Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་རྐང་ཆག་མ།

Posted on 2014-04-242014-04-24 By ཁ་བརྡ་ 43 Comments on ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་རྐང་ཆག་མ།

འཇམ་དབྱངས་དཀར་པོ།

གཤམ་གསལ་གྱི་ཡིག་ཕྲེང་འདི་བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་“དབྱར་ཀའི་ཚན་རིག་སློབ་ཁྲིད་ལས་འཆར་གྱི་གསལ་བསྒྲགས་”ལས་དོན་ཚན་གཅིག་རེད། འདིའི་ནང་ན་ཡིག་ནོར་དང་བརྗོད་པ་མི་བདེ་བ། སྦྲགས་སྐད་ཅི་ཙམ་འདུག སྤྱི་ལོ་༡༩༥༩ ནས་ད་བར་བཙན་བྱོལ་ནང་གི་མིའུ་ཆེ་མ་ཆུང་གསུམ་ཀུན་གྱིས་ཁ་ཡར་གྲག་ན་རྒྱ་ནག་གིས་བོད་ཀྱི་རིག་གཞུང་རྩ་གཏོར་བཏང་སོང་ཟེར། ཁ་མར་གྲག་ན་ཡང་རྒྱ་ནག་གིས་བོད་ཀྱི་རིག་གཞུང་རྩ་གཏོར་བཏང་སོང་ཟེར། རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན་ཤེས་རིག་ལས་ཁུངས་ནི་ཆེས་ཚད་མཐོ་དང་གལ་གནད་ཆེ་བའི་ལས་ཁུངས་ཤིག་ཡིན་པས། ལས་ཁུངས་འདི་ནས་ཐོན་པའི་ཡིག་ཆ་དང་དཔེ་དེབ། གསལ་བསྒྲགས་སོགས་ཀྱི་ཚིག་གི་བརྗོད་པ་ཚུན་ཆད་ནས་ཀྱང་གསལ་དག་སྡེབ་ལེགས་ཚད་ལྡན་ཞིག་དགོས་པ་ནི་བཤད་མི་དགོས་པའི་དོན་དག་ཅིག་རེད།
ཡིན་ན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བཤད་ན། བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་དེ་ཙམ་ཨེ་ཡོད་སྙམ་པའི་ཚོར་སྣང་སྟེར་བར་མ་ཟད། བོད་ནང་གི་ཤེས་ཡོན་ཅན་དང་དེ་དག་གིས་སྒྲིག་པའི་སློབ་ཚན་དང་ཚིག་གི་བརྗོད་པ་ལ་མཐུན་སྒྲིལ་བྱ་འདོད་མེད་པའི་ཚོར་སྣང་ཡང་སྟེར་ཏེ། བོད་ནང་ན་(Bus)ལ་སྤྱི་སྤྱོད་རླངས་འཁོར་དང་། (Bill) ལ་འཛིན་སོགས་ཡོངས་གྲགས་ཡིན་བཞིན་དུ་ཤེས་རིག་ལས་ཁུངས་ཀྱིས་“སྦ་སི་”དང་། “འབིན་འཛིན་”ཞེས་ར་མ་ལུག་གི་སྐད་ཡིག་འདི་ལྟ་བུ་འཇུག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། བོད་ནང་ནས་རང་གི་སྐད་ཡིག་གཙང་མའི་ཆེད་དུ་རང་སྲོག་འབེན་པ་བཙུགས་དང་འཛུགས་བཞིན་པ་རྣམས་ཀྱི་རེ་འདུན་ཡལ་བར་འདོར་བའི་སྙིང་ཁམ་ཅི་འདྲའི་ཆེ་ཨང་།

ཡང་“ཉལ་ཁྲི་གསུམ་བརྩེགས་ཅན་”ཞེས་པར་བརྡ་སྤྲོད་པའི་གཞུང་ལུགས་ནང་བརྗོད་བདེ་དང་རྟགས་མཚུངས་གཉིས་བཤད་པའི་བརྗོད་བདེ་མེད་སྟབས་“སུམ་བརྩེགས་ཅན་”ཞེས་འབྲི་དགོས་པ་དང་། ཡང་“ངོ་མ་ཆབ་འབུལ་”ཞེས་པའི་གོ་དོན་ཅི་ཞིག་ཡིན་ནམ། “ཆབས་ཅིག་”ཡིན་ན་ནི་ཆབས་ཅིག་ལ་ཆབ་བྲིས་པར་བརྟེན་ཡིག་ནོར་དུ་བརྩི་རྒྱུ་ཡིན། སྦྲགས་སྐད་བཤད་པ་ནི་རང་གི་སྐད་ཡིག་རྒུད་པའི་སྔ་ལྟས་ཤིག་ཡིན་གཤིས་འདི་ལོའི་སྤྱི་ཟླ་༡ ཚེས་༢༧ ཉིན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་ཀྱང་ [རྒྱ་ཕྱོགས་ནས་ཡིག་ངག་གཉིས་ཐོག་ནས་ཡང་ནས་ཡང་དུ་བོད་སྐད་ཀྱི་སྐད་ཡིག་ཐོག་བཙན་འཛུལ་ལྟ་བུས། བོད་སྐད་ལ་གཟའ་ཉི་མ་ཞེས་མིང་ཡོད་མུས་ལ་“ཤིན་ཅི་”ཞེས་འབྲི་འབོད་བྱེད་པ་དང་། དེ་བཞིན་ལས་ཁུངས་ལ་”པུའི”དང་། “ཐིང་“ཁྲུའུ་”སོགས་དང་། ལས་ཁུངས་ཀྱི་གཙོ་འཛིན་ལ་“པུའུ་ཀྲང་” སོགས་དང་། འགོ་ཁྲིད་ལ་“ཀྲུའུ་ཞི་”དང་། “ཀྲུའུ་རིན་” དེ་བཞིན་ས་གནས་ཀྱི་རྫོང་ལ་“ཤན་” དང། དེའི་འོག་ལ་“ཤང་” ཟེར་བ་ལྟ་བུ་ཡང་ཡང་བེད་སྤྱོད་བྱས་རྐྱེན་དེང་བོད་ནས་ཕེབས་མཁན་མང་པོས་ཀྱང་དེ་ལྟའི་བརྗོད་ཚིག་བེད་སྤྱོད་བྱེད་པ་དང་། འདི་གར་གནས་ཚུལ་ཕུལ་འབྱོར་ཁག་གི་ནང་དུའང་དེ་ལྟར་བྲིས་པ་ཡོང་གི་འདུག
དེ་བཞིན་འབྲི་ཆུའི་སྟོད་རྒྱུད་ཀྱི་གྲོང་རྡལ་བོད་མིང་ལ་དགའ་སྐྱེ་རྒུ་མདོ་ཞེས་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་ཡོད་དང་ཡོད་བཞིན་པར་རྒྱ་ཕྱོགས་ནས་དགོས་དབང་ལྟ་བུས་”ཡུས་ཧྲུའུ་”ཞེས་འབོད་འབྲི་བྱེད་བཞིན་ཡོད་པར་རང་ཕྱོགས་ནས་ཐུགས་སྣང་ཆུང་སྐྱོན་ལྟ་བུས་དེ་ལྟར་ལད་ཟློས་གནང་བ་དེས་རིམ་པས་བོད་ཀྱི་མིང་ཚིག་ངོ་མ་བརླག་ཉེན་དུ་མཐོང་པས།] ན་འདི་ལྟ་བུའི་ཡི་གེ་ཞིག་མ་བསྒྲགས་ཀ་མེད་ཆགས་པ་རེད། དེས་ན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་ཡི་གེའི་སྡེབ་སྦྱོར་དང་ཚིག་གི་དག་ཆ་ལ་ཡིད་གཟབ་བྱ་འོས་པར་སེམས་སོ།།

 

གཤམ་གསལ་ནི་འབྲེལ་ཡོད་ཡིག་ཆ་ཁག་གཉིས་ཡིན།

ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས།

དབྱར་ཀའི་ཚན་རིག་སློབ་ཁྲིད་ལས་འཆར་གྱི་གསལ་བསྒྲགས།
༢༠༡༤ ཟླ་ ༤ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་ཏུ་ཚན་རིག་སློབ་སྦྱོང་གནང་བཞིན་པའི་བོད་ པའི་སློབ་ཕྲུག་རྣམས་ལ་ཟླ་བ་གཅིག་རིང་རྒྱ་གར་དུ་བོད་པའི་སློབ་གྲྭའི་ནང་ཚན་ རིག་སློབ་ཁྲིད་བྱ་རྒྱུའི་གོ་སྐབས་འབུལ་རྒྱུ་ཡིན་འདུག དེ་ཡང་ལས་གཞི་འདིའི་ ‘Summer Science Teaching Program 2014 ‘ དམིགས་ཡུལ་གཙོ་བོ་ནི་མཐོ་སློབ་སློབ་མ་རྣམས་ཀྱིས་སློབ་མཐར་རྗེས་འབྲེལ་ཡོད་ སློབ་ཚན་ཐོག་མུ་མཐུད་སློབ་སྦྱོང་གནང་ཐུབ་པ་བྱ་རྒྱུ་དང་། དྭངས་བླངས་སྤྱི་ཚོགས་ཞབས་ཞུའི་ཆེད་གོ་སྐབས་འབུལ་རྒྱུ། བོད་པའི་སློབ་ཕྲུག་རྣམས་ལ་མིག་དཔེ་ལམ་སྟོན་བྱེད་ཐུབ་པ་བཅས་ཡིན་འདུག འདི་ལོའི་དབྱར་ཀའི་ཚན་རིག་སློབ་ཁྲིད་ལས་འཆར་འདི་ནི་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་ནས་དབུ་འཛུགས་གནང་རྒྱུ་ཡིན་འདུག
༡༽དེ་ཡང་དྭངས་བླངས་སློབ་ཁྲིད་པ་རྣམས་རྒྱ་གར་ས་གནས་གང་ཞིག་ནས་ཕེབས་ཀྱང་ལམ་གྲོན་རྣམས་ཤེས་རིག་ལས་ཁུངས་ནས་གནང་རྒྱུ་དང་།
༢༽དྭངས་བླངས་སློབ་ཁྲིད་པ་རྣམས་མེ་འཁོར་ཉལ་ཁྲི་གསུམ་བརྩེགས་ AC 3 Tier ཅན་དང་སྦ་སི་ལེགས་གྲས་ཀྱི་ལམ་གྲོན་ deluxe bus fare འབུལ་རྒྱུ་ཡིན། ཐུགས་གནང་དགོས་རྒྱུ། ༼གོང་གསལ་འགྲོ་གྲོན་ཁག་རྩིས་འཕེར་ཡོང་སླད་ཁང་གླ་དང་མེ་འཁོར་སྣུམ་འཁོར་སོགས་ཀྱི་འབིན་འཛིན་ངོ་མ་ཆབ་འབུལ་ཞུ་དགོས།༽
༣༽ལམ་བར་ཉིན་རེར་ལྟོ་དོད་ཧིན་སྒོར་ ༢༥༠ འབུལ་རྒྱུ་དང་།
༤༽ དྭངས་བླངས་སློབ་ཁྲིད་པ་རྣམས་སློབ་ཁྲིད་གནང་ཡུན་རིང་འབྲེལ་ཡོད་སློབ་གརྭ་ཁག་ནས་ཞུགས་གནས་མགྲོན་ཁང་རིན་མེད་ཐོག་གོ་སྒྲིག་གནང་རྒྱུ།
༥༽ ཟླ་བ་གཅིག་རིང་ཟས་དོད་ཧིན་སྒོར་ ༦༠༠༠ ཡོད།
༦༽ སློབ་ཁྲིད་མཇུག་སྒྲིལ་རྗེས་དྭངས་བླངས་སློབ་ཁྲིད་པ་རྣམས་ལ་ལེགས་གསོའི་བྱ་དགའ་ཧིན་སྒོར་ ༣༠༠༠ དང་ཕྱག་འཁྱེར་གནང་རྒྱུ།
ཐུགས་གནང་དགོས་རྒྱུ།
༡༽ དྭངས་བླངས་སློབ་ཁྲིད་པ་རྣམས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༥ ཉིན་གཅིག་གི་རིང་སྦྱོང་བརྡར་འབུལ་རྒྱུ་ཡིན་པར་བརྟེན་དེ་ཉིན་ཚང་མ་ངེས་བཅར་དགོས་རྒྱུ།
༢༽ དྭངས་བླངས་སློབ་ཁྲིད་ལས་འཆར་ནང་འཛུལ་ཞུགས་ཆེད་ཚང་སྙན་འབུལ་རྒྱུའི་དུས་ཚོད་མཐའ་མ་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༥ ཡིན།
༣༽དྭངས་བླང་སློབ་ཁྲིད་ལས་འཆར་ནང་མཉམ་ཞུགས་གནང་འདོད་ཡོད་ཚེ་ཤེས་རིག་ལས་ ཁུངས་ཀྱི་ཚན་རིག་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ལ་གཤམ་འཁོད་དྲྭ་རྒྱ་དང་ལག་ཐོག་ཁ་པར། ལས་ཁུངས་ཁ་པར་ཐོག་འབྲེལ་གནང་ཡོད་པ་ཞུ།
དྲྭ་རྒྱའི་ཁ་སྦྱང་། academic@tibet.net
ལག་ཐོག་ཁ་པར་ཨང་གྲངས། ༠༩༨༨༢༩༦༡༤༤༩
ལས་ཁུངས་ཁ་པར་ཨང་གྲངས། ༠༡༨༩༢ ༢༢༢ ༥༧༢། ༢༢༢༧༢༡

 

དགའ་ལྡན་ཕོ་བྲང་བླ་བྲང་གི་དཔྱད་གཞི།
མིང་ཚིག་བེད་སྤྱོད་གནང་ཕྱོགས་སྐོར་གྱི་གནས་འཕྲིན།

མཚུངས་མེད་བོད་སྐད་དང་བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ལས་འཛིན་པ་ལྷན་རྒྱས་ལ། 
ཆེེད་འབུལ། དགོངས་གསལ་རྒྱ་ཕྱོགས་ནས་ཡིག་ངག་གཉིས་ཐོག་ནས་ཡང་ནས་ཡང་དུ་བོད་སྐད་ཀྱི་སྐད་ཡིག་ཐོག་བཙན་འཛུལ་ལྟ་བུས། བོད་སྐད་ལ་གཟའ་ཉི་མ་ཞེས་མིང་ཡོད་མུས་ལ་“ཤིན་ཅི་”ཞེས་འབྲི་འབོད་བྱེད་པ་དང་། དེ་བཞིན་ལས་ཁུངས་ལ་”པུའི”དང་། “ཐིང་ “ཁྲུའུ་”སོགས་དང་། ལས་ཁུངས་ཀྱི་གཙོ་འཛིན་ལ་ “པུའུ་ཀྲང་” སོགས་དང་། འགོ་ཁྲིད་ལ་ “ཀྲུའུ་ཞི་” དང་། “ཀྲུའུ་རིན་” དེ་བཞིན་ས་གནས་ཀྱི་རྫོང་ལ་ “ཤན་” དང། དེའི་འོག་ལ་ “ཤང་” ཟེར་བ་ལྟ་བུ་ཡང་ཡང་བེད་སྤྱོད་བྱས་རྐྱེན་དེང་བོད་ནས་ཕེབས་མཁན་མང་པོས་ཀྱང་དེ་ལྟའི་བརྗོད་ཚིག་བེད་སྤྱོད་བྱེད་པ་དང་། འདི་གར་གནས་ཚུལ་ཕུལ་འབྱོར་ཁག་གི་ནང་དུའང་དེ་ལྟར་བྲིས་པ་ཡོང་གི་འདུག དེ་བཞིན་འབྲི་ཆུའི་སྟོད་རྒྱུད་ཀྱི་གྲོང་རྡལ་བོད་མིང་ལ་དགའ་སྐྱེ་རྒུ་མདོ་ ཞེས་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་ཡོད་དང་ཡོད་བཞིན་པར་རྒྱ་ཕྱོགས་ནས་དགོས་དབང་ལྟ་བུས་”ཡུས་ཧྲུའུ་”ཞེས་འབོད་འབྲི་བྱེད་བཞིན་ཡོད་པར་རང་ཕྱོགས་ནས་ཐུགས་ སྣང་ཆུང་སྐྱོན་ལྟ་བུས་དེ་ལྟར་ལད་ཟློས་གནང་བ་དེས་རིམ་པས་བོད་ཀྱི་མིང་ཚིག་ངོ་མ་བརླག་ཉེན་དུ་མཐོང་པས། སླད་མིང་ཚིག་བེད་སྤྱོད་གནང་ཕྱོགས་ཐོག་དགོངས་བཞེས་ངེས་པར་གནང་འོས་དཔྱད་གཞིའི་ཚུལ་དུ། །
དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་༢༠༡༤ ཟླ་༡ ཚེས་༢༧ ལ།

སྣ་ཚོགས།

Post navigation

Previous Post: གངས་རིའི་སྲས་མོའི་གཉེན་སྟོན་བཙན་པོའི་རྗེས་དྲན།
Next Post: ཟླ་བར་སྒུག་པ།

Comments (43) on “ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་རྐང་ཆག་མ།”

  1. སྤོབས་པ་མཐའ་ཡས། says:
    2014-04-24 at 12:41 am

    ལག་ཐོག་ཁ་པར་ཟེར་བའི་ཐོགས་ནི་ལག་པས་ཐོགས་པའི་དོན་ཡིན་པས་ཡང་འཇུག་དགོས།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-04-24 at 1:03 am

    ་་་་་་་ བོད་ནང་ན་(Bus)ལ་སྤྱི་སྤྱོད་རླངས་འཁོར་དང་། (Bill) ལ་འཛིན་སོགས་ཡོངས་གྲགས་ཡིན་བཞིན་དུ་ཤེས་རིག་ལས་ཁུངས་ཀྱིས་“སྦ་སི་”དང་། “འབིན་འཛིན་”ཞེས་ར་མ་ལུག་གི་སྐད་ཡིག་འདི་ལྟ་བུ་འཇུག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2014-04-24 at 1:07 am

    གཤམ་འཁོད་དྲྭ་རྒྱ་དང་ལག་ཐོག་ཁ་པར།
    འདི།
    གཤམ་འཁོད་དྲྭ་རྒྱ་དང་ལག་ཐོགས་ཁ་པར།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-04-24 at 1:22 am

    དྭངས་བླངས་དང་། དང་བླངས།
    དྭངས་བླངས་དག་པ་རེད་དམ། དང་བླངས་དག་པ་རེད། དཔྱད་དགོས་པར་མཐོང་།

  5. ལྷ་བྱ་འཕུར་མ says:
    2014-04-24 at 5:28 am

    འཇམ་དབྱངས་དཀར་པོ་ལགས། ཤེས་རིག་བཀའ་བློན་མཆོག་གི་ལས་བྱེད་ཚོས་དགའ་ལྡན་ཕོ་བྲང་གི་གནས་འཕྲིན་སྣང་མེད་བཞག་པ་ད་ཐེངས་གཅིག་པོ་མ་རེད། ཁོ་ཚོར་ལ་སྐུལ་བ་བོང་བུའི་རྣའི་ནང་གསེར་ལྡུགས་པ་དང་གཅིག་མཚུངས་རེད་འདོད་ཀྱི་ཡོད། ཁྱེད་ཀྱིས་ཁོ་ཚོའི་སྐྱོན་འཛུགས་བྱེད་པ་མ་གཏོགས་གཞན་རྣའི་ནང་གང་ཡང་འགྲོ་རྒྱུ་མ་རེད

  6. ཅོ་རི་ཉི་མ། says:
    2014-04-24 at 6:52 am

    གནད་དོན་འདིའི་ཐོག་ཏུ་སྐད་ཆ་ཚིག་གསུམ་བཤད་དགོས་ཐུག་སོང་བས་དགོངས་འགལ་མེད་པ་བྱོས།
    འཇམ་དབྱངས་དཀར་པོས་་་་བོད་ནང་ན་(Bus)ལ་སྤྱི་སྤྱོད་རླངས་འཁོར་དང་། (Bill) ལ་འཛིན་སོགས་ཡོངས་གྲགས་ཡིན་བཞིན་དུ་ཤེས་རིག་ལས་ཁུངས་ཀྱིས་“སྦ་སི་”དང་། “འབིན་འཛིན་”ཞེས་ར་མ་ལུག་གི་སྐད་ཡིག་འདི་ལྟ་བུ་འཇུག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།ཞེས་་བཤད་འདུག

    ༢༠༠༩ལོར་ཐ་སྙད་གསར་པའི་སྐོར་ལ་རྩོམ་ཡིག་ཞིག་བྲིས་མྱངས་ཡོད། དེའི་ནང་དུ་གསལ་པོ་བཤད་ཡོད། རྩོམ་ཡིག་དེ་ལ་མི་འདོད་མཁན་ཚོས་ཁྱི་འབོད་སྐྱག་འབོད་ཀྱི་ལན་རེ་བསླེབས་བྱུང་མ་གཏོགས་རྒྱུ་མཚན་ཡོད་པ་དང་གཏན་ཚིགས་རིག་པའི་སྒྲུབ་བྱེད་ཡོད་པའི་ལན་རྒྱག་མཁན་སུ་ཡང་བསླེབས་མ་སོང་། སུ་ཡང་མི་འདུག དེར་བརྟེན་ངས་རྩོམ་ཡིག་དེའི་བརྗོད་བྱ་འགྲིག་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།

    རྩོམ་དེའི་ནང་གི་བརྗོད་བྱ་གཙོ་ཅ་དངོས་གསར་པ་རྣམས་ལ་ཐ་སྙད་འདོགས་སྟངས་ཀྱི་སྐོར་བཤད་ཡོད། དེ་ཡང་་་དེ་རིང་གི་གནས་ཚུལ་ལྟར་Bus་ལ་སྦ་སི་ལབ་ན་མི་འགྲིག་མདོག་མདོག་བཤད་མཁན་ཚོས་ཆེད་དུ་བྲིས་པ་ཡིན། Bus་ལ་སྦ་སི་ཅེས་བརྗོད་ན་མི་འགྲིག་པས་རྒྱུ་མཚན་ཅི་ཡོད་དམ། དྲི་བ་ཡིན། ཁྱོད་ཚོས་གྲལ་གྱིས་སྦ་སི་ཅེས་པ་འདི་ནི་ཨེན་སྐད་ཀྱི་ཐ་སྙད་ཡིན་པས་བོད་སྐད་མིན་ཞེས་ལན་འདེབས་ཀྱི་རེད། ལན་འདེབས་སྟངས་འདི་ནི་རྒྱུ་མཚན་ཡང་དག་ཡོད་པའི་ལན་ཞིག་མ་རེད། རྗེས་ཁྱབ་གྲུབ་ཀྱི་མ་རེད། རྟགས་ལྟར་སྣང་རེད།

    དེ་དང་དེ་བཞིན་Pizza ལ་པིས་ཙར་ཞེས་བརྗོད་དགོས་པ་ལས་ཐ་སྙད་གཞན་དག་ཞིག་སྦྱར་ན་ནོར་བ་ཡིན། འཛམ་གླིང་ཐོག་གི་ཆ་དངོས་གསར་པ་ཡོད་ཚོད་ལ་བོད་མིང་ཡིན་ཟེར་ནས་མིང་ལྷག་རེ་འདོགས་དགོས་ན་འདོགས་ཚོད་མེད་ངེས་ཡིན། གལ་སྲིད་འདོགས་མདོག་མདོག་བྱས་ནའང་ཕམ་ཁ་མ་གཏོགས་རྒྱལ་ཁ་མེད། དེང་སང་གི་འཛམ་གླིང་འདིའི་ཐོག་ཏུ་ཐ་སྙད་གཅིག་གྱུར་དང་ཆས་གོས་གཅིག་གྱུར། ཟས་རིགས་གཅིག་གྱུར། སྤྱོད་པ་གཅིག་གྱུར་སོགས་རིག་གཞུང་དུ་མ་ཉིན་རེ་ནས་ཟླ་རེ་ལ་གཅིག་གྱུར་ཆགས་་འགྲོ་བཞིན་ཡོད། འཛམ་གླིང་ཇེ་ཆུང་དུ་འགྲོ་བཞིན་ཡོད། འདི་ནི་དབྱར་གྱི་གནམ་ཆུ་བཞིན་བཀག་ཀྱང་འགོག་ཐབས་མེད་པའི་བྱ་བ་ཡིན། ངེས་པ་ཏུ་དང་ལེན་བྱེད་དགོས།

    དཔེར་ན་་་ཐ་སྙད་འདི་བེད་སྤྱོད་གཏོང་ན་འགྲིག་དང་མི་འགྲིག་བཤད་མཁན་ཞིག་གིས་ངོས་ནས་བྱས་ན་སློབ་སྦྱོང་ཏོག་ཙམ་ཡོད་དགོས། ཕྱོགས་སྒྲ་དང་མིང་བརྡ། སྒྲ་རྟོག་ཡུལ་ལ་འཇུག་ཚུལ་སོགས་ཀྱི་སྐོར་དུ་སློབ་སྦྱོང་བྱས་མྱངས་མཁན་ཞིག་དགོས། དེ་མིན་ན་རང་བློ་ཁབ་མིག་འདྲ་བ་དེའི་ནང་གི་བསམ་ཚུལ་སྐུད་པ་འདྲ་བ་དེས་ཐག་གཅོད་ཆོག་པའི་བྱ་བ་ཞིག་མིན།

    གཉིས་པ། (Bill) ལ་འཛིན་ཞེས་པ་ཡོངས་གྲགས་ཡིན་ཞེས་བཤད་འདུག ངས་བྱས་ན་་འཇམ་དཀར་ལགས་ཀྱིས་འཛིན་ཞེས་པ་འདིའི་ཚིག་དོན་ཡང་ཡག་པོ་ཞིག་ཤེས་མི་འདུག་བསམས། དཔེར་ན་་་1.འཛིན་ཞེས་པའི་དོན་ནི་་་(བྱེད་འབྲེལ་ལས་ཚིག) བཟུང་གི་ད་ལྟ་བ། 1>ལག་པའམ་སྡེར་མོ་སོགས་ཀྱིས་དངོས་པོ་ལེན་པའི་དོན་ཏེ། (དཔེར་ན།) ལག་པས་སྨྱུ་གུ་འཛིན། མཚོན་ཆ་ལག་ལ་འཛིན། ཞི་ལས་བྱི་བ་འཛིན། ཁྲས་བྱིའུ་འཛིན། འཛིན་མཁན། འཛིན་སྤྱད་ཅེས་པ་ལྟ་བུ།

    ད་དུང་་་བོད་ཀྱི་ཆོས་གཞུང་ནང་དུ་འཛིན་ཞེས་པའི་ཚིག་འདི་བེད་སྤྱོད་གཏོང་སྟངས་ཀྱི་ཐོག་ནས་བཤད་ན་བདག་འཛིན་དང་དངོས་འཛིན། བདག་ཏུ་འཛིན་པ་ཟེར་བ་སོགས་བེད་སྤྱོད་བཏང་གི་རེད། བདག་གི་འཛིན་ཟེར་དུས་བདག་གི་bill ཟེར་གྱི་ཡོད་པ་མ་རེད།

    འཇམ་དཀར་ལགས་ཁྱོད་རང་གནའ་ཚིག་ད་ཚིག་གཉིས་ཀ་ལ་རྨོངས་ཡོད་པའི་མི་ཞིག་རེད་འདུག་པས་ཤེས་རིག་ལས་གཞུང་ལ་ཁ་རྡུང་བཏང་ཆོག་པའི་ཁྱད་ཆོས་ཚང་མི་འདུག་ཞུ་རྒྱུ་ཡིན། གཞན་སེང་གེ་ལ་སྙིང་འདྲ་རྩོད་ཀྱི་ཡོད་པ་ཡིན་ན་གནས་ཚུལ་ཁ་ཁར་རེད།

  7. ནུབ་ཕྱོགས་གངས་ཕྲུག says:
    2014-04-24 at 12:59 pm

    འདི་ཚོའི་བསྐོར་སྔོན་མ་ཡང་འགྲོ་གླེང་ཐེངས་མང་ཕྱིན་སོང་། ཡུས་ཧྲུ་ནི་རྐྱེ་རྒུ་མདོ་གཅིག་པོ་ལ་ཟེར་བ་མིན་པ་དེ་སྔ་དྲྭ་གྲོགས་ཤིག་གིས་བཤད་ཟིན། གཞན་ཐ་སྙད་གསར་པ་བཟོ་དགོས་ན་ཁག་པོ་རེད། དཔེར་ན། དེ་སྔ་ Train ལ་བོད་སྐད་དུ་མེ་འཁོར་ཟེར།
    སྐབས་དེ་དུས་Train ཚང་མ་མེ་ལ་བརྟེན་ནས་འགྲུལ་བསྐྱོད་བྱེད་ཀྱི་ཡོད། ད་ལྟ་མང་ཆེ་བ་གློག་ལ་བརྟེན་ནས་འགྲོ་གི་ཡོད། ད་ཡང་གློག་འཁོར་ཟེར་དགོས་སམ། དེ་བཞིན་དུ་མེ་འཁོར་ནང་གི་ཅ་དངོས་སྟོང་ཁྲག་མང་པོ་ཡོད། དེ་ཚོ་ཚང་མ་བོད་སྐད་དུ་དགོས་སམ། ངའི་བལྟས་ན་ ཁག་པོ་རེད།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-04-24 at 1:38 pm

    མེ་འཁོར།
    རླངས་འཁོར།
    སྦ་འཁོར།
    ཀར་འཁོར།
    ཇིབ་འཁོར།
    ཝེན་འཁོར།
    རྐང་འཁོར།

    ཞེས་ཡོད་ན་གོ་བདེ་ཤེས་སླ་མི་འདུག་གམ།

  9. ཀླུ་སྨྱོན། says:
    2014-04-24 at 11:54 pm

    བློ་སེང་གིས་བོད་པ་དབྱིན་ཡིག་མཁས་པ་དོམ་པ་ཚེ་རིང་དབང་མོ་རྡ་སར་སྐད་བཏང་ནས་ལས་བྱེད་ཚོར་དབྱིན་ཡིག་གི་འཕྲིན་ཡིག་འབྲི་སྟངས་བསླབས་སོང་ཟེར། ད་ཡིན་ན་ཤར་ཕྱོགས་ཁུག་རྟ་སྐད་བཏང་ནས་བོད་ཡིག་གི་འཕྲིན་ཡིག་འབྲི་སྟངས་སློབ་ཏུ་བཅུག་ན་བཟང་གི

  10. བསམ་ཤེས། says:
    2014-04-25 at 12:47 am

    ད་སྐད་ཡིག་སྐོར་བསམ་བློ་གཏོང་དུས་མགོ་བོ་ན་གི་འདུག འོ་མ་རེད། ན་ཡི་འདུག་རེད་པས། དེ་ཡང་མ་རེད། ན་བགྱི་འདུག་རེད། དེ་ཡང་ནོར་བ་རེད། ན་བགྱིད་བཞིན་པ་འདུག་རེད། དེ་ཡང་ནོར་བ་རེད། ན་བར་བྱེད་རེད། དེ་ཡང་ནོར་བ་རེད། ན་བར་བྱེད་བཞིན་འདུག་རེད། དེ་ཡང་ནོར་བ་རེད། དབུ་སྙུང་གི་འདུག འོ་དེ་འགྲིགས་པ་རེད།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-04-25 at 1:00 am

    ་་་་་དབྱིན་ཡིག་གི་འཕྲིན་ཡིག་འབྲི་སྟངས་བསླབས་སོང་ཟེར། ད་ཡིན་ན་ཤར་ཕྱོགས་ཁུག་རྟ་སྐད་བཏང་ནས་བོད་ཡིག་གི་འཕྲིན་ཡིག་འབྲི་སྟངས་སློབ་ཏུ་བཅུག་ན་བཟང་གི ་་་་་

  12. གནམ says:
    2014-04-25 at 1:44 am

    ངས་སྔོན་མ་ནས་བཤད་ཡོད།
    ངས་སྔོན་མ་ནས་བྱས་ཡོད།
    ངས་བཤད་པར་རྒྱུ་མཚན་ཡོད།
    ངའི་ཁ་ལ་ཉན་གི་མི་འདུག།
    ང་སྔོན་མ་ཡིན། ང་མ་གཏོགས་མེད།
    བོད་པ་ཚངགི་ང་རིན་པོ་ཆེ་འདི་ཚོས། བཀོར་བཟས་ཡོད་པ་རེད་དམ། རྩྭ་བཟས་ཡོད་པ་རེད། འོ་རེད། ཅ་ལག་གསར་བྱུང་ལ་མྱིང་འདོགས་གསར་བ་བྱེད་ཚུལ་ནི་དེ་འདྲ་དཀའ་མོ་ཞིག་མ་རེད། ཅ་དངོས་གང་ཡིན་པ་དེའི་མིང་གང་ཞིག་ཡོད་པ་དེའི་ཐོན་ཁུང་ཤེས་ན་ལས་སླ་བོ་རེད།
    བྱེད་ནུས་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    རྒྱུ་སྤུས་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    འདྲ་མཚུངས་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    གནས་ལུགས་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    ས་ཁུལ་གྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    རྒྱུད་རྒྱུད་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    དཔེ་དབྱིབས་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    སྡུད་སྐུང་གི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད། གང་ལྟར། བསྒྱུར་ལ་མྱིང་མི་ཐོགས་པ་དེ་འདྲ་གང་ཡང་ཡོད༌པ་མ་རེད། ཡིན་ན་ལ། བརྙན་འཕྲིན་དང་བོད་དགེ་ཚོ་རྒྱུད་ནས་མ་ཡོང་ན། བཀོལ་མཁན་གྱི་ཁ་གཅིག་ཐོག་དུ་འབབ་ཀི་མ་རེད། ཁ་གཅིག་ཐོག་ལ་མ་བབ་ན། ལོ་ཙྭ་བ་མང་པོ་ཡོང་ནས། ང་ཚོ་ཚང་མ་ཡར་དཀྲུག་མར་དཀྲུག་བྱེད་ཀི་རེད།
    Bus་ལ་སྤྱི་འཁོར་ཟེར།
    Bill ལ་བྱུང་འཛིན་ཟེར།
    Train ལ་མེ་འཁོར་ཟེར།
    Pizza ལ་འོབས་གོར་ཟེར་ནི་རེད། ད་ཁྱེད་ཚོས་མྱིང་འདོགས་མི་ཐུབ་སའི་དཀའ་ངལ་གཞན་འདྲ་འདུག་གམ། ཨ།

  13. ས་ལེ་སྦྲམ། says:
    2014-04-25 at 2:08 am

    ཅོ་རི་ཉི་མའི་བསམ་ཚུལ་ལ་མོས་མཐུན་བྱེད་ཐུབ་མ་སོང་།སྐད་ཡིག་མཉམ་བསྲེས་བྱས་ཆོག་ན་མི་རིགས་མཉམ་བསྲེས་བྱེད་མི་ཆོག་པའི་རྒྱུ་མཚན་ཅི། ང་ཚོས་ལོ་མང་རིང་བོད་མི་རྒྱ་བསྒྱུར་གྱི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཤིང་ལས་འགུལ་མང་དུ་སྤེལ་བ་ངལ་བ་འབྲས་མེད་མ་རེད་དམ། སྐད་ཡིག་དང་རིག་གཞུང་། མི་རིགས་བཅས་ཚང་མ་གཅིག་གྱུར་བྱས་ཆོག་ན་རྒྱ་བོད་གཉིས་ཀྱི་བར་ནའང་རྩོད་རྒྱུ་ཅི་ཡང་ལྷག་མེད་པས་ཁྱེད་རང་གིས་སྣེ་ཁྲིད་དེ་ང་ཚོ་ཚང་མ་ཕྱིར་ལོག་སོང་ན་ཅི་ལ་མི་འགྲིག

  14. ཅོ་རི་ཉི་མ། says:
    2014-04-25 at 5:17 am

    ས་ལེ་སྦྲམ་ལགས་་་ངའི་བསམ་ཚུལ་ལ་ཁྱོད་ཀྱིས་མོས་མཐུན་མི་བྱས་པར་ཡག་བྱུང་ཟེར་གྱི་ཡིན། སྐད་ཡིག་མཉམ་བསྲེས་ཟེར་དུས་ཐ་དད་ཡིན་པའི་སྐད་ཡིག་གཉིས་གཞི་་གཅིག་ཏུ་འདྲེས་བཅུག་པར་གོ་དགོས་པ་འདོད། ཐ་སྙད་བྱེ་བྲག་པ་ཞིག་གཅིག་གྱུར་ཡིན་པ་ཙམ་གྱིས་སྐད་ཡིག་མཉམ་བསྲེ་ཟེར་གི་མ་རེད། འཛག་གླིང་ཐོག་ཏུ་ཐ་སྙད་བྱེ་བྲག་པ་མང་པོ་གཅིག་གྱུར་རེད། དཔེར་ན། རྡ་རམ་ས་ལ་ཞེས་པའི་ཐ་སྙད་འདི་ལྟ་བུ་རྣམས་ཨེན་སྐད་དང་རྒྱ་སྐད། འཇར་སྐད་དང་ཧྥི་རན་སིའི་སྐད་སོགས་སྐད་ཡིག་ཚད་ལྡན་ཚང་མའི་ནང་དུ་གཅིག་གྱུར་གྱི་ཐ་སྙད་རེད། རྒྱ་གར་བས་གཅིག་པོས་རྡ་རམ་ས་ལ་འབོད་པ་ལས་གཞན་དག་ཚོས་མི་འབོད་པ་དེ་འདྲ་མ་རེད།། ཚང་མས་གཅིག་མཐུན་གྱིས་ཐོག་ནས་རྡ་རམ་ས་ལ་ཞེས་འབོད་ཀྱི་རེད། སྐད་ཡིག་མཉམ་བསྲེས་ཆགས་སོང་བ་ཨེ་རེད།་་་ཧཧ

    མི་རིགས་མཉམ་བསྲེས་ཟེར་ན་ག་རེ་རེད་དམ། ས་ཆ་གཅིག་གི་ཐོག་ཏུ་མི་རིགས་མི་འདྲ་བ་རྣམས་མཉམ་དུ་བསྡད་པ་ལ་མི་རིགས་མཉམ་བསྲེས་ཟེར་གྱི་ཡོད་དམ། མི་རིགས་དབྱེ་འབྱེད་དང་པགས་པ་དཀར་ནག་གིས་དབྱེ་འབྱེད་བྱེད་མི་ཆོག་པ་རྒྱལ་སྤྱིའི་ཁྲིམས་ལུགས་རེད།

    ཁྱོད་ཀྱིས་མི་རིགས་མཉམ་བསྲེས་མི་ཆོག་ཟེར་གྱི་ཡོད་པེ། ཡོད་ན་ཁྲིམས་འགལ་མིན་ནམ། རྒྱལ་སྤྱིའི་ཁྲིམས་ལུགས་ནང་དུ་མི་རིགས་དང་པགས་པ་དཀར་ནག་གིས་དབྱེ་འབྱེད་བྱེད་མི་ཆོག་ཅེས་གསལ་པོ་དག་པོ་བཀོད་འདུག་ག

    རྒྱ་དམར་གུན་ཁྲན་ཏང་གི་མཉམ་དུ་ཆོས་དང་སྐད་ཡིག་རིག་གཞུང་གི་ཐོབ་ཐང་རྩོད་ཀྱི་ཡོད་མདོག་མདོག་བྱས་བསྡད་པ་རེད། འདི་ནི་དོན་དག་ཆུང་ཆུང་ཞིག་རེད། དོན་དག་ངོ་མ་ས་ཆའི་བདག་དབང་རེད། གཏེར་ཁ་དང་ཐོན་ཁུངས་ཀྱི་བདག་དབང་རེད། འདི་ཚོ་གལ་ཆེན་རེད། རང་བཙན་མ་ཐོབ་ན་ས་ཆའི་བདག་དབང་དང་ཐོན་ཁུངས་ཀྱི་བདག་དབང་ཤོར་ཚར་བ་རེད། བོད་ལ་རང་བཙན་བྱུང་ན་སྐད་ག་རེ་རྒྱག་དང་མི་རྒྱབ་ཀྱི་ཁྱད་པར་ཆེན་པོ་གང་ཡང་མ་རེད། རང་བཙན་ཡོད་པའི་རྒྱལ་ཁབ་རྒྱ་གར་དང་བལ་ཡུལ་འབྲུག་སོགས་ལ་ལྟོས་དང་ཨེན་ཡིག་གཞུང་འབྲེལ་ཡི་གེ་རེད་བ།

    ང་ཚོས་ཁ་བྲལ་རྩོད་ཀྱི་མེད་ཟེར་དུས་གུན་ཁྲན་ཏང་གི་ཞེ་འདོད་སྒྲུབ་ཀྱི་ཡོད་རེད། གུན་ཁྲན་ཏང་གིས་བོད་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་ཟེར་དུས་ཐོན་ཁུངས་ཡོངས་རྫོགས་ཟ་གི་ཡིན་ཟེར་གྱི་ཡོད་རེད། གུན་ཁྲན་ཏང་གིས་ངོས་ནས་སིང་ཁ་སྒང་གླིང་ཕྲན་དང་དེའི་མཐའ་འཁོར་གྱི་ཉ་མོ་དེ་དག་ཡང་རྒྱ་ནག་དང་ཁ་བྲལ་ཐབས་མེད་ཟེར་གྱི་ཡོད་རེད།་་ཧཧཧ

    སིང་ཁ་སྒང་གླིོང་ཕྲན་དང་དེའི་མཐའ་འཁོར་གྱི་ཉ་མོ་རྣམས་ཀྱི་ཆེད་དུ་ཆོས་དད་རང་དབང་ཟེར་བ་དང་སྐད་ཡིག་རིག་གཞུང་གི་ཐོབ་ཐང་ཟེར་བའི་འཐབ་རྩོད་བྱེད་ས་མེད་པ་རེད། གཡོ་སྒྱུ་བྱེད་ས་མེད་པ་རེད། ཡིན་ཀྱང་ཁ་བྲལ་ཐབས་མེད་ཟེར་ནས་འཐབ་རྩོད་བྱེད་བཞིན་འདུག་ག་་་་ཧཧཧ

  15. ཅོ་རི་ཉི་མ། says:
    2014-04-25 at 5:30 am

    ཉུག་རུམ་ཁྱོད་རང་གིས་མཁས་མདོག་མ་བྱས། འཇོན་པོ་ཡོད་ན་རྒྱལ་སྤྱིའི་ནང་དུ་དེབ་སྐྱེལ་ཡོད་པའི་རྒྱལ་ཁབ་༡༩༣་གྱི་མིང་བོད་ཡིག་ཐོག་གཅིག་བྲིས་དང་། ཡིན་ད་་་ཀརྡོར་ཁྱོད་གཉིས་སུས་འཇོན་ན་བོད་ཡིག་ཐོག་ནས་ཡིན་ད།

    བོད་པ་ཚོ་ཐབས་སྐྱོ་ཤོས་ཤིག་ལ་རྒྱལ་ཁབ་འདི་དག་མིང་ཚིག་གི་དག་ཆ་ཡང་གཏན་ཁེལ་འབྲི་གི་མ་རེད། རང་སོ་སོས་སྣང་བ་གང་དྲན་བྱས་ནས་འབྲི་གི་རེད། ཆ་བཞག་མེད་པའི་བོད་ཡིག ཆ་བཞག་མེད་པའི་དཔོན་པོ། ཆ་བཞག་མེད་པའི་ལྟ་གྲུབ་གསུམ་བོད་ལ་འཛོམ་ཡོད།
    1945
    Original 51 Members

    Argentina, Australia, Belgium, Bolivia[+], Brazil, Byelorussian Soviet Socialist Republic[+], Canada, Chile, China, Colombia, Costa Rica, Cuba, Czechoslovakia[+] , Denmark, Dominican Republic, Ecuador, Egypt[+], El Salvador, Ethiopia, France, Greece, Guatemala, Haiti, Honduras, India, Iran[+], Iraq, Lebanon, Liberia, Luxembourg, Mexico, Netherlands, New Zealand, Nicaragua, Norway, Panama, Paraguay, Peru, Philippine Republic[+], Poland, Saudi Arabia, Syria[+], Turkey, Ukrainian Soviet Socialist Republic[+], Union of South Africa[+], Union of Soviet Socialist Republics[+], United Kingdom, United States, Uruguay, Venezuela, Yugoslavia[+]

    1946
    55 Members

    Afghanistan, Iceland, Siam[+], Sweden

    1947
    57 Members

    Pakistan, Yemen[+]

    1948
    58 Members

    Burma[+]

    1949
    59 Members

    Israel

    1950
    60 Members

    Indonesia[+]

    1955
    76 Members

    Albania, Austria, Bulgaria, Cambodia, Ceylon[+], Finland, Hungary, Ireland, Italy, Jordan, Laos[+], Libya[+], Nepal, Portugal, Romania, Spain

    1956
    80 Members

    Japan, Morocco, Sudan, Tunisia

    1957
    82 Members

    Ghana, Federation of Malaya [+]

    1958
    82 Members

    Guinea

    1960
    99 Members

    Cameroun, Central African Republic, Chad, Congo (Brazzaville)[+], Congo (Leopoldville)[+], Cyprus, Dahomey[+], Gabon, Ivory Coast[+], Malagasy Republic[+], Mali, Niger, Nigeria, Senegal, Somalia, Togo, Upper Volta[+]

    1961
    104 Members

    Mauritania, Mongolia, Sierra Leone, Tanganyika[+]

    1962
    110 Members

    Algeria, Burundi, Jamaica, Rwanda, Trinidad and Tobago, Uganda

    1963
    113 Members

    Kenya, Kuwait, Zanzibar[+]

    1964
    115 Members

    Malawi, Malta, Zambia

    1965
    117 Members

    The Gambia, Maldive Islands, Singapore[+]

    1966
    122 Members

    Barbados, Botswana, Guyana, Lesotho

    1967
    123 Members

    Yemen[+]

    1968
    126 Members

    Equatorial Guinea, Mauritius, Swaziland

    1970
    127 Members

    Fiji

    1971
    132 Members

    Bahrain, Bhutan, Oman, Qatar, United Arab Emirates

    1973
    135 Members

    Bahamas, Federal Republic of Germany[+], German Democratic Republic[+]

    The Federal Republic of Germany and the German Democratic Republic were admitted to membership in the United Nations on 18 September 1973.

    Through the accession of the German Democratic Republic to the Federal Republic of Germany, effective from 3 October 1990, the two German States united to form one sovereign State.

    1974
    138 Members

    Bangladesh, Grenada, Guinea-Bissau

    1975
    144 Members

    Cape Verde, Comoros, Mozambique, Papua New Guinea, Sao Tome and Principe, Suriname

    1976
    147 Members

    Angola, Samoa, Seychelles

    1977
    149 Members

    Djibouti, Viet Nam

    1978
    151 Members

    Dominica, Solomon Islands

    1979
    152 Members

    Saint Lucia

    1980
    154 Members

    Saint Vincent and the Grenadines, Zimbabwe

    1981
    157 Members

    Antigua and Barbuda, Belize, Vanuatu

    1983
    158 Members

    Saint Christopher and Nevis[+]

    1984
    159 Members

    Brunei Darussalam

    1990
    159 Members

    Liechtenstein, Namibia

    1991
    166 Members

    Democratic People’s Republic of Korea, Estonia, Latvia, Lithuania, Marshall Islands, Federated States of Micronesia, Republic of Korea

    1992
    179 Members

    Armenia, Azerbaijan, Bosnia and Herzegovina[+], Croatia[+], Georgia, Kazakhstan, Kyrgyzstan, Republic of Moldova, San Marino, Slovenia[+], Tajikistan, Turkmenistan, Uzbekistan

    1993
    184 Members

    Andorra, Czech Republic[+], Eritrea, Monaco, Slovakia[+], The former Yugoslav Republic of Macedonia[+]

    1994
    185 Members

    Palau

    1999
    188 Members

    Kiribati, Nauru, Tonga

    2000
    189 Members

    Federal Republic of Yugoslavia[+], Tuvalu

    2002
    191 Members

    Switzerland, Timor-Leste

    2006
    192 Members

    Montenegro[+]

    2011
    193 Members

    South Suda

  16. ཅོ་རི་ཉི་མ། says:
    2014-04-25 at 5:34 am

    2025
    194 Members
    Tibet
    འདི་ན་རྒྱལ་ཁབ་ཤིག་གི་མིང་ལྷག་འདུག་་་འདི་ཡང་འབྲི་རོགས་བྱོས།

  17. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2014-04-25 at 6:55 am

    གོང་དུ་(སྦ་སི་)ཞེས་དང་དེའི་གཤམ་འོག་དེ་མ་ཐག་ཏུ(་སྣུམ་འཁོར)་ཞེས་བྲིས་འདུག་པས་ཡང་སྙིང་གང་ཞིག་དག་པ་རེད།
    (འགྲོ་གྲོན་རྩིས་འཕེར་ཡོང་སླད་)ཅེས་པའི་རྩིས་འཕེར་ཟེར་ན་ཅི་ཞིག་གི་བསྡུ་ཚིག་རེད། རྩིས་གཙང་མ་ཡིད་ཆེས་འཕེར་བ་ཟེར་པ་འདྲ་མོད་དེ་འདྲ་བསྡུ་ཚུལ་ཞིག་ཨེ་ཡོད།
    (སློབ་གར་ཁག་ནས་ཞུགས་གནས་མགྲོན་ཁང་) ཞེས་པ་དེ་ཕལ་ཆེར་ཡིན་རྒྱུ་སློབ་གྲྭ་ཁག་ནས་བཞུགས་གནས་མགྲོན་ཁང་ཟེར་བ་འདྲ།
    (མཇུག་སྒྲིལ་རྗེས) ཞེས་པ་དེ་ཡིན་རྒྱུ་མཇུག་བསྒྲིལ་རྗེས་ཟེར་བ་འདྲ།
    (དྲྭ་རྒྱའི་ཁ་སྦྱང) ཟེར་བ་དེ་དོན་ངོ་མར་དྲྭ་རྒྱའི་ཁ་བྱང་ཟེར་བ་འདྲ།

  18. འཇམ་དབྱངས། says:
    2014-04-25 at 9:46 am

    རང་གཞུང་གི་ངོས་ནས་རང་གི་སྐད་ཡིག་འདི་ཡར་རྒྱས་གོང་འཕེལ་གཏོང་མི་ཐུབ་ཀྱང་། འགྱེལ་བའི་ཐོག་ལ་རྡོག་བརྫིས་ཀྱི་དཔེར་ལྟར། བོད་ཀྱི་སྐད་ཡིག་འདི་རྒྱ་ནག་གིས་བསྒྱེལ་བའི་ཐོག་ལ་བོད་གཞུང་གིས་རྡོག་བརྫིས་མི་གཏོང་རྒྱུ་དེ་རེ་བ་ཡིན་ལགས།

  19. འཇམ་དབྱངས། says:
    2014-04-25 at 9:57 am

    གནམ་ལགས་ཀྱིས
    “བྱེད་ནུས་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    རྒྱུ་སྤུས་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    འདྲ་མཚུངས་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    གནས་ལུགས་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    ས་ཁུལ་གྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    རྒྱུད་རྒྱུད་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།
    དཔེ་དབྱིབས་ཀྱི་ཆ་ནས་བཏགས་ན་ཡང་འགྲིག་གི་རེད།”
    འདི་ལྟ་བུ་ཐ་སྙད་གསར་བ་བཟོ་ཐུབ་པའི་ལམ་ཁ་ཡག་ཤོས་ཤིག་ཏུ་མཐོང་།

  20. ས་ལེ་སྦྲམ། says:
    2014-04-25 at 10:40 am

    ཅོ་རི་ཉི་མ་ལགས། མི་རིགས་སོ་སོ་ལ་ཐུན་མིན་གྱི་མིང་བརྡ་སྦྱོར་ཚུལ་དང་ཐ་སྙད་འདོགས་སྟངས་མི་འདྲ་བ་རེ་རེ་ཡོད་ལ། བརྡ་དང་ཐ་སྙད་དེ་དག་གིས་བརྗོད་བྱའི་དོན་སྟོན་ཚུལ་དང་ཕ་རོལ་ལ་གོ་བ་སྟེར་འཕེར་སོགས་ཁྱད་པར་མི་འདྲ་བ་མང་དུ་ཡོད་པའང་བཤད་ཅི་དགོས། དེར་བརྟེན་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་དགོས་ན་ཐ་སྙད་གཅིག་གྱུར་དང་སྐད་ཡིག་གཅིག་གྱུར་ཟེར་བ་ནི་ཡོང་ཐུབ་མེད་པ་ཞིག་རེད། མིང་བརྡ་རེ་ཟུང་གཅིག་མཚུངས་ཡིན་པ་ཙམ་གྱིས་ཐ་སྙད་གཅིག་གྱུར་ཞེས་བརྗོད་ཀྱང་མི་འོས་པར་སེམས་ཏེ།དེ་ལྟ་ན་རིག་གཞུང་གཅིག་གྱུར་ཞེས་བརྗོད་ནའང་མི་ཆོག་པ་ཅི་ཡོད། བྱེ་བྲག་གི་མིང་སྤྱི་ལ་འཇུག་པའི་སྐབས་ཡོད་ན་ཡང་ཐམས་ཅད་དེ་ལྟར་སྦྱོར་ཆོག་པ་ཞིག་ག་ལ་ཡིན། དེ་ཡང་མིང་བརྡ་ལས་ཐ་སྙད་དང་། ཐ་སྙད་ལས་ཚིག ཚིག་ལས་ཚིག་གི་ཕྲེང་བ་རིམ་གྱིས་བྱུང་སྟེ་འགྲོ་བ་མིའི་རིགས་ཀྱི་རྩོམ་རིག་རིག་པའི་གཞུང་ལུགས་ཟེར་བ་དེ་དག་གྲུབ་པ་རེད། རིག་པའི་གཞུང་ལུགས་ཟེར་ནའང་ཕར་དེད་ན་མིང་བརྡའི་གོ་རིམ་བསྒྲིགས་པའི་ཚོགས་སྤྱི་ཙམ་ལ་ཟེར་ཞིང་དེའི་འབྱུང་ཁུངས་ཡང་མིང་བརྡ་དང་ཐ་སྙད་འདི་གཉིས་ཡིན། ༼རྡ་རམ་ས་ལ༽ཞེས་པའི་ཐ་སྙད་འདི་ཡང་འཛམ་གླིང་གི་ཡུལ་ལུང་མང་བོའི་སྐད་ཡིག་ནང་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་བདེན་ནའང་འདི་ཡུལ་ལུང་དེ་དག་གི་ཐ་སྙད་ཅིག་མིན་པ་དང་། དེ་དག་གིས་ཀྱང་འདི་ཁོང་ཚོའི་ཡིན་མི་ཟེར་བ་མཁྱེན་དགོས། གནའ་དེང་གཉིས་ཀར་སྐད་ཡིག་ཕར་བསྒྱུར་ཚུར་བྱེད་སྐབས་ཡུལ་ཀྱི་མིང་དང་གང་ཟག་གི་མིང་ཐད་སྒྱུར་དང་དོན་སྒྱུར་ཅི་ཡང་མི་བྱེད་པར་སྒྲ་སོར་བཞག་བྱེད་པ་ནི་སྒྲ་སྒྱུར་བ་སྤྱིའི་འགྲོ་སྟངས་ཤིག་རེད།

  21. ས་ལེ་སྦྲམ། says:
    2014-04-25 at 10:52 am

    སྟེར་འཕེར༼སྟེར་ཕུལ་༽ལ་བཅོས།

  22. ས་ལེ་སྦྲམ། says:
    2014-04-25 at 10:55 am

    ཚུར་བསྒྱུར། བཅོས

  23. ཅོ་རི་ཉི་མ། says:
    2014-04-25 at 10:57 am

    བྱང་ཙང་་་་་་་Bus་ཞེས་པ་འདི་ཡང་སྒྲ་སྒྱུར་བྱེད་ན་འགྲིག་་་་ཧཧཧ མིའི་མིང་དང་ས་མིང། ཅ་དངོས་གསར་པ་རྣམས་ཀྱི་དངོས་མིང་སོགས་སྒྲ་སོར་བཞག་བྱེད་དགོས་པ་ངའི་དམིགས་ཡུལ་གཙོ་བོ་ཡིན།

  24. གནམ says:
    2014-04-25 at 11:16 am

    སྒྲ་སྒྱུར་བྱེད་པ་གཙོ་བོ་མ་རེད། སྒྲ་སྒྱུར་བྱས་བ་རྣམས་ས་མྱིང་ཡིན་ན་ས་མྱིང་ཡིན་པ་ཤེས་བ། མྱི་མྱིང་ཡིན་ན་མྱི་མྱིང་ཡིན་པ་ཤེས་བའི་ཁ་ཁར་འབྱེད་ཐུབ་པ་ཞིག་དགོས་བ་རེད། དེ་འདྲ་ལ་བསམ་བློ་མི་འཁོར་ནིའི་ལོ་ཙྭ་བ་ཡོད་ན། ཁ་གདང་ན་ཁོག་པ་རིག་འདུག་ས་བོ། ནང་བཅུད་ཀྱིས་སྟོང་བའི་ཁུག་རྐྱལ་འདྲ་བོ་རེད། ལྟ་བ་དང་རྟོག་པ་ག་ཚོད་བཤད་ན་ཡང་། ཁྱི་དད་ན་ཁྱི་ལུད་ལས་ཅི་ཡང་ཡོད་པ་མ་རེད།

  25. ཅོ་རི་ཉི་མ། says:
    2014-04-25 at 12:32 pm

    ཁྱིའི་རིན་ཐང་ཙམ་ཡང་མེད་པའི་ཉུག་རུམ་པ་འདིས་་ཡང་སྐད་ཆ་ཆེ་མདོག་ཁག་པོ་ཞེ་པོ་བཤད་ཀྱི་འདུག་ག་ གཞན་དག་ཁྱོད་རང་གིས་བཤད་དགོས་པ་མ་རེད། ཉུག་རུམ་པ་ཁྱོད་རང་ལ་ཁྱིའི་གོང་ཚད་ཙམ་ཡང་མེད་དེར་ཤེས་པ་བྱོས།

  26. BONPO says:
    2014-04-25 at 6:16 pm

    བོད་པ་རང་ལ་ཤེས་རིག་མེད་པ་ལ། ཤེས་རིག་ལས་ཁུངས་ག་འདྲ་བྱས་ནས་ཡོང་རྒྱུ་ཡོད། འདི་སུའི་ཤེས་རིག་ལས་ཁུངས་འདྲ་ཞིག་ཡིན་ནམ། ཕལ་ཆེར་རྒྱ་དཀར་ཚང་གི་ཤེས་རིག་ལས་ཁུངས་ཡིན་པ་ཐག་ཆོད། དེ་འདྲ་ཡིན་ནམ་མིན། །

  27. གནམ says:
    2014-04-25 at 7:49 pm

    བོད་པ་རང་ལ་ཤེས་རིག་མེད་ཟེར་ན། ད་བྱས་དུས། ཤེས་རིག་ཟེར་བ་དེ་སྒྲོ་ལོར་ཡིན་པ་འདྲ། ཧ་ཧ་ཧ།

  28. གངས་ལྡོམ། says:
    2014-04-25 at 11:15 pm

    ཧིན་བོད་ཤེས་རིག་ལས་ཁུངས་སམ།
    ཡང་ན། དབྱིན་བོད་ཤེས་རིག་ལས་ཁུངས་ཟེར་ན་ཡག་པོ་མིན་འདུག་གམ། ཧཧཧཧཧཧཧ

  29. ཀརྡོ་གཉེར་ཕྱག་པ་ says:
    2014-04-26 at 2:20 am

    ་་་་་་་་ དབུ་སྙུང་གི་འདུག འོ་དེ་འགྲིགས་པ་རེད། ་་་་་་་་

  30. ཀརྡོ་གཉེར་ཕྱག་པ་ says:
    2014-04-26 at 2:26 am

    ང་ ན་བགྱིད་ འདུག
    ཁྱེད་རང་ སྙུང་བགྱིད་ འདུག
    ཁོང་ སྙུང་བགྱིད་ འདུག

  31. ཀརྡོ་གཉེར་ཕྱག་པ་ says:
    2014-04-26 at 2:28 am

    ངའི་ མགོ་ ན་བགྱིད་ འདུག
    ཁྱེད་རང་གི དབུ་ སྙུང་བགྱིད་འདུག
    ཁོང་གི་ དབུ་ཡང་ སྙུང་བགྱིད་ འདུག

  32. ཀརྡོ་གཉེར་ཕྱག་པ་ says:
    2014-04-26 at 2:30 am

    ༡༽ ང་ ན་ བྱུང་།
    ༢༽ ཁྱེད་རང་ སྙུང་ ཤག
    ༣༽ ཁོང་ སྙུང་ ཤག

  33. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2014-04-26 at 3:09 am

    ཅོ་རི་ཉི་མ་ལགས།

    ཁྱེད་ཀྱི་བསམ་ཚུལ་བཤད་པའི་སྤོབས་པ་ལ་བསྔགས་བརྗོད་ཞུ། ང་ཚོའི་སྤྱི་ཚོགས་སུ་འདི་ཡང་གལ་ཆེན་ཞིག་རེད། སྔོན་མའི་བོད་ཀྱི་ལོ་ཙཱ་བ་དག་གིས་མི་མིང་དང་ས་མིང་མང་བོ་ཞིག་ཐད་གར་བོད་ཡིག་ཏུ་དོན་བསྒྱུར་བྱས་འདུག དཔེར་ན་རྒྱན་དྲུག་མཆོག་གཉིས་དང་རྒྱ་གར་གྱི་གནས་ཆེན་ཁ་ཤས་ཀྱི་མིང་། དེ་དང་མཉམ་དུ་མཚམས་ལན་རེར་ཁོ་ཚོས་མི་མིང་དང་ས་མིང་དག་ཐད་གར་མ་བསྒྱུར་བ་རང་སོར་བཞག་པའང་འདུག དཔེར་ན། རྒྱ་གར་གྱི་གྲུབ་ཆེན་ཁག་གི་མཚན་གཙོ་བྱས་པའི་གྲོང་ཁྱེར་ཆེན་པོ་དྲུག་གི་མིང་ལྟ་བུ། འདི་ལས་ལོ་ཙཱའི་ཆེད་ལས་སློབ་སྦྱོང་སྐབས་སུ་དགེ་སྐྱོན་གཉིས་བཤད་བཞིན་ཡོད།

    གཞན་ཅ་དངོས་གསར་བ་དག་གི་མིང་སྤྱི་ཡོངས་ནས་བོད་སྐད་དུ་བསྒྱུར་བའམ་ཡང་ན་བོད་སྐད་དུ་དེ་དང་འཚམས་པའི་མིང་གསར་ཞིག་བཏགས་ལ་ལེགས་པར་འདོད་པ་དེ་ཡིག་བསྒྱུར་སྤྱིའི་འགྲོ་སྟངས་ཡིན་པ་འདྲ།
    དཔེར་ན། དབྱིན་སྐད་དུ་རླངས་འཁོར་ཆེ་བ་དེ་ལ་ Bus ཟེར། རྒྱ་སྐད་དུ(气车) སོགས་སྐད་རིགས་རེ་ལ་མིང་མི་འདྲ་བ་རེ་ཡོད་པས། གཞི་འཛིན་ས་མེད་པར་འགྱུར་བ་ཡིན།

    ངས་བསམ་ཚུལ་ཙམ་ཡིན། དཔྱད་གཞི་རུ་ཕུལ།

  34. ཅོ་རི་ཉི་མ། says:
    2014-04-26 at 6:47 am

    དབྱངས་ཅན་དགྱེས་པའི་བློ་གྲོས་ལགས་་་་་ཁམས་བཟང་།

    སྐད་ཡིག་་་་་་་་་་་་་ཐ་སྙད་་་་་་་་་་་་་་སྒྲ་འདངས་
    1 Afrikaans Bus སྦ་སི
    2 Albanian aotobus ཨོ་ཁྲོ་སྦིང་སི།
    3 Armenian ավտոբուս ཨོ་འབྲོང་སྦིང་སི།
    4 Azerbaijani avtobus ཨོ་ཁྲོ་སྦ་སི།
    5 basque autobusa
    6 Catalan autobús ཨོ་ཁྲོ་སྦིང་སི།
    7 Cebuano bus
    8 Croation autobus ཨོ་ཁྲོ་སྦིང་སི།
    9 Czech autobus ཨོ་ཁྲོ་སྦིང་སི།
    10 Danish bus བྷིང་ཤུ
    11 Dutch bus བྷི་སི།
    12 English bus སྦ་སི
    13 Esperanto buso སྦིང་སོ།
    14 Estonian buss
    15 Filipino bus
    16 Finnish bussi སྦིང་སྲི།
    17 French bus སྦིང་སྲི།
    18 German Bus བྷོང་སི།
    19 Haitian otobis ཨོ་ཁྲོ་སྦིང་སི།
    20 Haitian Bus
    21 Hindi बस བྷི་སི
    22 Hungarian busz སྦིང་སི
    23 Igbo bus
    24 Indonesian bis སྦེང་སི།
    25 Irish Bus
    26 Italian autobus ཨོ་ཁྲོ་སྦིང་སི།
    27 Javanese Bus
    28 Korean 버스 པ་སེ
    29 Latin Bus སྦིང་སི།
    30 latvian autobuss ཨོ་ཁྲོ་སྦིང་སི།
    31 Macedonian автобус ཨ་ཁྲོ་སྦིང་སི།
    32 Malay bas
    33 Maltese Bus
    34 Norwegian Buss བྷི་སི།
    35 Polish aotobus ཨོ་ཁྲོ་སྦིང་སི།
    36 Portuguese ônibus ཨོ་ནེས་སྦིང་སི།
    37 Romanian autobuz ཨོ་ཁྲོ་སྦིང་ཟི
    38 Rusian автобус ཨ་ཏོ་སྦིང་སི།
    39 Serbian аутобус ཨོ་ཐོ་སྦིང་སི།
    40 Solvak autobus ཨོ་ཐོ་སྦིང་སི།
    41 Slovenian Bus
    42 Somali Bus
    43 Spanish autobús ཨོ་ཐོ་སྦིོང་སི།
    44 Swahili Bus སྦིང་སི།
    45 Swedish Bus སྦེང་སི།
    46 Tamil பஸ் སྦ་སི།
    47 Thai รถบัส ཪོ་ཐེ་སྦ་སི།
    48T urkish otobüs ཨོ་ཚོ་སྦིང་སི།
    49 Welsh bws སྦིང་སི།

    གོང་དུ་བཀོད་པ་འདི་དག་གྷོ་གྷན་སྐད་སྒྱུར་ལ་བརྟེན་ནས་བཀོད་པ་ཡིན། སྒྲ་གདངས་ཡང་གྷོ་གྷན་སྐད་སྒྱུར་གྱི་སྒྲ་གདངས་བཞིན་བྲིས་ཡོད། སྐད་ཡིག་ཚད་ལྡན་49གྱི་ནང་དུ་Bus་ཞེས་པ་འདི་ཐ་སྙད་འབོད་སྟངས་འདི་འདྲ་འདུག་པས་་་བོད་སྐད་ཀྱི་ཐོག་ནས་སྦ་སི་ཞེས་འབོད་ན་དགེ་མཚན་ཆེ་བ་ཡོད་པར་འདོད། སྦི་སི་ཞེས་འབོད་ན་འཛམ་གླིང་མི་དམངས་དང་གོ་བརྡ་འཕྲད་པ་ལ་ཐག་ཉེ་རུ་འགྲོ་གི་འདུག་པས་དགེ་མཚན་འདུག

    འཛམ་གླིང་ཐོག་ཏུ་བེད་སྤྱོད་མེད་པའི་སྐད་ཡིག་དང་ཐ་སྙད་མང་པོ་ཉིན་རེ་བཞིན་རྩ་མེད་འགྲོ་བཞིན་ཡོད། དཔེར་ན་་་མི་ཉུང་ཤོས་ཤིག་གི་འབོད་བསྡད་པའི་སྤྱི་སྤྱོད་རླངས་འཁོར་ཟེར་བ་ལྟ་བུའི་རིགས་དང་ཚུག་ཇ་ཟེར་བ་ལྟ་བུའི་རིགས་ཚེ་ཐག་ཐུང་ཐུང་རེད་འདོད། སྦི་སི་དང་ཁོ་ཧྥིང་ཟེར་ནས་འཛམ་གླིང་མི་དམངས་ཀྱིས་འབོད་ཀྱི་རེད། ཇི་སྲིད་འཛམ་གླིང་འདིའི་ཐོག་ཏུ་འགྲོ་བ་མིའི་རིགས་་གནས་པ་དེ་སྲིད་དུ་ཁོ་ཧྥིང་དང་སྦ་སི་ཞེས་པའི་ཐ་སྙད་འདི་དག་གནས་ངེས་རེད། དེར་བརྟེན་བོད་ཀྱི་སྐད་ཡིག་ལ་ཕུགས་རྒྱང་རིང་པོའི་མདུན་ལམ་དགོས་ན་འཛམ་གླིང་དང་མཐུན་པའི་ཐ་སྙད་བེད་སྤྱོད་བྱེད་དགོས་པར་འདོད།

    སྦ་སི་ཞེས་པའི་ཐ་སྙད་འདི་བོད་ཡིག་གི་ཐ་སྙད་མིན་པའི་རྒྱུ་མཚན་རྩ་བ་ནས་མེད། བོད་སྐད་ཀྱི་ཐོག་ནས་སྦ་སི་ཞེས་འབོད་པ་དང་འབྲི་བ་ནི་དོན་དང་ལྡན་པ་རེད་བསམས་ཀྱི་འདུག བོད་ཀྱི་སྐད་ཡིག་གི་ཕུགས་རྒྱང་རིང་པོའི་མདུན་ལམ་ལ་ཕན་ཐོགས་ཀྱི་རེད་བསམས་ཀྱི་འདུག

    མི་དང་མཐུན་པའི་སྐད་ཤིང་བྱུང་ན་གཏམ་བཤད་པའི་བུ་དེ་ཁ་བདེ་ལ་་་་་ལུས་དང་མཐུན་པའི་གོས་ཤིག་བྱུང་ན་གར་འཁྲབ་པའི་བུ་མོ་བྲོ་བདེ་ངེས་ཡིན་པས་་འཛམ་གླིང་དང་མཐུན་པའི་ཐ་སྙད་བེད་སྤྱོད་གཏོང་གྱི་གལ་ཆེན་རེད་འདོད་དོ།།།།

  35. ཅོ་རི་ཉི་མ། says:
    2014-04-26 at 6:57 am

    དབྱངས་ཅན་དགྱེས་པའི་བློ་གྲོས་ལགས་་་་་ཁམས་བཟང་།

    སྐད་ཡིག་་་་་་་་་་་་་་་་་་་་་་་་ཐ་སྙད་་་་་་་་་་་་་་་་་་་སྒྲ་གདངས་
    1 Afrikaans་་་་་་་་་་་་་་་ Bus སྦ་སི
    2 Albanian ་་་་་་་་་་་་་་་ aotobus ཨོ་ཁྲོ་སྦིང་སི།
    3 Armenian་་་་་་་་་་་་་ ավտոբուս ཨོ་འབྲོང་སྦིང་སི།
    4 Azerbaijani་་་་་་་་་་་་ avtobus ཨོ་ཁྲོ་སྦ་སི།
    5 basque་་་་་་་་་་་ autobusa
    6 Catalan ་་་་་་་་་་་་ autobús ཨོ་ཁྲོ་སྦིང་སི།
    7 Cebuano ་་་་་་་་་་་ bus
    8 Croation་་་་་་་་་་ ་ autobus ཨོ་ཁྲོ་སྦིང་སི།
    9 Czech་་་་་་་་་་་་་ autobus ཨོ་ཁྲོ་སྦིང་སི།
    10 Danish་་་་་་་་་་་་་་་་ bus བྷིང་ཤུ
    11 Dutch ་་་་་་་་་་་་་་་ bus བྷི་སི།
    12 English་་་་་་་་་་་་་་ bus སྦ་སི
    13 Esperanto ་་་་་་་་་་ buso སྦིང་སོ།
    14 Estonian་་་་་་་་་་་་་་ buss
    15 Filipino ་་་་་་་་་་་་་་་ bus
    16 Finnish ་་་་་་་་་་་་་ bussi སྦིང་སྲི།
    17 French ་་་་་་་་་་་་ bus སྦིང་སྲི།
    18 German་་་་་་་་་་་་་་ Bus བྷོང་སི།
    19 Haitian ་་་་་་་་་་་་ otobis ཨོ་ཁྲོ་སྦིང་སི།
    20 Haitian་་་་་་་་་་་་་་ Bus
    21 Hindi་་་་་་་་་་་་་་ बस བྷི་སི
    22 Hungarian ་་་་་་་་་་་་་་ busz སྦིང་སི
    23 Igbo ་་་་་་་་་་་་་་་་་ bus
    24 Indonesian་་་་་་་་་་་་་་་་་་་་་་ bis སྦེང་སི།
    25 Irish་་་་་་་་་་་་་་་་་ Bus
    26 Italian ་་་་་་་་་་་་་་་་་་་་་་ autobus ཨོ་ཁྲོ་སྦིང་སི།
    27 Javanese་་་་་་་་་་་་་་་་་་་་་་་ Bus
    28 Korean ་་་་་་་་་་་་་་་་་་་་་་་་ 버스 པ་སེ
    29 Latin ་་་་་་་་་་་་་་་་་་་་་་་་་་་་་་ Bus སྦིང་སི།
    30 latvian ་་་་་་་་་་་་་་་་་་་་་་་་་་་་་ autobuss ཨོ་ཁྲོ་སྦིང་སི།
    31 Macedonian་་་་་་་་་་་་་་་་་་་་་་་་་་་་ автобус ཨ་ཁྲོ་སྦིང་སི།
    32 Malay་་་་་་་་་་་་་་་་་་་་་་་་་་་་་ bas
    33 Maltese་་་་་་་་་་་་་་་་་་་་་་་་་་་་་ Bus
    34 Norwegian་་་་་་་་་་་་་་་་་་་་་་་་་་་ Buss བྷི་སི།
    35 Polish་་་་་་་་་་་་་་་་་་་་་་་་་་་ aotobus ཨོ་ཁྲོ་སྦིང་སི།
    36 Portuguese་་་་་་་་་་་་་་་་་་་་་་་་་་་་་་ ônibus ཨོ་ནེས་སྦིང་སི།
    37 Romanian་་་་་་་་་་་་་་་་་་་་་་་་་་་་་་་་ autobuz ཨོ་ཁྲོ་སྦིང་ཟི
    38 Rusian་་་་་་་་་་་་་་་་་་་་་་་་་་་་་་་ автобус ཨ་ཏོ་སྦིང་སི།
    39 Serbian་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ аутобус ཨོ་ཐོ་སྦིང་སི།
    40 Solvak་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ autobus ཨོ་ཐོ་སྦིང་སི།
    41 Slovenian་་་་་་་་་་་་་་་་་་་་་་་་་་་་་་་་་་ Bus
    42 Somali་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ Bus
    43 Spanish ་་་་་་་་་་་་་་་་་་་་་་་་་་་་་་་་ autobús ཨོ་ཐོ་སྦིོང་སི།
    44 Swahili ་་་་་་་་་་་་་་་་་་་་་་་་་་་་་་་ Bus སྦིང་སི།
    45 Swedish ་་་་་་་་་་་་་་་་་་་་་་་་་་་་་་་་་ Bus སྦེང་སི།
    46 Tamil་་་་་་་་་་་་་பஸ் སྦ་སི།
    47 Thai ་་་་་་་་་་་་་་་་་་་་་་་་་་་ รถบัส ཪོ་ཐེ་སྦ་སི།
    48T urkish ་་་་་་་་་་་་་་་་་་་ otobüs ཨོ་ཚོ་སྦིང་སི།
    49 Welsh ་་་་་་་་་་་་་་་་་་་་་་་་་་ bws སྦིང་སི།

    གོང་དུ་བཀོད་པ་འདི་དག་གྷོ་གྷན་སྐད་སྒྱུར་ལ་བརྟེན་ནས་བཀོད་པ་ཡིན། སྒྲ་གདངས་ཡང་གྷོ་གྷན་སྐད་སྒྱུར་གྱི་སྒྲ་གདངས་བཞིན་བྲིས་ཡོད། སྐད་ཡིག་ཚད་ལྡན་49གྱི་ནང་དུ་Bus་ཞེས་པ་འདི་ཐ་སྙད་འབོད་སྟངས་འདི་འདྲ་འདུག་པས་་་བོད་སྐད་ཀྱི་ཐོག་ནས་སྦ་སི་ཞེས་འབོད་ན་དགེ་མཚན་ཆེ་བ་ཡོད་པར་འདོད། སྦི་སི་ཞེས་འབོད་ན་འཛམ་གླིང་མི་དམངས་དང་གོ་བརྡ་འཕྲད་པ་ལ་ཐག་ཉེ་རུ་འགྲོ་གི་འདུག་པས་དགེ་མཚན་འདུག

    འཛམ་གླིང་ཐོག་ཏུ་བེད་སྤྱོད་མེད་པའི་སྐད་ཡིག་དང་ཐ་སྙད་མང་པོ་ཉིན་རེ་བཞིན་རྩ་མེད་འགྲོ་བཞིན་ཡོད། དཔེར་ན་་་མི་ཉུང་ཤོས་ཤིག་གི་འབོད་བསྡད་པའི་སྤྱི་སྤྱོད་རླངས་འཁོར་ཟེར་བ་ལྟ་བུའི་རིགས་དང་ཚུག་ཇ་ཟེར་བ་ལྟ་བུའི་རིགས་ཚེ་ཐག་ཐུང་ཐུང་རེད་འདོད། སྦི་སི་དང་ཁོ་ཧྥིང་ཟེར་ནས་འཛམ་གླིང་མི་དམངས་ཀྱིས་འབོད་ཀྱི་རེད། ཇི་སྲིད་འཛམ་གླིང་འདིའི་ཐོག་ཏུ་འགྲོ་བ་མིའི་རིགས་་གནས་པ་དེ་སྲིད་དུ་ཁོ་ཧྥིང་དང་སྦ་སི་ཞེས་པའི་ཐ་སྙད་འདི་དག་གནས་ངེས་རེད། དེར་བརྟེན་བོད་ཀྱི་སྐད་ཡིག་ལ་ཕུགས་རྒྱང་རིང་པོའི་མདུན་ལམ་དགོས་ན་འཛམ་གླིང་དང་མཐུན་པའི་ཐ་སྙད་བེད་སྤྱོད་བྱེད་དགོས་པར་འདོད།

    སྦ་སི་ཞེས་པའི་ཐ་སྙད་འདི་བོད་ཡིག་གི་ཐ་སྙད་མིན་པའི་རྒྱུ་མཚན་རྩ་བ་ནས་མེད། བོད་སྐད་ཀྱི་ཐོག་ནས་སྦ་སི་ཞེས་འབོད་པ་དང་འབྲི་བ་ནི་དོན་དང་ལྡན་པ་རེད་བསམས་ཀྱི་འདུག བོད་ཀྱི་སྐད་ཡིག་གི་ཕུགས་རྒྱང་རིང་པོའི་མདུན་ལམ་ལ་ཕན་ཐོགས་ཀྱི་རེད་བསམས་ཀྱི་འདུག

    མི་དང་མཐུན་པའི་སྐད་ཤིང་བྱུང་ན་གཏམ་བཤད་པའི་བུ་དེ་ཁ་བདེ་ལ་་་་་ལུས་དང་མཐུན་པའི་གོས་ཤིག་བྱུང་ན་གར་འཁྲབ་པའི་བུ་མོ་བྲོ་བདེ་ངེས་ཡིན་པས་་འཛམ་གླིང་དང་མཐུན་པའི་ཐ་སྙད་བེད་སྤྱོད་གཏོང་གྱི་གལ་ཆེན་རེད་འདོད་དོ།།།།

  36. ཅོ་རི་ཉི་མ། says:
    2014-04-26 at 7:09 am

    བོད་ཀྱི་རྒྱལ་རབས་ཁག་གི་ནང་དུ་མིའི་མིང་སྒྱུར་བཞག་པ་ཡང་འདུག དཔེར་ན། སྐུང་ལེབ་ཁ་ཟེར་པའི་སོག་པོའི་རྒྱལ་པོ་དེ་ལ་བོད་སྐད་ཀྱི་ཐོག་ནས་གོང་མ་སེར་ཆེན་རྒྱལ་པོ་ཅེས་བྲིས་ཡོད་པ་ཡང་འདུག འདི་འདྲའི་མིའི་མིང་སྒྱུར་བ་ནི་ཡག་པོ་རྩ་བ་ནས་མ་རེད། རྗེས་སུ་གོ་བརྡ་འཕྲད་དཀའ་བ་དང་། དོན་ལོག་པ་འགྲེལ་འགྲོ་བ་སོགས་སྐྱོན་དང་ནོར་འཁྲུལ་ཡོད་ངེས་རེད།

    ལྷག་ཏུ་ས་མིང་ཆུ་མིང་ཡུལ་མིང་སོགས་དངོས་མིང་གང་ཡིན་པ་དེ་ཉིད་སྒྲ་ཇི་བཞིན་བོད་ཡིག་ཐོག་ཏུ་ཕབ་དགོས་པ་ལས་དོན་སྒྱུར་བྱེད་ན་ནོར་བ་ཡིན།

  37. ཅོ་རི་ཉི་མ། says:
    2014-04-26 at 7:35 am

    ང་ཚོའི་བོད་ཡིག་འདི་ལ་སྤོབས་པ་བྱས་ཆོག་པའི་དགེ་མཚན་གཅིག་ཡོད་པ་ནི་སྒྲ་གདངས་ཅི་འདྲ་ཞིག་ཡིན་ནའང་ཡིག་ཐོག་ཏུ་འབྲི་ཐུབ་ཀྱི་ཡོད་པ་འདིར་རེད། ངོ་མ་ཕུན་ཚོགས་པའི་རྨང་གཞི་ཡག་པོ་ཡོད་པ་ནི་ཐོན་མི་སམ་བྷོ་ཊའི་བཀའ་དྲིན་རེད། ཡར་རྒྱས་བཏངས་མ་ཐུབ་པ་ནི་རྗེས་ཀྱི་བོད་མི་ཚོས་མ་འཇོན་པ་རེད། དེང་སང་ལ་ཡང་ལྟོས་དང་། ཤེས་རིག་ལས་ཁུངས་ཀྱི་འཇོན་བཞིན་མེད་པ་གསལ་པོ་རེད། ཐ་སྙད་གསར་པའི་མིང་མཛོད་ཤིག་བཟོས་པ་དེ་མདོག་རྒྱབ་ངན་པ་ག་འདྲ་མི་འདུག་གམ། རྣམ་རྟོག་ལངས་ཡ་འདྲ་ཞིག་བཟོས་འདུག་ག འཇོན་སྟངས་དེ་ལས་མེད་ན་བོད་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་གཏོང་མི་ཐུབ་པར་མིག་མཐོང་ལག་ཟིན་རེད་དོ།

  38. ཅོ་རི་ཉི་མ། says:
    2014-04-26 at 7:51 am

    དགེ་ཆོས་མཆོག་གིས།
    བོད་ཁ་བ་ཅན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་དེབ་ཐེར་དཀར་པོ་ལས། དེ་མིན་དེང་སང་མཐར་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་ལ་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེབས་བམ་སྡེབ་པ་འདིའི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ།
    ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རྒྱལ་ཁབ་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་དུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་གཟོན་དགོས་པ་ལགས། ཞེས་གསུངས།

    མཁས་དབང་དུང་དཀར་མཆོག་གིས།

    མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ་ལས། དོན་ཚན་བདུན་པ། མི་རིགས་གཞན་གྱི་སྐད་བརྡ་སྒྲ་སྦྱར་བྱེད་སྐབས་བོད་ཡིག་རང་གི་ཐོག་ནས་བྱེད་ཐུབ་པ། དེ་ཡང་མི་རིགས་ཕན་ཚུན་བར་རིག་གནས་བརྗེ་རེས་བྱེད་སྐབས་མིང་དང་ཚིག་འགའ་ཞིག་མི་རིགས་སོ་སོའི་སྐད་རང་སོར་བཞག་པ་མ་གཏོགས་གོ་དོན་བོད་སྐད་དུ་བསྒྱུར་ན་མི་འགྲིག་པ་དཔེར་ན།
    བོད་རིགས་ས་ཁུལ་དུ་མེད་ཅིང་མི་རིགས་གཞན་དག་གི་ས་གནས་སུ་ཡོད་པའི་སྲོག་ཆགས་དང་། རྩི་ཤིང་མེ་ཏོག རིན་པོ་ཆེ། གཏེར་ཁ་སོགས་ཀྱི་མིང་དང་། ལག་རྩལ་སོགས་འགའ་ཞིག་མི་རིགས་སོ་སོའི་སྐད་དེ་ཉིད་རང་སོར་མ་བཞག་པར་གང་བྱུང་དོན་བསྒྱུར་བྱས་ན་ཕན་པ་ལས་གནོད་པ་ཆེ་བ་ཡིན་པས་དེ་འདྲའི་རིགས་རྣམས་བོད་ཡིག་རང་གི་ཐོག་ནས་སྒྲ་སྦྱོར་བྱས་ཚེ། ལ་ཏིང་གི་སྐད་ཡིག་ཐོག་ནས་སྒྲ་སྦྱོར་བྱས་པ་དང་ཁྱད་པར་གཏན་ནས་མེད་པ་ནི། སྔར་གྱི་བོད་ཡིག་དཔེ་ཆ་མང་པོའི་ནང་རྒྱ་གར་དང་། རྒྱ་ནག བལ་ཡུལ། ཁ་ཆེ། ཞང་ཞུང་། དབྱིན་ཇི་སོགས་ཀྱི་སྒྲ་སྦྱོར་ཡི་གེ་ཤན་སྦྱར་ཐོག་ནས་བྲིས་པ་རྣམས་མི་རིགས་གཞན་དག་གི་སྐད་ཡིག་ཐོག་ནས་བྲིས་པ་ལས་ཀྱང་སྒྲ་དག་པ་དང་ལེགས་པ་ཡོད་པ་ནི། སྐད་གཉིས་ཤན་སྦྱར་དང་། སྐད་བཞི་ཤན་སྦྱར་གྱི་དག་ཡིག་དང་། ཟློས་གར་གྱི་གཞུང་དེ་ཚོར་བལྟས་ན་ཤེས་ཐུབ་པ་ཡོད། ཞེས་གསུངས།

    མཁས་དབང་དམུ་དགེ་བསམ་གཏན་གྱིས།

    སུམ་རྟགས་མཐའ་དཔྱད་ལས་བོད་ཀྱི་སྤྱི་སྐད་སྐོར། སྐད་ཡིག་བཅོས་བསྒྱུར་བྱེད་དོ་ཞེས་སྤྱི་སྐད་དོར་ནས། ཡུལ་སྐད་རེ་བྲིས་ཚེ། དབུས་གཙང་གིས་རང་གི་ཡུལ་སྐད་རེ་བྲིས། ཁམས་ཀྱིས་རང་གི་ཡུལ་སྐད་རེ་བྲིས། ཨ་མདོས་རང་གི་ཡུལ་སྐད་རེ་བྲིས། རོང་བས་རོང་སྐད་རེ་བྲིས། འབྲོག་པས་འབྲོག་སྐད་རེ་བྲིས་ན། སྐད་ཡིག་སོ་སོར་གྱེས་པར་གྱུར་ནས་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་ཏུ་འགྱུར་བ་ནི། སྔོན་དབྱི་རིགས་ཡི་གེ་འཐོར་ནས། སྤྱིས་བེད་སྤྱོད་མི་ཐུབ་པ་ཞིག་ཏུ་གྱུར་བས་ཀྱང་ཤེས་ལ། ཞེས་གསུངས།

  39. ས་ལེ་སྦྲམ། says:
    2014-04-26 at 1:22 pm

    ཅོ་རི་ཉི་མ་ལགས། ཡིག་བསྒྱུར་བྱེད་སྟངས་ཀྱི་ཆ་ནས་སྐབས་ལ་ལར་མི་རིགས་གཞན་གྱི་སྐད་གདངས་སོར་བཞག་བྱེད་དགོས་པའང་རེ་ཟུང་ཡོང་གི་ཡོད། འོན་ཀྱང་། དེ་ནི་དགོས་པ་རྒྱུ་མཚན་གཞན་ཞིག་དང་། ལ་ལ་མ་དག་རྒྱུན་འབྱམས་སུ་སོང་བའང་ཡོད་སྲིད། ཁྱེད་ཀྱིས་གསར་བྱུང་ཅ་དངོས་ཐམས་ཅད་ལ་བོད་མི་རིགས་རང་གི་ཐ་སྙད་བཀོལ་སྤྱོད་མི་བྱེད་པར་གཞན་སྐད་འབའ་ཞིག་སོར་བཞག་བྱེད་དགོས་རབས་ལབ་ཀྱིན་ཡོད་པ་རེད། འདི་ནི་ཧ་ཅང་ཚབས་ཆེ་བའི་ནོར་འཁྲུལ་ཅིག་རེད་འདོད། ཁྱོད་ཀྱི་ཞེ་འདོད་ལྟར་ན་བྱས་ན། བོད་རང་གི་ཐོན་མོང་མ་ཡིན་པའི་མིང་བརྡ་སྦྱོར་སྟངས་དང་། མིང་དང་ཚིག་ཏུ་གྲུབ་ཚུལ། དེ་དག་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པར་སྦྱོར་ཚུལ་སོགས་རྨང་ནས་བརླགས་སྲིད་ལ། གཞན་གྱི་སྐད་ཡིག་གི་ཤུགས་རྐྱེན་གྱི་དབང་གིས་མིག་སྔར་ང་ཚོས་བཀོལ་བཞིན་པའི་རང་སྐད་ཀྱི་མིང་བརྡ་འདི་དག་ཀྱང་ཕྱི་རབས་པ་རྣམས་ལ་དོན་ཅི་ཡང་གོ་རྒྱུ་མེད་པའི་བརྡ་རྙིང་ཙམ་དུ་འགྱུར་བར་གདོན་མི་ཟ། དེར་མ་ཟད་གཞན་སྐད་དང་མཉམ་བསྲེས་བྱས་ཏེ་སྦྲགས་སྐད་ཀྱི་ངོ་བོར་གྱུར་ཟིན་པའི་ར་མ་ལུག་གི་སྐད་ལྟ་བུའི་ལོག་སྐད་གང་ཞིག་གིས་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་ངོ་བོ་མཚོན་མི་ནུས་པའང་ཤེས་དགོས། ང་ཚོས་ཅིའི་ཕྱིར་རང་སྐད་ཡིག་འདི་ཤི་མིན་གསོན་མིན་གྱི་རིག་གཞུང་ནད་པ་ཞིག་ཏུ་གཏོང་དགོས་པ་རེད་དམ། ཁྱོད་ཀྱིས་སོམས་དང་། བོད་སྐད་ཡིག་ལ་ཤ་ཚ་སྙིང་ཉེ་ཡོད་མཁན་ཞིག་ཡིན་ན་དུས་གཞར་ཡང་རང་སྐད་ཡིག་འདིའི་གྲ་མ་ཉམས་ཟུར་མ་ཆག་པར་ཕུན་ཚོགས་ཇེ་ལེགས་སུ་གཏོང་རྒྱུ་ལས་འདི་ལྟར་བསྲེས་ལྷད་ཅན་དུ་གཏོང་འདོད་པ་ནི་དངོས་གནས་ཡ་མཚན་རེད། ཡ་མཚན་རེད།

  40. ཅོ་རི་ཉི་མ། says:
    2014-04-26 at 2:52 pm

    ས་ལེ་སྦྲམ་ལགས། དོན་མེད་པའི་སེམས་འཁྲུལ་རང་རེད། སྦ་སི་བརྗོད་པ་དང་འབྲི་བ། ཀམ་པུང་དྲར་ཞེས་འབྲི་བ་དང་བརྗོད་པ་འདི་དག་གིས་བོད་ཡིག་ཡར་རྒྱས་འགྲོ་བ་ལས་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པའི་མིང་བརྡ་སྦྱོར་ཚུལ་སོགས་བརླག་འགྲོ་བའི་རྒྱུ་མཚན་སྤུ་ཙམ་ཡང་མེད།

    དེ་ལས་བཀོར་གཉེར་ལག་རྒྱུད་བཟང་ན་གསེར་སྐུ་ཟངས་ལ་བསྒྱུར་ཞེས་པ་ལྟར་་ཐུན་མོང་མ་ཡིན་པའི་མིང་ལྷག་རྐྱང་རྐྱང་འདོགས་པ་ཡིན་ན་བོད་ཡིག་མགྱོགས་པོ་བརླག་འགྲོ་ངེས་ཡིན། གོང་དུ་བཀོད་པ་ལྟར་རྒྱལ་ཁབ་༤༩་གྱི་སྐད་ཡིག་༤༩་གྱི་ནང་དུ་སྦ་སི་དང་སྦིང་སི་ཅེས་འབྲི་འདུག་ཀྱང་ཁོ་ཚོའི་སྐད་ཡིག་བརླགས་མེད་པ་མ་ཟད་ཡར་རྒྱས་ཕྱིན་འདུག ང་ཚོའི་སྐད་ཡིག་བརླག་འགྲོ་དགོས་དོན་ག་རེ་འདུག་གམ། ཨ

    སྔོན་མ་གྲྭ་ས་ཁག་གིས་ངོ་རྒོལ་བྱས་ནས་བོད་ལ་ཨེན་ཇུས་སློབ་གྲྭ་བཙུགས་མ་བཅུག་པ་རེད། ཁོ་ཚོའི་ཆོས་ལུགས་དེ་ལ་གནོན་པ་སྐྱེལ་ཡོང་བསམས་ནས་རེད། དེ་དུས་ཨེན་ཇུས་སློབ་གྲྭ་བཙུགས་བཅུག གྲྭ་པ་ཚོས་ཨེན་ཡིག་སློབ་སྦྱོང་བྱས་ཡོད་ན་རྗེས་སུ་བཙན་བྱོལ་བ་ཆགས་དུས་ཕན་ཐོགས་ག་ཚོད་བྱུང་ཡོད་ཀྱི་མ་རེད། དེང་སང་ཡང་གྲྭ་པ་བླ་རྒན་ཀླད་པ་རྙིང་པ་དེ་དག་གིས་སྦ་སི་དང་ཀམ་པུང་དྲར་ཟེར་ནས་བོད་ཡིག་ཐོག་ཏུ་བྲིས་བཞག་ན་ཁོ་ཚོའི་ཆོས་ལུགས་ཀྱི་མིང་ཚིག་དེ་དག་གནོད་པ་སྐྱེལ་ཡོང་བསམས་ནས་ངུ་འབོད་བྱེད་བཞིན་ཡོད། དོན་མེད་དགོས་མེད་ཀྱི་ངུ་འབོད་རེད། མ་ཤེས་པའི་སྐད་ཆ་རེད། ཕན་མ་ཐོགས་ནའང་གནོད་སྐྱེལ་དོན་རྩ་བ་ནས་ཡོད་མ་རེད།

    ཐུགས་རྗེ་གཟིགས།

  41. གནམ says:
    2014-04-26 at 8:46 pm

    ཀླད་སྟོང་ཞིག་ཡིན་བྱིན། སྟོང་བསམ་ལ་དགེ་སྐྱོན་དབྱེ་མི་ཐུབ་པ་ཞིག་ཡིན་པ་ཉིད་དུ་གྲུབ་པ་རེད།
    དུས་རབས་གསར་བའི་མྱི་སྙིགས་འདི་ཚོས་གང་བསམ་གང་དྲན་ལ་ཆ་འཇོག་བྱེད་ས་ཞིག་གཏན་ནས་ཡོད་པ་རེད། འདི་ཚོས་དོན་གྱིས་འདི་འདྲ་བཤད་བཞིན་པ་རེད། མཁྱེན་ལྡན་དག་གིས་ཉོན་ཨ།
    བོད་པའི་མིང་ཚིག། གླ་འཁོར། སྤྱི་འཁོར། བརྙན་འཕྲིན། གློག་ཀླད། ཚོད་མ། ཚང་མ། བདུན་ཕྲག་ལ་སོགས་པའི་ཚེ་སྲོག་བཅད་ནས། ཏྲག་སེ།taxi སྤ་སི།bus ཏྲི་བེ།tv ཁམ་པོའི་ཏྲར།computer སབ་ཇེ།veg པོ་ར།whole ཧ་པོ་ཐའ་week ལ་སོགས་པ་ལ་གོ་གནས་སྤྲད་དེ། དེང་རབས་ཅན་གྱི་རྒྱལ་སྤྱིའི་བོད་སྐད་བཟོས་བས་མ་ཚད་སྲུང་རྒྱུ་ཡིན་ཟེར་གི་ཡོད་པ་རེད། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།།།།།།
    རང་གི་མགོ་ལུ་ལ་རང་གིས་དཀྲུག་དཀྲུག་བྱེད་མ་ཤེས་ན་འདི་འདྲ་རེད་ཡ། དུས་རབས་གསར་བའི་མྱི་སྙིགས་འདི་ཚོར། དགོད་རྒྱུ་ཡོང་གི་ཨ། ངུ་རྒྱུ་ཡོང་གི། དྲ་གྲོགས་དཔྱོད་ཤེས་བ་ཚོ། ཅི་བསམ་གི། ཅིག་ཤོད་དང་། ཅིག་ཕྲིས་དང་།

  42. BONPO says:
    2014-04-26 at 9:32 pm

    གཡང་མོ་ལུག་གི་མིང་འདོགས་ཚུལ།

    རྩོམ་པ་པོ། སྒྲ་དབྱངས་ལྷ་མོ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-4-26 8:39:00 རྩོམ་ཁུངས། 《མང་ཚོགས་སྒྱུ་རྩལ》 ཀློག་གྲངས། 21
      
    གཡང་དཀར་ལུག་ནི་རྒྱུ་ཕྱིང་བལ་ལས་བཟོས་པའི་གྱོན་པ་དང་། ཕྱིང་ཞྭ།ཚར་ཞྭ། སློག་པ་དང་ཚ་རུ་སོགས་ཀྱི་ཐོན་ཁུངས་ཡིན་པར་མ་ཟད། ལུག་གི་ཤ་ཞིམ་ལ་ལྟོ་བར་འཇུ་སླ་བ།ལུག་གི་ནང་ཁྲོལ་ཧ་ཅང་ཞིམ་ལ་ལུག་ཤ་སྡུད་གསོག་བྱེད་སླ་བ་ཞིག་ཡིན།དུས་རྒྱུན་དབྱར་ལྗོངས་སུ་ཚ་བ་ཆེ་བས་ཤ་མང་པོ་ཡོད་ན་རུལ་སླ་རྐྱེན་ལུག་བཤས་ན་ཤ་ཉུང་ལ་ཞིམ་པས་གཙོ་བོ་དབྱར་ཁར་ལུག་བཤའ་བ་རེད། ལུག་གི་རུལ་མ་ནི་འབྲོག་པའི་མེ་འབུད་བྱེད་ཀྱི་འབུད་ཆ་བཟང་བོ་ཡིན་པ་མ་ཟད་གྲལ་དག་ལ་མེ་ཤུགས་ཆེ་བ་ཞིག་ཡིན།ལུག་གི་བལ་ཀྱིས་ཕྱིང་གདན་དང་ཕྱིང་ལྭ་བཟོ་བ།ད་དུང་ཉལ་ཐུལའང་བཟོ་བས་ད་ལྟའི་ཆར་ལུག་བལ་ཁོ་ན་རྒྱུ་སྤུན་བྱས་པའི་ཉལ་ཐུལ་ཤིག་ལ་སྒོར་སྟོང་ཆ་རེ་སྟེར་དགོས་ཀྱི་འདུག
      
    ལུག་གི་ལོ་ཚོད་ཀྱིས་མིང་འདོགས་ཚུལ།
      
    ཕོ་ལུག་ལ་ལོ་ཚོད་དར་ལ་བབ་པ་ལ་ཤ་བཟན་དང་།དེའི་འཕྲོར་ཐུང་བ།ཕོ་ལག་ཟེར་ཞིང་།མོ་ལུག་ལ་མ་མོ་དང་ཚེར་མོ།ལག་མོ་ཟེར་བ་ལྟ་བུ།ད་དུང་ཕོ་ལུག་དང་མོ་ལུག་གང་རུང་ལ་ལོ་ཚོད་ཀྱི་ཆ་ནས་ལུ་གུ་དང་ལག་ག་དང་སོ་གཉིས།སོ་བཞི།སོ་དྲུག་དང་ཁ་གང་ཞེས་པའི་མིང་འདོགས་སྲོལ་ཡོད་པ་འདི་ལུག་འཚོ་སྐྱོང་བྱེད་པའི་འབྲོག་ཡུལ་སྤྱིའི་ཐུན་མོང་དུ་སྤྱོད་པའི་མིང་ཞིག་ཏུ་ཆགས་ཡོད།གཞན་གཙོ་བོ་དཔྱིད་དགུན་དུ་ཕོ་མོ་མཉམ་བསྲེས་བྱས་པའི་ཁྱུ་ལ་ལུག་ཁྱུ་དང་།མ་མོ་དང་ལུ་གུ་ཕྱོགས་གཅིག་ཏུ་འཚོ་བ་ལ་མ་ཁྱུ་དང་དེའི་རྫི་བོར་མ་རྫི་ཟེར།ཡང་ཕ་ལུག་བཟང་ཤོས་ཕྱོགས་གཅིག་ཏུ་དགར་ནས་འཚོ་བ་ལ་ཤ་ཁྱུ་དང་དེའི་རྫི་བོ་ལ་ཤར་རྫི་ཟེར།
      
    ཁ་དོག་ལས་མིང་འདོགས་ཚུལ།
      
    སྤྱིར་གཡང་མོ་ལུག་གི་ཁ་དོག་དཀར་པོ་ཡིན་ནའང་ལུག་མང་ཆེ་བའི་མགོའི་སྤུ་ཁ་དང་ལ་དཀར་སེར་སྨུག་ནག་གང་རུང་འདྲེས་ནས་ཡོད་པས་མིང་ཡང་མི་འདྲ་བ་དུ་མ་བཏགས་ཡོད་པ་དཔེར་ན།ལུག་གི་མགོའི་སྤུ་མདོག་དཀར་པོའི་ཆ་ལ་སེར་པོའི་ཆ་ཅུང་ཙམ་ཡོད་པ་ལ་རྒྱ་རྒྱ་དང་རྭ་མེད་པ་ལ་རྒྱ་ཐོ།མགོའི་སྤུ་མདོག་དཀར་པོའི་ཆ་ལ་དམར་པོའི་ཆ་ཅུང་ཙམ་ཡོད་པ་ལ་ཁམ་ཁམ་དང་རྭ་མེད་པ་ལ་ཁམ་ཐོ་ཟེར།མགོའི་སྤུ་མདོག་ནག་པོའི་ནང་དུ་དཀར་པོའི་ཆ་ཅུང་ཙམ་ལས་མི་འདུག་པ་ལ་ཁྲ་གཞས་དང་རྭ་མེད་པ་ལ་ཁྲ་ཐོ་ཟེར།མགོའི་སྤུ་མདོག་སྔོ་ནག་ནང་དུ་སྔོ་ནག་གི་ཆ་ཅུང་ཡོད་པ་ལ་སྔོ་གཞས་དང་རྭ་མེད་པ་ལ་སྔོ་ཐོ་ཟེར་།མགོའི་སྤུ་མདོག་དཀར་ནག་གཉིས་ལ་མང་ཉུང་མེད་པ་ལ་སྨུག་གཞས་དང་རྭ་མེད་པ་ལ་སྨུག་ཐོ་ཟེར།མགོའི་སྤུ་མདོག་ཡོད་ཚད་ནག་པོ་ཡིན་པ་ལང་སྨུག་གཞས་དང་རྭ་མེད་པ་ལ་སྨུག་ཐོ་ཟེར།གོང་བཀོད་ཀྱི་མིང་དེ་དག་རེ་རེའི་མཐའ་ལ་མ་ཞིག་སྦྱར་ན་མ་མོའི་མིང་གི་རྣམ་གྲངས་ཐོན་པ་རེད།

    ལུག་གི་ནང་ནས་ཀྱང་རྣ་གསོས་པ་སྟེ་ལུ་གུའི་དུས་སུ་ཕྱ་བྱས་པ་ལ་ནར་སོན་ན་ཤ་བཟན་དང་ལུ་གུའི་དུས་སུ་ཕྱ་མ་བླངས་པ་ལ་ཁྲོམ་ཟེར།ཁྲོམ་ནི་ལུག་རྒྱུད་སྤེལ་བའི་ཨ་ཕ་ལྟ་བུ་ཡིན་པས་ལུ་གུའི་དུས་སུ་ལུ་གུ་བཟང་ཤོས་སམ་སྤུ་ཁ་ཡག་ཤོས་ཤིག་འདེམས་པ་རེད།ཕོ་ལུག་ཡོད་ཚད་ལ་ལུ་གུའི་དུས་སུ་ཕྱ་མ་བླངས་ན་ནར་སོན་ན་ཤ་མི་ཞིམ་ལ་འཚོ་སྐྱོང་དཀའ་བ་ཡིན།ད་དུང་ལུག་འཚོ་སྐྱོང་བྱེད་པའི་ས་བབ་ཀྱི་དྲོད་གྲང་དང་རྩ་ཆུའི་དགོས་དབང་ལྟར་དཔྱིད་ལུག་དང་དགུན་ལུག་གཉིས་སུ་བཀར་ཡོད་པས་དཔྱིད་ལུག་གསོ་དུས་སྟོན་ཀ་ནས་བཟུང་ཁྲོམ་ལ་དབོ་ཁེབ་རྒྱག་པ་ཞེས་འོག་ཁེབ་བརྒྱབ་ནས་ལུག་རྒྱུད་སྤེལ་དུ་མི་འཇུག་པ་དང་དཔྱིད་ལུག་གསོ་ན་དབོ་ཁེབ་རྒྱག་མི་དགོས་པར་རང་ཡན་ཏུ་བཏང་ཆོག་པ་རེད། །

    ༼མཚོ་སྔོན་པོ་དྲྭ་བ་ནས་བརྐུས་པ་ཡིན་དགོངས་དག །༽ ཤེས་རིག་ལས་ཀྱིས་འདི་འདྲ་གོ་མྱོང་ཨ་ཡོད་ན་བསམ་ནས་སྤེལ་བ་ཡིན། །

  43. གནམ says:
    2014-04-26 at 9:33 pm

    དུས་རབས་གསར་བའི་མྱི་སྙིགས་འདི་ཚོས་གང་བསམ་གང་དྲན་ལ་ཆ་འཇོག་བྱེད་ས་ཞིག་གཏན་ནས་ཡོད་པ་མ་རེད། མ་ཞིག་ཆད་སོང་ཟིག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme