Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ཀྱི་གལ་ཆེའི་གསལ་བསྒྲགས་ཤིག

Posted on 2012-01-252012-01-25 By ཤར་ཕྱོགས་ཁུག་རྟ། 5 Comments on ཤེས་རིག་ལས་ཁུངས་ཀྱི་གལ་ཆེའི་གསལ་བསྒྲགས་ཤིག

སྒྲིག་ཞུགས་མ་ཡིན་པའི་མཐོ་རིམ་ཉམས་ཞིབ་སློབ་ཡོན་གསལ་བསྒྲགས།
དང་པོ། ངོ་སྤྲོད།
ཉམས་ཞིབ་ཀྱི་སློབ་ཡོན་ལས་རིམ་འདིའི་སྔར་ཡོད་སྒྲིག་གཞིར་དུས་འབྲེལ་དགོས་ངེས་བསྐྱར་ཞིབ་ཀྱི་བྱེད་སྒོ་ཟིན་ཏེ། འདི་ལོ་ནས་བཟུང་སླར་ཡང་མུ་མཐུད་བྱ་རྒྱུ་ཡིན་ན། ཆ་རྐྱེན་ཚང་ཞིང་མོས་བློ་ཡོད་མཁན་ཚོས་ཕྱི་ལོ་༢༠༡༢ ཟླ་ ༤ ཚེས་ ༣༠ འགྱངས་མེད་ཤེས་རིག་ལས་ཁུངས་སུ་འཚང་སྙན་འབྱོར་བ་བྱ་དགོས། སློབ་ཡོན་ལས་རིམ་འདིའི་བརྒྱུད་རིམ་དང་ཞིབ་ཕྲའི་ནང་དོན་གཤམ་གསལ།
གཉིས་པ། སློབ་ཡོན་ཡུན་ཚད་དང་གྲངས་འབོར།
སློབ་ཡོན་ལས་རིམ་འདིའི་ཡུན་ཚད་ལོ་༣ ཡིན་པ་དང༌། འགོ་འཛུགས་དུས་ཚེས་ཕྱི་ལོ་༢༠༡༢ ཟླ་༦ ཚེས་༡ ནས་ཡིན། ཐོག་མའི་ལོར་ཆ་རྐྱེན་ཚང་བའི་སྙན་འབུལ་བ་༡༠ འདེམས་སྒྲུག་གནང་རྒྱུ།
གསུམ་པ། སློབ་ཡོན་འབུལ་སྟངས།
ཀ ལོ་རེར་སྒོར་༦༠༠༠༠།འདིའི་ཁོངས་སློབ་སྟོན་པའི་མཚན་དོད་ཀྱང་ཚུད་ཡོད།འབུལ་རྒྱུ།
ཁ ཟླ་བ་དྲུག་རེར་སློབ་ཡོན་འབུལ་ཐེངས་རེ་བྱ་རྒྱུ།
བཞི་པ། སློབ་ཡོན་ཞུ་སྤྲོད་ཀྱི་ཆ་རྐྱེན་དང་འཚང་སྙན་འབུལ་ཕྱོགས།
༡། སློབ་ཡོན་ལས་རིམ་འདིར་ཞུགས་མཁན་རྣམས་ལ་ཤེས་ཚད་ལག་འཁྱེར་ཡོད་མེད་དང་ལོ་ན་རྒན་གཞོན་གྱི་ཆ་རྐྱེན་མེད་རུང༌། གཤམ་གསལ་གཞི་རྩའི་ཆ་རྐྱེན་ཁག་ངེས་པར་ཚང་དགོས།
ཀ དང་བླངས་དཔྱ་དངུལ་དང་བསྡུ་དངུལ་འབུལ་འབབ་གྲངས་ཚང་ཕུལ་ཟིན་པའི་ངོ་བཤུས།
ཁ གནས་ཡུལ་རྒྱལ་ཁབ་སོ་སོའི་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་ལག་འཁྱེར་གྱི་ངོ་བཤུས།
ག ཉམས་ཞིབ་ཐོག་ཤེས་ཚད་དང་ཉམས་མྱོང་འདང་ངེས་ཡོད་པའི་དན་རྟགས།དཔྱད་རྩོམ་དང་ངོས་སྦྱོར་རིགས།
ང བོད་ཀྱི་སྐད་ཡིག་གི་ཤེས་ཚད་རང་རྐྱ་འཕེར་ངེས་ཡོད་པ།བདེན་དཔང་ཡིག་ཆ།
ཅ རང་གིས་བདམས་པའི་ཉམས་ཞིབ་ཀྱི་བརྗོད་གཞིའི་ཐོག་ལོ་གསུམ་རིང་ཉམས་ཞིབ་བྱ་རྒྱུའི་འཆར་གཞི།
ཆ ཉམས་ཞིབ་བརྗོད་གཞི་དང་འབྲེལ་ཡོད་ཆེད་ལས་མཁས་པ་ཞིག་ནས་དོ་བདག་གིས་ཉམས་ཞིབ་ལས་རིམ་མཇུག་སྐྱོང་ཐུབ་པ་དང༌། དེ་ལ་དགོས་ངེས་ཀྱི་སློབ་སྟོན་གནང་རྒྱུ་ཡིན་པའི་ངོས་ལེན་ཡི་གེ་ངོ་མ།
ཇ སྒྲིག་འཛུགས་གང་ཡང་རུང་བའི་ལས་བྱེད་ཡིན་ཚེ་འབྲེལ་ཡོད་སྒྲིག་འཛུགས་ནས་དགག་བྱ་མེད་པའི་ངོས་སྦྱོར་ཡི་གེ།
༢། གོང་གསལ་ཆ་རྐྱེན་ཁག་མ་ཚང་བ་དང༌། སྙན་ཤོག་དུས་བཀག་ནང་ཚུན་མ་འབྱོར་བ། ཡིག་ཆ་རྫུན་སྒྲིག་བྱས་པའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
༣། སློབ་ཁང་གང་རུང་ནང་སློབ་སྦྱོང་གི་ལས་རིམ་ངེས་ཅན་འགྲིམ་བཞིན་པའི་རིགས་ལ་སློབ་ཡོན་འདི་སྤྲོད་རྒྱུ་མིན།
༤། གཞུང་སྒེར་སྡེ་ཚན་གཞན་གང་རུང་ནས་སློབ་ཡོན་རོགས་སྐྱོར་ཐོབ་མུས་ཡིན་ཚེ་སློབ་ཡོན་འདི་སྤྲོད་རྒྱུ་མིན།
ལྔ་པ། སློབ་སྟོན་པའི་ཆ་རྐྱེན།
ཉམས་ཞིབ་སློབ་སྟོན་པར་གཤམ་གསལ་གཞི་རྩའི་ཆ་རྐྱེན་གང་རུང་ཞིག་ངེས་པར་ཚང་དགོས།
ཀ འབྲེལ་ཡོད་བརྗོད་གཞིའི་ཐོག་མཐོ་རིམ་ཉམས་ཞིབ་(Ph.D) སློབ་ཐོན་པ།
ཁ འབྲེལ་ཡོད་བརྗོད་གཞིའི་ཐོག་ལོ་ངོ་ ༡༠ ཡན་གྱི་ལག་ལེན་ཉམས་མྱོང་ལྡན་པ།
ག འབྲེལ་ཡོད་བརྗོད་གཞིའི་ཐོག་ཉམས་ཞིབ་བྱས་པའི་གྲུབ་འབྲས་ངོས་འཛིན་འཕེར་བ་ཡོད་མཁན།
དྲུག་པ། འདེམས་སྒྲུག་བྱེད་ཕྱོགས།
༡། འདེམས་སྒྲུག་གི་ལས་དོན་སླད། ཤེས་རིག་མཐོ་རིམ་སློབ་ཡོན་ལྷན་ཚོགས་ནས་ཚོགས་མི་ལྔ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ཞིག་བསྐོ་འཛུགས་བྱ་རྒྱུ། ཚོགས་ཆུང་དེའི་ཚོགས་གཙོ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཡིན་པ་དང༌། ཚོགས་དྲུང་ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་ཡིན།ཚོགས་ཆུང་གི་ཚོགས་མིའི་ཁྲོད་དུ་སློབ་ཡོན་འདིའི་ཉམས་ཞིབ་སློབ་སྟོན་པ་ཡོང་མི་ཆོག
༢། ཉམས་ཞིབ་ཀྱི་བརྗོད་གཞིར་བཀག་རྒྱ་གང་ཡང་མེད་ནའང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན། དེང་སྐབས་ཀྱི་ཤེས་ཡོན་སྤྱིའི་གནས་སྟངས་དང་འབྲེལ་བའི་བརྗོད་གཞི་བྱེ་བྲག་པ་གང་རུང་ཐོག་རིགས་གཅིག་རྐང་འཛིན་གྱིས་ཉམས་ཞིབ་བྱ་རྒྱུར་མཐོང་ཆེན་བྱ་རྒྱུ། ཤེས་རིག་ལས་ཁུངས་ཀྱི་དྲྭ་ཚིགས་ནང་བརྗོད་གཞིའི་ས་བོན་ཁག་ཅིག་ཟུར་བཀོད་ཡོད་པ་དཔྱད་གཞིར་གཟུང་ཆོག
༣། ཆ་རྐྱེན་ཚང་བའི་འཚང་སྙན་འབུལ་མཁན་རྣམས་གཤམ་གསལ་ཆ་རྐྱེན་འོག་འདེམས་སྒྲུག་བྱ་རྒྱུ།
ཀ བོད་ཀྱི་སྐད་ཡིག་གི་གནས་ཚད་ལ་བརྒྱ་ཆ་ ༣༠ དང༌། ཉམས་ཞིབ་འཆར་གཞི་ལ་བརྒྱ་ཆ་ ༢༠
ཁ ངག་རྒྱུགས་ལ་བརྒྱ་ཆ་ ༢༥
ག གཤམ་འཁོད་སྐད་ཡིག་གཉིས་པ་གང་རུང་གཅིག་ཁུངས་འཕེར་ཡོད་པར་བརྒྱ་ཆ་ ༡༠ བར་གནང་རྒྱུ་དང༌། སྐད་ཡིག་གསུམ་པ་ཁུངས་འཕེར་ཡོད་པར་བརྒྱ་ཆ་ ༥ བར་གནང་རྒྱུ། ངག་རྒྱུགས་སྐབས་བརྟག་ཞིབ་བྱ་རྒྱུ།
དེ་ཡང༌། ཨིན་ཇི་དང་ཧིན་དི། ལེགས་སྦྱར། རྒྱ་ཡིག འཇར་མན། ཕི་རེནཅ། ལེ་ཊིན་གང་རུང་གཅིག་ཡིན་དགོས།
ང ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་དཔྱད་རྩོམ་དཔར་འགྲེམས་ཡོད་རིགས་ལ་བརྒྱ་ཆ་ ༡༠ བར་གནང་རྒྱུ།
༤། སློབ་ཡོན་འདི་ཐོབ་པ་ལ་ཕྱོགས་བསྡོམས་བརྒྱ་ཆ་ ༦༠ དགོས་ཤིང༌། བརྒྱ་ཆ་ ༦༠ ལོངས་པ་ཇི་ཡོད་རྩེ་བཏོགས་ཀྱིས་འདེམས་སྒྲུག་བྱ་རྒྱུ།
༥། སློབ་ཡོན་སྒྲིག་གཞིའི་དེབ་ཆུང་དང༌། སྙན་ཞུའི་འགེངས་ཤོག ཁག་ཐེག་འགེངས་ཤོག་བཅས་ཤེས་རིག་ལས་ཁུངས་ཀྱི་དྲྭ་ཚིགས་www.tcewf.org ནང་འཇོག་རྒྱུ།
བདུན་པ། འདེམས་སྒྲུག་ཟིན་རྗེས་ཀྱི་བྱེད་སྒོ།
༡། ཉམས་ཞིབ་པ་རྣམས་ཀྱིས་སློབ་སྟོན་པར་ཟླ་དྲུག་ལས་བསྡོམས་ཕུལ་ནས་རྟོག་ཞིབ་དང་ལམ་སྟོན་དག་མཆན་ཞུ་དགོས་པ་མ་ཟད། སློབ་ཡོན་རྒྱབ་གཉེར་གནང་སྟེ་ཤེས་རིག་ལས་ཁུངས་སུ་འབུལ་འབྱོར་བྱུང་རྗེས། ཤེས་རིག་ལས་ཁུངས་ཀྱིས་ཟླ་དྲུག་སློབ་ཡོན་འགྲེམས་གཏོང་གནང་རྒྱུ།
༢། ཉམས་ཞིབ་ཀྱི་ལས་དོན་དུས་བཀག་ནང་ཚུད་མཇུག་སྒྲིལ་དགོས། གལ་ཏེ་བཟློག་ཏུ་མེད་པའི་རྒྱུ་མཚན་གྱིས་དུས་ཚོད་ཕར་འགྱངས་ཞུ་དགོས་བྱུང་ན་ཆོག་རྒྱུའང༌། དེ་ལ་སློབ་ཡོན་འཕར་མ་སྤྲོད་རྒྱུ་མིན།
༣། མཐའ་མའི་ཟླ་དྲུག་གི་སློབ་ཡོན་ནི། སློབ་ཡོན་ལས་རིམ་ཡོངས་རྫོགས་མཇུག་འཁྱོངས་མ་བྱུང་བར་དུ་སྤྲོད་རྒྱུ་མིན།
༤། ཉམས་ཞིབ་ཀྱི་གྲུབ་དོན་རྩོམ་ཤོག་ཤེས་རིག་ལས་ཁུངས་སུ་ངེས་འབུལ་དགོས་ཤིང༌། ཤེས་རིག་ལས་ཁུངས་ནས་རྩོམ་ཤོག་ཚད་འཕེར་ཡོད་མེད་ཁྱད་ལས་མཁས་པའི་མདུན་སར་དགག་བཞག་གི་ལས་རིམ་གོ་སྒྲིག་གནང་རྒྱུ་དང༌། ཚད་ལྡན་ངོས་འཛིན་བྱུང་བ་ཚོར་ཚད་འཛིན་ལག་འཁྱེར་གནང་རྒྱུ། གྲུབ་དོན་རྩོམ་ཤོག་གི་བདག་དབང་ཤེས་རིག་ལས་ཁུངས་ལ་ཡོད།
བརྒྱད་པ། ཁག་ཐེག་འགན་ལེན།
༡། སློབ་ཡོན་ཐོབ་མཚམས་ཤེས་རིག་ལས་ཁུངས་ཀྱི་ཁག་ཐེག་འགེངས་ཤོག་ངེས་པར་བཀང་འབུལ་བྱ་དགོས།
༢། འདེམས་སྒྲུག་བྱུང་བ་གང་ཞིག་དུས་མཚམས་ཅི་རིགས་སུ་སྒྲིག་གཞིའི་འབྲུ་དོན་གང་རུང་དང་འགལ་འཛོལ་བྱུང་ཚེ་སློབ་ཡོན་མཚམས་འཇོག་བྱ་རྒྱུ་སྨོས་མེད་ཐོག དོ་བདག་ལ་སློབ་ཡོན་བགོས་སྤྲོད་ཟིན་པའི་སློབ་ཡོན་དངུལ་འབབ་ཆ་ཚང་ཤེས་རིག་ལས་ཁུངས་ལ་ཕྱིར་སློག་དགོས་རྒྱུ།
Secretary,
Department of Education, Central Tibetan Administration
Ganchen kyishong Dharamsala-176215
Distt. Kangra(H.P,)

གསལ་བསྒྲགས།

Post navigation

Previous Post: ཕྱི་ཟླ ༢ ཚེས ༨ ཉིན་རྒྱལ་སྤྱིའི་ཐོག་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་ཟེར།
Next Post: ཕྱི་ཚེས་ ༢༣ ཉིན་བྱུང་བའི་རྔ༌པའི་ནང་གི་གནས་ཚུལ་ཁག་ལ་ཁ་གསབ།

Comments (5) on “ཤེས་རིག་ལས་ཁུངས་ཀྱི་གལ་ཆེའི་གསལ་བསྒྲགས་ཤིག”

  1. ཨ་རིག་དགེ་མཐོང་། says:
    2012-01-25 at 3:29 pm

    རིགས་གཅིག་རྐང་འཛིན་ཉམས་ཞིབ་སློབ་ཡོན་གྱི་བརྗོད་གཞིའི་ས་བོན་ཁག་ཅིག
    ༡། བོད་མིའི་ཤེས་ཡོན་གྱི་དགོས་དམིགས།
    ༢། ཤེས་ཡོན་གྱི་ངོ་བོ།
    ༣། སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་གྱི་ངོས་འཛིན།
    ༤། བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ལམ་སྲོལ།
    ༥། བཙན་བྱོལ་བོད་མིར་འཚམས་པའི་གཞི་རིམ་ཤེས་ཡོན་གྱི་སྒྲོམ་གཞི།
    ༦། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་ནང་བསླབ་བྱའི་རིག་ཚན་བཀོད་སྒྲིག་བྱེད་སྟངས།
    ༧། གཞི་རིམ་སློབ་གྲྭའི་ནང་ཚད་མ་རིག་པ་སློབ་ཁྲིད་བྱེད་ཐབས།
    ༨། སྔོན་འགྲོའི་སློབ་མར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཐབས།
    ༩། གཞི་རིམ་འོག་མའི་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཐབས།
    ༡༠། གཞི་རིམ་བར་མའི་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཐབས།
    ༡༡། གཞི་རིམ་གོང་མའི་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཐབས།
    ༡༢། གཞི་རིམ་འོག་མའི་ནང་རྩིས་རིག་སློབ་ཁྲིད་བྱེད་ཐབས།
    ༡༣། གཞི་རིམ་བར་མའི་ནང་རྩིས་རིག་སློབ་ཁྲིད་བྱེད་ཐབས།
    ༡༤། གཞི་རིམ་གོང་མའི་ནང་རྩིས་རིག་སློབ་ཁྲིད་བྱེད་ཐབས།
    ༡༥། གཞི་རིམ་འོག་མའི་ནང་ཚན་རིག་སློབ་ཁྲིད་བྱེད་ཐབས།
    ༡༦། གཞི་རིམ་བར་མའི་ནང་ཚན་རིག་སློབ་ཁྲིད་བྱེད་ཐབས།
    ༡༧། གཞི་རིམ་གོང་མའི་ནང་ཚན་རིག་སློབ་ཁྲིད་བྱེད་ཐབས།
    ༡༨། གཞི་རིམ་འོག་མའི་ནང་བཟོ་རིག་པ་སློབ་ཁྲིད་བྱེད་ཐབས།
    ༡༩། གཞི་རིམ་བར་མ་དང་གོང་མའི་ནང་བཟོ་རིག་པ་སློབ་ཁྲིད་བྱེད་ཐབས།
    ༢༠། གཞི་རིམ་འོག་མའི་སློབ་མར་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་གཏོང་ཕྱོགས།
    ༢༡། གཞི་རིམ་བར་མ་དང་གོང་མའི་སློབ་མར་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་གཏོང་ཕྱོགས།
    ༢༢། གཞི་རིམ་སློབ་མར་འཚེ་མེད་ཞི་བའི་ལྟ་སྤྱོད་རྒྱུད་འཇགས་ཡོང་ཐབས།
    ༢༣། གཞི་རིམ་སློབ་མར་མང་གཙོའི་ལྟ་སྤྱོད་རྒྱུད་འཇགས་དང་གོང་འཕེལ་གཏོང་ཕྱོགས།
    ༢༤། གཞི་རིམ་གོང་མའི་སྐབས་ཆེད་ལས་སློབ་ཚན་འདེམས་ཕྱོགས་དང་མདུན་ལམ་སློབ་སྟོན།
    ༢༥། གཞི་རིམ་འོག་མའི་རིག་ཚན་སོ་སོའི་སློབ་ཚན་འཆར་འགོད་བྱེད་ཐབས།
    ༢༦། གཞི་རིམ་བར་མའི་རིག་ཚན་སོ་སོའི་སློབ་ཚན་འཆར་འགོད་བྱེད་ཐབས།
    ༢༧། གཞི་རིམ་གོང་མའི་རིག་ཚན་སོ་སོའི་སློབ་ཚན་འཆར་འགོད་བྱེད་ཐབས།
    ༢༨། གཞི་རིམ་སློབ་གྲྭའི་རྒྱུགས་ཞིབ་ལམ་ལུགས་ཚད་ལྡན་ཅན་དུ་བཅོས་སྒྱུར་བྱེད་ཕྱོགས།
    ༢༩། ཤེས་ཡོན་སྲིད་བྱུས་ཀྱི་དགོས་མཁོ་སྐོང་ནུས་པའི་དགེ་རྒན་འོས་སྦྱོང་གི་ལམ་སྲོལ་དང་བྱེད་ཕྱོགས།
    ༣༠། དགེ་རྒན་གྱི་མཚན་ཉིད་དང་འོས་ཆོས།
    ༣༡། བཙན་བྱོལ་བོད་མིའི་ཤེས་ཡོན་འཛིན་སྐྱོང་ལམ་ལུགས་དང་སྲིད་བྱུས།
    ༣༢། འཛིན་རིམ་བཅུ་པ་སློབ་ཐོན་ཟིན་པའི་སློབ་མ་རྣམས་ལས་རིགས་སློབ་སྦྱོང་གི་མདུན་ལམ་འདེམས་ཕྱོགས།
    ༣༣། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་རང་སྦྱོང་གི་ལམ་ནས་སློབ་སྦྱོང་ལམ་སྲོལ་གསར་འཛུགས་བྱེད་ཕྱོགས།
    ༣༤། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་མར་སློབ་སྟོན་བྱེད་ཕྱོགས།
    ༣༥། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་འཛུགས་གཉཻར་བྱེད་ཕྱོགས།
    ༣༦། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་བཙུགས་པའི་དཔེ་སྟོན་སློབ་གྲྭའི་གནས་སྟངས་ཉམས་ཞིབ།
    ༣༧། གཞི་རིམ་སློབ་གྲྭའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་གོམས་གཤིས་ལུགས་རྒྱུན་འཛིན་བྱེད་ཐབས།
    ༣༨། གཞི་རིམ་སློབ་མར་ནང་པའི་གཞི་རྩའི་ལྟ་སྤྱོད་སློབ་སྟོན་བྱེད་ཕྱོགས།
    ༣༩། གཞི་རིམ་གོང་འོག་བར་མ་གང་རུང་སྐབས་ཀྱི་སློབ་མར་དགོས་ངེས་ཀྱི་ཉམས་ཞིབ་བམ་འཚོལ་ཞིབ་ཀྱི་ལས་འཆར་ཆུང་ངུ་འཆར་འགོད་བྱེད་ཕྱོགས།
    ༤༠། བོད་ཀྱི་སྲོལ་རྒྱུན་སློབ་སྦྱོང་ངམ་སློབ་ཁྲིད་ཀྱི་ཐབས་ལམ།
    ༤༡། གཞི་རིམ་སློབ་མའི་བོད་ཡིག་གནས་ཚད་ཚོད་བགམ་བྱེད་ཐབས།Tibetan language aptitute test mould of Tibetan students in exile
    ༤༢། གཞི་རིམ་སློབ་མའི་རིག་སྟོབས་ཚད་འཇལ་IQདང་དེའི་བརྡ་སྟོན།
    ༤༣། གཞི་རིམ་སློབ་མ་རྣམས་ཞི་བའི་ལྟ་སྤྱོད་ལ་སྦྱོང་གོམས་བྱེད་ཕྱོགས།
    ༤༤། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྱིམ་ཚང་སློབ་གསོའི་གནས་སྟངས་སྐོར།
    ༤༥། སྔོན་འགྲོའི་སློབ་མར་བོད་ཀྱི་ཡི་གེ་དང་ཐ་སྙད་སློབ་ཚུལ།
    ༤༦། རིགས་ལམ་ལ་བརྟེན་ནས་གཞི་རིམ་འོག་མའི་ཚན་རིག་སློབ་སྦྱོང་བྱེད་ཐབས།
    ༤༧། རིགས་ལམ་ལ་བརྟེན་ནས་གཞི་རིམ་བར་མའི་ཚན་རིག་སློབ་སྦྱོང་བྱེད་ཐབས།
    ༤༨། རིགས་ལམ་ལ་བརྟེན་ནས་གཞི་རིམ་གོང་མའི་ཚན་རིག་སློབ་སྦྱོང་བྱེད་ཐབས།
    ༤༩། རིགས་ལམ་ལ་བརྟེན་ནས་གཞི་རིམ་འོག་མའི་རྩིས་རིག་སློབ་སྦྱོང་བྱེད་ཐབས།
    ༥༠། རིགས་ལམ་ལ་བརྟེན་ནས་གཞི་རིམ་བར་མའི་རྩིས་རིག་སློབ་སྦྱོང་བྱེད་ཐབས།
    ༥༡། རིགས་ལམ་ལ་བརྟེན་ནས་གཞི་རིམ་གོང་མའི་རྩིས་རིག་སློབ་སྦྱོང་བྱེད་ཐབས།
    ༥༢། རིགས་ལམ་ལ་བརྟེན་ནས་གཞི་རིམ་འོག་མའི་སྤྱི་ཚོགས་ཚན་རིག་སློབ་སྦྱོང་བྱེད་ཐབས།
    ༥༣། རིགས་ལམ་ལ་བརྟེན་ནས་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་སྦྱོང་བྱེད་ཐབས།
    ༥༤། རིགས་ལམ་ལ་བརྟེན་ནས་གཞི་རིམ་གོང་མའི་སྤྱི་ཚོགས་རིག་སློབ་སྦྱོང་བྱེད་ཐབས།
    ༥༥། བོད་མི་རང་ལ་འཚམས་པའི་སྔོན་འགྲོའི་སློབ་སྟོན་གྱི་ལམ་སྲོལ་འཚོལ་ཞིབ།
    ༥༦། གཞི་རིམ་བར་མའི་སློབ་མར་བོད་ཀྱི་བརྡ་སྤྲོད་སློབ་འཁྲིད་ཐབས་ལམ།
    ༥༧། བརྒལ་བརྟག་གི་ལམ་ནས་བོད་ཀྱི་བརྡ་སྤྲོད་རིག་གནས་སློབ་ཁྲིད་བྱ་ཐབས།
    ༥༨། བྱིས་པ་སྙོར་སྐྱོང་བྱེད་ཚུལ་སྐོར།
    ༥༩། བོད་ནང་གི་གཞི་རིམ་ཤེས་ཡོན་གནས་སྟངས་དང་འགག་རྩ།
    ༦༠། བོད་ནང་བོད་རིགས་སློབ་གྲྭ་ཁག་གི་གནས་སྟངས་དང་མདུན་ལམ་སྐོར།
    ༦༡། བོད་ནང་གི་གཞི་རིམ་སློབ་གྲྭའི་སློབ་ཚན་བཀོད་སྒྲིག་དང་དེའི་རྒྱབ་ལྗོངས།
    ༦༢། བོད་ཀྱི་སློབ་གསོའི་ལས་དོན་ཐོག་རྒྱ་ནག་གི་སྲིད་བྱུས་དང་དེའི་རྒྱབ་ལྗོངས།
    ༦༣། བོད་ནང་གྲོང་གསེབ་དང་གྲོང་ཁྱེར་སློབ་གྲྭའི་བར་ཁྱད་གནས་སྟངས་སྐོར།
    ༦༤། རྒྱ་གཞུང་གི་སྲིད་བྱུས་འོག་བོད་ནང་བོད་ཡིག་སློབ་སྦྱོང་གི་ནུས་པ་ཇི་ཙམ་ཐོན་ཡོད་མེད་སྐོར།
    ༦༥། བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་རིན་ཐང་གི་ལྟ་ཚུལ་ལ་འགྱུར་བ་ཇི་ཙམ་ཐེབས་ཡོད་མེད་དཔྱད་ཞིབ།
    ༦༦། ཕྱི་ནང་བོད་མིའི་ཡིག་རྨོངས་སེལ་ཚད་དང་མི་མང་གི་ཤེས་ཡོན་སྐོར།
    ༦༧། གཞི་རིམ་སློབ་གྲྭའི་ནང་རིགས་གཅིག་རྐང་འཛིན་པའི་ས་བོན་གསོ་སྐྱོང་བྱེད་ཐབས་སྐོར།
    ༦༨། བོད་ཕྱི་ནང་གཉིས་སུ་བུད་མེད་ཀྱི་ཤེས་ཡོན་གནས་ཚད་གཤིབས་བསྡུར་དཔྱད་ཞིབ།
    ༦༩། གཞི་རིམ་སློབ་གྲྭའི་ནང་ཀམ་པུ་ཊར་སློབ་གསོ་སྤེལ་ཐབས་སྐོར།
    ༧༠། སྔོན་འགྲོ་དང་གཞི་རིམ་འོག་མའི་ནང་བོད་ཀྱི་སྲོལ་རྒྱུན་བཟོ་རིག་ལག་ཤེས་སློབ་སྤེལ་བྱེད་ཐབས།
    ༧༡། གཞི་རིམ་བར་མ་དང་གོང་མའི་ནང་བོད་ཀྱི་སྲོལ་རྒྱུན་བཟོ་རིག་ལག་ཤེས་སློབ་སྤེལ་བྱེད་ཐབས།
    བོད་ཀྱི་རིག་གཞུང་དང་དེང་སྐབས་ཀྱི་གནས་སྟངས་སྐོར་གྱི་བརྗོད་གཞིའི་ས་བོན་ཁག་ཅིག

    རྒྱལ་རབས་ལོ་རྒྱུས།

    ༧༢། དུས་སྐབས་སོ་སོའི་བོད་ཀྱི་མི་འབོར།
    ༧༣། བོད་ཀྱི་ཡུལ་སྡེ་ཡོངས་ཀྱི་མིང་མཛོད།
    ༧༤། བོད་ཀྱི་སྣོད་ཀྱི་བཀོད་པའི་དཀར་ཆག
    ༧༥། བོད་དང་ས་འབྲེལ་མི་རིགས་ཁག་གི་ལོ་རྒྱུས།
    ༧༦། གཉའ་ཁྲིའི་གོང་གི་བོད་ཀྱི་ལོ་རྒྱུས།
    ༧༧། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་བར་གྱི་ལོ་རྒྱུས་ཞིབ་ཕྲ།
    ༧༨། སྲོང་བཙན་སྒམ་པོ་ནས་ཁྲི་རལ་བར་གྱི་ལོ་རྒྱུས་ཞིབ་ཕྲ།
    ༧༩། བོད་བསིལ་བུའི་དུས་སྐབས་ཀྱི་ལོ་རྒྱུས་ཞིབ་ཕྲ།
    ༨༠། ས་སྐྱ་བའི་སྐབས་ཀྱི་ལོ་རྒྱུས་ཞིབ་ཕྲ།
    ༨༡། ཕག་གྲུའི་སྐབས་ཀྱི་ལོ་རྒྱུས་ཞིབ་ཕྲ།
    ༨༢། རིན་སྤུངས་པའི་སྐབས་ཀྱི་ལོ་རྒྱུས་ཞིབ་ཕྲ།
    ༨༣། དགའ་ལྡན་ཕོ་བྲང་པའི་སྐབས་ཀྱི་ལོ་རྒྱུས་ཞིབ་ཕྲ།
    ༨༤། ཕྱི་ལོ་༡༩༠༠ ནས་ ༢༠༠༠ ལོ་བར་གྱི་བོད་ཀྱི་ལོ་རྒྱུས་ཞིབ་ཕྲ།
    ༨༥། བོད་རྒྱའི་འབྲེལ་ལམ་གྱི་བྱུང་རིམ་དང་གནས་སྟངས་སྐོར་ལ་དཔྱད་ཞིབ།
    ༨༦། བོད་ཀྱི་དུས་སྐབས་སོ་སོའི་གཞུང་དང་གཞུང་ཞབས་ཀྱི་འགྲོ་ལུགས་སྐོར།
    ༨༧། བོད་ཀྱི་རོལ་ཆ་དང་རོལ་དབྱངས་ཀྱི་ལོ་རྒྱུས།
    ༨༩། ལོ་རྒྱུས་ཁྲོད་བོད་ཀྱི་བུད་མེད་ཀྱི་གོ་གནས་དང་ཐོབ་ཐང༌།
    ༩༠། ལོ་རྒྱུས་ཐོག་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ར་སྤྲོད་ཁུངས་སྐྱེལ།

    སྤྱི་ཚོགས་བདེ་དོན་ལས་རིགས།

    ༩༡། བཙན་བྱོལ་བོད་མིའི་གཞིས་སྒར་ཁག་སྲ་བརྟན་ཡོང་བའི་ཐབས་བྱུས།
    ༩༢། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་དཔལ་འབྱོར་འདུ་འགོད་བྱེད་ཐབས།
    ༩༣། རྒྱ་གར་ནང་མ་རྩ་ཆུང་བའི་ཚོང་ལས་གཉེར་ཐབས་སྐོར།
    ༩༤། བཙན་བྱོལ་བོད་མིའི་ཉམ་ཐག་ལྟ་སྐྱོང་བྱེད་ཕྱོགས་ཚགས་ཚུད་ཡོང་ཐབས།
    ༩༥། གཞིས་སྒར་ཁག་ཏུ་སྐྱེ་ལྡན་སོ་ནམ་ལས་རིགས་སྤེལ་ཕྱོགས།
    ༩༦། བོད་མིའི་སྤྱི་ཚོགས་ཁྲོད་མྱོས་རྫས་ངན་གོམས་སྔོན་འགོག་དང་སྒྱུར་བཅོས་བྱེད་ཐབས།
    ༩༧། བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོའི་གོ་རྟོགས་སྤེལ་ཐབས།
    ༩༨། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྤྱོད་ཡར་རྒྱས་གཏོང་ཐབས།
    ༩༩། ཟས་རིགས་གཡོས་སྦྱོར་བྱེད་ཚུལ་སྐོར།
    ༡༠༠། བོད་མིའི་ལག་ཤེས་ཚོང་ལས་ཡར་རྒྱས་གཏོང་ཐབས།
    ༡༠༡། གཞོན་སྐྱེས་ལས་མེད་ཀྱི་གནས་སྟངས་དང་གདོང་ལེན་བྱེད་ཕྱོགས།
    ༡༠༢། སྲི་ཞུའི་ལས་བྱེད་ཀྱི་ཆེད་ལས་གནས་ཚད་གོང་མཐོར་གཏོང་ཕྱོགས།
    ༡༠༣། མི་ཚེའི་མདུན་ལམ་ལ་ཕན་པའི་ཉེན་སྲུང་དང་མ་འཛུགས་བྱེད་ཕྱོགས།
    ༡༠༤། རང་འཚོའི་ལས་རིགས་གཉེར་ཚུལ། ༼Entreprenuership (Self Employment)༽

    ཆེད་ལས་ཉམས་ཞིབ།

    ༡༠༥། ཨིན་ཡིག་ནས་བོད་ཡིག་ཏུ་ཡིག་སྒྱུར་བྱེད་ཐབས།
    ༡༠༦། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དར་སྤེལ་གཏོང་ཐབས།
    ༡༠༧། མ་དང་བྱིས་པའི་འཕྲོད་བསྟེན་སྐོར།
    ༡༠༨། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རིགས་གཅིག་རྐང་འཛིན་སློབ་ཐོན་པ་གང་མང་བསྐྱེད་བསྲིང་བྱེད་ཐབས།
    ༡༠༩། ཤེས་ཡོན་སློབ་གསོའི་གཞུང་ལུགས་དང་བརྩམས་ཆོས་གྲགས་ཅན་བོད་སྒྱུར།
    ༡༡༠། ཤེས་ཡོན་དང་འབྲེལ་བའི་གཞུང་ལུགས་སམ་བརྩམས་ཆོས་གྲགས་ཅན་གང་རུང་བོད་སྒྱུར།
    ༡༡༡། བོད་ཀྱི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་ལྟ་བར་དཔྱད་པ།
    ༡༡༢། བོད་མིའི་ཁྱིམ་ཚང་ནང་ཁུལ་གྱི་འབྲེལ་བ་དང་དེའི་འགྱུར་རིམ་ལ་དཔྱད་པ།
    ༡༡༣། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མིའི་ནུས་ཤུགས་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་ཕྱོགས།
    ༡༡༤། བཙན་བྱོལ་བོད་མིའི་མི་འབོར་གྱི་འཕེལ་རིམ་དང་རྒྱབ་ལྗོངས་ལ་དཔྱད་པ།
    ༡༡༥། ཕྱི་རྒྱལ་དུ་གནས་སྡོད་བོད་མིའི་ངོ་བོ་སྲུང་སྐྱོབ་དང་སྒྲིག་འཛུགས་སྲ་བརྟན་གཏོང་ཕྱོགས།
    ༡༡༦། གཞིས་སྒར་ཁག་ཏུ་སྐྱེ་ལྡན་སོ་ནམ་སློབ་སྤེལ་གྱིས་ཁེ་ཕན་ལེན་ཐབས།
    ༡༡༧། བོད་ཀྱི་སྲོལ་རྒྱུན་བཟོ་རིག་པ་ལས་བྱེ་བྲག་གང་རུང་སློབ་གཉེར་དང་ལག་ལེན་བྱེད་ཚུལ།

    ནང་ཆོས།

    ༡༡༨། ཚན་རིག་གི་ལྟ་ཚུལ་དང་མཐུན་པའི་ནང་ཆོས་ཀྱི་ལྟ་སྤྱོད།
    ༡༡༩། ནང་ཆོས་ཀྱི་གནས་དོན་གང་རུང་ཞིག་ཚན་རིག་གི་ལམ་ནས་བདེན་དཔང་དང་འགྲེལ་བརྗོད།
    ༡༢༠། ནང་ཆོས་ཀྱི་ཐབས་ལམ་ལ་བརྟེན་ནས་སེམས་ཀྱི་དཀའ་ངལ་སེལ་ཐབས།
    ༡༢༡། ནང་དོན་རིག་པས་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཚུལ་དང་སྲུང་སྐྱོབ་བྱེད་ཚུལ།
    ༡༢༢། གཞི་རིམ་སློབ་གྲྭའི་ནང་ཆོས་བསླབ་གཞི།

    རྩོམ་རིག

    ༡༢༣། བྱིས་པའི་རྩོམ་རིག་ལས་ཞིབ་ཕྲའི་དོན་གནས་གང་རུང༌།
    ༡༢༤། འཛམ་གླིང་གི་སྒྲུང་གཏམ་རིང་ཤོས་གླིང་གེ་སར་གྱི་སྐོར་ལས་ཞིབ་ཕྲའི་དོན་གནས་གང་རུང༌།
    ༡༢༥། བོད་ཀྱི་དམངས་ཁྲོད་སྒྲུང་གཏམ་སྐོར།
    ༡༢༦། དམངས་གཞས་དང་ཞབས་བྲོའི་སྐོར།
    ༡༢༧། རྩོམ་རིག་གཞུང་ལུགས་ཉམས་ཞིབ།
    ༡༢༨། བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས།
    ༡༢༩། བཙན་བྱོལ་བོད་མིའི་རྩོམ་རིག་ལོ་རྒྱུས།
    ༡༣༠། གཞི་རིམ་སློབ་མའི་རྩོམ་འབྲིའི་ལམ་སྟོན་དང་འབྲི་དཔེ།

    སྣ་ཚོགས།

    ༡༣༡། སྲོག་ཆགས་དང་རྩི་ཤིང་གི་མིང་མཛོད།
    ༡༣༢། ཡིག་ཐོག་མ་འཁོད་པའི་བོད་ཀྱི་རིག་གནས་དང༌། ལག་ཤེས། དེ་འབྲེལ་ཐ་སྙད།
    ༡༣༣། བོད་ཀྱི་ཡུལ་ལུང་བྱེ་བྲག་པའི་སྲོལ་རྒྱུན་སོ་སོའི་འབྱུང་ཁུངས།
    ༡༣༤། བོད་ཀྱི་ཁོར་ཡུག།
    ༡༣༥། བོད་ཀྱི་རྩིས་རིག
    ༡༣༦། ཟློས་གར་འཁྲབ་གཞུང་གསར་རྩོམ།
    ༡༣༧། བོད་ཀྱི་དཔལ་འབྱོར་ལམ་ལུགས།
    ༡༣༨། བོད་ཀྱི་སྤྱི་ཚོགས་ཀྱི་ངོ་བོ།
    ༡༣༩། བོད་ཀྱི་ལྡེའུ་དང་གབ་ཚིག་གི་སྐོར་ལ་དཔྱད་ཞིབ།
    ༡༤༠། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་མ་འོངས་མདུན་ལམ།
    ༡༤༡། བོད་རྒྱ་ཞི་མོལ་ཁྲོད་རྒྱ་བོད་གཉིས་ཀྱི་སྲིད་བྱུས་དང་རྒྱབ་ལྗོངས།
    ༡༤༢། བོད་ཀྱི་ཡུལ་ལུང་སོ་སོའི་ཆས་གོས།
    ༡༤༣། བོད་ཀྱི་གོམས་སྲོལ་ཁྲོད་འཛེམས་བྱ་དང་དེའི་རྒྱབ་ལྗོངས།
    ༡༤༤། བོད་ཀྱི་སྲོལ་རྒྱུན་རྩེད་མོའི་རིགས་ཕྱོགས་བསྒྲིགས།
    ༡༤༥། ཕྱི་རྒྱལ་ལམ་མི་རིགས་གང་རུང་གི་སྤྱི་ཚོགས་ལམ་སྲོལ་དཔྱད་ཞིབ།

    གསལ་བཤད། འདི་ནི་ཕྲན་གྱིས་དོ་སྣང་ཅན་དག་ལ་ཕན་ཕྱིར་ཏུ་ཤེས་རིག་ལས་ཁུངས་དྲ་བ་ནས་དྲངས།

  2. ཀླུ་སྨྱོན། says:
    2012-01-25 at 5:42 pm

    སློབ་སྟོན་པའི་ཆ་རྐྱེན་གྱིས་མི་མང་པོ་ཞིག་གི་ལམ་ཁ་ཁེགས་འདུག ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ནང་འབུམ་རམས་པ་ལྔ་དྲུག་ཅིག་མ་གཏོགས་མེད་པས། ཕྱི་རྒྱལ་ལ་མིག་དཔེ་བལྟ་རྒྱུ་མི་འདུག

  3. ཀླུ་སྨྱོན། says:
    2012-01-25 at 5:47 pm

    གོང་གི་བརྗོད་གཞི་༡༤༥ཐོག་འབུམ་རམས་སློབ་སྦྱོང་ཐོན་པའི་མི་སྣ་དེ་དག་འཚོལ་བར་གང་དུ་འགྲོ་དགོས། བོད་དུ་དེང་སང་འབུམ་རམས་པ་ཚད་ལྡན་དེ་འདྲ་འདུག་ཀྱང་། ཕྱི་ལོགས་ན་བོད་ཡིག་རང་མགོ་ཐོན་ཙམ་གྱི་འབུམ་རམས་པ་གཅིག་སྟོན་རྒྱུ་ཨེ་ཡོད།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-01-26 at 12:33 am

    བོད་སྐད་ཀྱིས་ཐོག་ནས་འབུམ་རམས་པ་ཐོན་ས་གང་དང་གང་དུ་ཡོད་རེད། དེ་དག་ནས་ཐོན་མཁན་སུ་དང་སུ་བྱུང་ཡོད་དམ། ལགས།

  5. ཐུབ་པ། says:
    2012-01-26 at 4:42 am

    ཝཱཎ་གཙུག་ལག་ཁང་ཡོད་མ་རེད་དམ། དེར་ཚད་འབུམ་རམས་པ་གང་མང་ཞིག་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (74)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme