Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤོག་ངོས་རློན་པ།

Posted on 2013-06-10 By ཁ་བརྡ་ No Comments on ཤོག་ངོས་རློན་པ།

ཁྲོ་གཏུམ།
——-ཤོག་ངོས་སུ་འཁྱིལ་བའི་གཏམ་རློན་པ་དེའི་ཁ་དོག

འདི་ལྟར་རྐང་པ་རི་རྩེར་བཞག་པ་ནི
དེ་རིང་གི་བདག་གི་རྐང་སྒྲུང་དང
ནེམ་ཤས་ཟིན་པའི་རྩི་ཏོ་ལ་འཛུམ་མདངས་ལྡན་པས
རང་ཉིད་ཀྱི་འདས་པ་དག་རོ་ལངས་བྱས་ཏེ
སྒང་ཁ་འདིའི་དྲོ་འཁྱག
ང་ལ་འཐིམས་ནས་དབུགས་རྔུབ་མཐོ་གང་ལས
དྲན་ཀློང་གི་ཕ་ཡུལ་ནི་རྔམ་འཐེན་ཁྲོད་ན

རི་བོ་འདིའི་སྒལ་ཚིགས་ན་འགྲེང་བའི་བྲག་རྡོ་རྣམས
རི་འཛེག་གི་ལམ་སྣ་འདྲེན་མཁན་དང་མཚུངས
‘ཀི་སྒྲ་’འདེབས་མཁན་གྱི་སྐད་སྒྲར་ལད་ཟླས་བྱེད་པའི་རི་བྲག་གིས
རྐང་ལམ་གྱི་གཡས་གཡོན་ཏུ
ང་ཚོར་མཛེས་ལྗོངས་ཀྱི་རྣམ་པ་དུ་མས་འཁྲབ་སྟོན་བྱེད་ལ
ང་རང་དེ་བཞིན་སེམས་པ་ཕ་ཡུལ་ལ་འཕུར་ཏུ་བཅུག

རྩྭ་ལོ་ཐུང་ཐུང་གིས་སྤང་ཐང་བཀབ་པའི
ས་རྒྱུ་ཧ་ཅང་ཡག་པའི་སྔོ་ཐ ོག་ནས
བདག་གི་ཤོག་ངོས་ཡང་བརློན་པར་གྱུར་ལ
སེམས་ཁམས་ཀྱི་ངོས་སུ་ནེམ་འཛིན་གྱིན
ང་རང་གི་ཤོག་ངོས་བརློན་པར་ཆགས་པ་ནི་ཇི་འདྲའི་མཛེས་སྡུག་ཅིག

རྫ་ཁའི་རྩི་ཏོག་གི་གསེབ་ཏུ་ར་གླེང་བྲེལ་གསུམ་ལས
གཞན་གང་ཡང་མེད་པའི་ངའི་ལུག་ཁྱུ
ངའི་འབྲོང་རྒྱུད་ཀྱི་སྒོ་ཟོག
ད་དུང་རྐྱང་རྒྱུད་ཀྱི་རྟ་མཆོག
ཡོད་ཚད་རི་བོ་འདིའི་མཛེས་ལྗོངས་སུ་དཀོན་པས
ངས་དེ་བཞི ན་དངན་པ་ཞིག་ཕྱིར་དྲན་ལ་བསྲིངས་སོང

སྤྲོ་འཆམ་གྱི་འདོད་པ་དེ་ཕྱིར་དྲན་གྱི་ཀློང་དུ་བཞུར་ན
ཧི་མ་ལའི་རི་རྔ་ལ་རླུང་སྣུམ་རེ་བྱས་པ་ཡང
ཕ་ཡུལ་གྱི་དྲི་མ་འེ་ཚོར་ལ་རེ་བ་ཞིག་ཅི་ལ་མིན

སྨུག་ལང་ལོང་གིས་རྫ་ལུང་བཀབ་པའི་དེ་རིང
སྔོན་ཆད་སྨུག་ནང་དུ་མགོ་འཁོར་མྱོང་བའི་ང་ནི
གཡས་གཡོན་གྱི་གུར་ཆུང་ལ་ཡང་ཡང་བལྟ་དགོས་བྱུང
མདུན་རྒྱབ་ཀྱི་གྲོགས་དག་ལ

‘རི་སྨུག་པ་ཅན་པོ་རིག་ན།།
འབྲོང་ རྭ་ཁ་ཅན་པོ་དྲན་ཀི།
རྫ་མི་གཅིག་རྫ་མཐའ་ཞིག་ན།།
རྭ་ལྡེམ་མེར་བཤར་དགོས་བསམ་ན།།
ཞེ་སྡུག་ནའི་ལ་ཀ་རྨོང་གི།
ངས་རྨོངས་པ་ཤིང་ལ་བཀུགས་ན།།
ཤིང་རྐམ་པོར་མདུད་པ་རྒྱག་གི །’

ལ་གཞས་ཀྱི་དབྱངས་སུ་ངག་ལས་བརྡོལ་ཏེ
དྲན་འཛིན་གྱི་རླངས་པ་སྨུག་པར་འདྲེས་དུས
བྲག་པ་སྐྱ་བོ་དག་ངའི་མཁྲིས་སུ་འདུག་ལ
གཡུ་མདོག་གི་རྩ་ལོ་ཐུང་ཐུང་གི་མིག་ཆུའི་བསིལ་རྡོག་དང
གོས་སྲབ་ཀྱི་སྨུག་པས་དལ་བུར་དཀྱིལ་སྐོར་རྒྱག་པ
ལྗོངས་རྒྱུ་བའི་’ཀི་སྒྲས་’ཨ་འབྱོག་ཁོམ་ཏུ་མ་བཅུག་པ་ནི
རི་སྒང་འདིའི་ཤོག་ངོས་བརློན་པ་དེ་ཡིན་ལ
མིའི་སེམས་ཁོང་གི་མཛེ ས་པ་ངོ་མ་དེའི་དཔྱིད་དཔལ་རེད

མཁའ་རླུང་གི་དྭངས་གཙང
རྫ་ཆུ་བསིལ་མའི་ཞིམ་ཤ
ཉིན་སྲིབ་ཀྱི་ནགས་ཚལ་གྱི་སྤུས་ཀ
མཁན་པ་དང་མེ་ཏོག་གི་དྲི་མ་རབ་ཏུ་རྒོད་པ
ང་རི་སྒང་དུ་སླེབ་པ་ནི་རང་བྱུང་གི་བཀོད་པ་ལ་འགྲོགས་ནས
རང་ཉིད་ཀྱི་ཡོད་ཚད་ལ་ཕྱི་དོར་རེ་བྱས་པ་ཞིག

རང་ཉིད་རི་སྒང་གི་ཚུལ་ཏུ་ཆེས་མཐོ་བའི
དྭངས་གཙང་གི་མཁའ་དབུགས་ཀྱི་ཚུལ་ཏུ
ནམ་ཡང་བརྟག་བ རྟན་འགྱུར་མེད་ཀྱི་བྲག་རྡོ་གེར་གཟུགས་ཅན
སེམས་རློན་པ་སྤང་དང་འདྲེས་པའི་གཞས་ཆུང་ལས
རང་ཡུལ་ནི་གད་པ་ཡིན་ཀྱང
ཞེན་ཆགས་ཀྱིས་སྐྱིད་དུ་རེ་ཞིང་དོར་དུ་མེད་རུང
ངའི་ཡུལ་གྱར་བའི་ལོ་གྲངས་བདུན་ནི
སྐད་ཆའི་འབག་བཅོག
སེམས་ཁམས་འབག་བཙོག
ཁོར་ཡུག་འབག་བཙོག
མི་གཤིས་འབག་བཙོག
ད་དུང…… འབག་བཙོག
ཡོད་ཚད་ཧི་མ་ལའི་རི་རྔ་འདིར་བསྐྱུག་དགོས་ཀྱང
ང་ཡང་བསྐྱར་ཕྱིར་ལ་བསྙེགས་དགོས་པ་འདིས
བླང་དོར་ནི་ཀུ་རེ་རྩེད་མཁན་ཞིག་ཡིན་པ་ཤེས

2013/6/10ཉིན།

སྙན་ངག

Post navigation

Previous Post: སྤྲུལ་སྐུ་བགྲེས་སོང་ངྷི་ཕོ་ལ་ངོ་དེབ་སྟེང་རྩེད་མཚར་བྱས་པ།
Next Post: ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཕྱིན་པའི་གནས་ཚུལ་ཐོན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (49)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme