Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་མཐའི་གྱེས་གདུང་།

Posted on 2011-04-25 By ཁ་བརྡ་ No Comments on ས་མཐའི་གྱེས་གདུང་།

དགེ་འདུན་པཀྵི།

མདང་གི་མཚན་མོར་རྨིས་པའི་རྨི་ལམ་ཞོགས་པའི་ལྡོག་འཕྲོའི་འོད་ཀྱིས་དཀྲོགས།།
ཁྱེད་ཀྱི་ཞལ་རས་མཇལ་བའི་ཏིང་འཛིན་ལྷན་ཅིག་སྟོང་བའི་དབྱིངས་སུ་ཐལ།།
གསང་ངེར་འབྱིན་པའི་དབུགས་རིང་དང་བཅས་མལ་གྱི་ཁྲི་ལས་ལྡང་བའི་ཚེ།།
སླར་ཡང་ལོ་ལས་རིང་བའི་ཉི་མ་གཅིག་པུས་སྐྱེལ་བར་ཞེ་ནས་ཁྲེལ།།

འདི་ལྟར་ལོ་ལས་རིང་བའི་ཉི་མ་བཙན་གྱིས་བསྐྱལ་བའི་ལོ་ཟླའི་ཁྲོད།།
བདག་གི་ཡིད་ལ་རྟག་ཏུ་འཆར་བ་གང་ཁྱོད་ཞལ་གྱི་དཀྱིལ་འཁོར་ཏེ།།
སེམས་ཤིང་སེམས་ཤིང་རབ་ཏུ་སེམས་པས་ཏིང་འཛིན་རང་རྩལ་རྫོགས་གྱུར་ནས།།
གཏད་པ་མེད་ཀྱང་ཡིད་ཀྱི་ངོས་སུ་ལོ་དང་ཟླ་བའི་ཁོར་མོར་རོ།།

ལྷགས་རླུང་ལྡང་བའི་འོ་དོད་རྣོན་པོས་དགུན་གྱི་འབོད་ཚིག་བསྐྱར་བ་ན།།
ཕུག་རོན་བྲེད་པའི་ཀུ་ཅོ་དག་གིས་རྣ་བའི་བུ་གར་གཙེ་བར་བྱེད།།
ཐིང་སྒྲོག་མཚན་མོའི་མཆིས་མལ་གནས་ན་ཏིང་འཛིན་སྒོམ་པའི་བདག་པོ་ཡང་།།
ཕུག་རོན་བཞིན་དུ་ཉམ་ངའི་གླུ་དབྱངས་མཆི་མའི་གང་བུར་བསྒྲེས་ནས་འབྱིན།།

ཉི་མའི་ཕྲེང་བ་སོར་མོས་བགྲངས་ནས་ལོ་དང་ཟླ་བ་རིམ་གྱིས་འདས།།
ཁྱེད་ཀྱི་ཞལ་རས་ཟླ་བའི་དཀྱིལ་འཁོར་མཇལ་བའི་དུས་དེ་མི་སླེབས་ཅི།།
དགོང་ཞོགས་རྒྱུན་མར་མཐུད་པའི་འཁོར་ལོར་བདག་གིས་ཁྱོད་མཚན་གླུ་རུ་གྱེར།།
ཕུག་རོན་ངུས་པའི་སྨྲེ་སྔགས་དེ་ལས་ལན་ལྡོན་བྱེད་པོ་སུ་ཞིག་མཆིས།།

ལྗང་མདོག་བཀྲ་བའི་དབྱར་གྱི་ལང་ཚོ་ཙག་དང་བསེར་བུས་ཁམ་ཟས་བགྱིས།།
ཁུ་བྱུག་མོན་དུ་ལོག་པ་ཡིན་ནམ་ཀོ་ཀིའི་དབྱངས་སྙན་བག་ལ་ཞ།།
སྡུག་སྨྲེ་འབྱིན་བཞིན་ལྷོ་རུ་བཞུད་པའི་ཁྲུང་ཁྲུང་ཚོགས་ནི་དབྱིངས་སུ་ཐིམ།།
ཀྱེ་མ་ནམ་མཇུག་རླུང་བོའི་ཁྲོད་དུ་ཁོ་བོའི་ལས་སྐལ་མི་རྫོགས་ཅི།།

དུས་ཀྱི་འཁོར་ལོ་རེས་ཀྱིས་འཁོར་ནས་སྨིན་དྲུག་ཟླ་བ་ཟླ་བ་རྫོགས་པར་གྱུར།།
མཁའ་གླང་ངུས་པའི་མཆི་མ་དག་ཀྱང་དྲུག་ལྡན་ཁ་བའི་འདབ་མར་སྤྲུལ།།
གངས་ཤུད་གློད་པའི་བྱིས་བ་དག་ལ་དགའ་བའི་དངོས་གྲུབ་བསྐྱར་དུ་ཐོབ།།
འོན་ཀྱང་གྱེས་བྲལ་སྐལ་བར་སྨིན་པ་དག་ལ་སྡུག་གི་ཕུང་བོར་གྱུར།།

བུ་ཡུག་འཚུབ་པའི་འཁྱགས་རླུང་རུམ་ན་ཁ་བའི་འདབ་མ་ལྡིང་སྐོར་བྱེད།།
ལྷགས་པས་བདས་པའི་ཅོ་གའི་ཚོགས་ཀྱིས་རང་གནས་སྟོར་བའི་འོ་དོད་འབྱིན།།
གཞན་ཡུལ་བསྙེགས་པའི་སྐྱེ་བོ་དག་ལ་ཀུན་ཀྱང་སྐྱོ་བའི་རྒྱུ་ཉིད་དེ།།
རེ་བ་དོན་དུ་མ་སྨིན་ཚེ་ན་སུས་ཀྱང་སྡུག་བསྔལ་བྱེད་པ་ཉིད།།

རེ་ཞིང་སྒུག་པའི་ལྷན་འཛོམས་དུས་ཤིག་འབྱུང་འགྱུར་ལོ་ཟླའི་ཁོར་ཡུག་ལ།།
བཟློག་མེད་ལས་ཀྱི་སྐལ་བ་ཉིད་དུ་འཐོབ་པར་འགྱུར་ཞེས་བདག་གིས་སེམས།།
དེ་སླད་ཁྱོད་ཀྱང་སྡུག་བསྔལ་མང་པོ་བདག་གིར་བྱེད་པ་མི་རིགས་ཏེ།།
མི་འགྲུབ་ལས་ལ་མྱ་ངན་བྱེད་པ་ངེས་པར་རྒྱུ་མཚན་མེད་པ་ཉིད།།

བདག་གིས་རང་སེམས་གཅུན་པའི་མོད་ལ་ཉི་མའི་ཕྲེང་བ་ནུབ་རིར་བསྐྱལ།།
གང་ཁྱོད་ཞལ་རས་བསྙེལ་བ་མེད་པར་ཡིད་ཀྱི་ཁང་བར་གཏེར་དུ་སྦས།།
དེ་བཞིན་ཁྱོད་ཀྱང་ལོ་ཟླའི་ཁྱུད་མོར་བདག་ཉིད་བརྗེད་པ་མི་རིགས་ཞེས།།
རྟག་ཏུ་སེམས་ཤིང་གནས་པར་གྱིས་ཞེས་དམར་པོ་སྙིང་འདིས་ཁྱོད་ལ་འོ།།

སྙན་ངག

Post navigation

Previous Post: རྡོར་གླིང་ལྕགས་པོ་རིའི་བོད་ཀྱི་གསོ་རིག་མཐོ་སློབ་ནང་སྨན་སློབ་གསར་པ་བསྡུ་རྒྱུའི་གསལ་བསྒྲགས།
Next Post: སེམས་པའི་དག་འབུད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme