Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་ཡོམ་ཁྲོད་ཀྱི་གཞིས་བྱེས་བོད་མིའི་ལྷག་བསམ་དང་སྙིང་སྟོབས་ཆིག་སྒྲིལ་ལ་དཔྱད་པའི་གཏམ།

Posted on 2025-01-142025-01-14 By ཁ་བརྡ་ No Comments on ས་ཡོམ་ཁྲོད་ཀྱི་གཞིས་བྱེས་བོད་མིའི་ལྷག་བསམ་དང་སྙིང་སྟོབས་ཆིག་སྒྲིལ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

ང་ཚོ་མི་གི་ནམ་ཡང་ཚོད་དཔག་མི་ཐུབ་པ་ནི་འབྱུང་བའི་གནོད་འཚེ། ས་ཡོམ་གྱི་གནོད་འཚེ། རྒྱ་མཚོ་ཡོམ་པའི་གནོད་འཚེ། རླུང་ཁ་ཤོར་བའི་གནོད་འཚེ་སོགས་ཡིན་པ་ནས་ཉེ་ལམ་བོད་གཞིས་རྩེ་རྫོང་ཁོངས་སྟོད་དིང་རི་ཁུལ་གྱི་ཡུལ་གྲོང་མང་པོར་ས་ཡོམ་ཤུགས་ཚད་ ༧ ་༡ རྒྱབ་ནས་མི་དང་སྒོ་ཕྱུགས་སེམས་ཅན་གྱིས་ཚེ་སྲོག་ཤོར་བ་དང་། རྒྱུ་དངོས་སྡོད་ཁང་དང་བཅས་པ་ས་འོག་ཏུ་ཤོར་བའི་གནས་ཚུལ་ཐབས་སྡུག་བྱུང་སྐབས་གཞིས་བཞུགས་རང་རིགས་བོད་མི་མདོ་དབུས་ཁམས་གསུམ་ནས་རོགས་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མི་རྒྱུ་གཉིས་ཀྱིས་རོགས་པ་དུས་ཐོག་གིས་ཆར་པ་དང་། ནད་ཐོག་ལ་སྨན་ལྟར་ཚང་ཁ་ཤིག་ཤིག་གིས་ས་ཡོམ་གྱི་གནོད་འཚེ་ཕོག་སའི་ས་གནས་ཁག་ལ་རོགས་ཕན་གནང་བཞིན་པ་ངོ་དེབ་དང་དྲ་ལམ་ཁག་ནས་མཐོང་སྐབས་སེམས་གཏིང་ནས་ཁྱེད་རྣམ་པའི་ལྷག་བསམ་དང་། སྙིང་སྟོབས་། ཆོད་སེམས་དང་། འགན་འཁུར། ལར་ཞེན་སོགས་ལ་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་གྲངས་མེད་ཞུ་བ་དང་ཆབས་གཅིག་བྱེས་ཀྱི་གདན་ས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཆོས་སྒར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བསྔོ་བ་སྨོན་ལམ་གསུང་སྒྲུབ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་རིས་མེད་ཆོས་སྒར་དགོན་སྡེ་ཁག་དང་། དབུས་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མི་འདུས་སྡོད་གཞིས་ཆགས་ཁག་དང་། ཚོགས་སྡེ་ཁག མི་སྒེར་སོགས་ཚང་མས་གདུང་སེམས་མཉམ་བསྐྱེད་ཀྱི་བསྔོ་སྨོན་མུ་མཐུད་ནས་ཚོགས་བཞིན་པ་ནི་བོད་མི་རིགས་ཀྱི་ལར་རྒྱ་དང་།

ལྷག་བསམ།

འགན་འཁུར་ལ་རྗེས་སུ་ཡིད་རངས་ཞུ་གི་ཡོད་ལ་ས་ཡོམ་གྱིས་གནོད་འཚེ་ཕོག་པའི་ཚེ་འདས་ཚོར་རང་ནུས་ཀྱིས་བསྔོ་སྨོན་དང་མ་ཎི་གྲངས་བསོག་ཞུ་བཞིན་པ་དང་། གསོན་པོར་འཚོ་བཞུགས་པ་ཚོར་གདུང་སེམས་མཉམ་བསྐྱེད་དང་མ་འོངས་མི་ཚེ་གསར་པའི་ཁ་ཕྱོགས་དེ་བདེ་སྐྱིད་ཀྱིས་འཚོ་བར་ལོངས་སུ་སྤྱོད་ཐུབ་པའི་སླུ་མེད་མཆོག་གསུམ་རྒྱལ་བ་རྒྱ་ཚོར་གདུང་ཤུགས་དྲག་པོས་གསོོལ་འདེབས་ཞུ་གི་ཡོད་ལ་ང་ཚོ་བོད་མི་རིགས་ལ་གོད་ཆགས་མང་པོ་བྱུང་བ་གཅིག་ནི་ང་ཚོ་མི་གི་ནུས་པའི་རྒྱ་ལས་འགལ་བ་ནས་བྱེད་ཐབས་གང་ཡང་མེད་པ་སྔོན་བསགས་ལས་ཀྱིས་འབྲས་བུར་ངོས་འཛིན་དགོས་པ་དང་། ཁག་གཅིག་མི་གིས་བྱེད་ལས་འོག་ནས་ང་ཚོར་ཆེད་དུ་དཀའ་ངལ་བཟོ་བཞིན་པ་འདི་དག་ནི་སྙིང་རྗེ་སྐྱེ་ཡུལ་ཙམ་ལས་མ་འདས་སྟབས་བྱ་ཐབས་གང་ཡང་མེད་པ་བཅས་གང་ལྟར་བོད་མི་རིགས་ལ་དཀའ་ངལ་འཕྲད་སྐབས་བོད་མི་ཚང་མ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་མདུན་སྐྱོད་བྱེད་བཞིན་པ་འདི་བོད་ཀྱིས་མེས་སྤོ་དམ་པ་ཆོས་རྒྱལ་གོང་མ་ཚོའི་མཛད་རྗེས་སུ་ང་ཚོ་བོད་མི་རིགས་འདི་མདུན་སྐྱོད་བྱེད་བཞིན་པ་འདིའི་བོད་མི་རིགས་ཀྱིས་ཆོད་སེམས་དང་། འགན་འཁུར། སྙིང་སྟོབས། ལྷག་བསམ། རྒྱལ་ཞེན་སོགས་འཛམ་གླིང་མི་མང་གི་མདུན་དུ་ད་ལམ་ང་ཚོའི་གསལ་སྟོན་གནང་བ་ནི་བོད་ཀྱི་ལོ་རྒྱུས་ནང་སུབ་ནས་ཟུབ་རྒྱུ་མེད་པའི་རླབས་ཆེན་གྱིས་ལོ་རྒྱུས་ཞིག་ལ་ངོས་འཛིན་བྱེད་ཆོག་པ་བཅས་ས་ཡོམ་གྱིས་གནོད་འཚེའི་འོག་ཏུ་ཚུད་པའི་སྐྱེ་འགྲོ་སྲོག་ཆགས་ཀུན་བདེ་བ་ཅན་གྱིས་ཞིང་དུ་སྐྱེ་བའི་སྨོན་ལམ་དང་བཅས།

བསམ་ཚུལ།

Post navigation

Previous Post: “སྤུན་ཟླ་དིང་རི་བ་ཚོ།”
Next Post: དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme