Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས། སྤྱོད། ཕན།


Posted on 2012-04-16 By ཁ་བརྡ་ 14 Comments on ཤེས། སྤྱོད། ཕན།


སེར་ཤུལ་རིན་ཆེན་དོན་གྲུབ།

བསམ་ཤེས་པའི་འགྲོ་བ་མི་ཚང་མས་ཤེས་བྱ་རིག་པའི་གནས་ནི་ལེགས་དང་མཆོག་ཏུ་བརྩིས་ནས་གནམ་ལ་བཏེགས་ཡོད། དཔྱོད་ཤེས་ལྡན་པའི་མིའི་འགྲོ་བ་ཆགས་ནས་ད་བར་དུ་སློབ་སྦྱོང་དང་རིག་གནས། མཁས་པ། ཤེས་ཡོན་ཅན་སོགས་ཡག་པོ་མེད་པའི་ལྟ་ཚུལ་ཅན་གྱི་མི་བུ་འཇིག་རྟེན་དུ་སྐྱེས་པ་ཆེས་ཉུང་ཉུང་ཡིན། སློབ་སྦྱོང་གི་བསྟི་གནས་དང་། རིག་གནས་སློབ་པའི་སློབ་གྲྭ་སོགས་བགྲང་གིས་མི་ལངས་པ་ཞིག་འཇིག་རྟེན་འདིར་བཞེངས་བསྐྲུན་བྱས་ཏེ་ད་བར་དུ་འོང་། ཆེན་པོ་དག་གིས་སློབ་སྦྱོང་གལ་ཆེན་དུ་གླེང་། ཕ་མ་དག་གིས་སློབ་སྦྱོང་རྩ་ཆེན་དུ་བརྩིས། གཞོན་སྐྱེས་དག་གིས་སློབ་སྦྱོང་གལ་ཆེན་དུ་མཐོང་། དོན་ངོ་མར་སློབ་སྦྱོང་དེ་ཇི་ཙམ་གལ་ཆེ་བ་དང་དེའི་མཇུག་འབྲས་རང་བཞིན་ལ་བསམ་ཤིང་ཤེས་པའི་བསམ་བློ་དེ་ཧ་ཅང་ཉུང་། དེ་ནི་སྤྱི་ཚོགས་ཀྱི་ཕན་གནོད་དང་འབྲེལ་ནས་གླེང་ན་ཆེས་གལ་ཆེན་ལས་ཀྱང་གལ་ཆེན་ཞིག་ཡིན། སློབ་སྦྱོང་ནི་སྟོབས་ཤུགས་ཤིག་ཡིན། སྟོབས་ཤུགས་དེ་ལེགས་ཉེས་གང་ལ་བཀོལ་ཀྱང་ཆོག སློབ་སྦྱོང་ནི་ནུས་པ་ཞིག་ཡིན། ནུས་པ་དེ་ཡག་སྡུག་ཅི་ལ་སྤྱད་ཀྱང་ཆོག སློབ་སྦྱོང་ནི་ས་བོན་ཞིག་ཡིན། དེ་ལས་ཧ་ལོའི་དུག་དང་། དཔག་བསམ་གྱི་ཤིང་གང་ཡང་སྐྱེ། ལེགས་ཉེས་གང་དུ་ཡང་བཀོལ་སྤྱོད་མི་ཐུབ་པའི་སློབ་སྦྱོང་ནི་མ་ནིང་ཞིག་དང་འདྲ་བར་ནམ་ཡང་གྲུབ་འབྲས་ཀྱི་བུ་སྐྱེ་མི་ཐུབ། དཔེར་ན་སློབ་སྦྱོང་ཡོད་ཀྱང་བེད་སྤྱོད་བྱེད་མི་ཐུབ་པའི་མི་བུ་དག་ཡིན། འདིས་རང་ཉིད་དང་སྤྱི་ཚོགས་ལ་དགེ་སྐྱོན་ཆེར་མི་འདྲེན། གཞན་ཞིག་ནི་སློབ་སྦྱོང་ཉེས་ཕྱོགས་སུ་བེད་སྤྱོད་བྱེད་མཁན་དག་ཡིན། འདིས་ནི་མིའི་འགྲོ་བ་དང་། སྣོད་བཅུད་ཡོངས་སུ་རྫོགས་པར་གཏོར་སྐྱོན་གཏོང་གི་ཡོད། དཔེར་ན། མིའི་རིགས་ཀྱི་ཚེ་སྲོག་འབུམ་ཕྲག་མང་པོ་དུས་གཅིག་ཏུ་འཇོམས་པའི་རྡུལ་ཕྲན་མཚོན་ཆ་དང་། འཛམ་གླེང་ཡོངས་རྫོགས་ཐལ་བར་གཏོང་བའི་འབར་གས་ཡོ་ཆས། སྤྱི་ཚོགས་གཏོར་བཤིག་དང་མི་རིགས་དབྱེ་འབྱེད། འཇིགས་སྐུལ་དྲག་སྤྱོད་ཀྱི་ལག་ཆར་གྱུར་བའི་ཤེས་ཡོན་གྱི་གྲུབ་དོན་ཡོད་ཚད་ནི་འདིའི་དཔེ་མཚོན་ཙམ་ཡིན། སློབ་སྦྱོང་ལེགས་ཕྱོགས་སུ་སྤྱོད་པའི་དགེ་མཚན་དང་། དེས་སྤྱི་ཚོགས་འཚོ་གནས་ཀྱི་ཚེ་སྲོག་ལ་ཕན་པའི་ཆ་སུས་ཀྱང་བརྗོད་ཟིན་པས་བསྐྱར་ཟློས་མི་བྱ། ཤེས་རིག་ལ་དོ་སྣང་དང་། སློབ་སྦྱོང་ལ་གཙིགས་ཆེན་བྱེད་མཁན་ཚོས་གོང་གི་དཔེ་མཚོན་དང་པོ་གཉིས་ནི་ངེས་པར་དུ་ཞིབ་ཚགས་པོས་བསམ་གཞིག་བྱ་དགོས། ང་ཚོས་དུས་ནམ་ཡང་རང་གིས་རང་ལ་དྲི་བ་འགོད་དགོས། ངས་ཅིའི་ཕྱིར་སློབ་སྦྱོང་བྱེད་ཀྱི་ཡོད་རེད། ངས་ཅིའི་ཕྱིར་དཔེ་ཆ་ཀློག་གི་ཡོད་རེད། ངས་ཅིའི་ཕྱིར་འབད་བརྩོན་བྱེད་ཀྱི་ཡོད་རེད། དྲི་བ་འདི་དག་རང་ཉིད་དྲིས་དང་། ཡང་ཡང་དྲིས་དང་། ལན་གང་འདྲ་ཞིག་རེག་གི་འདུག ངས་མི་ཚེའི་མདུན་ལམ་གྱི་ཆེད་དུ་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་སྲིད། འོ་ན་མི་ཚེའི་མདུན་ལམ་ཟེར་བ་དེ་གང་རེད། དངུལ་སྒོར་གསོག་རྒྱུ་དེ་རེད་དམ། བུ་ཕྲུག་གསོ་རྒྱུ་དེ་རེད་དམ། དེ་ལས་རྒྱ་ཆེ་བ་ཞིག་ཡོད་དམ། འགྲོ་བ་མིའི་རིགས་ཀྱི་ཆེད་དུ་རེད་དམ། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རེད་དམ། ཡང་ནས་ཡང་དུ་དྲིས་ལན་འདི་དག་ཚོལ་དང་། ཁྱེད་རང་ཡིད་ཚིམས་པའི་ལན་ཞིག་རེག་གི་འདུག་གམ། ཕྱིར་རྟོག་འདི་དག་གིས་རང་ཉིད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་པའི་གནས་ལུགས་འདི་གཞི་ནས་ཤེས་ཐུབ། ཁྱེད་ཀྱིས་རང་ངོ་ཟིན་པའི་ཉིན་དེ་ནས་ཁྱེད་རང་མཁས་པའི་གོ་འཕང་ཐོབ་པ་ཡིན། དོན་དམ་པའི་མཁས་པའི་རྒྱལ་སར་བསྙེགས་པ་ཡིན། དེ་མིན་རང་ངོ་མི་ཤེས་པའི་འུ་ཚོའི་མཁས་པ་དང་བསམ་བློ་ཅན་དུ་འབོད་པ་ཚོས་གཞན་སྣེ་འཁྲིད་བྱེད་པ་ལས་ལྡོག་སྟེ་གཞན་གཡང་མི་གཡུག་པའི་ངེས་པ་མི་འདུག མདོར་བསྡུས་ན་འདིའི་རྐྱེན་རྩ་ནི་རང་ངོ་མ་ཤེས་པ་ཁོ་ནར་ཐུག་ཡོད། འདི་ལྟར་བསམ་སྐབས། རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས།། ཞེས་པའི་ཆོས་ཚིག་འདི་འཇིག་རྟེན་མི་ཆོས་ཀྱི་བསྡོམས་ཚིག་ཆེན་པོ་ཞིག་ཀྱང་ཡིན་པར་འཁུམས་སོ།།
༢༠༡༢/༤/༡༥/ལ།

སྣ་ཚོགས།

Post navigation

Previous Post: སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་རོགས།
Next Post: མདོ་སྨད་རྔ་སྟོད་ཨ་འདུས་སྡེ་བའི་མི་མང་ལ་གཅར་རྡུང་རྨས་སྐྱོན།

Comments (14) on “ཤེས། སྤྱོད། ཕན།
”

  1. རག་ཕྱགས་རྡོར says:
    2012-04-17 at 12:46 am

    སློབ་སྦྱོང་ཟེར་བ་དེ་དངོས་གནས་ངས་ཤེས་ཀྱི་མི་འདུག་བྱ་བ་ལེགས་པོ་ལ་སློབ་སྦྱོང་ཟེར་བ་རེད་དམ་བྱ་བ་ནང་པ་ལ་སློབ་སྦྱོང་ཟེར་བ་རེད་བྱ་ངན་གང་ཡང་མ་བྱས་པ་ལ་གང་ཟེར་བ་རེད་ཡང་ན་དགེ་བ་དང་སྡེག་པ་ཟེར་བ་དེ་སློབ་སྦྱོང་ལ་ངོས་འཛིན་དགོས་པ་རེད་དམ།།

  2. མི་འཁྱམ། says:
    2012-04-17 at 12:59 am

    སློབ་སྦྱོང་ནི་མི་གཞིའི་བླང་དོར་འབྱེད་བྱེད་ཀྱི་ནུས་པ་གཙོ་བོ་དེ་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-04-17 at 1:00 am

    ཟེས། སྤྱོད། ཕན། འདི་དག་ཤེས་ཡོན། སྤྱོད་བཟང་། ཕན་ཐོགས་ཞེས་གསུང་འདོད་ན། ཤེས་སྤྱོད་ཕན་གསུམ། ཞེས་པའི་ཚིག་དུམ་འདི་ག་འདྲ་འདུག འོན་ཀྱང་འབེལ་གཏམ་བཟང་པོ་འདུག

  4. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2012-04-17 at 3:45 am

    རག་ཕྱགས་རྡོར་གྱི་དྲིས་ལན། སློབ་སྦྱོང་ཞེས་པའི་དོན་འགྲེལ་སྐབས། སློབ་དང་སྦྱོང་སོ་སོར་འགྲེལ་དགོས། སློབ་ནི་རིག་པའི་གནས་གང་རུང་ལ་བསླབ་པ་དང་སྦྱང་བ་ཤེས་པར་བརྩོན་པ་ལ་ཟེར། སྦྱོང་ནི་བསླབས་པ་དེ་ཉིད་ཡང་ཡང་གོམས་འདྲིས་དང་བསྐྱར་ཞིབ་བྱས་པ་ལ་ཟེར། བསླབས་པ་དང་སྦྱངས་པའི་འབྲས་བུའམ་གྲུབ་དོན་ལའང་རྒྱུ་མིང་འབྲས་བཏགས་ཀྱིས་སློབ་སྦྱོང་ཟེར་བ་ཡིན། དེས་ན་སློབ་སྦྱོང་ནི་འབད་པའི་བྱ་བ་ཞིག་དང་དེའི་གྲུབ་འབྲས་གཉིས་སུ་བསྡུས་ན་ཆོག་ཅིང་དེ་ལ་ལེགས་ཉེསདང་། ཡག་སྡུག་སོགས་གང་ཡང་ཡོད། དགེ་མི་དགེ་ལ་འབྲེལ་བ་མི་འདུག དེ་སློབ་སྦྱོང་ཞེས་པའི་མིང་ཚིག་འགྲེལ་ཚུལ་ཙམ་ལས་སློབ་ཚང་མ་འབད་པ་ལ་འཇུག་པ་དང་སྦྱང་ཚང་མ་བསྐྱར་ཞིབ་ལ་འཇུག་པའི་དོན་མིན་ནོ།།

  5. རྣམ་སྲས། says:
    2012-04-17 at 10:18 am

    ང་ཡང་སློབ་སྦྱོང་དགོས་ཞེས་བཤད་མཁན་གྱི་གྲས་ཡིན། སྤྱིར་བཏང་སློབ་སྦྱོང་མི་དགོས་ཟེར་མཁན་ཞིག་ཕལ་ཆེར་མེད། དེ་ནི་སློབ་སྦྱོང་ཡོད་ན་ཆུང་སར་བསམ་བློ་བཏང་ན་ཡང་རང་ཉིད་ཀྱི་ཁེ་དབང་ཡོད་ཚད་སྒྲུབ་ཐུབ་པས་ཡིན། སློབ་སྦྱོང་ཡོད་མཁན་ཞིག་ཡིན་ན་དེ་མི་བུ་སྒལ་ཚིགས་ཅན་ཞིག་དང་། ཡོད་ཚད་ལ་རྩོད་སྒྲུབ་བྱེད་ཐུབ་མཁན་ཞིག་ཏུ་འདོད། འོན་ཀྱང་སློབ་སྦྱོང་ཅི་ཙམ་ཡོད་ཀྱང་མི་བུ་དེ་ལ་མི་གཞིའི་རིན་ཐང་གཙང་མ་ཞིག་མེད་ན་སློབ་སྦྱོང་ནི་མི་ཆོས་རིང་ལུགས་དང་། “རྒྱུུན་ཤེས་”ཀྱི་ལྡོག་ཟླ་སྒྲུབ་བྱེད་ཀྱི་ཡོ་བྱད་ཙམ་ཞིག་རེད། དེས་ན་མི་གཞིའི་རིན་ཐང་དང་ཀུན་སྤྱོད་གཙང་མ་ཞིག་ཡོད་ཐོག་སློབ་སྦྱོང་དཔྱིས་ཕྱིན་པ་ཞིག་ཡོད་ན་ད་གཟོད་མི་བུ་དེ་སྒལ་ཚིགས་ཅན་ཞིག་དང་། ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཞིག་གྱུར་པ་རེད། དེའི་ཕྱིར་སློབ་སྦྱོང་དང་མཉམ་དུ་རང་ཉིད་ཀྱི་ཀུན་སྤྱོད་དེ་བཅོས་བསྒྱུར་བྱེད་རྒྱུ་གལ་ཆེ།

  6. ཨ says:
    2012-04-17 at 2:10 pm

    ད་འུ་ཚོ་ཡོད་སར་སློབ་གསོའི་ཉི་མ་ཞིག གཞི་ནས་འཆར་ནི་ཨེ་རེད།།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-04-17 at 8:05 pm

    ལེགས་པར་བྲིས་པ་རགས་ཙམ་བཀླགས། བགྲང་གིས་མི་ལངས་པ། ཞེས་པ་དེ་ལྡངས་པའི་ཟུར་ཆག་ཡིན་འདུག། འདི་ཉིད་ལ་གོ་རྟོགས་བྱུང་ཚེ། ལྡང་ལ་འདང་ཞེས་མ་དག་པ་འབྲི་བ་དེ་སེལ་ཐུབ་སྙམ། བེད་སྤྱོད་ཅེས་པའི་བེད་ཀྱི་དོན་ཅི་ཡིན་ནམ། གཅིག་ན། བྱེད། ཅེས་པ་གནའ་བོའི་འབོད་ཚུལ་ཡིན་པ་ལ་ཡ་སྟའམ་ཡ་བཏགས་མེད་པར་སོང་བ་ཞིག་མ་ཡིན་ནམ།
    སློབ་པ། སྦྱོང་བ། ཞེས་ཡོད་པ་ལ་གཞིར་བཟུང་སྟེ། སློབ་སྦྱོང་། ཞེས་དུས་རབས་སམ། སྤྱི་ལོ་བརྒྱ་རབས་ཉི་ཤུ་པའི་མཇུག་ཙམ་ལ་དར་སྲོལ་བྱུང་བ་ཞིག་གོ་སྙམ།

    རིག་པ་གཞོན་ནུའི་དུས་སུ་སློབས།
    བ་ནི་དགུན་གྱི་དུས་སུ་གསོས།
    ཞིང་ནི་གཤེར་དང་ལྡན་པ་རྨོས།
    འདི་གསུམ་འབྲས་བུ་སྨིན་པའི་རྒྱུ།།

    ཚིགས་བཅད་ངས་བྱིས་པའི་སྐབས་སུ་ཐོས། ཁྱེད་རྣམས་ལས་འགའ་ཞིག་གིས་དཔེ་ཆ་གང་ན་ཡོད་གཟིགས་སམ།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-04-18 at 12:33 am

    ཁ་བརྡའི་རྒན་འཇམ་དཔལ་ལགས་ཀྱི་ཁ་བརྡ་བཟང་བྱུང་ལགས།

  9. ལོག་སྨྲ་ཚར་གཅོད། says:
    2012-04-18 at 11:23 am

    སློབ་སྦྱོང་དང་ཤེས་ཡོན་ཟེར་དུས་བསླབས་ནས་ཤེས་པ་ཚང་མ་ཡོན་ཏན་མིན།
    ལྷག་པར་དུ་མི་མང་པོས་སྐད་ཡིག་ཤེས་པ་ཡོན་ཏན་དུ་བརྩི་བཞིན་ཡོད།
    ངས་བརྟས་ན་སྐད་ཡིག་ནི་རང་གི་ཡོན་ཏན་གཞན་ལ་བརྡ་སྤྲོད་པའི་རྒྱུ་ལམ་ཞིག་ལས་ཡོན་ཏན་ངོ་མ་དེ་མིན།
    ཡོན་ཏན་ངོ་རང་གཞན་ལ་ཕན་པའི་ནང་གི་བཟང་པོའི་གོ་རྟོགས་ཤེག་ཡིན།

  10. མེ་ཏོག་དཀར་པོ། says:
    2012-04-18 at 11:23 am

    ལ་དྭགས་རྒན་ལེགས། ཚིགས་སུ་བཅད་པ་དེ་འཇམ་མགོན་མི་ཕམ་པའི་གསུང་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོད་བའི་རྒྱན་གྱིའོ།།

  11. མེ་ཏོག་དཀར་པོ། says:
    2012-04-18 at 11:28 am

    ས་གཞི་སྐྱོང་བའི་རྒྱན།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-04-19 at 2:26 pm

    མེ་ཏོག་དཀར་པོ་ལེགས།
    ཁྱེད་ཀྱིས་གསུངས་པ་ལྟར། རྗེ་འཇུ་མི་ཕམ་རིན་པོ་ཆེའི་ལུགས་ས་གཞི་སྐྱོང་བའི་རྒྱན་དུ་བལྟས་པས། དེ་ན་རབ་བྱེད་དགུ་པ། བརྟན་ཞིང་བརྩོན་པ་བརྟག་པ་ན།

    རིག་པ་གཞོན་པའི་དུས་ན་བསླབ།
    བ་ནི་དགུན་གྱི་དུས་སུ་གསོ།
    ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ།
    འདི་གསུམ་འབྲས་བུ་སྨིན་པའི་རྒྱུ།།

    ཞེས་ཁམས་ན་བྲིས་པ། བོད་ཡུལ་མཐའ་ཁོབ་ལྟ་བུ་ལ་དྭགས་སུ་བདག་གིས་ཐོས། གལ་ཏེ་འདི་ལྟ་བུའི་བསླབ་བྱ་བཟང་པོ་དག་དིང་དུས་འགའ་ཞིག་གིས་སོ་སོའི་ལུང་པའི་ཁ་སྐད་དུ་བྲིས་པ་ལྟ་བུ་ཡིན་ན། བོད་ཡོངས་ཀྱི་ཀློག་པ་པོས་གོ་མི་ཐུབ་པ་མངོན་སུམ་མོ།།

  13. ཀརྡོ་གཉེར་ཕྱག་པ་ says:
    2012-04-19 at 2:54 pm

    རིག་པ་གཞོན་པའི་དུས་ན་བསླབ།
    བ་ནི་དགུན་གྱི་དུས་སུ་གསོ།
    ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ།
    འདི་གསུམ་འབྲས་བུ་སྨིན་པའི་རྒྱུ།།

    འདི་བོད་རིགས་སྤྱིའི་ཁ་སྐད་དུ།

    སློབ་སྦྱོང་ན་གཞོན་ཆུང་དུས་སློབས། །
    དགུན་ཁར་བ་ཕྱུགས་གསོ་སྐྱོང་དགོས། །
    ཞིང་ཁ་ཆུ་དྲོད་འཛོམས་དུས་རྨོ། །
    འདི་གསུམ་འཛོམས་ན་ལས་དོན་གྲུབ། །

    ཁ་སྐད་སྤྱི་མོས་ཅིག་འོང་ཐབས་སུ་བྱས།

  14. མེ་ཏོག་དཀར་པོ། says:
    2012-04-19 at 8:15 pm

    ལ་དྭགས་རྒན་ལེགས། ཕྱག་འཚལ། དེ་དེ་བཞིན་ནོ་ཞུ་འོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme