Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སློབ་གསོའི་ཆེད་ལེགས་གསོལ་བྱ་དགའ་དང་མཐོ་སློབ་ཀྱི་སློབ་ཡོན་འབུལ་འཆར།

Posted on 2012-11-202012-11-20 By ཁ་བརྡ་ 5 Comments on ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སློབ་གསོའི་ཆེད་ལེགས་གསོལ་བྱ་དགའ་དང་མཐོ་སློབ་ཀྱི་སློབ་ཡོན་འབུལ་འཆར།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༠ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་བཀའ་ཤག་ཡངས་སྟེང་ཚོགས་ཁང་དུ་སྔ་དྲོའི་ཆུ་ཚོད་ ༡༢།༡༥ ཐོག་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་ལགས་དང་ཟུང་དྲུང་འཆི་མེད་རིགས་འཛིན་ལགས། དྲུང་གཞོན་སྐལ་བཟང་རིན་ཆེན་ལགས་བཅས་ནས་གསར་འགོད་པ་གྲངས་ ༡༥ ཙམ་འདུ་འཛོམས་བྱུང་ཡོད་པ་རྣམས་ལ་ཤེས་རིག་ལས་ཁུངས་ནས་རང་རེའི་རྒྱ་ཆེའི་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་སློབ་གསོའི་ཆེད་ལོ་རྗེས་མ་ནས་བཟུང་ལེགས་གསོལ་བྱ་དགའ་དང་མཐོ་སློབ་ཀྱི་སློབ་ཡོན་བཅས་ཀྱི་འཆར་གཞི་གསར་པ་ཁག་གཅིག་གསར་འགོད་གསལ་བསྒྲགས་གནང་ཡོད། དེ་ཡང་ཐོག་མར་དྲུང་འཕར་སྟོབས་རྒྱལ་ལགས་ནས་གསར་འགོད་གསལ་བསྒྲགས་བོད་ཡིག་ཐོག་ཡོད་པ་སྒྲོགས་སྦྱང་གནང་བ་དང་དེ་རྗེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་བ་རྣམས་གཤལ་གསལ།
དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་སོ་སོའི་འབད་རྩོལ་གྱི་གྲུབ་འབྲས་ལ་སེམས་སྐུལ་ལེགས་གསོལ་དང་འབྱོར་འཁོས་ཞན་པའི་སློབ་ཕྲུག་དང་ཁྱིམ་ཚང་བཅས་ལ་དགོངས་བཞེས་ཀྱིས་སློབ་ཡོན་གྱི་འཆར་གཞི་གསར་པ་འདི་གསལ་བསྒྲགས་བྱེད་ཀྱི་ཡོད། འདིས་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དགོངས་བསྐོང་ཐབས་དང༌། བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་ལ་གལ་གནད་ཆེ་ཤོས་སུ་ངོས་འཛིན་གནང་བ་མཚོན་གྱི་ཡོད།
ཤེས་ཡོན་ནི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་ཤུགས་གོང་སྤེལ་དང་རྒྱུན་གནས་ཐུབ་རྒྱུའི་མ་འཛུགས་ལྟ་བུ་ཡིན། འཆར་གཞི་གསར་པ་འདིའི་དམིགས་ཡུལ་སྤྱིར་སློབ་སྦྱོང་ཡར་རྒྱས་གཏོང་ཐབས་ཙམ་མིན་པར་འབྱུང་འགྱུར་མཁས་པ་དང་རིགས་གཅིག་རྐང་འཛིན་མང་ཙམ་བསྐྲུན་རྒྱུ། དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་འགོ་ཁྲིད་པ་དང་མི་ཆའི་ནུས་ཤུགས་དང་འཇོན་ཐང་གོང་འཕེལ་དུ་གཏོང་རྒྱུ་བཅས་ཡིན་པས་སློབ་ཡོན་འཆར་གཞི་གསར་པ་འདིས་ད་ཡོད་སློབ་ཡོན་གྲངས་འབོར་གྱི་བརྒྱ་ཆ་ ༥༠ ལྷག་སྤར་ཆ་ཞུས་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ནས་མ་འོངས་པར་སློབ་ཡོན་ཇེ་མང་དུ་གཏོང་ཐབས་བྱེད་རྒྱུ་བཅས་ཡིན།
འཆར་གཞི་གསར་པའི་གནད་དོན་གལ་ཆེ་འགའ་ཤས་གཤམ་གསལ།
༡། དགའ་ལྡན་ཕོ་བྲང་ལེགས་གསོལ་བྱ་དགའ། ཤེས་རིག་ལས་ཁུངས་ནས་མཚན་སྙན་ཆེ་བའི་བྱ་དགའ་འདིའི་དངུལ་འབོར་དང་སློབ་ཕྲུག་ཁ་གྲངས་གཉིས་ཀར་སྤར་ཆ་གནང་ཡོད། ཁྱོན་བསྡོམས་སློབ་ཕྲུག་དགུ་ལ་བྱ་དགའ་གནང་རྒྱུ་སྟེ། ཚན་རིག རྒྱུ་རྩལ། ཚོང་རིག་བཅས་སྡེ་ཁག་གསུམ་སོ་སོའི་ཨང་དང་པོ། གཉིས་པ། གསུམ་པ་སོ་སོར་རིམ་བཞིན་སྒོར་ ༢༠༠༠༠།༠༠ སྒོར་ ༡༥༠༠༠།༠༠ སྒོར་ ༡༠༠༠༠།༠༠ རེ་གནང་རྒྱུ།
༢། སྲིད་སྐྱོང་སློབ་ཡོན། སློབ་ཡོན་གསར་པ་འདིའི་དགོས་དམིགས་སློབ་ཕྲུག་ཚོས་སློབ་སྦྱོང་ལ་བརྩོན་འགྲུས་ གོང་སྤེལ་དང་རྒྱལ་ཡོངས་རྒྱུགས་སྤྲོད་སྐབས་གྲུབ་འབྲས་ལེགས་པ་ཡོང་བའི་ཆེད་དུ་ཡིན། འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་མཐའ་མའི་སྐབས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་མཁན་མཆིས་སོ་ཅོག་ལ་སྲིད་སྐྱོང་སློབ་ཡོན་ཧིན་སྒོར་ ༡༠༠༠༠༠།༠༠ རེ་གནང་རྒྱུ།
༣། སྲིད་སྐྱོང་གཟེངས་བསྟོད། རིགས་གཅིག་རྐང་འཛིན་གྱི་ Ph. D བསླབ་པ་མཐར་སོན་རིགས་ལ་སྲིད་སྐྱོང་གཟེངས་བསྟོད་ལག་འཁྱེར་དང་ཧིན་སྒོར་ ༢༠༠༠༠།༠༠ རེ་གནང་རྒྱུ།
༤། མཐའ་མའི་རྒྱལ་ཡོངས་རྒྱུགས་སྤྲོད་ནང་བརྒྱ་ཆ་མཐོ་བ་ཐོབ་མཁན་ཚོར་སློབ་ཡོན་མང་བ་འཐོབ་རྒྱུ། ད་ལྟའི་ཆར་བརྒྱ་ཆ་མཐོ་དམའ་ལ་མ་ལྟོས་པར་སློབ་ཡོན་ཐོབ་པའི་སློབ་ཕྲུག་ཚང་མར་ སློབ་ཡོན་དངུལ་འབབ་གཅིག་མཚུངས་ཐོབ་ཀྱི་ཡོད། དཔེར་ན་བརྒྱ་ཆ་དྲུག་ཅུ་ལོན་དང་བརྒྱ་ཆ་བརྒྱད་ཅུ་ལོན་ལ་དབྱེ་བ་མེད་པ་ལྟ་བུ་ ཡིན། འོན་ཀྱང་འཆར་གཞི་གསར་པ་འདིའི་འོག་སློབ་ཕྲུག་ཚོར་རྒྱལ་ཡོངས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཀྱི་བརྒྱ་ཆ་ལ་གཞིགས་ཏེ་ལོ་རེར་སློབ་ཡོན་སྒོར་ ༣༥༠༠༠།༠༠ ནས་སྒོར་ ༡༠༠༠༠༠།༠༠ བར་གནང་རྒྱུ།
༥། ལེགས་གསོལ་བྱ་དགའ། མཐོ་རིམ་སློབ་སྦྱོང་ཆེད་ཤེས་རིག་ལས་ཁུངས་ནས་སློབ་ཡོན་ལེན་མུས་ཀྱི་སློབ་ ཕྲུག་གང་ཞིག་ནས་སློབ་ཡུན་གྱི་ལོ་སོ་སོའི་ཡིག་རྒྱུགས་སྐབས་བརྒྱ་ཆ་ ༧༥ ཡན་ལོན་ན། རྒྱུན་ལྡན་སློབ་ཡོན་གྱི་ཐོག་ལེགས་གསོལ་སྒོར་ ༡༠༠༠༠།༠༠ རེ་འཕར་མ་གནང་རྒྱུ།
༦། ཉམ་ཐག་ཆེད་དམིགས་བསལ་སློབ་ཡོན། དབུས་བོད་མིའི་སྒྲིག་འཛུགས་ནས་ཞིབ་འཇུག་གིས་ཉམ་ཐག་ཨང་རྟགས་ཅན་གྱི་ཁྱིམ་ཚང་གི་བུ་ཕྲུག་ཚོའི་ཆེད་དུ་སློབ་ཡོན་འདི་གསར་བཏོད་གནང་བ་ཡིན། འདིའི་དམིགས་ཡུལ་ཁྱིམ་ཚང་ཉམ་ཐག་གི་བུ་ཕྲུག་མཐོ་རིམ་སློབ་སྦྱོང་མཐར་འཁྱོལ་ཐབས་ལ་རམ་འདེགས་བརྒྱུད་དེ་རིམ་བཞིན་ཁྱིམ་ཚང་དེ་ཉིད་ཉམ་ཐག་གིས་གནས་ལས་སྒྲོལ་ཐབས་བྱེད་རྒྱུ་དེ་ཡིན། འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་ནང་བརྒྱ་ཆ་ ༤༠ ལོན་པའི་ཉམ་ཐག་ཁོངས་གཏོགས་ཀྱི་སློབ་ཕྲུག་ཚོར་དམིགས་བསལ་སློབ་ཡོན་འདིའི་ཆེད་སྙན་འབུལ་གྱི་གོ་སྐབས་གནང་རྒྱུ་ཡིན་པ་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ་བོད་མིའི་སྒྲིགས་འཛུགས་ཀྱི་ཤེས་རིག་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་ནས་ ༢༠༡༢ ཟླ་ ༡༡ ཚེས་ ༢༠ ལ།
དོགས་འདྲི་དང་གསལ་བཤད་ཆེད་ཤེས་རིག་ལས་ཁུངས་སུ་འབྲེལ་བ་གནང་རོགས།
ཤེས་ལས་གློག་འཕྲིན་ education@tibet.net, scholarship@tibet.net
ཟུར་མཆན། གོང་གསལ་སློབ་ཡོན་འདི་དག་ཐོབ་རྒྱུར་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྒྲིག་གཞིར་གསལ་བའི་དགོས་མཁོ་དང་ཆ་རྐྱེན་རྣམས་ཚང་དགོས་པ་ཡིན།

སྙན་ངག

Post navigation

Previous Post: རེབ་གོང་མགོན་ཤུལ་ནས་ཡིན་པ་གསང་བདག་ཚེ་རིང་གི་པར།
Next Post: རྒྱ་གཞུང་གི་གནོན་ཤུགས། ལེའུ་ཞ་པོའི་སྡུག་བསྔལ།

Comments (5) on “ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སློབ་གསོའི་ཆེད་ལེགས་གསོལ་བྱ་དགའ་དང་མཐོ་སློབ་ཀྱི་སློབ་ཡོན་འབུལ་འཆར།”

  1. བྱམས་པ་ལྷུན་གྲུབ། says:
    2012-11-20 at 6:09 am

    འདི་ནི་བོད་ཕྲུག་མང་པོ་གཅིག་ལ་སློབ་སྦྱོང་བྱེད་པར་སྐུལ་འདེད་ཆེན་པོ་བྱེད་པ་དང་འགན་འཁུར་དང་འགྲོ་གྲོན་ཡང་ཆེན་པོ་ཡོད་ཅེས་པའི་གལ་གནད་འགག་ཅན་གྱི་ལས་འཆར་གསར་པ་གཅིག་རེད་སྙམ།

  2. རིགས་ཞེན་དཀར་པོ། says:
    2012-11-20 at 10:17 am

    དེ་ནི་ཕུག་རྒྱང་རིང་པོ་མཐོང་བའི་མཚོན་བྱེད་ཙམ་རེད།

  3. བླ་སྨྱོན་ says:
    2012-11-20 at 11:14 am

    དངོས་གནས་ཡིན་ན་དགའ་བསུ་ཡོད། ཤེས་རིག་ནི་བོད་ཀྱི་སྲོག་རྩ་ཡིན་ལ་དེ་ནི་མེད་ཐབས་མེད་པ་ཞིག་རེད། སློབ་ཡོན་ཙམ་མ་ཟད་སློབ་སྦྱོང་ཡང་ཡར་རྒྱས་གཏོང་བའི་རེ་བ་ཡོད།

  4. མངའ་རིས་ཕྲིན་ལས། says:
    2012-11-20 at 11:55 am

    བཀའ་ཤག་སྐབས་བཅུ་བཞི་པའི་ཕྱག་ལས་གནང་སྟངས་ནི་དངོས་གནས་ཧ་ལས་པའི་ཡག་པོ་འདུག ཤེས་ཡོན་ཡར་རྒྱས་ཡོང་ཐབས་ལ་འབད་བརྩོན་དང་འགྲོ་གྲོན་གནང་རྒྱུ་ནི་མི་རིགས་ཤིག་གོ་ལ་ཧྲིལ་པོ་འདིར་གནས་མི་གནས་ཀྱི་ཐུག་ས་ཤེས་རིག་ཡིན་པས་གལ་ཆེ་ཤོས་རེད། དེ་མིན་སྔོན་མ་ནང་བཞིན་བཙན་བྱོལ་གཞུང་གི་མ་དངུལ་ཕྲན་བུ་ཡོད་པ་རྣམས་ལྷ་བླའི་ལུང་བསྟན་ཡིན་ཟེར་ནས་སྔ་ཕྱིའི་གྲུབ་འབྲས་ལ་མ་དཔྱོད་པར། ཞབས་རིམ་རྐྱང་རྐྱང་བྱས་སྡད་ན་ཕན་པ་ཡོད་མིན་ཐེ་ཚོམ་རེད། རེ་བ་དེ་གཞིས་བྱེས་ལྷན་འཛོམ་མགྱོགས་པོ་ཡོང་བའི་རེ་བ་བྱེད་དགོས། གྲ་སྒྲིག་དེ་ད་དུང་བཙན་བྱོལ་ནང་མི་ལོ་མང་པོ་ཞིག་ལྷག་དགོས་པའི་དམིགས་འབེན་བྱས་ཏེ་དཔལ་འབྱོར་དང་ཤེས་ཡོན་ས་བརྟན་ཡོང་ཐབས་བྱེད་དགོས།

  5. ཐུ་བ་རྒྱ་མཚོ། says:
    2012-11-20 at 7:57 pm

    འདི་ཡང་ཤེས་རིག་གི་ལས་འགུལ་ཕྲན་བུ་ཙམ་འཕར་སྣོན་བྱེད་པ་རེད་ཟེར་ན་ཆོག རྩ་བའི་བཙན་བྱོལ་སློབ་གྲྭ་ཁག་གི་གནས་ཚད་ཇེ་ལེགས་སུ་གཏོང་འདོད་ཡོད་པ་དངོས་ཡིན་ན་ད་ཡོད་སློབ་གྲྭ་ཁག་གི་ཤེས་ཚད་དང་བསམ་བློ་ཤིན་ཏུ་ནས་དམའ་བའི་ཐོག་ཀུན་སྤྱོད་དང་རྣམ་འགྱུར་གཡོ་ཟོལ་ཆེ་བའི་སློབ་སྤྱི་དང་འགན་འཛིན་རྙིང་རུལ་བ་མང་དག་ཅིག་ཡོད་པ་དེ་དག་འཕོ་འགྱུར་གཏོང་དགོས་པ་ཡིན།

    ཀླད་རྙིང་མཁྲེགས་འཛིན་དང་གཡོ་ཟོལ་ངན་སྤྱོད་ལ་གོམས་པའི་སློབ་གྲྭའི་འགན་འཛིན་ཞིག་ཡིན་ན། མི་དེ་འདྲ་བའི་ལག་འོག་ནས་ཤེས་ཚད་དང་ལྷག་བསམ་འཇོན་ཐང་ཆེ་བའི་དགེ་རྒན་ཚད་ལྡན་ཅིག་རྒྱུན་རིང་གནས་ཐབས་ཧ་ཅང་གི་ཁག་པོ་ཡིན། ངན་རྒུ་སྣ་ཚོགས་ཀྱིས་སྡོད་ཐབས་མེད་པར་བཟོ་གི་ཡོད།

    སློབ་གྲྭ་ཞིག་ལ་མཚོན་ན་དགེ་རྒན་ཚད་ལྡན་དགོས་རྒྱུ་ནི་སློབ་གྲྭ་དེའི་ཆ་རྐྱེན་ཨང་དང་པོ་དང་གལ་ཆེ་ཤོས་དེ་རེད་ཟེར་ན་ཆོག ཤེས་འཇོན་ཞན་པའི་མིང་བཏགས་སློབ་སྤྱི་གང་མང་ཞིག་ས་འོག་དར་ཐག་བརྒྱུད་ནས་ལོ་ནས་ལོ་ལ་རྐུབ་སྟེགས་གཅིག་དམ་པོར་བཅིངས་ནས་བསྡད་ཡོད། ཁོང་ཚོས་བྱེད་སྟངས་ནི་ཤེས་འཇོན་ལྷག་བསམ་རང་ལས་བཟང་བའི་དགེ་རྒན་ཅིག་ཡིན་ཕྱིན་གཅིག་རེ་གཅིག་རེ་བྱས་ནས་སློབ་གྲྭ་དེ་ག་ནས་སྡོད་འདོད་མེད་པར་བཟོ་བ་དང་རྒྱང་ཕུད་ལ་གཏོང་ཐབས་བྱེད་གི་རེད། དེ་འདྲ་བ་ད་ཡོད་སློབ་གྲྭ་ཁག་ན་ཧ་ཅང་གི་མང་། གནད་དོན་དེས་སློབ་གྲྭ་སྤྱི་ཡོངས་ལ་གྱོང་གུན་ཚད་མེད་རག་གི་ཡོད།

    ཤེས་རིག་བཀའ་བློན་དང་བཀའ་ཤག་གསར་པས་བཙན་བྱོལ་བོད་མིའི་ཤེས་ཚད་ཡར་རྒྱས་གཏོང་བའི་འགོ་འཛུགས་སའི་གནས་རིམ་དང་པོ་འདི་ནས་འགོ་འཛུགས་དགོས་པ་ཡིན། དེ་ནས་གསོལ་རས་དང་རྔན་པ། སློབ་ཡོན་སོགས་སྟེར་རྒྱུ་ཡོད་ན་ལྷག་ཏུ་བཟང་། དེ་འདྲ་བྱས་ན་ད་གཟོད་ལོ་ངོ་ལྔ་བཅུའི་རིང་གི་ཤེས་ཡོན་གནས་ཚད་ཞན་པའི་ཉམས་མྱོང་ལ་འགྱུར་བཅོས་དངོས་སུ་གཏོང་ཐུབ་པ་མ་ཟད། མ་འོངས་པའི་བཙན་བྱོལ་བའི་ལོ་ངོ་ལྔ་བཅུ་དེ་སླར་ཡང་ཁེངས་ར་དང་འགྱོད་པའི་ངང་བསྐྱལ་དགོས་པར་ཐུག་གི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme