Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་སྲོད་ཀྱི་གྲིབ་གཟུགས།

Posted on 2014-07-012014-07-01 By ཁ་བརྡ་ No Comments on ས་སྲོད་ཀྱི་གྲིབ་གཟུགས།

རྡེའུ།

གཉིས་པ།

སྤྲིན་པ་སྟུག་པོའི་འོག་ཏུ་ཚེ་སྲོག་ཆད་ལ་ཁད་ཀྱི་ཞོགས་ཁའི་ཉི་མ་དམར་པོ་དེ་ཡང་སྔར་བཞིན་འཆར་ཁའི་རྩེ་རུ་འཕགས་ཤིང་ལན་རེར་མངོན་ཡང་ལན་རེར་བསྒྲིབས་བཞིན་ཤར་ཡོང་། བདེ་ལྷོད་ལྷོད་ངང་གཉིད་དུ་ཡུར་བའི་གྲོང་ཚོ་ཡང་སྤྲིན་འོག་ནས་ཤོར་བའི་ཉི་འོད་ཀྱི་ལག་ཟུང་གིས་རེ་རེ་བཞིན་མལ་ལས་བསླངས་བ་དང་མཚུངས། བྱ་བྱེའི་སྣ་ཚོགས་ཀྱིས་སྒྲོག་བའི་སྐད་ཅོར་ནི་འདུ་འཛི་ཆེ་བའི་ཁྲོམ་ར་ཞིག་གི་ཟང་ཟིང་དྲན་དུ་འཇུག་ནུས་ལ། ཞིང་ཁའི་རྩི་ཏོག་རེ་རེར་འཁྱུད་ཅིང་ཁྲ་རིལ་རིལ་བྱེད་པའི་ཟིལ་བ་དག་གིས་སུ་ཞིག་ལ་མྱ་ངན་གྱི་རྣམ་པ་སྟོན་གྱི་ཨེ་སྙམ་པའི་སྣང་ཚུལ་ཞིག་ཀྱང་ཅིག་ཅར་དུ་སྐྱེས་ཡོང་།
སྨུག་ལོང་གིས་བཏུམས་པའི་རྒྱབ་ཀྱི་རི་བོ་དང་མུ་མཐའ་བྲལ་བའི་མཛའ་མཐུན་གཞུང་གི་རྣམ་པ་འདི་འཇིག་རྟེན་གྱི་གྲུ་ཟུར་ཞིག་ཏུ་ལྷག་བའི་ཁེར་རྐྱང་གི་གླིང་ཕྲན་ཞིག་ཏུ་སེམས། དེའི་ལོགས་སུ་ཡོད་པའི་གངས་ཅན་སློབ་གྲྭ་ནི་རྒྱང་རིང་ནས་བལྟས་ན་རྡོ་ཚོགས་གཅུག་ཏུ་སྤུངས་བ་ལྟ་བུའི་དཀར་བང་བོང་གི་ཁང་བརྩེགས་དེ་ཡིན།
ཐ་ན་སློབ་གྲྭར་ནག་རིལ་རིལ་འཚང་གར་བྲེལ་བའི་སློབ་མ་དག་གི་རྒྱུག་འདུར་གྱི་རྣམ་པ་འདི་ཡང་རང་བྱུང་གི་མཛེས་པའི་ཆ་ཤས་ཤིག་ཏུ་རྒྱུ་འཁྲུལ་འགྲོ། མ་གཞི་ནས་དེ་རིང་བྲེལ་འཚུབ་ཅུང་ཆེ་བ་ནི་སང་ཉིན་གྱི་སློབ་ཆེན་སྤྱི་རྒྱུགས་སླད་དུ་ཡིན་པས་གོར་མ་ཆག དེ་བས་ན་ཚོང་ཁང་ཆུང་ཆུང་གི་སྒོ་འགྲམ་དུ་རྟེན་འབྲེལ་ཞུ་ཡིག་གི་ཤོག་བྱང་འདྲ་མིན་སྣ་ཚོགས་བཙོན་བཞིན་མཆིས། སློབ་མ་དག་གི་ངོ་གདོང་ལས་ཀྱང་རྟོགས་ཐུབ་པ་དེའང་ཉིན་དཀར་ཟས་དང་མཚན་མོ་གཉིད་བཅག་པའི་མཇུག་འབྲས་ཇི་ལྟ་བུ་ཞིག་ཡིན་མིན་ཀྱི་སྣང་ཚུལ་ལྐོག་གྱུར་བ་དེ་རེད།

འབྲུག་རྒྱལ་དང་བཀྲ་ཤིས་སྐྱབས་གཉིས་ཉལ་ཁང་གཅིག་ཡིན་མོད་ཁོང་གཉིས་ཀྱི་མི་གཤིས་དང་བསམ་བློ་སོགས་ཁྲག་དང་འོ་མ་ལྟ་བུའི་ཧེ་བག་ཧ་ཅང་ཆེན་པོ་ཡོད། འབྲུག་རྒྱལ་གྱིས་རང་ཉིད་ལ་ཡོད་པའི་དངོས་པོ་ཞིག་ཡིན་ན་ལམ་སེང་ཚང་མར་ངོམ་སོ་བྱེད་ཅིང་ཉམ་ཆུང་ལ་འཕྱ་སྨོད་དང་མཐོང་ཆུང་བྱེད་རྒྱུར་གོམས་ཡོད། ཁོང་གི་ཉལ་སར་རྟེན་འབྲེལ་ཞུ་ཡིག་གིས་ཁེངས་ནས་འདུག་ལ་དེ་དག་ཚང་མ་ཁོང་གིས་ཕར་ལ་སྤྲད་པས་ན་ཕྱིར་སྐྱིན་ཚབ་ལྟ་བུ་ཞིག་ཏུ་སློག་པ་རྐྱང་རྐྱང་ཡིན། འོན་ཀྱང་། ཁོང་གིས་ད་དུང་ཉལ་ཁང་གཅིག་པ་ཚོར་རང་ཉིད་ལ་ལེགས་སྐྱེས་སྤྲོད་མཁན་མང་པོ་ཡོད་མདོག་གི་རྣམ་འགྱུར་ཞིག་བསྟན་ཞིང་ཤོག་ཐུམ་ཞིག་གི་ཁ་ཕྱེ་བཞིན་རོགས་པ་གཞན་དག་གི་གདོང་ལ་བལྟས་ཙམ་བྱས་པས་མོད་ལ། གཞན་དག་ཀྱང་ཁོང་ཡོད་སར་ཡོང་སྟེ་ཟོལ་བཅོས་ཀྱི་འཛུམ་ཆུང་རེ་ཁྱེར་ཡོང་ནས་ཁ་ཡག་ངོ་དགའ་བྱས། ཁོང་ཚོས་ལྷན་ཅིག་ཏུ་ཡི་གེ་ཀློག་ཅིང་གད་མོ་བགད་པའི་རྣམ་པ་འདི་སུ་ཞིག་བླ་བཙག་པ་མཚུངས།
བཀྲ་ཤིས་སྐྱབས་ལ་འཕྲིན་པ་གཅིག་མ་གཏོགས་འབྱོར་མེད་ཀྱང་དེ་ནི་ཁོང་ལ་མཚོན་ན་ཡིག་འཕྲིན་སྟོང་ཕྲག་ཅིག་འབྱོར་ལས་ཀྱང་ལྷག་པ་ཞིག་རེད། ཁོས་ནམ་རྒྱུན་གྱི་འདུག་སར་ཁོ་ར་ཁོར་ཡུག་ལྗང་ཏིག་གེར་མཐོང་བའི་ཁང་ཀླད་ཀྱི་གྲུ་ཟུར་ཞིག་ཏུ་འདོད་རྔམ་གྱི་ཚུགས་ཀའི་བརྡ་རྟགས་ཤིག་གདོང་ལ་མངོན་ཞིང་འཕྲིན་པ་ཀློག་མགོ་བཙུགས།

བརྩེ་བའི་མི།
དུས་ཡུན་ཐུང་ངུ་ཞིག་ལ་ཐུག་འཕྲད་མ་བྱུང་པའི་ཉིན་འདི་དག་རིང་དུ་ཁྱེད་སྐུ་ཁམས་བདེ་ལེགས་སམ། ཁྱེད་དང་འགྲོགས་པ་ནས་བཟུང་བདག་གི་མི་ཚེར་་འཛུམ་མདངས་མོད་ལ་ངའི་ཁོར་ཡུག་ཀུན་ཏུ་སྤྲོ་དགའ་དང་བདེ་སྐྱིད་ཀྱིས་གཏམས་ཡོད། ཁྱེད་ཀྱི་འཕྲིན་པ་དང་སྙིང་གཏམ་དག་དྲན་ཚེ་ང་ལ་ནུས་ཤུགས་འཕར་མ་་རེ་བསྩལ་ཡོང་། ཁྱེད་དང་ལྷན་དུ་ངས་ཅི་ཡང་སྒྲུབ་ནུས་པའི་བློ་སྤོབས་རྙེད་ཀྱི་འདུག་པས་ཁྱེད་ང་ལ་གཏན་དུ་མི་འབྲལ་བར་མཁྱེན། མི་འགྱངས་བར་ཁྱེད་ཀྱི་མཐོ་རྒྱུགས་ལ་ཡིག་རྒྱུགས་སྤྲད་ཅིང་མི་ཚེའི་གོམ་སྟེགས་གསར་བ་ཞིག་གི་སྣེ་མོར་འཇུ་དགོས་པ་རེད། དེའི་སྟབས་ཀྱིས་ངས་རང་ཉིད་ཀྱི་དགའ་སའི་མི་དེའི་སླད་དུ་རྟེན་འབྲེལ་སྙིང་ནས་ཞུ།
ཡིན་ན་ཡང་། རུལ་སུངས་ཀྱི་སྤྱི་ཚོགས་འདིའི་ཁ་སྟབས་ནས་ཆེས་ཕལ་བའི་ང་ཚོ་ལྟ་བུའི་མི་དག་ལ་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ལེགས་པོ་ཞིག་ཡོད་རེ་སྐན། དེ་ནི་ཁྱེད་ཀྱིས་ཀྱང་ཤེས་གསལ་ཡིན་མོད། བགྲོད་ལམ་འདི་ལས་མེད་པས་ན་ཁྱེད་ཀྱིས་ཀྱང་ཆུ་ཁར་ཐོན་ནས་རྟ་ཁ་མི་འཐེན་རོགས། བདག་གིས་ཁྱེད་ཀྱི་ཡིག་རྒྱུགས་ལེགས་པོར་ཡོང་བའི་རྟེན་འབྲེལ་བཞིན་ཞུ་བཞིན་ཡོད།

སྙིང་ཉེ་བའི་གཡང་འཛོམས་ནས་ཟླ་ཚེས་བཟང་པོ་ལ་སྤྲིངས།

ཞེས་མགོ་བོ་ཡར་འགུལ་མར་འགུལ་དང་སྣང་བ་གཞན་ལ་གཡེང་བ་ཙམ་ཡང་མི་བྱེད་པར་ཐ་ན་མིག་རྡེབ་ཅིག་མ་བྱས་པར་དབུགས་ཐེངས་གཅིག་གིས་བཀླགས། ཨ་རག་སྙིམ་གང་ཞབས་བཏུང་བརྒྱབས་ཏེ་འཐུང་བ་བཞིན་འཕྲིན་པ་ལག་ཏུ་བཟུང་སྟེ། རླུང་བུ་གདོང་ལ་རྒྱག་ཏུ་བཅུག་ཅིང་མིང་ཟུང་བཙུམས། རང་ཉིད་ལ་དབང་ཐང་དང་རྒྱུ་འབྱོར་ཀུན་གྱིས་སྟོང་ན་ཡང་ཁོང་ལ་འདི་ལྟ་བུའི་མཛའ་མོ་ཞིག་ཡོད་པ་ནི་
སེམས་ཀྱི་གཏིང་རུམ་ཞིག་ནས་བདེ་སྐྱིད་རེད་སྙམ་པའི་ཚོར་འགྱུ་བཅོས་མ་མ་ཡིན་པ་ཞིག་བྱུང་།
རེད་ཡ། ཉིན་གཅིག་གི་དུས་ཡུན་བསམ་དབང་དྲན་དབང་མེད་པར་སྐད་ཅིག་གིས་འདས་སོང་དེ་བཞིན་བཀྲ་ཤིས་སྐྱབས་ཁོང་ལའང་སང་ཉིན་གྱི་གཡུལ་འཐབ་ལྟ་བུའི་སྤྱི་རྒྱུགས་ལ་གདེང་ཚོད་མི་དམན་པ་ཞིག་ཡོད་པ་ཚོད་བགམ་བྱེད་ཐུབ།

སློབ་མ་ཁ་ཤས་སྔ་ས་ནས་གཉིད་དུ་ཡུར་སློབ་མ་འགའ་རེ་མཚན་ཧྲིལ་པོ་གཉིད་གཅོག་རྒྱག་བཞིན་རང་སྦྱོང་བྱས། བཀྲ་ཤིས་སྐྱབས་ནག་ཡོར་རེར་ནམ་རྒྱུན་འདུག་སར་ཐ་མག་རྐང་གཅིག་རྔུབ་བཞིན་རྒྱང་རིང་རྒྱང་རིང་གི་སྐར་ཚོགས་ཤུམ་པའི་ཕྱོགས་སུ་ཅེར་ཚུལ་ལས་ཁོའི་སེམས་ཀྱི་ཟབ་ས་ཞིག་ཏུའང་དེ་ལས་ཀྱང་རིང་བའི་རྨི་ལམ་ཞིག་ཡོད་དམ་སྙམ། དེ་བཞིན་སུ་ཞིག་གི་ཕྱིར་དུ་མཆི་མ་གཏོང་གི་ཨེ་ཡོད་སྙམ་པའི་སྐར་ཚོམས་དག་ནི་ཁོའི་སེམས་ཀྱི་སྟངས་སྟབས་དང་ཧ་ཅང་ཆ་འདྲ་བ་ཡིན་པར་འདོད། གངས་ཅན་སློབ་གྲྭ་ནི་རླུང་བུ་ཤུར་ཤུར་རྒྱུ་བའི་མཚན་ལྗོངས་ཀྱི་མཚོ་ཁ་རུ་ལྟེམས་པའི་གཡོར་གྲུ་ཞིག་དང་ཀུན་ནས་འདྲ། ས་སྲོད་ཀྱི་མཛེས་པ་དང་རང་བྱུང་གི་བསླུ་བྲིད་དབང་གིས་ཁོང་དེ་རུ་བསམ་གཞིག་བྱས་པ་ཐེངས་ཅི་ཙམ་ཡིན་པ་མ་ངེས་ཤིང་ད་དུང་ཅི་ཙམ་པར་དུ་འདུག་མིན་སུ་ལའང་ཆ་མ་འཚལ།
ཞོགས་པར་སློབ་མ་དག་གིས་སྔ་ས་ནས་ཡིག་རྒྱུགས་ལ་གྲ་སྒྲིག་ཨང་གསར་བྱས་ནས་བསྡད་འདུག
ཐོག་ཁང་དཀར་པའི་ཕྱོགས་ནས་ཏིར་ཏིར་ཞེས་པའི་སྒྲ་ཞིག་གྲགས་མ་ཐག་སློབ་མ་ཚོ་དེའི་ཕྱོགས་སུ་བསྐྱོད་ཅིང་སྒོ་ཁར་ར་རེ་བཞིན་ཞིབ་བཤེར་བྱས་ཏེ་རྒྱ་ཡངས་བའི་ཚོགས་ནང་དུ་འཛུལ། སློབ་མ་དག་གིས་རང་ཉིད་ཀྱི་འདུག་སྟེགས་བཙལ་ཞིང་དྲི་ཤོག་ལ་སྒུག་ནས་འདུག

དྲི་ཤོག་བཀྲམས་རྗེས་ཚོགས་ཁང་ནི་མཚན་མོའི་ལྷང་འཇགས་བཞིན་དལ་ཅག་གེར་འདུག་ཅིང་སློབ་མ་དག་གི་མགོ་བོ་བསྒུར་ནས་རང་ནུས་ཅི་ལྕོགས་ཀྱིས་དྲི་ལན་འདེབས་བཞིན་མཆིས། ཡིག་རྒྱུགས་ལྟ་སྲུང་བ་དག་གྲལ་རིམ་རེ་རེ་བཞིན་ཡར་འགྲོ་མར་འགྲོ་བྱེད་པའི་རྣམ་པ་ལ་བལྟས་ན་བཙོན་སྲུང་བ་དག་གི་བྱེད་སྟངས་དང་ཅི་འདྲའི་འདྲ་ཨང་། ཆུ་ཚོད་ཕྱེད་ཀའི་རྗེས་སུ་ཕྱོགས་གང་དུ་གྲགས་པ་གསལ་པོར་མི་རྟོགས་བའི་ལྐོག་ཤུབ་ཤུབ་ཀྱི་སྐད་ཅོར་ཇེ་ཆེ་ནས་ཇེ་ཆེ་རུ་ཕྱིན། བཀྲ་ཤིས་སྐྱབས་གྲུ་ཟུར་ཞིག་ཏུ་བསྡད་ཡོད་མོད། ཁོང་གི་ཐག་ཉེ་རུ་ལག་བརྡ་དང་ལྐོག་ཤུབ། ཐ་ན་གློ་ཁུག་ནས་རྐུ་ཤོག་ནར་མོ་རེ་བཏོན་ཞིང་མིག་གིས་ཡར་ལྟ་མར་ལྟ་བྱེད་ཀྱིན་རྐུ་འབྲི་བྱེད་དག་པ་མཐོང་བས་ན་རང་ཉིད་ཀྱིས་རང་ཉིད་ལ་བསླུ་བྲིད་གཏོང་གི་ལོས་སྙམ། ཁོས་མིག་གིས་ཕར་ཚུར་ལའང་བལྟ་ཙམ་མི་བྱེད་པར་ཆེས་མཐའ་མའི་ཅོང་སྒྲ་གྲགས་རག་བར་དུ་བྲིས།

ཁོང་ལ་མཚོན་ནས་བཤད་ན་ཡིག་རྒྱུགས་ཀྱི་དྲི་གཞི་དག་ཧ་ཅང་དཀའ་བའི་འདུ་ཤེས་ཤིག་གཏན་ནས་མ་སླེབས་ཤིང་ཁོས་ཀྱང་ལས་སླ་བའི་ངང་ནས་མཐོ་རྒྱུགས་བདེ་ལེགས་ངང་སྤྲད་ཅིང་ཕྱིར་རང་ཡུལ་དུ་ལོག
ཁོས་རང་ཉིད་ཀྱི་རྒྱབ་ནས་ལྗིད་ཏིག་ཏིག་གི་ཁུར་བོ་ཞིག་ཕར་ལ་གཡུགས་བྱུང་བའི་ཚོར་སྣང་སྐྱིད་པོ་ཞིག་དང་ལྷན་དུ་རླངས་འཁོར་ཞིག་གི་ནང་དུ་ལྗང་ལྡེམ་ལྡེམ་གྱི་སྤང་ཐང་ཡངས་པོའི་བྲག་ཁོག་གཤེགས་ནས་ཡུལ་ཏུ་ལོག

ཁོའི་ལག་པ་སྒེའུ་ཁུང་ཕྱི་རོལ་དུ་བརྐྱངས་ཏེ་ཡིད་ལ་ཨི་ཙི་ལུ་གུ་སྒོག་པ་ལྟ་བའི་བསིལ་རླུང་གི་རེག་བྱ་སེམས་ཀྱིས་བས་མྱོང་གིན་ལམ་སྐྱ་མོའི་རྡུལ་འཚུབ་ཁྲོད་དུ་ཕ་ཡུལ་ལ་བསྐྱོད། ཁོའི་སེམས་ད་དུང་བདེ་ལ་འབབ་མ་ཐུབ་པས་དེའི་ཕྱོགས་སུ་མནོ་བསམ་བཏང་དུས་དེ་ནི་ཉིན་འགའ་སྔོན་འཇིགས་རུང་གི་རྨི་ལམ་དེ་དག་རེད་འདུག སྤྱིར་བཏང་རྨི་ལམ་དང་རྣམ་རྟོག་རིགས་ལ་ཁོ་དེ་ཙམ་ཡིད་ཆེས་བྱེད་མཁན་ཞིག་མིན་ནའང་། ཁ་སྔོན་གྱི་རྨི་ལམ་དེ་རྒྱུན་ལྡན་ཞིག་མིན་པ་མ་ཟད་ཁོའི་ཡིད་ནས་ཁྱོན་འདོར་མ་ཐུབ་པའི་སོམ་ཉི་ཞིག་ལྷག དེ་བས་ན་ཁོས་དེའི་ཕྱོགས་སུ་བསམ་གཞིགས་མི་བྱེད་ག་མེད་བྱུང་།

༼མུ་འགོད།༽

བརྩམས་སྒྲུང་།

Post navigation

Previous Post: མི་མང་ལ་ཞལ་འདེབས་བསྡུས་ནས་འགྲོ་སོང་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཟེར།
Next Post: བོད་རིགས་འདྲེས་མའི་ཚོགས་འདུ་ལས་འཕྲོས་པའི་བསམ་ཚུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme