Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སང་ཉིན་གསད་ཀྱང་ང་རང་མི་འགྱོད་དོ།

Posted on 2010-08-272010-08-27 By ཁ་བརྡ་ 8 Comments on སང་ཉིན་གསད་ཀྱང་ང་རང་མི་འགྱོད་དོ།

བོད། ལྷ་ཀླུ་གཉན་གསུམ་ནས།

དད་བསམ་ཆེ་འདོག་སྟོན་མཁན་བོད་མི་འགའི།།
མི་ལ་དམའ་འབེབས་བྱེད་ལུགས་གང་ནས་སྤྱངས།།
མི་གཤིས་གསེར་དུ་རློམ་པའི་སྤུན་ཟླ་འགའི།།
རིགས་ཞེན་བརྩད་སྟངས་དེ་འདྲ་གང་ནས་རྙེད།།

ང་ལ་འཕྱ་དམོད་བྱེད་པ་མི་གནོད་ལ།།
ང་ལ་གདོན་འདྲེ་ཟེར་ཡང་མི་སྐྱོན་མོད།།
དེང་དུས་བོད་མི་འགྱུར་བའི་དུས་རབས་ན།།
རང་ལས་དྲིན་དུ་ཆེ་བ་མེད་པར་རློམ།།

འདི་འདྲའི་སྐབས་སུ་རང་རིགས་ཤེས་ཡོན་ཅན།།
འདི་འདྲའི་སྐབས་སུ་བོད་མི་ལར་ཞེན་ཅན།།
གང་དུ་སུ་ཡོད་ཕལ་ཆེར་་ཕྱོགས་ཞེན་ལས།།
སྐད་ཆ་ཞིབ་དུ་མ་བརྟག་བཤད་ལ་སྤྲོ།།

བསྐལ་བའི་མཐའ་ལ་ཟེར་ན་བཤད་དཀའ་ཡང་།།
སྐྱེ་བ་ད་རེབས་བོད་ལ་སྐྱེ་བ་འདི།།
ནམ་ཡང་བརྗེད་དུ་མེད་པའི་སེམས་གཤིས་འདི།།
ང་ལ་ཡོད་ལ་ཁྱེད་ཅག་ཡོད་པར་རེ།།

དེ་ལྟར་ཐུགས་ཀྱི་དཀྱིལ་དབུས་གོར་མོ་ནས།།
བསམ་གཞིགས་ཞིབ་མོ་གནང་དེ་ཉེག་ཕྲའི་ལས།།
གངས་ཅན་སྐྱེ་བོ་ཡོངས་ཀྱི་འདས་མ་འོངས།།
ཕྱོགས་ལ་ཞིབ་དཔྱོད་ནན་ཏན་བྱེད་པར་འཚལ།།

ང་ལ་བསྡིག་དམོད་བྱེད་མཁན་མང་ན་ཡང་།།
ང་རང་གསོད་པར་འདོད་མཁན་བྱུང་ན་ཡང་།།
ང་ལ་གདོན་དུ་ལྟ་མཁན་ཡོད་ན་ཡང་།།
ང་ལ་གནོད་དོགས་ནམ་ཡང་མི་བྱེད་དོ།།

སུ་དང་འགྲོག་ན་རང་གཤིས་གཙང་མིན་ནི།།
གང་དང་འདྲིས་ན་ཁྲེལ་གཞུང་ཡོད་མེད་དེ།།
ཤི་བའི་ཉིན་དེར་རང་སེམས་མ་འགྱོད་ན།།
བོད་ལ་སྐྱེ་བའི་བྱས་རྗེས་དེ་ཙམ་འདོད།།

རྩོམ་ཡིག་ཁྱར་ཁྱོར་འབྲི་བ་ལྟོ་དོན་མིན།།
དུས་ཚོད་དྲ་ངོས་གཏོང་བ་རང་དོན་མིན།།
སྐད་ཆ་བསམ་ནས་བཤད་པ་མིང་ཆེད་མིན།།
འདི་གསུམ་ཡིན་ཚེ་ད་ལྟ་ཤི་བར་སྨོན།།

ཤི་ཉིན་བོད་མི་འཇིགས་སའི་དམྱལ་བ་དེ།།
བཅོ་བརྒྱད་གནས་སའི་འབོད་པའི་ཡུལ་དེ་ནས།།
བསྐལ་བའི་བར་དུ་མནར་མེད་མྱོང་བ་དང་།།
མི་ལུས་ནམ་ཡང་ཐོབ་པ་མེད་པར་ཤོག

ད་རེས་བོད་ལ་སྐྱེ་བའི་ལས་དབང་འདི།།
རུས་པ་ས་ལ་མ་འཐོར་ཉིན་མོའི་བར།།
བོད་ཀྱི་བདེ་སྡུག་གླེང་རྒྱུའི་དམ་བཅའ་ཡོད།།
དེ་ཡི་ཆེད་དུ་སུ་ལ་འཇིགས་དོགས་མེད།།

སྙན་ངག

Post navigation

Previous Post: སྲིད་ཇུས་ཀྱི་ཁ་གཏད་དུ་གང་ཟག་གི་ཁྱད་ཆོས།
Next Post: འབྲུག་དཀར་ཆུ་བོ་བྲུག་པའི་སྐྱོ་དབྱངས།

Comments (8) on “སང་ཉིན་གསད་ཀྱང་ང་རང་མི་འགྱོད་དོ།”

  1. ཀརྡོ་རབ་འབྱམས་པ་ says:
    2010-08-28 at 7:13 am

    རྩོམ་ཡིག་ཁྱར་ཁྱོར་འབྲི་བ་ལྟོ་དོན་མིན།།
    དུས་ཚོད་དྲ་ངོས་གཏོང་བ་རང་དོན་མིན།།
    སྐད་ཆ་བསམས་ནས་བཤད་པ་མིང་དོན་མིན།།
    འདི་གསུམ་ཚང་ཚེ་ཚེ་ཚད་ལོ་བརྒྱར་བརྟན།

  2. སྟག་སྨྱོན། says:
    2010-08-28 at 7:33 am

    འུར་མ་བརྒྱག ཁྱེད་རང་གི་སྐྱོན་ཆེ་ཤོས་རྩོམ་ཡིག་མི་འབྲི་བར་འུར་འབྲི་གི་འདུག དེ་ཡག་པོ་མ་རེད། དཔེར་ན་རྩོམ་ཡིག་གི་ཁ་བྱང་ཁོ་རང་འུར་ཆེ་ཐག་ཆོད་བྲིས་འདུག ཁྱེད་གསོད་མཁན་འདྲ་ཡོང་གི་མ་རེད། ཡང་འུར་མ་བརྒྱག གཙོ་བོ་ཁྱེད་རང་རྒྱལ་ཁབ་ཀྱི་རྩ་དོན་ཆེན་པོ་ཆེན་པོ་ཐ་ན་༧རྒྱལ་བ་རིན་པོ་ཆེའི་སྐུ་དབང་དང་མཉམ་པའི་གནད་དོན་ཚང་མའི་ཐོག་ལ་བསམ་ཚད་བཤད་རྒྱུའི་ཤེས་མྱོང་འདང་ངེས་ཡོད་མེད་ཡག་པོ་བསམ་བློ་ཐོངས། དེ་ཡིན་ལོ།

  3. སྟག་སྨྱོན། says:
    2010-08-28 at 7:35 am

    འུར་མ་བརྒྱག ཁྱེད་རང་གི་སྐྱོན་ཆེ་ཤོས་རྩོམ་ཡིག་མི་འབྲི་བར་འུར་འབྲི་གི་འདུག དེ་ཡག་པོ་མ་རེད། དཔེར་ན་རྩོམ་ཡིག་གི་ཁ་བྱང་ཁོ་རང་འུར་ཆེ་ཐག་ཆོད་བྲིས་འདུག ཁྱེད་གསོད་མཁན་འདྲ་ཡོང་གི་མ་རེད། ཡང་འུར་མ་བརྒྱག གཙོ་བོ་ཁྱེད་རང་རྒྱལ་ཁབ་ཀྱི་རྩ་དོན་ཆེན་པོ་ཆེན་པོ་ཐ་ན་༧རྒྱལ་བ་རིན་པོ་ཆེའི་སྐུ་དབང་དང་མཉམ་པའི་གནད་དོན་ཚང་མའི་ཐོག་ལ་བསམ་ཚད་བཤད་རྒྱུའི་ཤེས་མྱོང་འདང་ངེས་ཡོད་མེད་ཡག་པོ་བསམ་བློ་ཐོངས། དེ་ཡིན་ལོ།

  4. གངས་ལྷ། says:
    2010-08-28 at 11:09 am

    ཆ་ཚང་བལྟས་ཟིན།

  5. rangdon says:
    2010-08-28 at 4:09 pm

    How can i put some thing in this wepsite.

  6. བོད། ལྷ་ཀླུ་གཉན་གསུམ། says:
    2010-08-29 at 2:34 pm

    སྤུན་ཟླ་ཁྱེད་ཅག་ཕེབས་ནས་རང་་རང་གི།
    སེམས་ཀྱི་ཤར་ཚུལ་ཡི་གེའི་གཟུགས་ཕབ་དེ།།
    དྲ་ངོས་འདི་རུ་མཆན་པུ་བཏགས་པ་དེར།།
    སེམས་དང་བསམ་པའི་གུས་ཤིང་དགའ་ནས་ཡོད།།

    སྐྱེ་རྒ་ན་འཆི་རང་དབང་གཏན་མེད་རེད།།
    རྒྱ་དང་བོད་ཀྱི་བར་ཐག་སོ་སོ་རེད།།
    དེ་དང་དེ་གཉིས་མཉམ་བསྲེས་བྱེད་འདོད་ན།།
    བསམ་བློ་ཞིབ་དུ་བཏང་ནས་རང་སེམས་ཀྱི།།

    དམར་པོ་ཁྲག་གི་རྩ་བའི་དམ་བཅའ་སོགས།།
    རང་རིགས་མེས་པོ་དམ་པའི་ཤུལ་རྗེས་དང་།།
    མ་འོངས་ཤུལ་འཛིན་རྣམས་ཀྱི་བདེ་དོན་ཆེད།།
    ཡར་མར་གང་ལ་འཕོག་ཀྱང་འགུལ་རན་རེད།།

  7. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-08-29 at 2:43 pm

    མིང་གཅིག་འཁུར་བ་བོད་པ་ཡིན།།
    སྐད་གཅིག་བཤད་པ་བོད་སྐད་ཡིན།།
    ཚིག་གཅིག་སྨྲ་བ་བོད་དོན་ཡིན།།
    ལས་དབང་གཅིག་པ་སྐྱབས་བཅོལ་ཡིན།།
    སེམས་པ་གཅིག་མཐུན་གྲོགས་ཀྱི་མཆོག།

  8. བོད། ལྷ་ཀླུ་གཉན་གསུམ། says:
    2010-08-29 at 2:53 pm

    སྐྱེ་ས་གངས་རིའི་ལྗོངས་སུ་ཡིན།།
    འགྲིམ་ས་ཕྱི་རོལ་གླིང་ཞིག་ཆགས།།
    ཡུལ་གྱར་འཚོ་བའི་གྲུ་ཁ་ནས།།
    རིགས་ཞེན་སྙིང་གི་གཏམ་བཤད་ཀྱིས།།
    སེམས་ཀྱི་དུངས་པ་གཅིག་དུ་བསྲེས།།
    མ་འོངས་གངས་ཅན་བདེ་རྩའི་ཆེད།།
    རེ་བའི་རྨི་ལམ་གཅིག་དུ་རྨིས།།
    ས་ཕྱོགས་གང་དུ་བསྡད་ན་ཡང་།།
    ནམ་ཡང་མི་འགྱུར་སྙིང་གི་གཏམ།།
    ས་ཡ་དྲུག་གི་ཆེད་དུ་གླེང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme