Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་གཅིག་པོས་རང་ཁ་རང་གསོ་བྱེད་ཐུབ་བམ།

Posted on 2017-04-092017-04-09 By ཁ་བརྡ་ No Comments on ཤེས་རིག་གཅིག་པོས་རང་ཁ་རང་གསོ་བྱེད་ཐུབ་བམ།

ཁ་རྩུབ་སེམས་དཀར།

—(མི་སྐྱའི་སྡེ་ཡིས་ཤེས་ཡོན་གཅིག་པོས་རང་ཁ་རང་གསོ་མི་བྱེད་མི་ཐུབ་པ་བཞིན། གྲྭ་བཙུན་པའི་སྡེ་ཡིས་ཀྱང་ཤེས་རིག་གཅིག་པོས་རང་ཁ་རང་གསོ་བྱེད་མི་ཐུབ།)
 

—ཀླད་ཀྱི་གཏམ།

དེ་རིང་སྐད་འཕྲིན་ནང་རང་རེ་བོད་ཀྱི་མཁས་པ་ཆེན་པོ་ཞིག་གི་གསུང་བཤད་ཧ་ཅང་གལ་ཆེན་ཞིག་ལ་ཉན་པ་ཡིན། ཁོང་གི་གསུང་བཤད་དེའི་བརྗོད་བྱ་གཙོ་བོ་ནི་གྲྭ་བཙུན་གྱི་སྡེ་ཡིས་ཇི་ལྟར་རང་ཁ་རང་གསོ་བྱེད་ཐབས་སམ་བྱེད་སྟངས་སྐོར་རེད། མཁས་ཆེན་ཁོང་གིས་འགྲེལ་བཤད་སྤྱི་ཁྱབ་ནས་མ་གཏོགས་བྱེ་བྲག་ནས་མ་གསུངས་ཀྱང་མཐའ་སྡོམ་ནི། གྲྭ་བཙུན་གྱི་སྡེས་རང་ཁ་རང་གསོ་བྱེད་སྟངས་མཆོག་ཏུ་གྱུར་པ་དེ་ནི་ཤེས་རིག་བེད་སྤྱོད་བྱེད་རྒྱུ་དེ་རེད། ཁོང་གི་གསུང་བཤད་འདི་ནི་སྙན་ཆ་དང་ནང་དོན་གཉིས་ཀས་ཕྱུག་པས། ཤེས་དམན་པ་བདག་གིས་ཇི་ཙམ་ཉན་པ་དེ་ཙམ་གྱིས་ཡིད་དབང་འཕྲོག་པ་ཞིག་བྱུང་། ཡིན་ཡང་ཁོང་གི་གསུང་བཤད་དེ་ལ་ཉན་ཚར་རྗེས་སེམས་ནང་དུ་བསྐོར་ནས་མིའི་རིགས་སྤྱི་དང་ཁྱད་པར་རང་རེ་བོད་ཁ་བ་ཅན་གྱི་རབ་བྱུང་བའི་སྡེ་ལ་མཛུབ་སྐོར་ཐེངས་ཅིག་བྱས་པས། མཁས་པ་ཁོང་གི་གསུང་བཤད་ལ་ཟུར་རྒྱན་ནམ་དོགས་སློང་ཕྲན་བུ་ཞིག་མ་ཞུས་རང་ཞུས་ཆགས་སོང་།

འཛམ་གླིང་དཔལ་ཡོན་གྱི་ལོ་རྒྱུས་ལ་ཕྱིར་རྟོག་ཅིག་བྱས་ཚེ། ལས་སླ་བོར་མཐོང་ཐུབ་པ་ཞིག་སྟེ། མིའི་རིགས་ཀྱིས་ཇི་ལྟར་རང་གི་ཀླད་པ་བེད་སྤྱད་དེ་ཐོག་མའི་མེ་སོན་རྙེད་སྟངས་ནས་དེ་རིང་གི་ཀུ་ཤུ་ཁ་པར་བར་གྱི་འཚོ་ཐབས་གསར་བརྗེ་ཆེན་མོ་རེ་རེ་སྤེལ་སྟངས་དང་དེ་ལོངས་སུ་སྤྱོད་སྟངས་དེ་རེད། དཔེར་ན་མེ་སོན་ཐོག་མར་རྙེད་པའི་དུས་སུ་མི་ཚང་མས་དུས་གཅིག་ལ་མེ་སོན་རྙེད་པ་མིན་པར་མི་གཅིག་གིས་མེ་སོན་རྙེད་རྗེས་མི་གཞན་དག་གིས་དེ་བེད་སྤྱོད་ཀྱིས་མིའི་སྤྱི་ཚོགས་ཧྲིལ་བོར་ཁྱབ་སྤེལ་དུ་བཏང་བ་དང་། ཁྱབ་སྤེལ་དེའི་བརྒྱུད་རིམ་ཡང་ལོ་ངོ་ས་ཡ་ཁ་ཤས་བརྒྱུད་ཡོད་སྲིད་པ་ཞིག་རེད། དེ་རིང་གི་ཀུ་ཤུ་ཁ་པར་གསར་སྐྲུན་གྱི་ཀླད་པ་འདི་ཡང་མི་ཚང་མར་དུས་གཅིག་ཏུ་ཡོད་པ་ཞིག་མ་ཡིན་པར། སི་ཁྲི་ཝུན་རྗ་སྦུ་ལྟ་བུ་རེ་ཟུང་གི་ཀླད་པའི་ནང་གི་ཤེས་རིག་གི་འོད་སྣང་དེ་གཅིག་ལས་གཉིས་མཆེད་དུ་གྱུར་ནས་དེ་རིང་འཛམ་གླིང་གོ་ལ་ཧྲིལ་བོའི་སྟེང་ཁྱབ་སོང་བ་ཞིག་མ་ཡིན་ནམ།

གོང་གསལ་གླེང་སློང་འདིས་ང་ཚོར་ཅི་ཞིག་བསྟན་ཡོད་ཅེ་ན། འགྲོ་བ་མི་རེ་རེར་རང་རང་གི་ཀླད་པ་རེ་རེ་དང་གྲོད་ཁོག་རེ་རེ་ཡོད་ལ། ཀླད་པ་རེ་རེའི་ནང་དུ་ཤེས་རིག་གི་རྫས་རྒྱུན་མི་འདྲ་བ་རེ་རེ་ཡོད་པ་དང་། རྫས་རྒྱུན་དེའི་འཕྲོ་འགྱེད་བྱེད་སའི་ཁོར་ཡུག་ཀྱང་མི་འདྲ་བ་རེ་རེ་ཡོད་པ་རེད། དེ་བཞིན་མི་རེའི་ལུས་ཀྱི་གྲོད་ཁོག་རེ་རེ་འགེང་བྱེད་ཀྱི་ཟ་མ་མི་འདྲ་བ་སྣ་ཚོགས་ཡོད་ལ། ཟ་མ་དེ་ཇི་ལྟར་འཐོབ་སྟངས་ཀྱི་ཐབས་ལམ་ཡང་མི་འདྲ་བ་སྣ་ཚོགས་ཤིག་ཡོད་ཅིང་། སངས་རྒྱས་ཆོས་ལུགས་པས་དེ་ལ་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །ཞེས་ཀྱང་གསུངས་ཡོད་པ་མིན་ནམ། དེས་ན་ང་ཚོ་འགྲོ་བ་མི་སྤྱིའི་ཐུན་མོང་གི་འཚོ་ཐབས་དང་བྱེ་བྲག་པའི་འཚོ་ཚིས། བོད་མི་སྤྱིའི་འཚོ་ཐབས་དང་བོད་མི་བྱེ་བྲག་པའི་འཚོ་ཐབས་གཉིས་ཡོད་པའི་ནང་ནས་འཚོ་ཐབས་སྤྱི་ནི་དཔེར་ན་བོད་མི་ཕལ་མོ་ཆེས་རྩམ་པ་བཟའ་གི་རེད། བྱེ་བྲག་པ་ནི་རྩམ་པ་དེ་ཇི་ལྟར་བོད་མི་སྤྱི་བོ་གནམ་བསྟན་རེ་རེའམ་གྲྭ་བཙུན་རེ་རེའི་རྩམ་ཁུག་ནང་འགུག་སྟངས་དེ་རེད།

དགོན་པ་ཆུང་ཆུང་ཞིག་ལ་མཚོན་ན་ཡང་བླ་མ་སྤྲུལ་སྐུ་དང་མཁན་པོ་རྣམ་པར་རྩམ་པ་དེ་འབུལ་མཁན་སྣ་ཚོགས་ཡོད་པ་རེད། ཡིན་ཡང་གྲྭ་རྐྱང་རྣམ་པར་རྩམ་པ་འབུལ་མཁན་མང་པོ་མེད། བོད་ཀྱི་དགོན་པ་རེ་ཟུང་ནང་དུ་རྙེད་པ་ལོངས་སྤྱོད་ཀྱི་ཕྱོགས་སུ་བླ་མཁན་གྲྭ་གསུམ་ཚང་མ་ཐོབ་ཐང་འདྲ་མཉམ་ཡིན་ལུགས་ཐོས། དེ་བདེན་པ་ཡིན་ན་སྔོན་ཆད་བཞིན་བླ་རྒན་ཕྱུག་པོ་དང་གྲྭ་རྐྱང་གོས་ཧྲུལ་གྱི་ལོ་རྒྱུས་ལ་རྫོགས་ཚིག་བཀོད་ཟིན་པ་རེད། དེ་ལ་མི་དགའ་གང་ལ་དགའ། ཡིན་ཡང་བོད་ཀྱི་དགོན་སྡེ་ཕལ་མོ་ཆེ་ད་དུང་སྔོན་ཆད་བཞིན་དབུལ་ཕྱུག་གི་གྲལ་རིམ་དབྱེ་བ་ད་དུང་སྔར་བཞིན་ཡོད་སྲིད། ཕལ་ཆེར་ཡོད་རྒྱུ་རེད། དེ་བཞིན་ཤེས་ལྡན་པའི་སྡེ་དང་ཤེས་མེད་ཀྱི་སྡེ་གཉིས་སུ་ཡང་ཕྱེས་ཡོད་སྲིད། གོང་གི་རྩམ་པ་དེ་ཤེས་ཡོན་པའི་སྡེས་ཅུང་སླ་བོར་ཐོབ་ཐུབ་སྲིད་ཀྱང་། ཤེས་མེད་པའི་སྡེ་ཡིས་ཇི་ལྟར་བྱས་ན་ད་གཟོད་ཤེས་ལྡན་པའི་སྡེ་བཞིན་རྩམ་པ་དེ་ཐོབ་ཐུབ། ཡིན་དང་ཡིན། ཤེས་མེད་པའི་སྡེ་དེ་ཤེས་ཡོན་པའི་སྡེ་ལ་བསྒྱུར་བཅོས་བྱེད་དགོས། ཡིན་ཡང་ཤེས་མེད་པའི་སྡེ་ཤེས་ཡོན་པའི་སྡེ་རུ་བསྒྱུར་རྒྱུ་འདི་ནི་ལོ་ཟླ་རེ་ཟུང་གི་ལས་ཀ་ཞིག་རྩ་བ་ཉིད་ནས་མ་ཡིན་པར་ལོ་ངོ་བཅུ་ཕྲག་རེ་ཟུང་གི་ལས་ཀ་ཀྱག་ཀྱོག་ཆེན་པོ་ཅན་ཞིག་ཡིན་པས། ལོ་ངོ་འདི་དག་གི་རིང་ལ་ཤེས་མེད་པའི་སྡེ་ལ་རྩམ་པ་ཉི་མ་གཅིག་ལ་ཆད་ན་མི་ཆོག་པ་ཡང་མཁྱེན་དགོས། དེ་ལྟར་ཤེས་མེད་པའི་སྡེ་ཡིས་གལ་སྲིད་ཤེས་ཡོན་པའི་སྡེ་རུ་འགྱུར་རྒྱུའི་ལམ་ཁ་འདི་བདམས་པ་ཡིན་ཡང་རྩམ་པ་ཇི་ལྟར་འཐོབ་རྒྱུའི་གནད་དོན་འདི་སྔར་བཞིན་གནས་ཡོད་པ་དྲན་པར་གྱིས།

སྤྱིར་ན་ཤེས་ཡོན་ལ་བརྟེན་ནས་ཟ་མ་བཟའ་བའི་ཤོད་སྲོལ་ལམ་རིག་གཞུང་འདི་ནི་ནུབ་ཕྱོགས་པར་ལད་ཟློས་བྱས་པ་ཞིག་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་ཡིན་ན་ཡང་། ནུབ་ཕྱོགས་སྤྱི་ཚོགས་ཨ་མེ་རི་ཀ་ལྟ་བུར་མཚོན་ན་ཡང་མི་ཕལ་མོ་ཆེས་མཐོ་སློབ་མཐར་ཕྱིན་ཡོད་སྲིད་ཀྱང་། མི་བརྒྱ་ཆའི་ཕྱེད་ཀ་ཙམ་གྱིས་མ་གཏོགས་ཤེས་རིག་རང་རྐང་ལ་བརྟེན་ནས་ཟ་མ་བཟའ་མི་ཐུབ། རྒྱུ་མཚན་ནི་ཤེས་ཡོན་པ་ཚང་མར་འདང་བའི་ལས་ཀ་ཞིག་སྟོབས་ཆེན་རྒྱལ་ཁབ་འདིས་ཀྱང་སྤྲོད་མི་ཐུབ། དེ་བས་ཤེས་ཡོན་པ་ས་ཡ་དུ་མ་ཡང་ཤེས་མེད་པ་ས་ཡ་དུ་མ་དང་མཉམ་དུ་ཉིན་མཚན་མེད་པར་ལུས་ཤུགས་ངལ་རྩོལ་ལ་འདུར་བཞིན་འདུག དེ་ནི་ངས་རང་གི་མིག་གཉིས་ཀྱིས་ཉི་མ་རེ་རེ་བཞིན་མཐོང་གི་འདུག ང་དང་འདྲ་བར་ནུབ་ཕྱོགས་སུ་ཡོད་པ་ཚང་མས་མཐོང་གི་ཡོད་པ་རེད།

རྒྱུ་མཚན་གཡོལ་ཐབས་མེད་པ་འདི་དག་གིས་ང་ཚོར་གསལ་གསལ་ཐིང་ཐིང་དུ་བརྗོད་པ་ནི། རང་རེ་བོད་ཀྱི་བོད་ཀྱི་གྲྭ་བཙུན་པའི་སྡེ་ཡི་ཤེས་མེད་པ་ཕར་ཞོགས་ཤེས་ཡོན་པའི་སྡེ་ཡི་ཕྱེད་ཀ་ཡིས་ཀྱང་རང་རང་གི་ཀླད་ཤུགས་ངལ་རྩོལ་ལ་བརྟེན་ནས་རྩམ་པ་ཁུག་མ་གང་དེ་ཡང་ལས་སླ་བོར་རག་མི་ཐུབ་པ་དེ་ལགས། དངོས་ཡོད་འཚོ་བའི་ཁྲོད་ཀྱི་དཔང་རྟགས་འདི་དག་གིས་ང་ཚོར་གོ་བརྡ་ཞིག་སྤྲད་པ་ནི། མིའི་སྤྱི་ཚོགས་དེ་འདས་པ་ནས་ད་ལྟ་བར་དང་ད་ལྟ་ནས་མ་འོངས་པའི་ལོ་ངོ་དུང་ཕྱུར་དུ་མའི་རིང་ཀླད་ཤུགས་དང་ལུས་ཤུགས་ངལ་རྩོལ་གཉིས་ཀྱིས་བསྐྲུན་དགོས་པ་མ་གཏོགས་ཀླད་ཤུགས་ངལ་རྩོལ་གཅིག་པོས་བསྐྲུན་ཐབས་རྩ་བ་ཉིད་ནས་མེད་པ་དེ་ལགས།

དེ་བས་བོད་ཀྱི་གྲྭ་བཙུན་མང་པོ་ཞིག་གིས་དབྱར་རྩྭ་དགུན་འབུ་དང་གླ་འཁོར་ལ་བརྟེན་ནས་འཚོ་བ་མ་རོལ་རང་རོལ་ཡིན་པ་འདི་ནི། གྲྭ་པ་དེ་དག་སྒོར་མོར་དགའ་བ་གཅིག་པོས་རྐྱེན་རྩ་བྱས་པ་ཙམ་ཞིག་རྩ་བ་ཉིད་ནས་མ་ཡིན་པར། ཆེ་ས་འགྲོ་བ་མིའི་འཚོ་བའི་སྤྱི་འགྲོས་དང་ཆུང་ས་བོད་ཀྱི་གྲྭ་པ་གྲྭ་རྐྱང་ཚོའི་ཉིན་རེའི་འཚོ་བའི་མ་ལག་གིས་བཀོད་སྒྲིག་བྱས་པ་ཞིག་ཀྱང་རེད་འདུག་ན། གྲྭ་པ་ཚང་མས་ཤེས་རིག་ལ་བརྟེན་ནས་རྩམ་པ་བཟའ་ཐུབ་པའི་དུས་ཚོད་ཅིག་འཆར་རྒྱུ་ཧ་ཅང་ཁག་པོ་འདུག་ཅིང་། གལ་སྲིད་རྟོག་པ་མཐའ་བཟུང་གིས་ཉི་མ་གཅིག་དེ་འདྲའི་དུས་ཚོད་ལ་བསླེབས་པ་ཡིན་ན། དེ་དུས་བོད་ཀྱི་མི་སྐྱའི་སྤྱི་ཚོགས་འདི་ཡང་ཤེས་རིག་ཁོ་ནར་བརྟེན་ནས་རྩམ་པ་བཟའ་ཐུབ་པའི་སྤྱི་ཚོགས་ཤིག་ཆགས་ཡོད་སྲིད་པས། དེ་དུས་སུས་སུ་ལ་ཤེས་རིག་གི་སློབ་སྦྱོང་སྤྲོད་དགོས། དེ་དུས་སུས་སུ་ལ་རྩམ་པའི་གསོལ་ཚིགས་འབུལ་དགོས།

རྩོམ་རིག

Post navigation

Previous Post: དབྲ་རིགས་ཡོངས་ལ་བརྡ་འཕྲིན་དང་བོད་ཡིག་གི་ཞལ་འདེབས་ཞུ།
Next Post: ང་སྲོང་བཙན་ཆུ་སྒང་འོས་མི་ལ་མི་ལང་དོན་འདི་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme