Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་སྐྱ་༸གོང་མ་རིན་པོ་ཆེས་དྲག་པོ་གསུམ་སྦྲེལ་གྱི་བཀའ་དབང་གནང་བ།

Posted on 2013-03-182013-03-18 By ཁ་བརྡ་ 18 Comments on ས་སྐྱ་༸གོང་མ་རིན་པོ་ཆེས་དྲག་པོ་གསུམ་སྦྲེལ་གྱི་བཀའ་དབང་གནང་བ།

མཁོ་འདོན་པ། སྟག་ལྗོངས་འཆི་མེད།

ལོ་ཤས་གོང་ནས་ས་སྐྱ་གོང་མ་རིན་པོ་ཆེར་ཡོ་རོབ་ནང་གི་སྔ་འགྱུར་རྙིང་མའི་ཆོས་ཚོགས་རིག་འཛིན་འདུས་སྡེ་དང་། ས་སྐྱའི་བརྩེ་ཆེན་ཆོས་ཚོགས་སོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀས་གནང་བ་སྩལ་ནས་ཟླ་འདིའི་ཚེས་༤ ཉིན་འདི་གར་སུད་སིར་ཞབས་སོར་འཁོད་ཡོད་པ་དང། ཐོག་མར་རིག་འཛིན་འདུས་སྡེའི་ཆོས་ཚོགས་ཀྱི་དབུ་འཛིན་ནམ་མཁའ་རིན་པོ་ཆེ་དང། ས་སྐྱའི་མཁན་ཆེན་ཤེས་རབ་རྒྱལ་མཚན་རིན་པོ་ཆེ་སོགས་ཀྱིས་གནམ་ཐང་ནས་ཕེབས་བསུ་དང་དང་བཅས་རིག་འཛིན་འདུས་སྡེའི་ཆོས་ཚོགས་སུ་ཞབས་སོར་འཁོད་པ་དང་། ཆོས་ཚོགས་དེར་ཉིན་ཤས་རིང་བཞུགས་ནས་ཕུར་པ་རྡོ་རྗེ་གཞོན་ནུ་སོགས་ཀྱི་བཀའ་དབང་དང་། ཕྱི་གླིང་བ་གཙོ་བོར་གྱུར་པའི་དད་ལྡན་མི་མང་སྟོང་མན་ཙམ་ཞིག་ལ་བཀའ་སློབ་བཅས་ལེགས་པར་གྲུབ་མཚམས་ས་སྐྱའི་བརྩེ་ཆེན་ཆོས་ཚོགས་སུ་ཞབས་སོར་འཁོད་པ་དང་། ཆོས་ཚོགས་དེས་གསོལ་འདེབས་ཞུས་པའི་མཛད་རིམ་ཁག་རིམ་པས་གྲུབ་ནས།
ཟླ་འདིའི་ཕྱེ་ཚེས་༡༧ཉིན་སུད་སིའི་མངའ་སྡེ་ཆེ་ཤོས་Zurichནང་བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་མི་མང་སྟོང་ཕྲག་གསུམ་ཙམ་ཞིག་ལ་དྲག་པོ་གསུམ་སྦྲེལ་ལམ་རྟ་ཕྱག་ཁྱུང་གསུམ་གྱི་བཀའ་དབང་གནང་སོང་། བཀའ་དབང་གྲུབ་མཚམས་རིན་པོ་ཆེས་མི་མང་ལ་བཀའ་སློབ་གནང་དོན། མི་མང་ལ་འཚམས་འབྲེལ་གནང་བ་དང་འབྲེལ་སྤྱིར་སྟངས་ང་ཚོས་མི་བསླུ་བ་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ཡ་དེ་གལ་ཆེན་པོ་ཞིག་རེད་མོད། གཙོ་བོ་སོ་སོ་རང་ཉིད་ཀྱིས་དཀའ་ལས་རྒྱག་དགོས་ཀྱི་རེད་ཅེས་དང། དུས་སྐབས་འདིར་སྤྱིར་འཛམ་བུ་གླིང་པ་ཡོངས་དང་ལྷག་པར་དུ་བོད་ཁ་བ་གངས་ཅན་ལྗོངས་སུ་བཟོད་པར་དཀའ་བའི་གནས་སྟངས་འདི་འདྲ་བ་ཞིག་ཏུ་སླེབས་ཚེས་ང་ཚོས་གང་ཐུབ་ཐུབ་དེ་བྱེད་དགོས་པ་མ་ཟད། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ས་ཆ་གང་འདྲ་ཞིག་ཏུ་གནས་དགོས་ཀྱང་བོད་མི་རིགས་ཀྱི་ཐུན་མིན་གྱི་གཤིས་ཀ་ཡ་རབས་སྤྱོད་བཟང་བྱེད་ཡ་དེ་ཚོ་འདོར་མི་ཉན་རྒྱུ་དེ་གལ་ཆེན་པོ་ཞིག་རེད་ཅེས་གསུངས་སོང་། བཀའ་དབང་གྲུབ་མཚམས་མི་མང་ལ་མཇལ་ཁ་གནང་སོང་བ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།
བཀའ་དབང་དེའི་གོ་སྒྲིག་གཙོ་བོ་ས་སྐྱའི་མཁན་ཆེན་ཤེས་རབ་རྒྱལ་མཚན་རིན་པོ་ཆེའི་ཆོས་ཚོགས་ནས་གནང་འདུག་ཀྱང་སུད་སི་དང་ལེཀཊན་ཤེ་ཏྲན་བོད་རིགས་མི་མང་ནས་ཕྱག་རོགས་གནང་ཡོད་འདུག ཕྱི་ཚེས་༡༨ ཉིན་སྐྱབས་མཆོག་༸གོང་མ་རིན་པོ་ཆེ་གང་ཉིད་(ཕེརན་སེ་)ལ་ཕེབས་རྒྱུ་དང་། དེའི་རྗེས་(སེ་པན) དེ་ནས་ཡོ་རོབ་ཕྱོགས་ཀྱི་མཛད་རིམ་ཁག་གྲུབ་མཚམས་(ཨ་རི་)ལ་ཕེབས་རྒྱུ་ཡིན་འདུག་པ་མ་ཟད། འདི་ལོར་རིན་པོ་ཆེ་གང་ཉིད་ཀྱིས་ཕྱི་གླིང་གི་ཆོས་ཚོགས་ཁག་ནང་ཟླ་བ་གསུམ་ཙམ་ཞིག་གི་རིང་ལ་མཛད་འཕྲིན་བསྐྱང་རྒྱུ་རེད་འདུག །

གསར་འགྱུར།

Post navigation

Previous Post: རང་མོས་སྙན་ངག་གི་ཕྱོགས་ནས་རོབ་ཙམ་གླེང་བ།
Next Post: མཁན་ཆེན་ཞི་བ་འཚོས་ཉེར་ལེན་སྔོན་སོང་གིས་བསྒྲུབས་པ། ཧི་མ་ལ་ཡའི་འཕྲུལ་སྨྱུག

Comments (18) on “ས་སྐྱ་༸གོང་མ་རིན་པོ་ཆེས་དྲག་པོ་གསུམ་སྦྲེལ་གྱི་བཀའ་དབང་གནང་བ།”

  1. ཨ་རོག says:
    2013-03-18 at 5:26 pm

    ས་སྐྱ་གོང་མ་མཆོག་བཀའ་དྲིན་ཆེ། ཁྱེད་ཀྱི་བཀའ་སློབ་གུས་པའི་སེམས་ལ་བརྗེད་མེད་ཉར་ཆོག། ཁྱེད་སྐུ་ཚེ་ ཚེ་དཔག་ཏུ་མེད་པའི་ངོ་བོར་ལ་བཞུགས་པར་ཤོག།

  2. tama says:
    2013-03-18 at 6:17 pm

    ང་ཚོར་གསུང་ཆོས་འདི་འདྲ་ཞིག་ཞུ་རྒྱུ་ཡོང་བའི་སྨོན་ལམ་འདེབས་ལགས།

  3. ཀརྨ་སྐལ་བཟང་ says:
    2013-03-18 at 11:51 pm

    ས་སྐྱ་གོང་མ་ལ་ན་མོ

  4. ཀརྡོ་གཉེར་ཕྱག་པ་ says:
    2013-03-19 at 7:03 am

    ས་སྐྱ་༸གོང་མ་རིན་པོ་ཆེ་༸སྐུ་ཚེ་ཡུན་བརྟན་ཤོག

  5. རི་རྒྱལ་ཏི་སེ། says:
    2013-03-19 at 10:51 am

    ས་སྐྱ་༧གོང་མ་རིན་པོ་ཆེའི་སྐུ་མདུན་ནས་ངས་ཀྱང་ལོ་བཅུ་ཙམ་སྔོན་དུ་དྲག་པོ་གསུམ་སྦྲེལ་གྱི་བཀའ་དབང་དེ་ཞུ་མྱོང་ཡོད།

  6. ཨ་ཕྱི་ཆོས་སྒྲོན says:
    2013-03-19 at 12:58 pm

    ས་སྐྱའི་དྲག་པོ་གསུམ་སྦྲེལ་དེ་གང་ཡིན་ནམ། ལོ་རྒྱུས་བླ་རྒྱུད་རེ་གསལ་བཤད་གནང་རོགས།

  7. དྲང་པོ། says:
    2013-03-19 at 11:58 pm

    ཨ་ཕྱི་ཆོས་སྒྲོན། གསང་སྔགས་ཀྱི་སྐོར་ལ་ཁྲོམ་གཞུང་ལྟ་ཅི། དབང་མ་ཐོབ་པའི་མི་གཅིག་གི་རྣ་ལམ་དུ་ཡང་སྒྲོག་མི་ཆོག་པས། འདིར་འགྲེལ་བཤད་རྒྱག་མཁན་དཀོན། 

    ལྷག་པར་དུ་དཔལ་ས་སྐྱ་པའི་གསང་སྔགས་ཉམས་བཞེས་གནང་མཁན་ཚོ་སྡོམ་ཁྲིམས་གཙང་མ་ཉར་རྒྱུ་དེ་གཙིགས་ཆེ་བས་སོ། 

  8. སྤོབས་པ་མཐའ་ཡས། says:
    2013-03-20 at 12:36 am

    དྲག་པོ་སྐོར་གསུམ་གྱི་དབང་དེ་རྒྱ་དམར་གཞུང་ལ་གཅིག་བསྐུར་ཐུབ་ན་བཟང་།

  9. གསེར་འབྲུག་སྡེར་ལྔ་ says:
    2013-03-20 at 4:18 pm

    སྤོབས་མཐའ་ལགས།
    དྲག་པོ་སྐོར་གསུམ་གྱི་དབང་དེ་རྒྱ་དམར་གཞུང་ལ་གཅིག་བསྐུར་ན་དཔེ་བསགས་པ་རེད། ཨ་ནི་ཡིན་ན་རྒྱ་དམར་གཞུང་སྐུ་དྲག་པོར་ཞེངས་ནས་བོད་དང་བོད་མི་རིགས་གཉིས་རྩ་མེད་བཟོ་རྒྱུ་གདོན་མི་ཟའོ། ཧ་ཧ། དེ་ལས་བོད་མི་རིགས་ཡོངས་རྫོགས་ལ་གཅིག་བསྐུར་ཐུབ་ན་བོད་མི་རིགས་འདི་དྲག་པོའི་སྐུ་རུ་གཅིག་བཞེངས་ཐུབ་ན་ཅིག་བལྟ་རྒྱུ་མེད་དྲོ། ཧ་ཧ་ཧ་ཧ།

  10. ཀརྨ་སྐལ་བཟང་ says:
    2013-03-21 at 12:01 am

    དྲག་པོ་དབང་མི་ཁྱེད་ཚོ་འདྲ་པོ་ལ་ཐོབ་གི་མ་རེད

  11. ཨ་ཕྱི་ཆོས་སྒྲོན says:
    2013-03-21 at 2:46 am

    དྲང་པོ་ལེགས། ཤིན་ཏུ་བདེན་པ་སྐལ་ལྡན་གསུམ་དང་བདུན་ལས་ལྷག་ཏུ་བསྐུར་ན་དམ་ཉམས་སུ་གསུངས་འདུག ས་སྐྱ་གོང་མ་སྔགས་པ་ཡག་པོ་ཞིག་ཡོད་དྲན་སོང་ཡང་། ད་ཡིན་ན་དཔེ་བསགས་སོང་། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལས་བརྒྱུད་པའི་དྲག་པོ་སུམ་སྦྲེལ་དེ་ཡོ་སྒོར་ལྔ་རེ་ལ་བརྗེས་སོང་། ཨ་ཁ་ཁ།

  12. སྤོབས་པ་མཐའ་ཡས། says:
    2013-03-21 at 3:55 am

    དགོངས་དག ངས་ནི་དབང་བསྐུར་ཟེར་དུས་དབང་ཆ་ཚུར་ལ་ལེན་སྤྱད་ཅིག་ཡིན་རེད་བསམ་སོང་། དབང་ཆ་ཕར་ལ་སྤྲོད་སྤྱད་ཅིག་ཡིན་པ་ད་བར་དུ་གོ་མ་སོང་། ཆོས་མ་ཤེས་ན་འདི་འདྲ་རེད།

  13. སྤོབས་པ་མཐའ་ཡས། says:
    2013-03-21 at 3:56 am

    བོད་ཀྱི་དབང་ཆ་རྒྱ་ལག་ལ་ཤོར་སོང་དེ་ཡང་སྔ་མོ་མཆོད་ཡོན་གྱི་འབྲེལ་བའི་དུས་སུ་བོད་ཀྱི་བླ་མ་ཚོས་རྒྱའི་དཔོན་པོ་ཚོར་དབང་བསྐུར་བསྡད་ནས་མ་འགྲིགས་པ་ཡིན་རྒྱུ་རེད་ད།

  14. བན་དེ་བ། says:
    2013-03-21 at 4:00 am

    མི་འདི་རིགས་ནི་མཐོ་དམན་བར་གསུམ་ལ་ངན་དགུ་བརྗོད་རྐྱང་བྱེད་མཁན་རེད། མི་འདི་ཚོའི་བླ་མ་དགེ་རྒན་ལྟ་གྲུབ་དེ་ཚོར་ཞུས་དག་བྱེད་དགོས་ངེས་ཤིག་རེད། དགེ་རྒན་ངན་པའི་དགེ་ཕྲུག་ཟེར་བ་དེ་འདྲ་ཡིན་རྒྱུ་རེད།

  15. གསེར་འབྲུག་སྡེར་ལྔ་ says:
    2013-03-21 at 4:26 am

    རེད་ཡ། སྤོབས་མཐའ་ལགས། ངས་ནི་བླ་མས་སློབ་མར་དྲག་པོ་གསུམ་སྦྲེལ་གྱི་སྒོ་ནས་དབང་ཆ་ཞིག་སྤྲོད་ཀྱི་ཡོད་པ་རེད་བསམ་སོང་། དེ་མིན་པ་རེད། འོ་ཡ་ངས་ནི་ལྷ་ཆོས་རིང་ལུགས་མི་ཤེས་ཁོ་ཐག་རེད།
    འོན་ཀྱང་། སྔར་གྱི་བོད་དང་བོད་མི་རིགས་ཀྱི་དབང་ཆ་དེ་མན་ཇུ་དང་སོག་པོ་ལ་སོགས་པ་མང་པོ་ཞིག་ལ་བོད་ཀྱི་བླ་ཆེན་དེ་ཚོས་བོད་ཀྱི་དཀྱིལ་འཁོར་ནང་ལ་བཅུགས་ནས་དབང་བསྐུར་བསྐུར་ཉིད་ཀྱིས་སློབ་མ་སོག་པོ་དང་སློབ་མ་རྒྱ་རིགས་དེ་ཚོར་དབང་ཆ་ཆ་ཚང་རག་པ་ཞིག་ཡིན་པ་དངོས་བདེན་རེད་འདུག། བྱས་ཙང་སློབ་མ་སོག་པོ་དང་རྒྱ་རིགས་དེ་ཚོ་རིགས་ཀྱི་བདག་པོར་གྱུར་ནས་བོད་དང་བོད་མི་རིགས་ལ་དབང་བསྐུར་དམ་བཞག་བྱས་དང་བྱེད་བཞིན་པ་་རེད་ལ་བླ་མ་ཡང་དཀྱིལ་འཁོར་ནས་ཕྱིར་ཕུད་བཏང་བ་དངོས་བདེན་རེད་དོ།

  16. རི་རྒྱལ་ཏི་སེ། says:
    2013-03-21 at 11:56 am

    ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱིན་ཡངས་པ།།
    འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན།།
    བསམ་ཡས་འཕྲིན་ལས་མཛད་པའི་སྐུ་མངའ་བ།།
    འཇམ་མགོན་བླ་མའི་ཞབས་ལ་གུས་ཕྱག་འཚལ།།

  17. ཀརྡོ་གཉེར་ཕྱག་པ་ says:
    2013-03-23 at 4:17 am

    དྲག་པོ་གསུམ་སྦྲེལ་ནི། ཁྲོ་བོའི་རྒྱལ་པོ་རྟ་ཕྱག་ཁྱུང་གསུམ་མོ། །གཟུངས་སྔགས་ནི།

    ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །
    བྱ་ཁྱུང་རྒྱལ་པོ་རྟ་མགྲིན་གསང་བའི་བདག །
    རང་གཞན་གཅིག་ཏུ་ཉེར་བསྟེན་ཁྲོ་བོའི་གཙོ། །
    དྲན་པས་བགེགས་དཔུང་འཇོམས་ལ་ཕྱག་འཚལ་བསྟོད། །

    ཨོམ བཛྲ པྰཎི ཧཡ གྲྰིཝ གརུཊ ཧུང ཕཊ། །༼ཨོམ་ཧུང་མ་གཏོགས་དག་ཆ་གཞན་རྣམས་འགྲིགས་ཡོད།༽

    དགེ་བ་འདི་ཡིས་མྱུར་དུ་བདག །
    རྟ་ཕྱག་ཁྱུང་གསུམ་འགྲུབ་གྱུར་ནས། །
    འགྲོ་བ་གཅིག་ཀྱང་མ་ལུས་པ། །
    ཁྱེད་ཀྱི་ས་ལ་འགོད་པར་ཤོག །

  18. གཞན་སེམས བཅོས་བྱེད says:
    2014-12-31 at 4:19 am

    བླ་མ་ཡང་དག་ཞེས་པ་བོད་པས་བཟོས་པའི་གསར་པ་འདྲ་གང་ཡང་མ་རེད་ལགས་བོད་མི་རིགས་ཀྱང་རྩོད་དགོས་དོན་མེད། ཅི་ལ་ཞེ་ན། སྔར་ནས་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་མ་འོངས་སེམས་ཅན་འདིའི་ནང་བཤད་མཁན་འདྲ་བོ་ལ་དགོངས་ནས་རིགས་སོགས་ལུང་བསྟན་བསྩལ་ཟིན་པའི་སྔགས་འཆང་ཆེན་པོ་གྲུབ་པའི་ས་མཐོན་པོར་བཞུགས་པའི་ཚུལ་བསྟན་ཕལ་པའི་སྐུར་བཞེངས་པ་ཡིན་པར་ཡིད་རྩེ་གཉིས་སུ་ལྷུང་བ་རྣམས་བསོད་རྣམས་ཀྱི་མ་ལྡང་བ་སོང་ཙང་། དབང་གི་དོན་མི་གོ་བ་བཤད་མི་དགོས་པར་ཐ་ན་རང་གི་མི་ཚེ་སྐྱེལ་སྟངས་ཀྱང་མི་ཤེས་པ་རེད། དྲང་པོ་ལ་དགའ་ན་ཡོན་ཏན། །ཡོན་ཏན་ལ་དགའ་ན་ཁས་ལེན། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme