Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་འགུལ་གྱིས་བསླབས་པའི་བསླབ་བྱ་ཟབ་མོ།

Posted on 2010-04-282010-04-28 By ཁ་བརྡ་ 3 Comments on ས་འགུལ་གྱིས་བསླབས་པའི་བསླབ་བྱ་ཟབ་མོ།

སྙན་བཟང་བོད་རྒྱལ

ཡུལ་ཤུལ་སྐྱེ་རྒུ་མདོའི་ས་འགུལ་གྱི་འབྱུང་བའི་གནོད་འཚེ་ལས་བསྟན་དོན་གཅིག་ནི། བོད་ཀྱི་ས་ཁུལ་ཕལ་མོ་ཆེའི་དགོན་པའི་སྡེ་གཙོ་བོར་གྱུར་བའི་མང་ཚོགས་དཀྱུས་མ་དང་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་མ་ནས་སྨྱུག་ཐོག་མཁན་མཐོ་དམན་བར་གསུམ་ལ་དབྱེ་བ་མེད་པར་སྐྱེ་རྒུ་བ་རྣམས་ཀྱི་ལུས་སེམས་ཀྱི་སྡུག་བསྔལ་གཅིག་མཚུངས་ལྟར་ཉམས་སུ་མྱོང་བའི་གནས་སྐབས་འདིར། རང་དབང་གི་ཡུལ་ལུང་གང་སར་གནས་ཆགས་པའི་བོད་པའི་མི་བུ་གང་མང་མང་དངོས་གནས་སམ་དོན་དམ་གྱི་ལུས་ངག་ཡིད་གསུམ་བོད་དང་ཁ་གྱེས་ནས་འདུག་པའི་རྟགས་མཚན་གསལ་ལེར་མཐོང་སོང་ཞེས་བརྗོད་པར་འདོད།
མཐོང་ཆོས་སུ་གྱུར་བའི་བོད་ཀྱི་ལོ་རྒྱུས་གང་དུ་བལྟས་ཀྱང་རུང།འདི་དང་འདི་ལྟ་བུའི་འབྱུང་བའི་གནོད་འཚེ་ཞིག་གངས་ཅན་ལྗོངས་སུ་འབོད་པའི་ཡུལ་འདི་ལ་ཕལ་ཆེར་བྱུང་མ་མྱོང་བའི་ཚོད་རེད། རྒྱ་ནག་པ་ཚོས་བོད་པ་ཡིན་ཕྱིན། ཀླ་ཀློ་དང་རྗེས་ལུས་དང་བཙོག་པོ་དང་སྒྱིད་ལུག་གི་ངོ་བོར་ངོས་འཛིན་པ་ནང་བཞིན་གྱིས་ཕྱི་གླིང་བ་དག་གིས་ཀྱང་བོད་པ་ཡིན་ཕྱིན། སངས་རྒྱས་ཆོས་ལུགས་ཀྱི་གདུལ་ཞིང་དང་དེའི་རྗེས་འཇུག་པ་ཁོ་ནར་དགོངས་ནས་བོད་པའི་དད་པ་དག་སྣང་ལ་ཡ་མཚར་མདོག་གི་རྣམ་འགྱུར་སྟོན་པ་ཙམ་མ་ཟད། བོད་ཀྱི་ཡུལ་ནི་གསང་གསུམ་ལྐོག་གྱུར་གྱི་ཡུལ་ཞིག་ཏུ་རློམས་བཞིན་པའི་དུས་འདིར། བོད་རྣམས་ཀྱིས་ནང་ཆོས་ཀྱི་ལྟ་གྲུབ་སྙིང་བོ་སྟེ། སྙིང་རྗེ་དང་བྱང་སེམས་དང་གཞན་སེམས་ཀྱི་བློ་གང་ཞིག་དེང་གི་མི་བུའི་ཚོགས་སྡེ་ནང་བསྒྲུབ་པར་དཀའ་བའི་ཁས་ལེན་སྟོངས་པ་དག་ཡིད་དང་ངག་དང་ཉམས་འགྱུར་གང་གི་ཐད་ནས་མཐོང་ཆོས་སུ་འགྱུར་ཡང། སྐྱེ་རྒུ་མདོའི་ས་འགུལ་གྱིས་འདི་དག་ཕལ་མོ་ཆེ་ནག་གསུབ་བཟོས་སོང་བར་མ་ཟད། རང་དབང་ཡུལ་ལུང་གི་བོད་པ་ཁྱུ་ཚོགས་ཤིག་བོད་པ་མིན་པའང་མཐོང་ཆོས་སུ་གྱུར་སོང།
འབྱུང་བའི་གནོད་འཚེའི་ཆ་རུ་གཏོགས་པའི་ས་འགུལ་ལ་ནི་མི་བུའི་ཚོགས་སྡེ་འདིར་ལེགས་པའི་ཆ་གང་ཡང་མ་རེད་མོད། འོན་ཀྱང་མ་ལེགས་ཁྱིམ་སྟོངས་ཀྱི་ཆག་འཇིག་འདི་ལས་ལེགས་པའི་ཆ་རྐང་གཅིག་མཐོང་ཆོས་སུ་ཡོད་པ་ནི་གཞིས་ལུས་བོད་མིའི་བློ་མིག་གཏོད་སའི་བོད་པ་ཁྱུ་ཚོགས་ཞིག་ཁེ་ཕན་གྱི་བོད་པ་ལས་དོན་དམ་གྱི་བོད་མིན་པའང་ཤེས་སོང་བས། རང་དབང་གི་ཡུལ་དུ་འཚོ་ཞིང་བདེ་བའི་བོད་རྣམས་ཀྱི་ཁ་རྒྱུན་དུ་འཇགས་པའི་སྙིང་རྗེ་དང་བྱང་སེམས་ཀྱི་ཐ་སྙད་འདི་དག་ལ་ཡང་བསྐྱར་བསམ་གཞིགས་གཏོང་དགོས་པ་ཆགས་སོང་བས། ཁོ་བོས་འདི་ལྟར་བརྗོད་དགོས་བྱུང།
ཡུ་གུར་གཙོ་གྱུར་གྱི་མི་རིགས་གཞན་དག་ནི་ཐོབ་ཐང་དང་རང་དབང་དང་འདྲ་མཉམ་དང་རྩིས་ཐང་བཅས་ནས་བོད་རྣམས་དང་གཅིག་མ་གཅིག་མཚུངས་ཀྱི་གནས་སྟངས་འོག་ལྷགས་ཡོད་རུང་སྐྱེ་རྒུ་མདོའི་ས་འགུལ་ལ་བདེན་དཔང་བྱས་སོང་བས། ཁོང་ཚོའི་སེམས་ཤུགས་དང་སྙིང་རྗེ་དང་གདུང་སེམས་དེ་ལྟ་དེ་ལྟར་ལེགས་པའི་ཚོད་འདིར། ཁ་ཁུག་སིམ་མེར་གྲགས་འགུལ་མེད་པའི་བོད་རྣམས་ལ་ཅིའི་ཕྱིར་བོད་དུ་འབོད་དམ་དོན་ལ་གནས་སམ། འདི་ཡང་ང་ལ་བསླབས་པའི་བསླབ་བྱ་ཟབ་མོ་ཡིན།
རྒྱུ་མཚན་དེའི་ཕྱིར། སྙིང་རྗེ་དང་བྱང་སེམས་འདི་ཉིད་རྒྱ་མི་དང་ཐུན་མོང་ཐོན་སྐྱེད་ཚོགས་པར་རྩོད་དགོས་པའི་དུས་མིན་པར། བོད་པ་ནང་ཁུལ་དུ་རྕོད་པའི་རྒྱུ་དང་འབྲས་གཉིས་སྨིན་གྱི་གནས་ཚུལ་མཐོང་སོང་བས། སྐྱེ་རྒུ་མདོའི་ས་འགུལ་གྱིས་དགེ་འདུན་པའི་སྡེ་རྣམས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་བོད་མིའི་གདོང་རྒྱུད་ཅིག་དང་ངེད་ཅག་གི་རིགས་ལ་བློ་མིག་དང་སྙིང་རྗེ་དང་བྱང་སེམས་ཀྱི་ཀུན་ནས་བསླངས་ཡོད་པའང་ང་ཚོར་ངོ་འཕྲོད་སོང་བས། ཁོ་བོའི་དད་པ་དང་ཡིད་ཆེས་བརྟན་དུ་གྱུར་སོང་ལ། རྒྱུ་མཚན་དེའི་ཕྱིར། དབང་བསྒྱུར་བའི་བྱ་བྱེད་ལ་འཚིང་འབྲུ་དགག་རྒྱག་བྱེད་པ་ལས་ ཁོ་བོའི་བལྟས་ན། ང་དང་ང་ཡི་རིགས་ཀྱི་བྱ་བྱེད་དང་སྙིང་རྗེ་དང་བྱང་སེམས་ལ་བརྟག་དགོས་པས། འདི་ཡང་ཁྱོད་ཀྱིས་ང་ལ་བསླབས་པའི་བསླབ་བྱ་ཟབ་མོ་ཡིན༎

རྩོམ་རིག

Post navigation

Previous Post: འབེལ་གཏམ་རྐང་གླིང་དམར་པོའི་ཤུར་སྒྲ།
Next Post: ཞོགས་དུང་སྐྱོབ་མཁན་འདྲ་ཡོད་དམ།

Comments (3) on “ས་འགུལ་གྱིས་བསླབས་པའི་བསླབ་བྱ་ཟབ་མོ།”

  1. རྨ་ཆུའི་རླབས་སྒྲ་ says:
    2010-04-28 at 12:42 pm

    དྲ་གྲོགས་ལགས། སྐད་ཆ་བཤད་དུས་མཉམ་བཞག་ན་ལེགས།
    ད་ཐང་ཀོད་ཆག་འདིས་ཐོག་ལ་ཨུ་བོད་པ་ཚང་གིས་གཞིས་བྱེས་གཉིས་ནས་གདུང་སེམས་མཉམ་སྐྱེད་
    གྱི་མ་འདིང་པའི་ཆ་མཐོང་མ་སོང། བཙན་བྱོལ་བར་མཚོན་ནའང་རྒྱུ་ཅན་གྱིས་རྒྱུ་དང་སེམས་བཟང་གིས་སྔོ་
    སྨོན་སོགས་རང་རང་གི་ཐད་ནས་གང་ནུས་པ་དེ་བྱེད་བཞིན་འདུག། སེམས་མེད་རེ་ཟུང་བྱུང་པ་སྲིད་ཀྱང་དེ་ནི་
    འཇིག་རྟེན་གྱིས་ཆོས་ཉིད་ཡིན་པས་ཆ་ཚང་བར་འདྲ་མཉམ་ཞིག། ལྷ་ཡི་དབང་པོ་རྒྱ་བྱིན་གྱིས་ཀྱང་བཟོ་མི་ཐུབ་པོ།
    དེའི་ཕྱིར་ཁྱེད་ཀྱི་གཡག་ཞར་གྱིས་རྩྭ་ཟོས་པ་བཞིན་ཕྱོགས་མང་བ་དེ་མ་མཐོང་པར་བཤད་ན་སྐྱོན་ཤུན་ཏུ་ཆེའོ།
    ད་དུང་ངའི་བལྟ་ཚུལ་ལ་ཁྱོད་ཀྱིས་ཀླད་པར་བོད་ཀྱི་དབྱེ་འབྱེད་ཀྱི་ནད་དྲག་འགོས་མེད་དམ་སྙམ།
    གང་ལྟར་ངས་ཤེས་འདོད་པ་ནི། གཏམ་དཔེ་ལ་མི་ཡི་གང་བྱས་ལ་མ་བལྟ། རང་གི་ཅི་བྱས་ལ་བལྟོས་ཟེར་བ་
    བཞིན་ཁྱེད་ཀྱིས་ད་ཐང་གཞན་དོན་ག་རེ་སྒྲུབ་ཡིན། བྱས་རྗེས་ག་རེ་བཞག་ཡིན།།གསུང་གནང་ད།།

  2. རྫ་ཚེ་རིང་བཀྲ་ཤིས། says:
    2010-04-28 at 9:52 pm

    ངོ་མ་ང་ཚོའི་སྙུག་ཐོགས་པ་ཁ་ཤས་སྨྱོ་བ་འདྲ་ཞིག་འདུག ཁ་ནས་ག་རེ་བཤད་པ་ཚོར་གྱི་མི་འདུག སྐད་ཆ་འདི་འདྲ་བཀླགས་ཀྱིན་བཀླགས་ཀྱིན་ཨོ་རྒྱན་ཆེན་པོས། ངག་འཁྱལ་ཀུ་རེའི་གསེབ་ནས་དོན་དམ་འོངཿ གྱ་ཚོམ་ཚིག་གིས་སྙིང་ནའི་མེ་ལོང་བྱེདཿ ཅེས་གསུངས་པ་ཡང་དྲན་དུ་བཅུག ང་ཚོའི་དེ་ཐེངས་ཀྱི་ལས་འགུལ་འདི་ལས་ངས་བལྟས་ནས་ཕྱོགས་གང་ནས་གཞི་ཕྱིས་ཀྱི་བོད་པ་ཡོངས་རྫོགས་ལ་རང་རང་གི་གནས་བབ་ཙམ་གྱི་ཁྱད་པར་ལས་སེམས་ཚོར་བཅོས་མ་མིན་པ་ཡོད་པའི་ངོས་འཛིན་ཡོད། དེས་ན་བོད་རྒྱལ་གྱི་སྐད་ཆ་ཐལ་དྲགས་པར་མ་ཟད། རྒྱུ་མཚན་མེད་པར་བོད་ནང་གི་སྤུན་ཟླ་ཚོ་དང་བྱེས་ཀྱི་སྤུན་ཟླ་ཚོའི་བར་དུ་དབྱེན་སྦྱོར་གྱི་རྒྱུ་རུ་ཆགས་ངེས་རེད། ཁོང་ཚོས་ཀྱང་དོགས་པ་ཟ་བ་དང་སེམས་ཐག་རིང་རུ་འགྲོ་གི་རེད། འོན་ཀྱང་དོན་དངོས་དེ་འདྲ་མིན་པ་དེས་དེ་བས་ཀྱང་འདི་ནི་ཆེས་མི་འོས་པ་ཞིག་རེད། གཟོབས་ཤིག

  3. རྫ་ཚེ་རིང་བཀྲ་ཤིས། says:
    2010-04-28 at 9:53 pm

    གཞི་བྱེས་སུ་བཅོས་རོགས། ད་དུང་ཡིག་ནོར་ཡོད་ན་ཀློག་པ་པོར་དགོངས་དག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme