླ་སྨྱོན་ says:
    2012-12-09 at 8:37 pm

    དེ་རིང་བཀྲ་ཤིས་པའི་བྱ་བ་ཞིག་དང་དུས་བཟང་བའི་ཉིན་མོ་འདི་ལ་བཀྲ་མི་ཤིས་པའི་སྐད་ཆ་འདྲ་མེད་པར་ཤོག བོད་མི་ཡོད་དོ་ཅོག་གཅིག་སྒྲིལ་གནང་། གཅིག་སྒྲིལ་གནང་། ཐུགས་རྗེ་གཟིགས།

  3. བཀྲིས། says:
    2012-12-09 at 9:05 pm

    རྒྱ་རྒན་ལྟས་མོ་ལྟོས་ཤིག། ཏག་ཏག་བཟོ་གི་ཡིན། སང་ཉིན་ཡིན་ན། འཛམ་གླིང་གི་ཤེལ་སྒོ་གྲུ་བཞི་མ་ཚང་མའི་ནང་ལ། བོད་པ་ཚོས་འདི་འདྲ་བྱེད་ཀྱི་རེད་ཅེས་རྨི་ལམ་ནང་ལ་ཡང་གཏོང་མྱོང་མེད་ཟེར་བ་གཅིག་བྱེད་ཀྱི་ཡིན། མཐའ་ན་སྦིན་ལ་ཊིན་གྱི་ཕྲུ་གུ་དེ་ཚོས་ཀྱང་། ངའི་ཨ་ཕས་འདི་འདྲ་རྩ་བ་ནས་བསམ་ཕོད་ཀྱི་མ་རེད་ཟེར་བ་གཅིག་དང་། ཨོ་སྦ་མས། ང་དི་རིང་གནས་ཚུལ་འདི་གོ་བ་ནས་བཟུང་ཟ་མ་མིད་པར་འགྲོ་གི་མིན་འདུག་ཟེར་བ་དང་། འཛམ་གླིང་གི་གསར་འགྱུར་གང་སར། ད་རྒྱ་མི་རིགས་སྟོང་ལ་ཉེ་བས། གང་མགྱོགས་འཛམ་གླིང་ནང་ལ་རྒྱ་མི་རིགས་གསོ་སྤེལ་དང་ཉམས་གསོ་ཚོགས་པ་ཞིག་འཛུགས་ན་མ་གཏོགས་ཟེར་བ་གཅིག་ང་ཚོས་བྱེད་ཀྱི་ཡིན།

    མཐའ་ན་སི་ཨན་ཨན་གྱིས། གོ་ལ་འདིའི་སྟེང་རྒྱལ་ཁབ་དང་མི་རིགས་གཅིག་རྩ་མེད་ལ་སྐར་མ་འགའ་ཤས་ནང་ལ་འགྲོ་བ་དི་རིང་དང་པོ་རེད་ཟེར་བ་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme