Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་མཐའི་སྙན་ངག་པའི་ཁྱུ་མཆོག་བཞི་ཨེ།

Posted on 2013-12-102013-12-10 By ཡེ་ཤེས་ 32 Comments on ས་མཐའི་སྙན་ངག་པའི་ཁྱུ་མཆོག་བཞི་ཨེ།

ཀླུ་སྨྱོན།

Nyen1དེ་རིང་སྙན་ངག་གི་ཕ་ཁྱིམ་ཟེར་བའི་དྲ་འཕྲིན་ནང་དུ་ཆུང་ཚེ་རིང་དང་ཆབ་བྲག་ཕོ་ཉ། ཧོར་འཇིགས་དང་ཁོ་བོ་བཅས་ལ་ས་མཐའི་སྙན་ངག་པའི་ཁྱུ་མཆོག་བཞི་ཞེས་པའི་ཆོ་ལོ་སྦྱར་ཏེ་མི་རེའི་འདྲ་པར་དང་སྙན་ངག་རེ། སྙན་ངག་དེ་དག་གི་ཕྲན་དཔྱད་རེ་བཅས་ལྷན་དུ་བཀོད་འདུག་པས།
ཆོ་ལོ་དེ་བདག་ལ་ཇི་ལྟར་མཛའ་བསམས་ནས་བསྡད་ཡོད།

གསར་འགྱུར།

Post navigation

Previous Post: འཛམ་གླིང་ཞི་བདེའི་དེད་དཔོན།
Next Post: ཞི་བདེ་ཕོ་ཉ།

Comments (32) on “ས་མཐའི་སྙན་ངག་པའི་ཁྱུ་མཆོག་བཞི་ཨེ།”

  1. དགེ་འདུན་རྒྱ་མཚོ། says:
    2013-12-10 at 1:18 am

    མི་ངན་པས་རང་བསྟོད་ལ།
    བྱ་ཁྭ་ཏས་སྒྲོ་བསྟོད་ལ།
    ཧ་ཧ་ཧ།
    ཀུ་རེ་ཡིན།  ཕ་ཡུལ་གྱི་གཏམ་དཔེ་ཟིག་རེད།
    ཁྱེད་ཚོའི་སྙན་ངག་གང་དག་རེད།
    ངོ་སྤྲོད་ཅིག་གནང་ཐུབ་ན་ཚང་མ་ལ་ཕན་རྒྱུ་རེད་སྙམ།

  2. དགེ་འདུན་རྒྱ་མཚོ། says:
    2013-12-10 at 1:20 am

    ཆོ་ལོ་དེ་སྔོ་ལོ་རྒྱལ་མཚན་མིན་པའི་རེ་བ་ཡོད།

  3. ཀླུ་སྨྱོན། says:
    2013-12-10 at 1:21 am

    ུཡིན་མིན་ཁ་བརྡ་དྲ་བའི་སྟེང་གི་སྙན་ངག་ཡིན་ལ་མིན་ལ་དེ་ཚོས་ཐག་གཅོད་བྱེད་ཀི་རེད།

  4. ཤར་ཕྱོགས་ཁུག་རྟ། says:
    2013-12-10 at 1:42 am

    སྐུ་ཞབས་ཆུང་ཚེ་རིང་ལགས་ཀྱིས་སྙན་དངགས་འབྲི་གི་ཡོད་པ་ངས་ཧ་གོ་མ་སོང། སྐུ་ཞབས་ཧོར་འཇིགས་ནི་དེ་སྔ་ལྷ་བཟང་མི་བཟང་གི་དུས་ལ་དེབ་ནག་རིལ་མ་བཞིས་ས་གྲགས་གནམ་གྲགས་བྱས་པ་གསལ་བོ་རེད། སྐབས་དེར་སྐུ་ངོ་ཚོ་ཞལ་ནས་མ་ཇན་ཚོའི་བཀའ་མོལ་ཚུན་ན་སྐུ་ཞབས་ཧོར་འཇིགས་ཀྱི་སྨན་རྩིས་ཁང་གི་རྒྱབ་ཀྱི་ནགས་གསེང་ནས་ཅན་པོ་གླེང་གི་རེད་ཟེར།

    སྐུ་ཞབས་ཆབ་བྲག་གིས་སྤྱི་ཚོགས་ཤིག་དང་མི་རབས་ཤིག་གི་ཆེད་དུ་སྙན་དངགས་བྲིས་ཤིང། སྙན་དངགས་འཆད། རང་ཉིད་སྙན་དངགས་སུ་གྱུར་པའི་བགྲང་བྱ་བཅུ་ཕྲག་གསུམ་བཞི་ཞིག་ཡོད་པ་ཚང་མས་མཐོང་གསལ་ཡིན་སྟབས། བཙན་བྱོལ་ནང་གཞིས་འབྱོར་དང་བྱེས་སྐྱེ་གཉིས་ཀའི་སྙན་ངག་ལ་ཁོང་གིས་ཤུགས་རྐྱེན་ངེས་ཅན་ཐེབས་འདུག་པ་མ་ཟད། ཐ་ན་སྐབས་ཐོག་ཅིག་ཏུ་བཙན་བྱོལ་དུ་སྐྱེ་བའི་གཞས་པ་ཚོའི་གཞས་ཚིག་ཚུན་ལ་ཁོང་གི་སྙན་དངགས་ཀྱིས་ཁྱབ་པ་དེ་གསལ་བོ་རེད། སོང་ཙང། སྐུ་ཞབས་ཆབ་བྲག་གིས་སྙན་དངགས་ཀྱི་བཟང་སྤྱོད་རྒྱུན་འཁྱོངས་ཉམས་ལེན་དང་ཁྱབ་བརྡལ་བྱེད་པས། མི་ཚང་མས་སྙན་དངགས་ཟེར་བ་དེ་ཀློག་རྒྱུ་ཞིག་མིན་པར་སྐུ་ཞབས་ཆབ་བྲག་ལྟ་བུའི་མི་གཤིས་ནས་མཐོང་རྒྱུ་ཡོད་པ་ཞིག་ཡིན་མིན་ཡང་བསམ་མྱོང་ཞིང་གླེང་ཡང་མྱོང་བ་རེད།

    ཨ་ཁུ་ཀླུ་སྨྱོན་ལགས་དངོས་གནས་རང་སྙན་ངག་དང་ཉིན་འདྲིས་མཚན་འདྲིས་རེད་དེ། ཡིན་ནའང། ཁོང་གིས་སྙན་ངག་འབྲི་བ་ནི་ཧ་ཅང་རང་དབང་རེད། ངས་འདིར་རང་དབང་ཟེར་དུས་ཅིག་ལ་རྒོལ་བ་དང་བཤད་མ་ནུས་པ་ཞིག་བཤད་སོང་ཅན་པོའི་དེའི་རིགས་ཟེར་གི་མེད། གང་ལྟར་ཁོང་གི་སྒོ་གསུམ་གྱི་སྙན་ངག་གི་གཤིས་སྤྱོད་གཞན་ལ་མི་བལྟ་བ་ཞིག་ཡོད་པ་རེད། དེའི་ཆ་ནས་ཁོང་གིས་སེམས་ལ་གང་དྲན་འབྲི་བ་དང་དེ་དང་དེའི་ཤུགས་རྐྱེན་གང་ཐེབས་ལ་འགན་འཁུར་མི་དགོས་པ་དང་མི་ཁུར་པའི་ཟོལ་འདྲ་ཞིག་ཡོད་པ་རེད། དེའི་ཆ་ནས་ཁོང་སྙན་ངག་པ་ཞིག་ཡིན་པ་གང་ཞིག་ལ། སྙན་ངག་པ་ར་བཟི་ཞིག་ཡིན་ཐག་ཆོད་རེད། གལ་སྲིད་ཁོང་གི་སྙན་ངག་ལ་སྐྱ་སེར་རྗེས་འབྲངས་པ་འགའ་རེ་ཡོད་ཚེ། སྐུ་ཞབས་ཆབ་བྲག་གིས་བསྐྱངས་པ་ཚོ་དང་གཏན་ནས་མི་འདྲ་བར། གང་འདོད་འདོད་བྱེད་མཁན་རྐྱང་ཡིན་པ་དེ་གསལ་བོ་འདྲ་ཞིག་མ་རེད་དམ། ཧཧཧཧཧ

  5. འོད། says:
    2013-12-10 at 2:14 am

    ཆབ་བྲག་ལས་ལྷག་ཡོད་པ་མ་རེད། མགོ་མི་བདེ་ལ་མཛངས་པ། རང་རློམ་མིི་ཆེེ་ེེ་ལ་མཁས་པ། མི་གཤིས་དང་འགན་འཁུར་ཆབ་བྲག་ལས་ལྷག་གི་ག་བ་ཡོད།

  6. པདྨ says:
    2013-12-10 at 2:59 am

    དྲ་ཐོག་ནས་ངས་ཤེས་གསལ་ལྟར་ན་ས་མཐའི་སྙན་ངག་གི་རྒྱལ་སྲིད་སྣ་བདུན་བཞུགས་སོ།།
    སྣ་ཚོགས་གཟུགས་ཅན་ནི་སྙན་ངག་གི་རྒྱལ་པོ་ལྟ་བུ་དང་།
    བྲག་ཆབ་ཕོ་ཉ་ནི་སྙན་ངག་གི་དམག་དཔོན་ནི་ལྟ་བུ། །
    བེ་རི་འཇིགས་མེད་ནི་སྙན་ངག་གི་བློན་པོ་ལྟ་བུ། །
    ཀླུ་སྨྱོན་ཧེ་རུ་ཀ་ནི་སྙན་ངག་གི་བཙུན་མོ་ལྟ་བུ། །
    འཇུ་བསྟན་སྐྱོང་ནི་སྙན་ངག་གི་གླང་ཆེན་ལྟ་བུ། །
    ཧོར་གཙང་འཇིགས་མེད་ནི་སྙན་ངག་གི་རྟ་མཆོག་ལྟ་བུ་དང་། །
    ཨེ་མ་ཧོ་ནི་སྙན་ངག་གི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་རེད་ཅེས་ཞུ་ན་འདོད་དོ། །
    པདྨས་སོ། །

  7. ཞོལ་གཡག་འབྲོང་རྒྱུད། says:
    2013-12-10 at 4:12 am

    སྐུ་ཞབས་ཆུང་ཚེ་རིང་ལགས་སྙན་དངགས་པ་ཡིན་མིན་མི་ཤེས་ཀྱང་ལོ་རྒྱུས་སྨྲ་བ་དང་ཞིབ་འཇུག་པ་ཞིག་ཕལ་ཆེར་རེད། སྐུ་ཞབས་ཧོར་འཇིགས་སྙན་ངག་པ་ཡིན་བཟོ་འདུག་ཀྱང་ཕྱོགས་ཞེན་ཆེ་སེའེ་ཡོད་པ་འདྲ། སྐུ་ཞབས་ཆབ་བྲག་ལགས་སྙན་ངག་པ་རེད་ལ་བཙན་བྱོལ་ནང་མཛད་རྗེས་མི་དམན་བཞག་ཡོད་ཀྱང་ཁོང་སྲིད་དོན་ལ་དབྱིངས་ཡོད་མཁན་དེ་འདྲ་རེད་ལ། གངས་སྐྱིད་ཀྱི་མདོ་སྨད་སྤྱི་བཏེགས་བརྒྱུད་ནུབ་ཕྱོགས་སུ་བཞུད་ཟིན་པ་དེས་སཱ་རའི་སྙན་ངག་གིས་འཚོ་བའི་བྱིས་པ་དག་ད་ཕྲུག་ཏུ་གྱུར་པ་རེད། ནུབ་ཕྱོགས་སུ་ཁོང་གི་སྙན་ངག་གི་མཛད་འཕྲིན་མེད་པ་དེ་ཅི་དྲག། ཨ་ལགས་ཀླུ་སྨྱོན་ཚང་ངོ་མ་རང་དབང་གི་སྙན་ངག་པ་ཡིན་ཐག་གཅོད་རེད། འོན་ཀྱང་ཁོང་གི་ཐུགས་གཤིས་དེ་ངང་རྒྱུད་རིང་པོ་རང་མེད་པ་འདྲ།

  8. དབང་འདུས། says:
    2013-12-10 at 4:59 am

    ཧ་ཧཧཧཧཧཧཧཧ། བཤད་རྒྱུ་མ་རྙེད་ནས་བཀོད་པ་འདྲ།

  9. བན་དེ་བ། says:
    2013-12-10 at 5:03 am

    ཀླུ་སྨྱོན་ལགས་ནི་རང་དབང་གི་སྙན་ངག་པ་ཞིག་ཡིན་པར་ཐག་ཆོད། མ་ཟད་སྙན་ངག་པ་ཁོང་ནི་མི་གཤིས་ཕྱི་གསལ་ནང་གསལ་ལས་ཕྱི་རྫུས་ནང་རྫུས་དེ་འདྲ་མ་རེད། གཞན་ཡང་ཁ་བརྡའི་དྲ་བ་དང་གདོང་དེབ་ལས་སོགས་སུ་ཁོང་གིས་བྲིས་པའི་སྙན་ངག་དམ་མ་དུམ་མེ་དེ་ཚོས་བོད་ཀྱི་སྐད་ཡིག་དང་སྙན་ངག་ལ་མོས་པའི་སྐྱེ་བོ་རྣམས་ལ་ཕན་ཐོགས་རླབས་ཆེན་བྱས་སོང།

  10. གནམ says:
    2013-12-10 at 5:26 am

    ཨ་དགའ་ཧོར་འཇིགས་ཀིས་་་་་

    བྲིས་བ་ཀུན་གྱི་དོན་དུ་འབྲི།
    བྲིས་བའི་གོ་དོན་རང་འགྲེལ་ཡིན།
    རྩོམ་པ་བོ་དང་ཀློག་པ་བོ།།
    ཚོར་བ་གཅིག་གིས་དམ་དུ་འཛིན།

    ཨ་བོ་ཆབ་བྲག་གིས་་་་་་

    བྲིས་བ་ཉུང་ཡང་ཁྲིད་པ་མང་།།
    གླན་པའི་ཚོགས་ལ་རྒྱས་འགྲེལ་མཛད།
    དགེན་སློབ་བར་གྱི་མཛའ་བརྩེ་ལ།།
    ཕ་མ་གཅིག་གི་འདུ་ཤེས་བཀོད།

    ཇོ་ཇོ་ཆུང་ཚེ་ཡིས་་་་་་་
    ཕ་ལམ་སྙན་ངག་མི་ཤེས་རུང་།།
    ཤེས་བའི་དབྱིན་བོད་ཨོ་ཙམ་གྱིས།།
    བསྒྱུར་རྩོམ་མ་རྩོམ་མི་མཐུན་རུང་།།
    ཀློག་པ་བོ་ཡི་གུས་བ་ཐོབ།།

    ཨ་ཁུ་ཀླུ་སྨྱོན་གྱིས་་་་་་།

    ཅི་འདི་མེད་པའི་སྙན་ངག་འབྲི།།
    སྙན་པ་རྣམས་ལ་སྙན་ཚོད་མེད།
    མི་སྙན་དག་ནི་བསུན་སྤྱད་ཡིན།
    བླ་རྒན་འདི་ལ་དྭངས་འཐིབ་མང་།།

    ཧ་ཧ་ཧ།

    ཨ་རོགས་ཆ་བོ། རྩེད་མོ་ཡིན་རྩེད་མོ་ཡིན། ཁོང་རྣམ་པ་ཚང་མ་ལ་གུས་དུད་ཡོད། གཅིག་མེད་ན་སྒོང་རྡོག་སྐྱ་རིལ། ཧ་ཧ་ཧ།

  11. དཀར་མཛེས་གངས་ཕྲུག་ says:
    2013-12-10 at 5:45 am

    ཧཧཧཧ

  12. གསར་བུ། says:
    2013-12-10 at 6:57 am

    སྒོ་ཤེར་གྱིས་ཀླུ་སྨྱོན་ལ་སློབ་གསོ་ཡག་པོ་ཞིག་གནང་འདུག
    གང་ལྟར་གོང་གི་བཞི་བོའི་ནང་ནས་སྙན་ངག་པའི་ཁྱུ་མཆོག་ཅིག་ཨུ་ཚུགས་ཀྱིད་ཟེར་དགོས་ཡོད་ན་ཧོར་འཇིགས་ལས་འོས་བ་སུ་གང་མི་འདུག་ག

    ར ངཏ ཙ ག

  13. ཆོས་འཁོར་ལྷ་རམས་པ་ says:
    2013-12-10 at 9:20 am

    སྔོན་གྱི་མཁས་པ་ཆེན་པོ་རྣམས་ཀྱི་རྗེས་སུ་རྐང་པ་འཇོག་ཐུབ་པའི་སྙན་ངག་མཁན་གཅིག་དེང་སང་ཡོད་ན་དེ་ནི་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཡིན།
    གཞན་དག་གི་སྙན་ངག་ཀྱང་མི་སྙན་པ་མ་རེད་མོད་ལྗིད་ཁོག་ཁྱོན་ནས་མི་འདུག

  14. ཆོས་འཁོར་ལྷ་རམས་པ་ says:
    2013-12-10 at 9:25 am

    ཀླུ་སྨྱོན་དང་། ཧོར་འཇིགས། རྫ་ཚེ། སྤྲེལ་ནག་བཞི་པོའི་སྙན་ངག་ཀྱང་དངོས་གནས་འགྲན་ཟླ་བྲལ་བ་ཏག་ཏག་རེད། གཞན་ཆབ་བྲག་སོགས་ནི་མ་ཤེས། ཆུང་ཚེ་རིང་སྙན་ངག་མཁན་གྱི་ཁྱུ་མཆོག་དང་ཤེས་རབ་ཚེ་རྡོར་བོད་རིག་པའི་མཁས་དབང་ཡིན་པ་འདི་བཤད་མཁན་གྱིས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སྤྱོད་བྱས་པ་ཙམ་ཞིག་ཡིན་པ་འདྲ།

  15. མི་གསོན་པོ says:
    2013-12-10 at 9:45 am

    ཡག་པོ་འདུག སེམས་ཤུགས་འཕེལ་ཆེད་སྐུལ་འདེད་བྱེད་རྒྱུ་ནི་རྩོམ་པ་པོ་ཞིག་ལ་ཐོབ་དགོས་པའི་ཆ་རྐྱེན་བླ་མེད་ཅིག་རེད། དོན་དངོས་ཀྱི་བོད་ཕྱི་སྡོད་སྙན་ངག་པ་ནི་ཧོར་འཇིགས་ལས་གཞན་བཤད་ཚོད་མི་ཐིག སྙན་ངག་གླེང་སྐབས་མི་གཞི་དང་ཀུན་སྤྱོད་བཤད་རྒྱུ་ནི་དེ་ཙམ་འོས་པ་མ་མཐོང་།

  16. བོད་ལ་ཞེན། says:
    2013-12-10 at 12:20 pm

    རང་གིས་རང་ལ་བསྟོད་པ་ནི།། དབང་ཕྱུག་ཡིན་ཀྱང་མཛད་མ་ལགས།།

  17. བོད་ལ་ཞེན། says:
    2013-12-10 at 12:21 pm

    མཛེས་མ་ལགས།།

  18. བསམ་ཤེས། says:
    2013-12-10 at 12:32 pm

    ཚང་མ་སྙན་ངག་ཡག་པོ་ཤ་སྟག་རེད། ཤ་རྡོག་སྒང་ལ་མར་རྡོག་བརྒྱབ་པ་ལྟ་བུ། གཅིག་གི་རྒྱན་ལ་གཅིག་ཤོས་ཕེབས་པ་ཤ་སྟག་རེད། ཡིན་ནའང་། ཀློག་འདོད་ཆེ་ཤོས་དེ་ཀླུ་སྨྱོན་གྱི་སྙན་ངག་རེད། སྲོལ་རྒྱུན་གྱི་བཀག་རྒྱ་དག་ནས་གྲོལ་ནས། བློ་རྩལ་དང་། རིགས་པ། ཡ་མཚན། གོད་བྲོ། དེ་བཞིན་སྐྱོ་དུང་སོགས་དམར་རྗེན་དང་གབ་པ་སྣ་ཚོགས་ལས་རང་གི་ཚོར་བ་སྟོན་པས་སོ།

  19. ཆོས་འཁོར་ལྷ་རམས་པ་ says:
    2013-12-10 at 1:58 pm

    ཨ་ཨ་གོང་ན་མཆན་མང་པོ་ཞིག་བྲིས་འདུག་པ་ངའི་ལྟ་བ་མིན་ལ་ངས་བྲིས་པ་ཡང་མིན། དེ་རིང་སྐུ་མགྲོན་ཚུབ་པོ་ཞིག་འདིར་ཡོད་པས་ངས་གློག་ཀླད་བེད་སྤྱོད་བཏང་ནས་བྲིས་འདུག མ་རབ་ཐ་ཤལ་འདིས་ད་དུང་གཞན་ཟིག་ན་ཅིག་བཏང་ཡོད་ཟེར་་གི་འོན་ཀྱང་གང་ན་ཡོད་མ་རིག་ཐལ། རྙོག་དྲ་འདྲ་བཟོས་ཡོད་ན་བཟོ་ས་དེ་ལ་དགོངས་དག་ཞུ།

  20. བསམ་ཤེས། says:
    2013-12-10 at 3:35 pm

    རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་། དགེ་ཆོས་ཀྱི་སྙན་ངག་ལ་དམིགས་བསལ་གྱི་བྲོ་བ་འདུག

    ཅིའི་ཕྱིར་ཚངས་རྒྱམ་དང་དགེ་ཆོས་འདི་ལྟ་བུའི་སྙན་ངག་ལེགས་པོ་འབྲི་ཐུབ་བམ། ཁོང་གཉིས་ལྟར་མཚུངས་པའི་སྙན་ངག་པ་གཞན་པ་ཡོད་ན་ངོ་སྤྲོད་ཞུ།

  21. གནམ says:
    2013-12-10 at 5:57 pm

    ཧ་ཧ། ལྷ་རམས་པས་རྫུན་བཤད་ཤེས་འི་འདུག། ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་ཤོར་ན་དེ་འདྲ་ལས་ཅི་ཡོད།

  22. བསྟན་འཛིན། says:
    2013-12-11 at 12:28 am

    སྙན་ངག་མཁས་ཆེན་པ་ཞིག་འདོད་ན། མེད་པར་སྒྲོ་འདོགས་དང་ཡོད་པར་སྐུ་འདེབས་ཀྱིས་རྒྱན་པའི་མིང་ཚིག་དག་ལ་མཁས་དགོས་ནི་རེད། སྙན་ངག་གི་རང་བཞིན་ངོ་མ་དེ་མོ་རེད།

  23. ཁང་སྨིན་གྲོལ་རྒྱ་མཚོ། says:
    2013-12-11 at 4:04 am

    ཧོར་འཇིགས་ཀྱིས་བྲིས་པ་ཕལ་མོ་ཆེ་གོ་སླ་བའི་སྙན་ངག་གི་རིགས་ཡིན་པས། འབྲི་སྟངས་དེས་བོད་ཕྱི་ནང་གི་སྙན་ངག་ལ་དགའ་བ་མང་པོ་ཞིག་བསྐྱེད་བསྲིང་བྱས་ཡོད་པ་གསལ་པོ་རེད། འོན་ཀྱང་ཀུན་སྤྱོད་ཀྱི་ཆ་ནས་ཧོར་འཇིགས་ལ་སྙན་པ་ངག་པ་ཚད་ལྡན་ཞིག་གི་ཆོ་ལོ་འབུལ་ཨེ་ཐུབ་སྙམ་པའི་དོག་པ་ཡོང་གི་ཡོད། དེ་མིན་རྒན་ཆབ་བྲག་ལགས་ཀྱིས་བྲིས་པའི་སྙན་དེབ་གསུམ་པོའི་ནང་ཧོར་འཇིགས་ཀྱིས་བྲིས་པའི་གདོན་འཕྲུལ་ལྟ་བུའི་བཟི་ཁ་སོགས་ལ་འགྲན་བཟོད་པའི་གཏམ་སྙན་མོ་དེ་འདྲ་དཀོན་པ་འདྲ། དེ་མིན་རྒན་བེ་རི་ཡང་སྙན་ངག་པའི་ཁྱུ་མཆོག་གི་གྲས་སུ་འཇོག་དགོས་པར་འདོད། ཀླུ་སྨྱོན་ཡང་གུ་ཡངས་པའི་སྙན་ངག་པ་རེད། འོན་ཀྱང་རབ་བྱུང་བ་ཞིག་ཡིན་པའི་ཆ་ནས་ཅུང་གུ་ཡངས་དྲགས་པའི་ཚོར་བ་ཡོང་བ་གི ཆུང་ཚེ་རིང་ལགས་ཀྱིས་སྙན་ངག་མང་པོ་བྲིས་བ་མ་མཇལ་ནའང་། ད་ཕན་ཞིབ་འཇུག་དང་། ཡིག་བསྒྱུར་གྱི་བྱ་བའི་ཐད་ནས་ཨ་མདོའི་སྙན་ངག་པ་ཡིན་ཟེར་མཁན་ཚོས་ནམ་ཡང་འགྲན་མི་ནུས་པའི་གྲུབ་འབྲས་ཆེན་པོ་བླངས་ཡོད་པར་འདོད་དོ། མདོར་ན། ང་ཚོའི་སྤྱི་ཚོགས་ནང་གི་སྙན་ངག་པ་ཡིན་ཟེར་མཁན་གྱི་སྐྱ་སེར་གང་ཡིན་རུང་། ཀུན་སྤྱོད་ལ་སྣང་མེད་བཏང་སྟེ་ངག་ནས་ཆེན་པོ་ཞིག་བཤད་ཀྱི་ཡོད་པ་དག་གིས་ནི་རང་གི་རྐང་རྗེས་ལག་བསུབ་བྱས་དང་བྱེད་ཀྱི་ཡོད་པས་དེ་ཕྱོགས་ནས་ད་བསུབ་དཀའ་བའི་སྟོང་ཆ་ཆེ་ཀི་འདོད་ཡོད།

  24. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-11 at 6:31 am

    ས་མཐའི་ཡུལ་ན་སྙན་ངག་པ། བརྒྱ་དང་བརྒྱད་ཀྱང་ལོངས་ཚོད་ཡོད།
    མཚོ་གཅིག་སྐྱིད་གཉིས་དབྱངས་ཅན་མའི། སྲས་མོ་རྣམ་གསུམ་སུ་ཡིས་ཁེད།

  25. གཡུ་ཐོག་རྒྱལ་པོ། says:
    2013-12-11 at 5:06 pm

    ལྟས་ངན་ཁུག་ལྟ་དེ་ཕྱོགས་ལྷུང་གིས་བཟི་ནས་ཆུང་ཚེ་རིང་གིས་སྙན་ངག་འབྲི་གི་ཡོད་པ་མཐོང་མེད་པ་འདྲ། ཆུང་ཚེ་རིང་གིས་རང་ཉིད་ཀྱི་དྲ་བ་བྱ་སྒྲོ་དཀར་པོའི་ནང་སྙན་ཅི་ཙམ་བྲིས་ཡོད་མིན་ད་དུང་ཡང་མཐོང་མ་བྱུང་ངམ། ངོ་མ་ཁྱད་མཚར་རེད། གཉིས་པ། ཧོར་འཇིགས་ཀྱིས་སྙན་ངག་སྙན་གྲགས་ནས་རྡ་སའི་ཐན་བྱ་ལྐུག་ལྟ་རྣམས་ཀྱིས་ཀྱང་གྱེར་བ་ཐོས། ལྷག་པར་དུ་ཧོར་འཇིགས་ཀྱིས་ཨ་མར་བསྟོད་པའི་སྙན་ངག་དེ་དང་ཁོ་པས་ཨ་མར་བཅངས་པའི་བརྩེ་སེམས་ཀྱིས་བར་ཐག་དེ་ཅི་ཙམ་ཡིན་མིན་ཁོ་པས་ཨ་མ་རྒྱ་གར་དུ་ཡོང་སྐབས་རང་ཁྱིམ་དུ་མ་ཡོང་བར་ནོར་གླིང་དུ་ཁེར་ལ་སྤུད་པ་དེ་རེད།
    དེ་ནས་ལྷ་མོ་སྐྱབས་ལགས་རེད། ལྷ་མོ་ལགས་དངོས་གནས་དྲང་གནས་རྗེ་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་རྐུ་འབྲི་བྱ་རྒྱུར་བྱང་ཕྱུགས་པ་ཡོད་པ་འདྲ།

  26. རོང་བཙན། says:
    2013-12-11 at 7:16 pm

    ཨ་མདོ་བ་ཚོས་སྙན་ངག་པ་དང་རྩོམ་པ་པོ་ཡིན་ན་ཨ་མདོ་བ་ཡིན་དགོས་བསམ་པ་འདི་ཅི་འདྲ་ཅོ་ཆུང་གི་བསམ་བློ་ཞིག་མ་རེད་དམ། དེང་སང་གྲྭ་ས་ཁག་ནས་ཐོན་པའི་རྩོམ་པ་པོ་དེ་ཚོས་མིང་གྲགས་ཅན་གྱི་ཨ་མདོ་བ་རྩོམ་པ་པོ་ཚོ་ཆུ་ནང་བཞིན་སླ་པོ་བཟོ་བཞིན་འདུག། གསར་སྐྱེས་རྩོམ་པ་པོ་དེ་ཚོས་ནང་ཆོས་ཀྱི་གཞུང་ལུགས་དང་སྙན་སུམ་བརྡ་དག་སོགས་ཀྱི་རྣམ་དཔྱོད་དེས་རིག་གནས་ཕྱོགས་རེ་བའི་ཨ་མདོ་བ་ལ་ཨོ་མདོ་མེད་པ་གསལ་ནས་གསལ་དུ་བཟོ་བཞིན་འདུག་གོ།།

  27. ཀླུ་སྨྱོན། says:
    2013-12-11 at 7:20 pm

    ཐོས་པའི་གཏམ་ལ་སྙན་པོ་བྱུང་། གྲྭ་ས་ཁག་ནས་ཐོན་པའི་རྩོམ་པ་པོ་དེ་ཚོ་ངོ་སྤྲོད་ཅིག་བྱེད་རོགས། ཁོ་ཚོའི་བརྩམས་ཆོས་ཀྱང་ངོ་སྤྲོད་ཅིག་བྱེད་རོགས།

  28. རོང་བཙན། says:
    2013-12-11 at 8:55 pm

    ཀླུ་སྨྱོན་ལགས། ཁྱེད་དངོས་གནས་བོད་ཀྱི་རིག་གཞུང་ལ་ཐུགས་བཞེད་གནང་མཁན་ཞིག་ཡིན་ན་མི་གཞན་གྱིས་ངོ་སྤྲོད་མི་དགོས་པར་རང་ཉིད་ཀྱིས་དཔྱད་ཤེས་ཐུབ་པ་དགོས་རྒྱུ་དེ་རེད། འོན་ཀྱང་བོད་ཀྱི་རིག་གཞུང་སྤྱི་མོར་རྩོམ་རྩལ་ཁྱེད་དང་མཉམ་པའམ་ལྷག་པ་ཁ་ཤས་ངས་ཁྱེད་ལ་ངོ་སྤྲོད་ཞུ་ཆོག། འཆམ་ར་དྲི་མེད་རྒྱལ་མཚན། འབའ་པ་སྐལ་བཟང་རྒྱལ་མཚན། འཇམ་དཔལ་ཚུལ་ཁྲིམས། རྫ་ཚེ་རིང་བཀྲིས། པུ་རྒྱ་བའམ་ཉི་མ་རྒྱལ་མཚན། སེར་ཤུལ་རིན་ཆེན་དོན་གྲུབ། ཚ་ཕྲུག་རྒྱལ། རིག་འཛིན་ཁྱུང་པོ། བྱང་ཐང་ཕོ་ན། ཚངས་སར་འཕྲིན་ལས། ལི་ཐང་དབྱིན་གཉེན། ད་དུང་མང་། ཁོང་རྣམ་ཚོར་རང་རང་གི་དྲ་རྒྱ་རེ་འདུག་པས་དེར་འཟིགས་དང་རྩོམ་ཡིག་དེ་དག་ཁྱེད་ཀྱི་སྤྱན་ལམ་དུ་གང་འདོད་ལྟ་ཀློག་ཐུབ་རྒྱུ་རེད། ཁོང་ཚོའི་རྩོམ་ཡིག་མང་དག་ཅིག་བོད་ཀྱི་བང་ཆེན་དང་ཁ་བརྡ་དུས་བབ་དྲ་རྒྱ་ཁག་ཏུ་མཐོང་རྒྱུ་འདུག་པས་ཁྱེད་ཀྱིས་མ་གཟིགས་པ་ཡིན་དོག་མེད།།

  29. བསམ་ཤེས། says:
    2013-12-11 at 9:45 pm

    ས་མཐའི་སྙན་ངག་མ་འགའ་ཤས་ཆད་འདུག སྙན་ངག་མ་སྨྲ་བའི་དབང་མོ་སྒེག་མ་བསམ་གླིང་ཚེ་རིང་ལྷ་མོ། སྙན་ངག་མ་མཛེས་མ་ཆོས་སྐྱིད་སྒྲོལ་མ། སྙན་ངག་མ་མཛངས་མ་ཚེ་རིང་སྐྱིད། སྙན་ངག་མ་ཕྲ་སྒེག་བསམ་ཤེས་ལ་སོགས་སོ།

  30. གསར་བུ། says:
    2013-12-12 at 9:52 am

    ཚིག་གྲུབ་ཐར་ཐོར་རེ་བྲིས་བ་ཡོད་ཚད་སྙན་ངག་པར་བཤད་པ་འདིས་ཀྱང་སྙན་ངག་གི་ཁོར་ཡུག་ལ་རྨ་ཆེན་པོ་བཟོ་བཞིན་འདུག
    སྙན་ངག་པ་ཞིག་ཡིན་མིན་དེ་སྙན་ངག་རང་སྟེང་ནས་བལྟ་དགོས་པ་ལས་ཆོལ་ཁ་དང་སྐྱ་སེར་ལ་འབྲེལ་བ་ཅང་མི་འདུག་སྙམ། སྙན་ངག་ཟེར་ནས་ལ་བཤད་ལུང་ཅི་ལྟར་བྱེད་རུང་འདི་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པའི་ཆ་ནས་དེ་ལྟར་ང་ཚོས་ལྕི་ཡང་འཇལ་དགོས་པ་ལས་འབྲེལ་མེད་དོན་གཞན་བཤད་དགོས་པ་ཞིག་མི་འདུག སྙན་ངག་མི་ཤེས་བའམ་ཏོག་ཙམ་ཏོག་ཙམ་ཤེས་ཀྱང་འགན་ཡང་མི་འཁུར་མཁན་ཚོས་རང་སྣང་གང་དྲན་གྱིས་”ཐོབ་ཐང་ཉོག་གཏམ་”གང་ཐུབ་བཤད་པར་བྲེལ་བསྡད་ཡོད་འདུག གང་ལྟར་ངས་བཤད་འདོད་པ་དེ་འདི་ལྟར། ཆབ་བྲག་མེ་ལོང་མ་ཟེར་བའི་གནའ་རྫས་དེ་ལ་འགྲེལ་ན་ཡག་ན་ཐང་མོད་ཁོས་བྲིས་བའི་སྙན་ངག་དེ་ཚོ་ལ་སྒྱུ་རྩལ་གྱི་ཆ་མ་འདྲ་བ་ཞིག་གཏན་ནས་མཐོང་སོང་། ཆུ་སྐྱེས་སྒྲོལ་མ་ཟེར་བའི་འགྲེས་མོ་དེ་དང་ཚེ་རིང་སྐྱིད་ཟེར་བའི་འགྲེས་གཞོན་དེ་གཉིས་ཀྱིས་སྒྱུ་རྩལ་ཟེར་བ་ཞིག་གང་ནས་ཡོང་ཐ་ན་རྒྱུན་བཀོལ་གྱི་དག་ཆ་ཡག་པོ་ཞིག་ཤེས་ཀྱི་ཡོད་མེད་ང་ལ་དོགས་པ་ཡོད།

  31. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-13 at 7:32 am

    གླུ་བ་ཞེས་པའི་ནང་ན་ཡང་རབ་འབྲིང་ཐ་གསུམ་ཡོད་ལ། དེ་བཞིན་རི་མོ་བ་དང། རྩོམ་པ་པོ། ཞིབ་འཇུག་་པ་ལ་སོགས་པར་ཡང་རབ་འབྲིང་ཐ་གསུམ་ཡོད་པ་རེད། དེ་བས་སྙན་ངག་པ་ལ་ཡང་རབ་འབྲིང་ཐ་གསུམ་རེ་ལོས་ཡོད། དེས་ན་ང་དང་ང་འདྲ་བ་དེ་ཚོ་ལ་ཡང་སྙན་ངག་པ་ཐ་མའི་གྲལ་རྔ་རེ་ཐོབ་ཆོག་པར་འདོད། ཧཧཧཧཧ
    མ་གཞི་དེང་སང་གནད་དོན་ཚབས་ཆེན་ཞིག་འབྱུང་བཞིན་པ་ནི་སྲོལ་རྒྱུན་སྙན་དངགས་སྙན་ངག་ཏུ་མི་བརྩི་བའི་མི་རབས་གསར་བ། ཕྱི་ལུགས་ལ་ཨ་གསར་ཚ་བའི་རྩོམ་རིག་གི་རྨོངས་དད་པ་དེ་ཚོ་རེད། དེ་བཞིན་ཚན་རིག་གི་རྨོངས་དད་པ། ཆབ་སྲིད་ཀྱི་རྨོངས་དད་པ་སོགས་དགོད་བྲོ་བ་གང་མང་ཞིག་ཐོན་གྱིན་པ་འདི་ཡང། གཅིག་བྱས་ན་སྙིགས་མ་ལྔ་བདེའི་ནད་རྟགས་ཤིག་ཡིན་ལས་ཆེ། ཧ་ཧ་ཧ་ཧ

  32. གསར་བུ། says:
    2013-12-24 at 7:40 pm

    ཆབ་ལྷ་ལགས། སྙན་ངག་ཟེར་བ་སྒྱུ་རྩལ་ཞིག་ཡིན་པས་ཚིག་གྲུབ་ཅིག་བཟོ་ཤེས་བ་ཐམས་ཅད་པོ་སྙན་ངག་པར་འབོད་དགོས་པ་ཡིན་ནམ། སྙན་ངག་པ་ཡིན་མིན་ཟེར་བ་དེས་བྲིས་པའི་སྙན་ངག་ལ་སྒྱུ་རྩལ་གྱི་མིག་ཤེལ་འོག་ནས་བལྟ་དགོས་པ་ལས་ཚིག་གྲུབ་མང་ཉུང་གི་ཆ་ནས་སྙན་ངག་པར་བསམ་དུ་མི་རུང་ངོ།
    ཁྱོད་ཀྱིས་འདོད་པའི་སྲོལ་རྒྱུན་སྙན་ངག་དེ་གང་ལ་ཟེར་གྱི་ཡོད་དམ། དབྱིག་པ་ཅན་གྱི་གནའ་རྫས་དེ་ཡང་ཕྱི་ལུགས་མ་ཡིན་ནམ།
    སྐད་ཆ་ཙམ་བཤད་ཤེས་བ་མིའི་རིགས་ཀྱི་ལྷན་སྐྱེས་ཡིན་པ་དང་སྨྲ་བ་ཤེས་བ་ཡོད་དོ་ཅག་གིས་གླུ་ལེན་ཨེ་ཤེས། བྱིས་པ་དམར་རྗེན་ཞིག་ཉལ་ས་ནས་ངུས་པ་དེ་ཡང་གླུ་སྐད་ཅིག་ཏུ་བསམ་ཆོག་གམ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme