Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་མཐའི་ཨ་ཇོ་དྲན་ཚུལ།

Posted on 2012-10-04 By ཁ་བརྡ་ No Comments on ས་མཐའི་ཨ་ཇོ་དྲན་ཚུལ།

—ཕ་ཡུལ་དུ་ཁ་བརྡ་ཞིག་བྱས་རྗེས།

རླུང་བུ།

འདི་ནས་ལྷོ་ཕྱོགས་ཀྱི་ཡུལ་ན།།མ་འདྲིས་ཨ་ཇོ་ཞིག་ཡོད་ཅིང་།།
ཨ་ཇོ་ས་མཐའ་ལ་ཕྱིན་ནས།།ལོ་ཟླ་གང་མང་ཞིག་འགོར་ཟེར།།

ཨ་ཕའི་ཀི་གསུམ་གྱི་མགོ་མ།།ཨ་མའི་འོ་མཆོད་ཀྱི་ཐོག་མ།།
ཨ་ཇོའི་སྐྱེས་ལྷ་ལ་བོས་ནས།།གེགས་དང་བར་ཆད་ལས་སྐྱོབ་ཟེར།།

མཚར་སྡུག་མེ་ཏོག་གི་ལང་ཚོ།།དྲུག་ཅུའི་ལོ་རྒན་གྱིས་བཅོམ་ཡང།།
མ་ཎི་གྲངས་གསོག་གི་ལས་འདི།།ཨ་ཇོའི་ཞབས་བརྟན་རང་ཡིན་ཟེར།།

སྟག་རྩལ་འབྲོང་སྙིང་གི་ཕོ་རྒོད།།གསར་སྐྱེས་མེ་ཏོག་གི་སྨན་ཤར།།
ཨ་ཇོའི་བཀའ་གསུང་ཞིག་ཡིན་ཕྱིན།།ཅི་ནུས་འགན་ཁུར་གྱིས་བསྒྲུབ་ཟེར།།

ཀ་ཁའི་ཡིག་ཕྲེང་གི་སྣེ་མོ།།བེའུ་ལུག་རྩེད་མཚར་ལ་མཐུད་པའི།།
ལོ་ཆུང་སློབ་ཆུང་གི་ཚོགས་ཀྱང།།ཨ་ཇོའི་གཏམ་རྒྱུད་ལ་འཁྲེང་འདུག།།

དབེན་དགོན་ཆུང་ཆུང་གི་བཙུན་པ།།ཕྱི་གཙང་ནང་གཙང་གི་རྣམ་ཐར།།
ཨ་ཇོའི་སྐྱིད་སྡུག་གི་བྱུང་བ།།མིག་ཆུའི་ཕྲེང་ཐག་ལ་བརྒྱུས་ཡོང།།

ནམ་ཟླ་དཔྱིད་དཔལ་གྱི་རྒྱལ་མོ།།རླུང་ནག་འཚུབ་མ་དང་འགྲོགས་ནས།།
སྐྱོ་བའི་ཤུགས་རིང་དེ་གྱེར་དུས།།ཨ་ཇོ་ཐོལ་ཐོལ་དུ་དྲན་ཟེར།།

ལྡེམ་ལྡེམ་འཁྲི་ཤིང་གི་ཡལ་ག།།དམར་ཆུང་ཁུ་བྱུག་གིས་བསྒུལ་ཏེ།།
དབྱར་གྱི་དཔལ་མོ་དེ་འབོད་དུས།།ཨ་ཇོ་གསལ་གསལ་དུ་དྲན་ཟེར།།

གསེར་མདོག་ཞིང་ཁ་ཡི་འབྲས་བཟང།།རོང་མོའི་ཞིང་གླུ་དང་ལྷན་ཅིག།།
སྟོན་རླུང་བསིལ་བསིལ་གྱིས་སྐྱོམ་དུས།།ཨ་ཇོ་ཡང་ཡང་དུ་དྲན་ཟེར།།

སྣོད་དེ་འཁྱགས་པ་ཡིས་བསྡམས་དུས།།བཅུད་དེ་ཁ་བ་ཡིས་མནན་དུས།།
གྲང་འཁྱགས་བུ་ཡུག་གི་གདོང་ནས།།ཨ་ཇོ་དྲན་ཚོད་ཅིག་མེད་ཟེར།།

ཨ་ཇོ་དྲན་རབས་ཤིག་གླེང་ན།།སྐུ་དྲག་ལོ་རྒྱུས་ལས་རིང་ང།།
ད་ལྟ་དེ་ཙམ་ཞིག་བྱས་ནས།།མི་རིང་མཇལ་འཛོམས་ལ་སྒུག་ཟེར།།

མི་ལུས་རིན་ཆེན་ཞིག་ཡིན་པའི།།གཏམ་རྒྱུད་ཡང་ཡང་དུ་གོ་ཡང།།
ཨ་ཇོར་མཇལ་འཛོམས་ཤིག་མེད་ན།།རིན་གོ་ཆོད་པ་དེ་མི་འདུག།།

ཨ་ཇོར་མ་འདྲེས་ཀྱང་འགྲིག་ག།།ལས་དང་སྨོན་ལམ་གྱིས་སྦྲེལ་ཡོད།།
ཨ་ཇོ་མ་མཐོང་ཡང་ཆོག་ག།།ཐུགས་དང་སེམས་པ་དེ་འདྲེས་ཡོད།།

མ་བསྐུལ་སེམས་ཁོང་ནས་བརྡོལ་བྱུང།།མ་བཅོས་མགྲིན་པ་ལས་བབས་སོང་།།
ཐོལ་བྱུང་སྙན་ངག་གི་མཆོད་པ།།ཚིག་གི་མཆོད་སྟེགས་ལ་བཏེགས་ཡོད།།

སྙན་ངག

Post navigation

Previous Post: གློ་བུར་བའི་འཆར་སྣང་ཞིག
Next Post: རྒྱ་རིགས་འགའ་ཤས་ལ་གོང་ས་མཆོག་ལ་ལྟ་སྟངས་འདི་འདྲ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme