Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་སྲོད་ཀྱི་གྲིབ་གཟུགས།

Posted on 2014-06-242014-06-24 By ཁ་བརྡ་ No Comments on ས་སྲོད་ཀྱི་གྲིབ་གཟུགས།

རྡེའུ།

དང་པོ།

ཟླ་འོད་དབེན་པའི་མཚན་མོ་ཞིག་གི་སྨག་རུམ་ཁྲོད་དུ་མི་གཟུགས་ཤིག་མཐོང་ས་རུ་མ་མཆིས་ཤིང་ཆེས་འཇིགས་ཡེར་གྱི་འགག་འཕྲག་དེའི་བགྲོད་ལམ་མི་གསལ་ཞིང་རང་ཉིད་ཀྱི་རྡོག་སྒྲས་རང་ཉིད་ལ་ཞེད་སྣང་སྔོག་པ་དང་འདྲ། མིག་སྔར་དུ་མཚམས་རེར་ནག་ཡོར་རེར་རམ་སྐབས་རེར་སྐྱ་ཐེང་ངེར་སྣང་། རྒྱང་མི་རིང་སར་ངུ་འབོད་ལྟ་བུའི་མི་སྙན་པའི་ཨག་སྐད་དག་གིས་སྙིང་ལ་ཟུག་གཟེར་སྦྱིན་ནུས། ཁོས་རང་ཉིད་རང་གང་དུ་བགྲོད་པ་མི་རྟོགས་ཤིང་ཇི་ལྟར་བགྲོད་པའི་བློ་ཞིག་ཀྱང་རྦད་དེ་མ་རྙེད། འཇིགས་སྣང་གི་མཚན་ལྗོངས་དེའི་ཁྲོད་དུ་མིག་གིས་ཡར་ལྟ་མར་ལྟ་བྱེད་ཀྱིན་གོམ་ཁ་རེ་རེ་མདུན་དུ་སྤོས། སྨག་རུམ་སྟུག་དྲགས་པས་ཁོའི་ལག་གི་གློག་གཞུ་ཆུང་ཆུང་དེས་རྡོག་ལམ་ཡང་གསལ་ལ་མི་གསལ་ཞིག་ཏུ་སྣང་།

གློ་བུར་དུ་སླེབས་པའི་ཅེ་སྤྱང་ཚོགས་ཤིག་གིས་ཁོང་གི་བགྲོད་ལམ་བཀག་བྱུང་། མིག་ནང་དུ་འོད་ཞགས་འཕྲོ་ཞིང་། འདོད་རྔམ་གྱི་ལྕེ་ལེ་འགུལ་བཞིན་བསྐོར་རྒྱུག་བྱེད། ཁོའི་མགོ་ཡི་སྐྲ་ཞོགས་པ་ལྟ་བུའི་ཚོར་སྣང་སྐྱེན་པོ་ཞིག་གིས་རེ་ཞིག་ལྷག འོན་ཏང་། ལག་གི་གློག་གཞུ་དེའི་རྐྱེན་གྱིས་ཚུར་ལ་སླེབས་མ་ནུས། སྤྱང་ཚོགས་ཀྱིས་གཡས་གཡོན་མདུན་རྒྱབ་གང་དུ་བསྐོར་ཞིང་ཟུག་རྔུ་འདོན་བས་ཁོ་ཡིས་གློག་གཞུ་ངར་ཤུགས་སྒྲོག་པའི་སྤྱང་ཀི་རེ་རེའི་མིག་ནང་བཀར་ཞིང་འཚུབ་ཆ་ལངས། ཁོས་སྙིང་གི་འཕར་སྒྲའི་མགྱོགས་ཚད་རང་ཉིད་ཀྱིས་ཐོས་པ་ཞིག་ཏུ་སྣང་། དུས་ཡུན་ཐུང་ངུ་ཞིག་གི་རྗེས་སུ་ཁྱི་སྤྱང་ཇེ་མང་ནས་ཇེ་མང་དུ་སོང་སྟེ་མཆེ་བ་སྟོན་པའི་ཅེ་སྤྱང་གིས་ཚུར་རྒོལ་བྱེད་འགོ་བརྩམས།

སྤྱང་མོ་ཞིག་གིས་ལྟག་རྒྱབ་ནས་འཇབ་རྒྱུག་བྱས་ཤིང་ཁོང་གི་རྐང་པར་འཐམ་པ་དང་ལྷན་དུ་སྤྱང་ཁྱི་མང་པོས་ཁོང་གི་ལུས་ཕུང་གི་སྟོད་སྨད་གང་སར་མཆེ་བ་གཙིགས་དུས། ཁོང་གི་མིག་འབྲས་ཀླད་ལ་འཁོར་ཞིང་ཤུགས་ཀྱིས་ངུ་འབོད་ཐེངས་གཅིག་བྱས་པས་གཉིད་ལས་བསླངས་བྱུང་། ཁོ་གཞི་ནས་འཇིགས་སུ་རུང་བའི་སྣང་ཚུལ་དེའང་རྨི་ལམ་ཡིན་པ་རྟོགས་རྗེས་དབུགས་ལྷོད་ལྷོད་ཅིག་བཏང་།
ཕྱི་རོལ་དུ་གློག་དམར་འཁྱུག་ཅིང་འབྲུག་སྒྲ་ལྡིར་བའི་རྣམ་པ་དེ་ཁོང་གི་སྐབས་འདིའི་སེམས་ཁམས་དང་ཨ་ན་མ་ན་ཡིན། དེ་བས་ཀྱང་ཤག་ཤག་གི་ཆར་སྒྲ་དེ་ཡང་གཡུལ་ས་རུ་ལྷག་པའི་རྣམ་ཤེས་དག་གིས་ངུ་འབོད་བྱེད་ཀྱིན་ཨེ་ཡོད་སྙམ་པའི་སྣང་ཚུལ་ཞིག་དང་མཚུངས།

འོན་ཀྱང་། མདང་དགོང་ཙམ་མིན་པར་ཁ་ཉིན་སྔོན་གྱི་རྨི་ལམ་ཞེ་སྣང་ཚ་བོ་དག་ལ་བསམ་གཞིགས་བྱེད་ཀྱིན་བློ་སེམས་བདེ་ལ་གཏན་ནས་འབབ་མ་ཐུབ། ཞོགས་ཁའི་སྐྱ་རེངས་ཀྱིས་མདང་ནུབ་སྡུག་ཡུས་ཀྱི་སྤྲིན་ནག་ཕར་ལ་དེད་ཅིང་འོད་མདངས་འཕྲོ་བའི་འཇིག་རྟེན་ཞིག་གི་སྒོ་མོ་ཕྱེས།
སྒོར་ལ་ཆེ་བའི་མིང་ཟུང་ནི་བྱ་སྒྲོ་བཞིན་བརྐྱངས་བའི་སྨིན་མ་ནག་པོ་ཅན་དེ་ནི་ཁོང་གི་གྲོགས་མཆོག་ཚེ་དཔག་ཡིན་ཞིང་ཁོང་གཉིས་སྐྱིད་ཀྱི་རྟ་བོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བྱེད་ཀྱིན་ཡོད། ཁོང་གིས་ཉལ་ཐུལ་གྱི་གྲུ་ཟུར་འཐེན་ཞིང་ “བཀྲ་ཤིས་སྐྱབས། ཡར་ལོངས།” ཞེས་བོས་བྱུང་།

ཁོང་གིས་ཀྱང་མཐོ་རྒྱུགས་གཏོང་བར་ཉིན་མང་པོ་མེད་པ་དྲན་ཞིང་། ཕ་མ་གཉིས་ནས་ཀྱང་མེད་ལ་ཡོད་བཏོད་ཅིང་མཛུབ་མོར་ཁྲག་བཏོད་ནས་རང་ཉིད་སློབ་གྲྭར་བཏང་པ་དྲན་ཞིང་ད་དུང་ཕ་རྡོ་རྗེས་སྒོར་མོ་གཞན་ལ་གཡར་ཏེ་ཨ་མ་སྨན་པ་བསྟན་པ་སོགས་ཀྱི་ཁྱིམ་ཚང་གི་གནས་སྟངས་མང་པོ་ཞིག་དྲན་འཛིན་གྱི་ཡོལ་བའི་ངོས་སུ་བརྙན་རིས་ལྟར་རྒྱུ་དུས། ཁོ་ཉལ་ས་ལས་ཇི་ལྟར་ལངས་པ་ཡང་རང་ཉིད་ཀྱིས་ཀྱང་མ་ཚོར།
མལ་ཁྲིའི་ལོགས་སུ་ཡོད་པའི་རྐང་རྣམ་སྐྱ་བོ་གློ་ཁུག་ཏོག་ཙམ་རལ་ཡོད་བ་དང་ཚུ་ལེན་གློ་ཁ་མདོག་ཅུང་ཙམ་ཤོར་བ་དེ་གཉིས་གྱོན་ཏེ་ཁ་ལག་བཀྲུ་རུ་ཕྱིན། ཁོས་ངོ་གདོང་བཀྲུ་བཞིན་པའི་སྐབས་སུ་སྐྲ་ལོ་གནམ་ལ་ལངས་ཤིང་དར་སྲོལ་ཅན་གྱི་དོར་མ་ཞིག་གྱོན་པའི་ཕོ་གསར་ཞིག་ཀྱང་སླེབས་བྱུང་། ཁོང་བཀྲ་ཤིས་སྐྱབས་ལ་བལྟས་ཏེ་ཁྲེད་དགོད་ཅིག་བྱས་ཤིང་ “ཁྱེད་ཀྱིས་གདོང་པ་གཙང་མ་བཟོ་པ་ལས་ལོ་གཅིག་ལ་བཀྲུ་མྱོང་མེད་པའི་དུག་ལོག་དེ་བརྗེ་བོ་ཞིག་རྒྱབ་ན་མི་ལེགས་སམ།” ཞེས་ཟུར་ཟའི་ཚུལ་དུ་དེ་ལྟར་བརྗོད་བྱུང་།

“ནང་སེམས་གཙང་དག་མ་བྱས་ན་གྱོན་ཆས་གཙང་མ་གྱོན་ནས་ཅི་ཕན།” ཞེས་ཡ་ལན་ཞིག་སྤྲོད་ཁུལ་བྱས། འོན་ཀྱང་། ཁོས་འདོད་བློ་ཚིམ་པའི་ལན་ཞིག་རྒྱག་མ་ཐུབ་པར་སྙམ་རྒྱུ་མཚན་ནི་མི་འདི་ལྟ་བུའི་རིགས་ལ་ཁོ་ཞེན་པ་གཏིང་ནས་ལོག་འགྲོ། ཁོང་གི་སེམས་སུ་གྱོན་པ་གོན་རྒྱུ་ཡོད་ན་ཡང་ཁོ་ནང་བཞིན་གོན་མི་སྲིད་ལ། གྱོན་ཆས་ཡག་པོ་གྱོན་མི་འདོད་པའི་གཞོན་སྐྱེས་སུ་ཞིག་མཆིས་མོད་རང་ཉིད་གཞན་དང་བསྡུར་ཏེ་ཅི་བསམ་ཅི་སྒྲུབ་བྱེད་ཀྱིན་འགྲོ་ཟེར་བ་ནི་ལྐུག་རྟགས་ཁོ་ན་ལས་མ་འདས་པར་སྙམ། ཨ་ཕའི་དཀའ་སྡུག་དང་ཨ་མའི་ན་ཚ་ལས་བུ་ཕྲུག་གི་ཆེད་དུ་དེ་ལྟར་བསྒྲུབས་པ་དག་བསམ་བཞིན་ཁོང་གིས་ནམ་ཡང་འཕྱ་སྨོད་ལ་གདོང་གཏུགས་བྱེད་ཐུབ་ཅིང་བློ་སྤོབས་ཀྱང་རྙེད་ཐུབ།

ད་ལྟའི་ཆར་མཐོ་རྒྱུགས་སྤྲོད་པའི་སྐབས་ཉེ་བས་ན་སློབ་མ་ཀུན་གྱིས་དེའི་ཕྱོགས་སུ་འབད་འབུངས་བྱེད་བཞིན་མཆིས། ནམ་རྒྱུན་དང་མ་འདྲ་བར་སློབ་གྲྭའི་དཔེ་མཛོད་ཁང་དུ་ཡང་རང་སྦྱོང་བྱེད་མཁན་གྱིས་ཁེངས་ནས་འདུག དེ་བཞིན་མེ་ཏོག་ལྡུམ་ར་དང་འཛིན་ཁང་། ད་དུང་ཉལ་ཁང་གང་དང་གང་དུ་སློབ་སྦྱོང་ལ་བརྩོན་མཁན་ཧ་ཅང་མང་།
དེ་ལས་ལྡོག་སྟེ་འབྲུག་རྒྱལ་གྱིས་སློབ་སྦྱོང་མི་བྱེད་པ་ལ། སློབ་གྲྭའི་འགྲིག་ལམ་དང་འགལ་བའི་བྱ་སྤྱོད་ཅི་རིགས་སྤེལ་གྱིན་ཡོད་མོད་ཁོང་རྗོང་དཔོན་ག་གེ་མོ་ཞིག་གི་བུ་ཡིན་པ་མ་ཟད་སློབ་སྤྱིའི་གཉེན་ཉེ་ཞིག་ཀྱང་ཡིན་པར་སྐད། དེའི་སྟབས་ཀྱིས་ཁོང་ལ་དམིགས་བསལ་མང་དག་ཅིག་མིག་སྔར་མཐོང་མོད། སུ་ཞིག་གིས་ཀྱང་དེ་དང་མི་མཐུན་པའི་སྐད་ཆ་ཞིག་བཤད་ཐུབ་ཀྱི་མེད། སློབ་མ་མང་པོ་ཁོང་ལ་འགྲོགས་ཤིང་ཁོང་གི་སྐད་ཆར་ཆ་འཇོག་བྱེད་ཀྱིན་ཡོད་མོད།
བཀྲ་ཤིས་སྐྱབས་ཀྱིས་གཏན་དུ་རང་ཉིད་གཞན་གྱི་བྲན་གཡོག་ལྟ་བུར་བྱེད་རྒྱུར་མི་དགའ་བ་མ་ཟད་དང་ཚུགས་ཐུབ་ཀྱི་མི་གཞི་ཅན་ཞིག་ཡིན་པས་དེ་དང་དེ་ལྟ་བུ་དག་ལ་ནམ་ཡང་གདེངས་འཇོག་མི་བྱེད། ཁོའི་འགྲོ་སྟངས་འདུག་་སྟངས་ཀུན་ལ་བལྟས་ནའང་བསམ་གཞིགས་ཁོ་ན་བྱེད་ཀྱིན་ཨེ་ཡོད་སྙམ་པའི་སྣང་ཚུལ་ཞིག་མངོན་ཡོང་། དེ་རིང་ཕྱི་དྲོའི་མཚམས་སུ་ཡང་ཐོག་ཁང་གི་ཀླད་ན་ཁོ་ཐ་མག་རྐག་གཅིག་ལ་འཇུས་ནས་དུ་བ་སྔོ་ཤུར་ཤུར་གཏོང་གིན་ཐག་རིང་ཐག་རིང་ཞིག་ལ་རྒྱང་ལྟ་བྱེད་བཞིན་མཆིས།

གནམ་སའི་འདྲེས་མདོ་རུ་མོག་པོར་མཐོང་བའི་སྨུག་ལོང་དེ་ཁོང་གི་ཕུགས་འདུན་དང་འདྲ་ལ་སྐྱ་ཤར་རེ་འཐེན་པའི་ཕར་ཕྱོགས་ཀྱི་ལམ་ཕྲན་གྱ་མ་གྱུ་དེ་ནི་ཁོའི་རེ་སྐྱིད་རེ་སྡུག་གི་མི་ཚེའི་གོ་རིམ་དང་གཉིས་སུ་མ་མཆིས།
དེ་བས་ཀྱང་བསིལ་རླུང་འཇམ་པོས་ཁོང་གི་གདོང་ལ་བྱིལ་བྱིལ་རེག་དུས་ཁོའི་མིག་ལམ་དུ་རྒྱང་རིང་ན་རེ་སྒུག་བྱེད་པའི་རང་ཉིད་ཀྱི་མཛའ་མོའི་རེག་བྱ་དྲན་ཞིང་མཛུལ་ཆུང་ཞིག་རླུང་བུས་མི་མངོན་པར་གང་སར་ཁྱེར་བཞིན་འདའ། སུས་ཀྱང་རྟོགས་ཐབས་བྲལ་བའི་ཁོའི་སེམས་ཀྱི་སྟངས་སྟབས་མུན་པ་ནག་པོས་ཁེབས་པའི་ས་སྲོད་ཀྱི་སྣང་བརྙན་དང་འདྲ་བྱུང་ལ་རྡོ་ཐོ་ལྟ་བུའི་གྲུབ་གཟུགས་དེ་ཡང་ག་ལེར་ག་ལེར་དགོང་ཁའི་ངོ་གདོང་དང་ལྷན་ངོ་བོ་དབྱེར་མེད་དུ་གྱུར།

༼མུ་འགོད།༽

བརྩམས་སྒྲུང་།

Post navigation

Previous Post: << མུན་པ་འཐིབ་སྟངས >>
Next Post: སྐྱེ་བའི་སྡུག་བསྔལ་ཕ་ཡིས་མྱང་ན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (28)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme