Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤོབ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྐོར་ལ་དྲིས་ལན།

Posted on 2016-04-162016-04-16 By ཁ་བརྡ 21 Comments on ཤོབ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྐོར་ལ་དྲིས་ལན།

འོས་སྦྱོར་བ། གཅན་བཟོད་རྒྱམ།

 

རྒན་འཇམ་དཔལ་བློ་ཤེས་ལགས་ཀྱིས་སེང་རྡོར་གྱི་ཤོབ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྐོར་ལ་དྲིས་ལན་བཏབས་པ།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་འགའི་དྲི་བ། སེང་རྡོར་གྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་ཤོབ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་བཏགས་ནས་རྩོམ་ཡིག་གཅིག་བྲིས་པ་དེ་ལ་དགོངས་ཚུལ་ག་རེ་ཡོད་དམ།

དགེན་འཇལ་དཔལ་བློ་ཤེས་ཀྱིས་ལན་དུ།
འདི་ལ་སྙིང་རྗེ་བ་ཞིག་རེད་ལ། ཁྱད་པར་དེའི་ཕ་མ་དང་སྤུན་མཆེད་སོགས་ཡུན་རིང་ནས་ནང་བསྟན་ཆོས་ལུགས་ལ་དད་འདུན་གྱི་བག་ཆགས་ཆེས་འཐུག་པོ་ཞིག་ཡོད་པ་དག་ལ་བྱེད་སྟངས་མ་ཤེས་པའི་དཀའ་ངལ་ཇི་འདྲའི་ཆེན་པོ་ཞིག་ཡོང་རྒྱུ་རེད། བསམ་བློ་ཞིག་ཐོངས་དང་ཡ་ང་བ་ཞིག་རེད། ཁོ་རང་ཉིད་ཀྱིས་ཀྱང་ནང་བསྟན་ཆོས་ལུགས་ཀྱི་བཀའ་དང་བསྟན་བཅོས་ཀྱི་ནང་དོན་གྱི་སྙིང་པོ་གང་ཡང་མ་ཤེས་པར་བཤད་རྒྱུར་དགའ་བ་ཞིག་རེད་ལ། དེ་ལྟར་མ་བཤད་ན་རང་ཉིད་སྒྲོག་པར་བྱེད་པའི་ཐབས་ཤེས་མ་བྱུང་བ་ལོས་ཡིན། དེ་ལས་སྐྱོ་བ་ཞིག་ནི། ཁོ་རང་ཉིད་ཀྱིས་རིགས་གནས་དང་གཞུང་ལུགས་ཅུང་ཟད་སྤྱངས་པ་དེ་ལྷ་བདུད་དུ་བབ་པ་ལྟར་རང་ཉིད་འཇོམས་པར་བྱེད་པའི་རྒྱུ་དང་གཞན་ལོག་ལམ་དུ་འཁྲིད་པའི་རྐྱེན་དུ་སོང་འདུག ལྷག་པར་ནང་བསྟན་ཆོས་ལུགས་ལ་ཁུངས་ལུང་མེད་རབས་དང་རྨོངས་དད་ཡོད་རབས་བཤད་ནས་ཡེ་ཤུའི་ཆོས་ལ་འཛུལ་ཡོད་རབས་བཤད་ཀྱིན་འདུག་པ་བདེན་ན་རྣམ་དཔྱོད་ཀྱིས་དཔྱད་དེ་བློ་ལོག་པ་ཞིག་མིན་པར་རྒྱབ་ལྗོངས་ལ་དགོས་མཁོ་གཞན་དང་ལས་དོན་གཞན་ཞིག་ཡོད་པར་ཐག་ཆོད་མོད་ངས་ཏག་ཏག་བཤད་མི་ཤེས།

སྤྱིར་ཤོབ་ཅེས་པ་རྫུན་གྱི་དོན་དང་། རྫུན་ཞེས་པ་མི་བདེན་པའི་སྐད་ཆའི་མིང་སྟེ། དོན་ལ་མི་གནས་པའི་སྐད་ཆའམ་ཀུན་སློང་ཕྱིན་ཅི་ལོག་གིས་འདུ་ཤེས་བསྒྱུར་བའི་སྐད་ཆ་ལ་ཟེར་བས། ཁོ་རང་ཉིད་ཀྱིས་བཀའ་དང་བསྟན་བཅོས་ཀྱི་ནང་དོན་གྱི་ཆ་ནས་བརྒྱ་ཆའི་གཅིག་གཉིས་ཤིག་ཀྱང་མི་ཤེས་ཤིང་། བརྒྱད་ཁྲི་བཞི་སྟོང་གི་ནང་དོན་གྱི་ཆ་ནས་འདི་མ་རེད་ཅེས་བརྒྱ་ཆའི་གཅིག་ཀྱང་བཤད་རྒྱུ་མ་རེག་པར་འདི་དག་ཤོབ་རེད་ཅེས་ལབ་ན་འུར་ཆེན་པོས་ཤོབ་བཤད་པ་དངོས་ཡིན་པ་ལས་སྐད་ཆ་དེ་ཏག་ཏག་བསྡད་མེད་པ་རེད། དཔེར་ན། བོད་རིགས་ཀྱི་མི་འདིས་རྫས་འདི་བརྐུས་ཞེས་ཅུང་ཟད་ཀྱང་བརྗོད་རྒྱུ་མ་བྱུང་བར་བོད་མི་ས་ཡ་དྲུག་རྐུན་མ་རེད་ཅེས་པ་དང་ཁྱད་པར་གཏན་ནས་མེད་ལ། སྐད་ཆའི་ནང་དོན་མ་གོ་བར་སྐད་ཆ་དེ་རྫུན་རེད་ཅེས་བརྗོད་སྟངས་ག་ནས་ཡོང་།སྟོན་པའི་ཆོས་ཕུང་དེ་ཤོབ་རེད་ཅེས་བཤད་ནས། དེ་ཀླུ་སྒྲུབ་ཀྱིས་རྫུན་རྒྱབ་རྫུན་ལངས་བྱས། དེ་ལ་ཐོགས་མེད་ཀྱིས་དེ་ལྟར་བྱས། དེའི་རྗེས་འབྲང་གི་མཁས་ཤིང་གྲུབ་པ་བརྙེས་པ་ཐམས་ཅད་ཀྱིས་རྫུན་རྐྱང་རྐྱང་བཤད་དེ་ཡོང་།

ད་དུང་མི་ལོ་2550ལྷག་གི་རིང་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་གི་མཁས་པ་དང་གྲུབ་པ་དང་དཔོན་པོ་དང་ཚོང་པ་ཆེད་ལས་པ་དང་ཚན་རིག་པ་སོགས་ཚང་མ་ལྐུགས་པ་ལུག་ལྟ་བུ་ཤ་སྟག་དང་། རྨོངས་དད་པ་དང་རྫུན་ལ་ཡིད་ཆེས་མཁན་རྐྱང་རྐྱང་རེད། རྣམ་དཔྱོད་ཀྱི་ཤེས་རབ་དང་ལྡན་པ་དང་། བདེན་གཏམ་བཤད་ཐུབ་ངེས་ང་མ་གཏོགས་མེད་ཅེས་པའི་ཚོད་ལ་སླེབས་པ་རེད། དེ་འདྲ་ལ་སུ་ཞིག་གིས་ཡིད་ཆེས། སྔོན་ཆད་ཀྱི་གནས་ཚུལ་མང་པོ་ཞིག་འདི་ལྟར་ཡིན་མི་སྲིད་དེ་ད་ལྟའི་གནས་སྟངས་འདི་དང་འདི་ལྟར་ན་དེ་འདྲ་ག་ནས་ཡོང་ཞེས་དང་འདི་ལྟར་ཡོང་མི་སྲིད་དེ། ངའི་བློའི་ཡུལ་དུ་ཤོང་གི་མི་འདུག་ཅེས་པས་གང་ཡང་མི་ཕན་དེ། ང་ཚོའི་བློའི་ཡུལ་ལས་འགོང་བའི་བྱ་བ་མང་པོ་ཞིག་སྔོན་ཆད་བྱུང་མྱོང་ལ། མ་འོངས་པར་ཡང་ཡོང་སྲིད། འདི་མི་སྲིད་བྱ་བ་ཤིན་ཏུ་དཀའ། དཔེར་ན། འདི་ནས་བརྩིས་པའི་ལོ་སུམ་བརྒྱའི་ཡར་སྔོན་དུ་མི་ཞིག་ལ་གནམ་གྲུ་ཞེས་པ་མི་མང་པོ་ཁུར་སྟེ་གནམ་ལ་འཕུར་འགྲོ་བའི་འཕྲུལ་ཆས་དེ་འདྲ་ཞིག་ཡོད་ཅེས་པའམ་ཡང་ན་བཟོ་དགོས་ཞེས་སྨྲོས་ན། འདི་སྨྱོ་བ་རེད་དམ་འཁྲུལ་བ་རེད་ཅེས་སེམས་ཚོར་མ་ཟིན་པའི་མིའི་གྲལ་དུ་བཞག་པ་ལས་སུ་ཞིག་གིས་ཡིད་ཆེས་བྱེད། འདི་འདྲ་བའི་གནས་སྟངས་ཧ་ཅང་མང་།

དེས་ན་ལོ་རྒྱུས་ལ་བདེན་མི་བདེན་གྱི་གནས་ཚུལ་ཅི་རིགས་སྲིད་ཀྱང་ལོ་རྒྱུས་ཀྱི་ཡིག་ཆ་ཕལ་ཆེ་བའི་ཕྱོགས་དང་མཐུན་པར་དེ་ལྟར་ཁས་ལེན་པ་ལས་འོས་མེད་ལ། ལྷག་པར་གཞུང་ལུགས་ཆེན་པོའི་དགོངས་པ་འགྲེལ་བའི་མཁས་པ་ཁག་གིས་ནི་རིགས་པས་དཔྱད་པ་མང་པོ་བྱས་ཏེ་མཐའ་དཔྱོད་པ་དང་གཏན་ལ་འབེབས་པ་སོགས་བྱེད་པས་གཞུང་ལུགས་མཁན་གྱི་བཤད་པ་ཕལ་ཆེ་བ་ནི་དེ་ལྟར་བྱུང་བའི་ཚུལ་དུ་བཤད་དགོས་སོ།།

སྤྱིར་བཏང་ནས། ནང་པའི་ཆོས་ལ་ཁུངས་མི་འདུག་ཟེར་མཁན་ཚོས་ཚུར་ཁྱེད་རང་ཚོ་ལ་ཁུངས་གང་ཡོད་ཅེས་འདྲི་བ་དེ་འདྲི་སྟངས་ནོར་བ་རེད། ཕར་ཁུངས་མེད་པའི་རྒྱུ་མཚན་གང་རེད་ཅེས་འདྲི་དགོས་པའི་ཚོད་རེད།བཤད་རྒྱུ་ཡོད་ན་ཡག་པོ་རེད་དེ། བདེན་བཞིའི་གནས་ལུགས་དང་། སྟོང་རྟེན་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་ཁུངས་མེད་པའི་རྒྱུ་མཚན་རྣམ་དག་གཅིག་ད་བར་བྱུང་མྱོང་མེད་ལ། ད་དུང་ཡང་མི་སྲིད་། ཡོད་ན་ཤོད་དང་། རྒྱབ་ཕྱོགས་ཤིག་ནས་ཡི་གེ་ཁ་ཤས་རེ་བྲིས་ཏེ་མདུན་ལ་ཐོན་རྒྱུ་གཏན་ནས་མེད་པ་དེ་འདྲ་མ་ཡིན་པར་ཚུར་བཤད་གྲྭ་ཆེན་པོ་དེ་ཚོའི་ནང་དུ་ཡོང་ནས་རིགས་པ་དང་རིགས་པ་བསྡུར། ལུང་དང་ལུང་བསྡུར་ནས་ཤོད་དང་འགྲིགས། དྲི་བ་དྲིས་ན་མི་ཤེས་མཁན་ཞིག་གི་སར་སོང་ནས་དྲིས། སྐད་ཆ་བཤད་ན་མི་ཤེས་མཁན་ཞིག་གི་སར་སོང་ནས་བཤད། དེ་དག་གི་ལན་ཡག་པོ་ཞིག་མ་བྱུང་བ་ན་ད་མི་འདུག་ཅེས་སོགས་འུར་སྒྲོག་ལུང་བ་གང་བྱེད་པ་དེ་ཚོ་རིགས་པ་སྨྲ་བ་མ་རེད་ལ། རྣམ་དཔྱོད་ཅན་ག་ལ་ཡིན།

ལྷག་པར་རྒྱ་གར་དུ་འཕགས་པ་ཀླུ་སྒྲུབ་སོགས་ཀྱི་སྐབས་སྔ་ཕྱི་རྣམས་སུ་ཕྱི་ནང་གི་མཁས་པ་ཅི་འདྲའི་མང་པོ་ཞིག་གིས་བལྟས་ནས་བསྡད་ཡོད་པའི་དུས་ཚོད་ཅིག་ལ། སྟོན་པས་མ་གསུངས་པ་ཞིག་གསུངས་པ་རེད་ཅེས་མི་བདེན་རྫུན་སྒྲིག་བྱས་པ་དང་།དེའི་རྗེས་སུ་འབྲང་བ་དག་གིས་མི་བདེན་རྫུན་གྱིས་འཁོར་ལོ་བསྐོར་བ་ཡིན་ན་ཕྱི་ནང་གི་མཁས་པ་དག་གིས་ལམ་སེང་ཚར་གཅོད་ཚུར་འདུས་བྱེད་མི་འགྲོ་བ་མི་སྲིད་ལ། དེ་མ་དགོས་སེམས་ཙམ་ཕྱོགས་ཀྱི་མཁས་པ་དེ་ཚོས་ཀྱང་སྟོན་པའི་དགོངས་པ་མིན་པ་ཞིག་དགོངས་པ་ཡིན་ཞེས་ཟེར་ནས་རྫུན་བཤད་ཀྱི་འདུག་ཅེས་དགག་པའི་ཆར་བ་འབབ་ངེས་རེད། དཔེ་ན།སེམས་ཙམ་པས་དབུ་མ་བ་འགོག་པའི་སྐབས་སུ་དབུ་མའི་ལྟ་བ་དེ་མདོའི་དགོངས་པ་མིན་པ་དང་དེ་ལྟར་ལྟ་ན་ཆད་ལྟར་ལྷུང་བ་འགྱུར་བ་སོགས་ཀྱི་སྐྱོན་བརྗོད་བྱེད་མོད།སྟོན་པས་མ་གསུངས་པ་ཞིག་ཁྱེད་ཚོས་གསུངས་ཟེར་གྱི་འདུག་ཅེས་པའི་སྐད་ཆའི་ཟུར་ཙམ་ཡང་མེད་པས་ཀྱང་ཤེས་སོ།།འོན་ཀྱང་གཞུང་གི་ནང་དོན་མི་ཤེས་པ་ཞིག་ལ་གཞུང་ལུགས་དཔང་པོར་བྱས་ནས་འགོག་པའི་ཐབས་མེད་དེ། དཔེ་ན།ཇི་ལྟ་བུའི་རྩོད་པ་ལ་བྱང་བའི་མཁས་པ་ཞིག་ཡིན་རུང་རྩོད་པའི་སྒོ་ནས་ཨ་མ་རྒན་མོ་ཕམ་པར་བྱེད་པའི་ཐབས་མེད་པ་ལྟ་བུ་ཡིན།

བཅར་འདྲི།

Post navigation

Previous Post: ཀ་དག་རྡོ་རྗེའི་བདེན་ཚིག
Next Post: གནས་ལུགས་འདི་བོད་མི་མང་གིས་ངེས་པར་དུ་མཁྱེན་དགོས།

Comments (21) on “ཤོབ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྐོར་ལ་དྲིས་ལན།”

  1. ཅོ་རི་ཉི་མ། says:
    2016-04-16 at 7:02 am

    འཇམ་དཔལ་བློ་གསལ་ཟེར་བའི་ཀླད་རྙིང་རྨོངས་དད་མགོ་དེའི་སྐད་ཆ་བཤད་སྟངས་ལ་ལྟོས་དང་། ཀླད་རྙིང་གིས་་་་ལྷག་པར་ནང་བསྟན་ཆོས་ལུགས་ལ་ཁུངས་ལུང་མེད་རབས་དང་རྨོངས་དད་ཡོད་རབས་བཤད་ནས་ཡེ་ཤུའི་ཆོས་ལ་འཛུལ་ཡོད་རབས་བཤད་ཀྱིན་འདུག་པ་བདེན་ན་རྣམ་དཔྱོད་ཀྱིས་དཔྱད་དེ་བློ་ལོག་པ་ཞིག་མིན་པར་རྒྱབ་ལྗོངས་ལ་དགོས་མཁོ་གཞན་དང་ལས་དོན་གཞན་ཞིག་ཡོད་པར་ཐག་ཆོད་མོད་ངས་ཏག་ཏག་བཤད་མི་ཤེས།་་་་ཅེས་བཤད་འདུག
    ཏག་ཏག་བཤད་མ་ཤེས་ན་ཁ་བཙུམ་ནས་བསྡད་ན་དགའ་བ་ལས་ཅིག་བཤད་དགོས་དོན་མེད་པ། ཡེ་ཤུའི་ཆོས་ལ་འཛུལ་ཡོད་རབས་བདེན་ན་ཞེས་མ་ཤེས་བཞིན་དུ་སེང་རྡོ་ལ་ཉེས་ཞྭ་ཀོན་སྟངས་འདི་བཀོར་ཟན་ཚོའི་ལུགས་སྲོལ་ལྟ་བུ་རེད།

    ཤོབ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ནང་དུ་འགྲོ་བ་རིགས་དྲུག་བཤད་པ་དག་ག་པ་ཡོད་དམ། མི་དང་དུད་འགྲོ་གཉིས་མ་གཏོགས་རིགས་གཞན་དག་བཞི་པོ་མེད་པ། ཤོབ་མིན་ན་ཅི་རེད། རི་ཡི་རྒྱལ་པོ་རི་རབ་དང་དབང་ཆེན་གསེར་གྱི་ས་གཞི་སོགས་ག་པ་ཡོད་དམ། མེད་པ་་་ཤོབ་མིན་ན་ཅི་རེད།

    ད་དུང་་་་རྫུན་རྒན་ཚོས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཟེར་བ་ཤིག་ཡོད་རབས་བཤད། རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཞིག་འཛམ་གླིང་འདི་ལ་མཐོང་ཡ་མེད་པ། ཤོབ་མིན་ན་ཅི་རེད། རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་དག་ག་པར་བཞུགས་ཡོད་དམ། རྨོངས་རྒན་ཁྱོད་ཀྱིས་སྟོན་ཐུབ་བམ།

    ཆོས་ཐམས་ཅད་དངོས་སུམ་དུ་རྟོགས་པའི་ཡེ་ཤེས་ཅན་གྱི་གང་ཟག་ཞིག་འཛམ་གླིང་གི་མི་འབོར་་དུང་ཕྱུར་༧༠་ཡི་ནང་དུས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཟེར་བ་འཐོབ་ཡ་ཡོད་ཟེར་བ་དེ་ཤོབ་མིན་ན་ཅི་རེད་དམ། སྟོན་ཡ་ཡོད་པེ།་་་་་ཧཧཧ་་་་་་རྨོངས་དད་མགོ་ཁྱོད་ལ་འདིས་ཆོག་པ་བྱོས།

  2. ཟླ་བ། says:
    2016-04-16 at 8:25 am

    ཅོ་རི་ཉི་མ་ལགས། གཞུང་ལུགས་རྒྱ་མཚོར་ནང་བྱན་ཆུད་པའི་མཁས་དབང་དག་ལ་ཅོ་འདྲི་ཟུར་ཟ་མ་བྱེད། རང་མཚང་རྗེན་པར་བསྟན་པ་ཙམ་རེད། ཁྱོད་ཀྱིས་མ་མཐོང་མ་མྱོང་བའི་ཆོས་མང་དུ་ཡོད་པ། ངས་མ་མཐོང་བའི་རྒྱུ་མཚན་དུ་བྱས་ཏེ་མེད་རབས་མི་སྨྲ། ཁྱོད་ཀྱི་མཐོང་ཆོས་སུ་གྱུར་པའི་དངོས་པོའི་ནང་དུའང་། མ་སྙོབ་མ་རྟོགས་པའི་གནད་མང་དུ་ཡོད་ན། མ་མཐོང་བའི་ཆོས་དག་ལ་ནི་སྨྲོས་ཅི་དགོས། གཏམ་སོམས་ལ་སྨྲོས་ཨང་།

  3. ཀརྡོ་གཉེར་ཕྱག་པ་་ says:
    2016-04-16 at 8:58 am

    སེང་རྡོར་དང་། ཅོ་རི་ཁྱོད་རང་གཉིས་ནི། ངས་བལྟས་ན། ཆོས་མེད་ཀླ་ཀློ་རེད། དེས་ན་ཆོས་མེད་མིའི་འཁྱུར་བསྡད་ན། སྐྱིད་བགྱིད་རེད། དེ་མིན་ང་ཚོ་དད་ལྡན་ཆོས་དད་པའི་མཉམ་དུ་བསྡད་ན། ཁྱོད་གཉིས་ལ་དགོས་པའི་སྙན་གཏམ་ཞིག་གོ་མི་འོངས་བས་་་་་་་་་་་་་་་་་་

  4. ཅོ་རི་ཉི་མ། says:
    2016-04-16 at 9:58 am

    ཟླ་བ་་་་་ངས་མ་མཐོང་བ་རྒྱུ་མཚན་བྱས་ནས་མེད་པ་རེད་ཟེར་བཞིན་མེད། འཛམ་གླིང་ཐོག་ཏུ་རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཞིག་ཡོད་ན་འཛམ་གླིང་མི་དམངས་ཀྱིས་མཐོང་དགོས་ཀྱང་འཛམ་གླིང་མི་དམངས་ཀྱིས་མ་མཐོང་དུས་མེད་པར་ཐག་བཅད་དགོས་པ་མིན་ནམ།

    རི་བོང་གི་རྭ་ཡོད་ན་འཛམ་གླིང་མི་དམངས་ཀྱིས་དགོས་ཀྱང་མི་དམངས་ཀྱིས་མ་མཐོང་དུས་མེད་པར་ཐག་བཅད་པ་མིན་ནམ། གཞན་རི་བོང་གི་མགོ་ལ་རྭ་མེད་པར་ཇི་ལྟར་ཐག་བཅད་པ་ཡིན་ནམ།་་་ཧཧཧ

    ཀརྡོ་་་་སེང་རྡོ་དང་ཅོ་རི་གཉིས་ཆོས་མེད་ཡིན་དོན་ཅི་བཤད་ཀྱི་ཡོད་དམ། ངེད་གཉིས་ཆོས་མེད་ཡིན་པར་ངས་ངོས་ནས་ཁས་ལེན་གྱི་མིན་ལ་ཆོས་མེད་སྨྲ་བའི་མཉམ་དུ་བསྡད་འདོད་ཀྱང་མེད། ཆོས་མེད་སྨྲ་བ་གུང་ཁྲན་ཏང་གི་མཉམ་དུ་བསྡད་ཀྱི་ཡིན་ཟེར་མཁན་རྒྱལ་བཙོང་བ་ཚོ་ཡིན་པ། རང་བཙན་བརྩད་ཀྱི་མིན། དམངས་གཙོ་བརྩད་ཀྱི་མིན། ཆོས་མེད་ཏང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ཆོས་འདུལ་བའི་བཅའ་ཁྲིམས་ཁུར་ཁུར་བྱེད་ཀྱི་ཡིན་ཟེར་མཁན་གྱི་གད་རྙིགས་དེ་སེང་རྡོ་ངེད་གཉིས་ཨེ་རེད།

  5. ཅོ་རི་ཉི་མ། says:
    2016-04-16 at 10:04 am

    ཆོས་མེད་གུང་ཁྲན་ཏང་གི་མཉམ་དུ་བསྡད་ན་སྐྱིད་པོ་འདུག ཁེ་ཕན་འདུག་ཟེར་ནས་ཀརྡོ་ཁྱོད་ཀྱིས་མཆན་བུ་ག་ཚོད་དག་ག་ཚོད་བྲིས་མེད་དམ། དེ་རིང་ཡང་བརྗེད་ཚར་བ་ཨེ་རེད། སྤྱིའི་ཆ་ནས་རྨོངས་དད་མགོ་ཁྱོད་ཚོ་སྨྱོན་པ་ལྟ་བུ་རེད། ཀླད་རྩའི་ནང་དུ་ཆོས་ལུགས་ཀྱི་ནད་འབུ་འཛུལ་ཚར་བ་རེད། སོ་སོས་སོ་སོར་མགོ་སྐོར་བཏང་། སོ་སོས་སོ་སོ་ལ་སེམས་གསོ་བྱས་ནས་བསྡད་མཁན་གྱི་སྨྱོན་པ་དེ་ཁྱོད་རང་ཚོ་རེད་ད་་་་་་ཧཧཧ

  6. ཅོ་རི་ཉི་མ། says:
    2016-04-16 at 10:08 am

    ནོར་བཅོས།
    #1 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
    April 16th, 2016 at 7:02 am
    འཇམ་དཔལ་བློ་གསལ་ཟེར་བའི་ཀླད་རྙིང་རྨོངས་དད་མགོ་དེའི་སྐད་ཆ་བཤད་སྟངས་ལ་ལྟོས་དང་། ཀླད་རྙིང་གིས་་་་ལྷག་པར་ནང་བསྟན་ཆོས་ལུགས་ལ་ཁུངས་ལུང་མེད་རབས་དང་རྨོངས་དད་ཡོད་རབས་བཤད་ནས་ཡེ་ཤུའི་ཆོས་ལ་འཛུལ་ཡོད་རབས་བཤད་ཀྱིན་འདུག་པ་བདེན་ན་རྣམ་དཔྱོད་ཀྱིས་དཔྱད་དེ་བློ་ལོག་པ་ཞིག་མིན་པར་རྒྱབ་ལྗོངས་ལ་དགོས་མཁོ་གཞན་དང་ལས་དོན་གཞན་ཞིག་ཡོད་པར་ཐག་ཆོད་མོད་ངས་ཏག་ཏག་བཤད་མི་ཤེས།་་་་ཅེས་བཤད་འདུག
    ཏག་ཏག་བཤད་མ་ཤེས་ན་ཁ་བཙུམ་ནས་བསྡད་ན་དགའ་བ་ལས་ཅིག་བཤད་དགོས་དོན་མེད་པ། ཡེ་ཤུའི་ཆོས་ལ་འཛུལ་ཡོད་རབས་བདེན་ན་ཞེས་མ་ཤེས་བཞིན་དུ་སེང་རྡོ་ལ་ཉེས་ཞྭ་ཀོན་སྟངས་འདི་བཀོར་ཟན་ཚོའི་ལུགས་སྲོལ་ལྟ་བུ་རེད།

    ཤོབ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ནང་དུ་འགྲོ་བ་རིགས་དྲུག་བཤད་པ་དག་ག་པར་ཡོད་དམ། མི་དང་དུད་འགྲོ་གཉིས་མ་གཏོགས་རིགས་གཞན་དག་བཞི་པོ་མེད་པ། ཤོབ་མིན་ན་ཅི་རེད། རི་ཡི་རྒྱལ་པོ་རི་རབ་དང་དབང་ཆེན་གསེར་གྱི་ས་གཞི་སོགས་ག་པར་ཡོད་དམ། མེད་པ་་་ཤོབ་མིན་ན་ཅི་རེད།

    ད་དུང་་་་རྫུན་རྒན་ཚོས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཟེར་བ་ཤིག་ཡོད་རབས་བཤད། རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཞིག་འཛམ་གླིང་འདི་ལ་མཐོང་ཡ་མེད་པ། ཤོབ་མིན་ན་ཅི་རེད། རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་དག་ག་པར་བཞུགས་ཡོད་དམ། རྨོངས་རྒན་ཁྱོད་ཀྱིས་སྟོན་ཐུབ་བམ།

    ཆོས་ཐམས་ཅད་དངོས་སུམ་དུ་རྟོགས་པའི་ཡེ་ཤེས་ཅན་གྱི་གང་ཟག་ཞིག་འཛམ་གླིང་གི་མི་འབོར་་དུང་ཕྱུར་༧༠་ཡི་ནང་མེད་དུས་་་་་་་་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཟེར་བ་འཐོབ་ཡ་ཡོད་ཟེར་བ་དེ་ཤོབ་མིན་ན་ཅི་རེད་དམ། སྟོན་ཡ་ཡོད་པེ།་་་་་ཧཧཧ་་་་་་རྨོངས་དད་མགོ་ཁྱོད་ལ་འདིས་ཆོག་པ་བྱོས།

  7. ཀརྡོ་གཉེར་ཕྱག་པ་་ says:
    2016-04-16 at 4:33 pm

    ཅོ་རི་རང་གིས།
    མི་དང་དུ་འགྲོ་མ་གཏོགས་གཞན་ཡོད་མ་རེད། ལབ་ཙང་ང་འབར་བ་རེད། ཆོས་མེད་ཀླ་ཀློ་ལབ་དགོས་བྱུང་བ་རེད། ཁྱོད་ལ་ཆོས་ཅིག་ཡོད་ན་ངས་དེ་དག དགག་ཐུབ་པ་ལ་དེ་མེད་པས་ལན་པ་རེད།
    ང་ཚོས་རྒྱ་མི་མཉམ་དུ་དམག་འཐབ་བྱེད་མ་ཐུབ་ཕྱིན། མཉམ་གནས་འདྲ་མཉམ་རྩོད་རྒྱུ་ལས་གཞན་ལྷག་ཡོད་མ་རེད། དེ་ལ་གཉིས་སྨན་དབུས་ལམ་ལ། འགྲོ་གང་ཐུབ་ལྟ་བཞིན་ཡོད་རེད། དེ་ཡང་ད་ལྟ་རྒྱ་གཞུང་གིས། ཡ་བྱེད་བགྱིད་ཡོད་མ་རེད་པ་དེ་ཁྱོད་ཀྱིས་ཤེས་སམ། མི་ཤེས ལགས།
    ཁྱོད་རང་བཙན་ཡིན་མདོག་མདོག་རེད་པེ། ལགས།

  8. ཀརྡོ་གཉེར་ཕྱག་པ་་ says:
    2016-04-16 at 4:39 pm

    ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དེ་དག་ནི། འདོ་ཆགས་དང་གཅིག ཞེ་སྡང་གཉིས། གཏི་མུག་དང་གསུམ། དུག་གསུམ་ཆ་མཉམ་གྱི་ཆ་གཏོགས་པ་བཞིར་བགོས་ནས། དེ་དག་རེ་རེ་ལ་ཉི་ཁྲི་བཞི་སྟོང་ཡོད་པ་དེ་དག་གི་གཉེན་པོ་ཡང་ཉི་ཁྲི་བཞི་སྟོང་ཡོད་པར་གསུངས་ཙང་། ཆོས་ཕུང་བརྒྱད་ཁྲི་སྟོང་གསུངས་པ་ལས། ཆོས་མེད་ཁྱོད་ཚོའི་ཤོབ་ཀྱི་ཕུང་པོ་བརྒྱད་ཁྲི་དེ་དག མའོའི་དམར་ལུགས་ནང་ལ་ཡོད་སྲིད་པས། ད་དུང་མང་ཙམ་སྦྱོངས་ཤོགུ

  9. ཅོ་རི་ཉི་མ། says:
    2016-04-16 at 5:27 pm

    ཀརྡོ་་་་ཁྱོད་འབར་ཆོག་ཆོག་ཡིན་པར་ཁག་མེད། ཆོས་པ་ཡིན་ཟེར་མཁན་ཚོ་དེ་འདྲ་རེད། ཁོ་ཚོ་ལ་སྐྱོན་བརྗོད་ཏོག་ཙམ་བྱས་ན་འབར་འགྲོ་གི་རེད། ཤོབ་ཀྱི་ཕུང་པོའི་ནང་དུ་ཞེ་སྡང་འཇོམས་པའི་རིག་གནས་གསུངས་ཡོད་པའི་རྒྱུ་མཚན་གྱིས་ཆོས་པ་ཡིན་ཟེར་མཁན་ཁྱོད་ལྟ་བུ་ཚོ་འབར་ཆོག་ཆོག་ཆགས་བསྡད་ཡོད་རེད།

    མ་ཟད་ཁ་ཆེའི་ཆོས་པ་དེ་དག་དེ་ལས་འབར་ཆོག་ཆོག་དང་། བླུན་རྟགས་ཚ་བོ་ཞེ་དྲག་རེད། དེང་སང་འཛམ་གླིང་གི་མི་རྣམས་ཁ་ཆེའི་ཆོས་པ་ཚོ་ལ་ཞེ་ཐག་ཆོད་བསྡད་ཡོད་རེད། སྔོན་མར་བོད་མི་རྣམས་བོད་པའི་ཆོས་པ་དག་ལ་ཞེ་ཐག་ཆོད་ཀྱི་རེད། ཆོས་ལུགས་པའི་སྐྱ་རྫུན་བཤད་ནའང་རྫུན་བཤད་སོང་ལབ་ཕོད་ཀྱི་མ་རེད།

    ཆོས་མེད་གུང་ཁྲན་ཏང་གིས་ཁྱོད་ཚོ་ལ་ཡ་མ་བྱས་ན་སྡུག་གྱོང་རེད། ཨ་ཕ་མའོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཟེར་ནས་བོས། ཆོས་མེད་ཏང་ལས་ཕྱག་ཚོལ། ད་དུང་མ་བྱུང་ན་ངུས་དང་ཡ་བྱས་པའི་རེ་འདྲ་མེད་འགྲོ་་་་་་་ཧཧཧཧ

  10. ཅོ་རི་ཉི་མ། says:
    2016-04-16 at 6:19 pm

    རིགས་དྲུག་འགྲོ་བ་ཡོད་མེད་མ་དཔྱད་པར།
    ཤོབ་ཀྱི་རྗེས་སུ་བོང་བུ་འདུར་འདུར་རེད།
    ཡིག་དྲུག་མ་ཎྀའི་དོན་དག་མ་ཤེས་པར།
    ཨ་བོ་ནེ་ཙོའི་གླིང་དབྱངས་ལེན་ལེན་རེད།།

    བདེ་ཆེན་ཞིང་ཁམས་ག་ཡོད་མ་ཤེས་པར།
    དེ་ལ་འགྲོ་འདོད་རྟ་ཕོ་རྒྱུགས་རྒྱུགས་རེད།
    དམྱལ་བ་ཚ་དམྱལ་ག་ཡོད་མ་ཤེས་པར།
    དེ་ལ་སྐྲག་ནས་ཕྲུ་གུ་ངུ་ངུ་རེད།།

    ཀྱེ་མ་རྫུན་ཕུང་འོག་གི་བོད་མི་རྣམས།
    སྟོང་བསམ་དྲ་བའི་རྒྱ་ལས་ཐར་པར་ཤོག
    ཀྱེ་ཧུ་ཤོབ་ཕུང་འོག་གི་བོད་མི་རྣམས།
    རྨོངས་དད་དུག་གི་ཟས་དང་བྲལ་བར་ཤོག

  11. ཏི་སི། says:
    2016-04-17 at 1:27 am

    རྡོ་རྗེས། དྲི་བ། ཅོ་རི་ཁྱེད་རང་ལྟ་བ་གང་འངྲ་ཁས་ལེན་གྱིན་ཡོད་དམ། ལན། ཅོ་རིས། ངས་ནམ་རྒྱུན་ཚེ་འདིའི་དངོས་ཡོད་གནས་ཚུལ་མཐོང་ཐོས་མ་གཏོགས་ཚེ་ཕྱི་མ་དང་སྔོན་མ་ལ་ངོས་ལེན་མེད། འདིའི་ལུས་རྟེན་ཁོ་ནར་སོ་སོས་འབད་བརྩོན་དེ་གལ་ཆེན་རེད། རྡོ་རྗེས། དྲི་བ། དེ་ཡིན་དུས་སེང་རྡོར་གྱིས་སངས་རྒྱས་གསུངས་ལ་ཤོབ་ཀྱི་ཕུང་པོ་བཏགས་ཡོད་པ་དེར་ཁྱེད་རང་བསམ་ཚུལ་ག་རེ་ཡོད། ལན། ཅི་རིས། ངས་ཀྱང་སངས་རྒྱས་ཟེར་བ་དེ་ནི་མ་མཐོང་བའི་གནམ་བསྐོས་གོང་མ་བཞིན་ངོས་ལེན་མེད། ཁོ་རང་མི་ཞིག་དང་ཡིན་ཏན་ཅན་ཞིག་གོས་ཀེན་ཡོད། འོད་ཁོས་བཤད་ཚད་བརྒྱ་ཆ་བརྒྱ་བདེན་པ་ཁས་མི་ལེན། དཔེར་ན་ཚན་རིག་པ་སོགས་རྣམ་དཔྱོད་པ་ཅན་རེད། ཡིན་ནའང་ཐམས་ཅད་བདེན་པ་མ
    རེད་གཅིག་གིས་གཅིག་དགག་ཡོད་པ་རེད། དེ་ནང་སངས་རྒྱས་བཤད་པའི་པོ་ཏི་ལ་དགག་ཆོག་གི་རེད། རྡོ་རྗེས་དྲི་བ། འོ་ན་མོ་ཙུ་ཏུང་སགས་རྒྱས་ཆོས་དེ་དུག་ནང་བཞིན་རེད་ཟེར་བ་དེ་ཁྱེད་རང་བསམ་ཚུལ་ག་རེ་ཡོད། དེ་ཡང་ངས་ཐམས་ཅད་དུག་ཁས་མི་ལེན་ཡིན་ནའང་ཐམས་ཅད་བདེན་པ་ཁས་མི་ལེན། རེད་ངེ་མོ་ཙི་ཏུང་གི་ལས་ཀ་བྱས་ཏང་དེ་ནོར་འཁྲུལ་རེད། ཁོས་ཆོས་ཁས་མི་ལེན་པ་དེ་ནོར་འཁྲུལ་མ་རེང། ཁོས་བོད་ཀྱི་སྣོད་བཅུད་སྟོར་བཤིག་བཏང་བ་དེ་ནོར་བ་རེད།

  12. ཀརྡོ་གཉེར་ཕྱག་པ་་ says:
    2016-04-17 at 2:59 am

    ཅོ་ཅོ་རིའི་རིགས་ལ། ཕ་མའི་ཆོས་དད་མེད། མའོའི་དམར་ལུགས་མེད། ད་ལྟའི་གཉིས་སྨན་དབུས་ལམ་མེད། མེད་པ་གསུམ་གྱིས་མནར་ནས། ཁ་བརྡར་མུ་ཅོར་འདོན་བཞིན་འདུག ཧཧ།། །།

  13. ཀརྡོ་གཉེར་ཕྱག་པ་་ says:
    2016-04-17 at 3:02 am

    ནང་ཆོས་དད་རྒྱུ་ངའི་ཕ་ཆོས་རེད། ༸གོང་ས་མཆོག་ལ་བསྟོད་རྒྱུ་ངའི་དམ་ཚིག་རེད། བོད་མིའི་སྒྲིག་འཛུགས་ལ་རྩི་རྒྱུ་ངའི་ལས་འགན་རེད། དེ་གསུམ་འཛོམས་པའི་མི་ལ་ཕུན་སུམ་ཚོགས། ཧ་ཧ།། །།

  14. ལོ་ཡག says:
    2016-04-17 at 3:24 am

    མཁས་པ་ཆེན་པོ་ལ་དྲི་བ་བྱ་བྲུན་བྱེའུ་རྟུག་ལྟ་བུ་འདི་འདྲ། ཞབས་འདྲེན་པར་མི་འདུག་གམ། བོད་གླེན་པ།

  15. ཅོ་རི་ཉི་མ། says:
    2016-04-17 at 4:33 am

    ཧེ་ཧེ་་་ཀརྡོ་་་་ཕ་མའི་ཆོས་ལུགས་ཨེ། རྒྱ་གར་བའི་ཤཀྱའི་ཆོས་ལུགས་འདི་ཕ་མའི་ཆོས་ལུགས་ཡིན་སྟངས་ཅི་འདྲ་རེད་དམ། ས་རྡིང་བྷ་བྷ་རོ་བཟའ་མཁན་དེ་དག་ཁྱོད་ཀྱི་ཕ་ཨེ་རེད། ཁྱོད་རྒྱ་གར་བའི་བུ་ཡིན་ནམ། སྙིང་རྗེ་་་་འདི་ལ་རང་ངོ་རང་གིས་མ་ཤེས་ཟེར་བ་རེད།

    བོད་ཆེན་པོ་རྒྱལ་ཁབ་ཀྱི་ཕ་ཆོས་གང་ཡིན་མི་ཤེས་མཁན་གྱི་སྨྱོན་པ་ཁྱོད་ལྟ་བུ་ཚོས་བོད་རྒྱལ་ཁབ་གཏོར་བཞག་པ་རེད་ད། སོ་སོའི་རྒྱལ་པོའི་མགོ་ལ་གླང་རྭ་སྐྱེས་འདུག་ཟེར་ནས་རྫུན་བསྒྲགས་བྱས་མཁན་དགེ་སློང་རྫུན་རྐྱལ་བས་ས་སྟེང་ཁེངས་སོང་བ་དེ་འདུལ་ཁྲིམས་སྲུང་སྟངས་ཨེ་རེད། ཁྱོད་ཚོ་ལ་ཤཀྱའི་རྒྱལ་པོས་རྫུན་བཤད་ནས་མི་ཚེ་བསྐྱལ་ན་རྣམ་མཁྱེན་འཐོབ་འོང་གི་རེད་གསུངས་པ་རེད་དམ།

  16. ཅོ་རི་ཉི་མ། says:
    2016-04-17 at 5:14 am

    ཕ་མེས་ཆོས་ལ་གདོན་དུ་རྩིས་པ་དང་།
    ཕ་མེས་མགོ་གླང་རྭ་བཙུགས་པ་གཉིས།
    བོད་མི་སྡུག་ལ་སྦྱར་བའི་རྒྱུ་རྐྱེན་རེད།
    ཡུལ་ལུང་དགྲ་ལ་ཤོར་བའི་རྨང་གཞི་རེད།།

    བོད་རྒྱལ་བདུད་དུ་རྩིས་མཁན་ཆོས་པ་དང་།
    རྒྱའི་རྒྱལ་ལྷ་རུ་སྒོམ་མཁན་རྨོངས་རྒན་གཉིས།
    རང་མགོ་གཞན་འོག་ཤོར་བའི་རྒྱུ་རྐྱེན་རེད།
    ས་མཐའི་སྐྱབས་བཅོལ་ཆགས་པའི་རྨང་གཞི་རེད།

  17. ཅོ་རི་ཉི་མ། says:
    2016-04-17 at 5:23 am

    ཀརྡོ་་་་་འདི་ན་བྷ་བྷ་རོ་ཟན་ཞིག་འདུག སྔོན་མར་བོད་དུ་ཡོང་ནས་དུར་ཁྲོད་ནང་དུ་རོ་བཟའ་དག་ཀྱང་འདི་ལྟ་བུ་ཡིན་གྱི་རེད།

    https://www.youtube.com/watch?v=orUh2do3EOs

  18. ཀརྡོ་གཉེར་ཕྱག་པ་་ says:
    2016-04-18 at 9:40 am

    ༸གོང་ས་མཆོག་གིས།
    https://www.facebook.com/tsangmada.lobsang/videos/948239965290032/

  19. ཀརྡོ་གཉེར་ཕྱག་པ་་ says:
    2016-04-18 at 3:04 pm

    ཅོ་རིས་བདག་ལ་དག་སྣང་ཡག་པོ་སྦྱོང་བགྱིད། ཡར་རྒྱས་རེད།

  20. ང་རོ། says:
    2016-04-18 at 5:29 pm

    ངས་བལྟས་ན་དྲིས་ལན་འདིའི་ནང་དུ་བསམ་རྒྱུ་དང་ལེན་རྒྱུ་ཞིག་མི་འདུག་ལ། སེང་རྡོར་གྱི་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཟེར་བ་དེའི་ནང་བསམ་རྒྱུ་དང་ལེན་རྒྱུ་ཞིག་དེ་བས་ཀྱང་མི་འདུག སེང་རྡོར་གྱིས་ཁ་བདེ་བདེ་ངང་སྐད་ཆ་ཤོམ་ཆེན་ནམ་ཡང་ན་སྐད་ཆ་རྫབ་ཆེན་གང་འདྲ་ཞིག་བེད་སྤྱོད་བཏང་ཡོད་མེད་ལ་མ་བལྟས་པར། མདོར་ན་ཁོ་རང་ཉིད་ཀྱིས་ཞིབ་འཇུག་སོགས་གང་ཡང་མ་བྱས་པར་ཁངས་དཀར་ཚུལ་ཁྲིམས་ཀྱིས་ཞིབ་འཇུག་དེ་འདྲ་ཞིག་བྱས་ཡོད་པ་རེད། དེ་བདེན་པ་རེད་ཟེར་བ་ཙམ་རེད། དེའི་ཕྱིར་གླེང་རན་ཞིག་མི་འདུག
    ཡིན་ནའང་བཤད་འདོད་གཞན་ཞིག་ཡོད་པ་ནི། བོད་ཀྱི་དཔྱད་བརྗོད་པའམ་ཡང་ན་ཞིབ་འཇུག་པ་མང་པོ་ཞིག་གིས་གང་ཞིག་ལ་དཔྱད་བརྗོད་སྤེལ་སྐབས་བརྗོད་དོན་གཙོ་བོར་བརྡར་ཤ་གཅོད་པའམ། ཡང་ན་དོགས་སློང་བྱེད་རྒྱུ་ལས་དེ་དང་འབྲེལ་ཡོད་ཀྱི་ཟ་ཟུར་ལ་དམའ་འབེབ་དང་ཁ་གཏོང་རྒྱུ་གཙོ་བོར་འཛིན་གྱིན་འདུག འདི་ནི་ལོག་ལམ་ཞིག་རེད།

  21. BONPO says:
    2016-04-19 at 4:35 am

    མ་རྩོམ་དང་མཆན་བུ་བཅས་པ་ཐེངས་གཅིག་ཆ་ཚང་བཀླགས་ཡོད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme