Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རབ་སྨྱོན་པ།

Posted on 2014-03-262014-03-26 By ཁ་བརྡ་ 11 Comments on ཤེས་རབ་སྨྱོན་པ།

མི་གསོན་པོ།
——-ཆོས་རྒྱམ་དྲུང་པའི་དེབ་ལ་བལྟས་རྗེས་བྲིས།

རྐང་སྣེ་རྡོག་སོ་ནུབ་གླིང་རྒྱ་མཚོར་གྱར།།
གོམ་སྟབས་འཁྱོལ་པོས་གཞན་གྱི་རྐང་རྗེས་བཏུས།།
བསམ་གཞིག་སྟོང་གིས་ཟིན་པའི་མལ་ས་ནས།།
ཆོས་རྒྱམ་དྲུང་པའི་མཛད་རྗེས་འདི་སྐད་ཐོས།།
བདེ་སྟོང་ཟུང་དུ་འཇུག་པའི་རྒྱལ་ཐབས་ལས།།
སྙིང་རྗེ་སྲོག་གི་གཞན་དབང་གྱུར་པའི་ཞགས།།
སྲིད་པའི་གྲོང་དུ་ཕྱི་མིག་འཕངས་པའི་ཚེ།།
གསེར་ལྡན་ཆུ་བོའི་འགྲམ་དུ་ལང་ཚོ་བཞད།།
ཚུར་མཐོང་མིག་ལས་འདས་པའི་ངོ་མཚར་འཕྲུལ།།
དུས་གསུམ་རྗེན་པར་ཟློ་བའི་རྡོ་རྗེའི་ཚིག །
གང་གི་སྤྱི་བོར་སྨིན་པའི་བཀའ་ལུང་དེས།།
གོག་པོ་འགྲོས་ཀྱང་གསེར་ཁྲི་སྟེང་དུ་ལྷུངས།།
བགྲང་བྱའི་ན་ཚོད་གསར་པའི་དུས་ཀྱི་ཚེ།།
ཕྱག་རྫོགས་དགའ་མར་འཁྱུད་པའི་དགའ་སྟོན་ཉིད།།
བདེ་ཆེན་སྙིང་གི་ཐིག་ལེར་རོལ་བའི་དཔྱིད།།
རྟོགས་པ་ནང་ནས་བརྡོལ་བའི་ཟིན་ཐོ་བཀོད།།
ངན་སེམས་སྦྲུལ་གྱིས་འཁྱུད་པའི་གྲོགས་ཀྱི་གཤིས།།
འདོད་ཞེན་ཨ་ལོང་བརྩེགས་པའི་དོ་ར་ནས།
གཡོ་སྒྱུ་དགའ་མས་དབྱུང་པའི་གཏན་ཚིགས་ཀྱིས།།
ཁེར་རྐྱང་སྐྱོ་གླུ་རིང་མོ་སྙིང་དུ་བྲིས།།
རིན་ཆེན་དང་པོའི་ཐག་རྒྱ་ཁྲེགས་སེ་བཅད།།
ལྕགས་ནག་འདོམ་དགུའི་འཆིང་སྒྲོགས་ཆིལ་གྱིས་གཏོར།།
བདེན་ཞེན་འཆིང་ཐག་དོར་བའི་རྗེས་ཤུལ་ནས།།
ཡོད་ཚད་རང་དབང་བདེན་པའི་དཔང་རྟགས་རྙེད།།
རིགས་ལྡན་རྒྱུན་ཐགས་སྦྲེལ་བའི་ངོ་མཚར་གཏམ།།
ཤམ་བྷ་ལ་ཡི་རི་ནས་ཆས་སོ་སྐད།།
གླིང་ལྔའི་ཁྱོན་དུ་ཁྱབ་པའི་མཛད་འཕྲིན་གྱིས།།
བྱང་ཕྱོགས་ཁ་བའི་རི་བོ་གྱེན་དུ་བཏེགས།།
འཁོར་འདས་རིས་སུ་བཅད་པའི་དོ་རྭ་ནས།།
གང་ཤར་གྲོགས་སུ་ཁྱེར་བའི་རྟུལ་ཞུགས་འགྲོས།།
གཏད་མེད་གཅེར་བུ་རྒྱུ་བའི་རུ་ཤན་གྱིས།།
སྣང་བ་ཆུ་རུ་བྲིས་པའི་རྗེས་ཤུལ་དེད།།
མྱོས་བྱེད་ཟེགས་མ་འཐུང་བའི་ཚོམ་བུ་རུ།།
རེ་དོགས་ཤུན་པ་དོར་བའི་བརྡ་ཐབས་སུ།།
ཚུལ་འཆོས་གཡོ་སྒྱུ་དབྲལ་བའི་སྟངས་སྟབས་ཀྱིས།།
སྟོང་གཟུགས་བདེ་ཆེན་རོལ་མོ་དལ་གྱིས་དཀྲོལ།།
འཁྲུལ་སྣང་ཨ་འཐས་རྒྱུ་བའི་འཁོར་བའི་གྲོང་།།
རྩེད་དགའི་དཔྱིད་ལ་རོལ་བའི་བདེ་ཆེན་གར།།
གསང་གསུམ་རྒྱ་རུ་སྤྲོས་པའི་ཨེ་ཝམ་འགྲོས།།
ཡིད་ཀྱི་ཏིང་འཛིན་སྦར་བའི་གྲོགས་སུ་སྒྲོན།།
དྲན་རྟོག་འགྱུ་བག་རྒོད་པའི་ཚོར་སྣང་གསེབ།།
རང་རིག་སྒྲེན་མོར་རྒྱུ་བའི་འཇོ་སྒེག་ཉམས།།
བྱིང་རྒོད་ཡོལ་རས་བསལ་བའི་རྗེན་པའི་གཤིས།།
ཤེས་རབ་སྨྱོན་པའི་བརྟུལ་ཞུགས་དང་དུ་བླངས།།

སྙན་ངག

Post navigation

Previous Post: ལྷ་བྲིས་པ། དེང་རབས་བོད་ཀྱི་སྒྱུ་རྩལ་དབུ་བརྙེས་པ།
Next Post: གླེང་བརྗོད་བཤད་པ།

Comments (11) on “ཤེས་རབ་སྨྱོན་པ།”

  1. ལ་སྟོད་སྟོབས་རྒྱས། says:
    2014-03-27 at 3:04 am

    ཧཧ།སྙིང་རྗེ་ཆོས་རྒྱལ་དྲུང་པའི་མིང་ཙམ་བྲིས་ཤེས་མི་གདའ་མོད།ད་དུང་ཁ་པོ་སྒྲོག་ཁུལ་བྱེད།

  2. མི་གསོན་པོ says:
    2014-03-27 at 7:56 am

    ཧ་ཧ་གྲོགས་པོ་ལ་སྟོད་པ་ལགས། དྲུང་པའི་མཚན་ལ་ཆོས་རྒྱལ་དྲུང་པ་ཟེར་ནས་ཞུ་བ་མ་རེད། ཁོང་གི་མཚན་ཆ་ཚང་ལ་དྲུང་ཆེན་ཆོས་ཀྱི་རྒྱ་མཚོ་ཞེས་པ་དེ་ཉིད་བསྡུས་མིང་ཆོས་རྒྱམ་དྲུང་པ་ཞེས་བརྗོད་པ་རེད། ཁོང་གི་རྣམ་ཐར་ལ་གཟིགས་དང་ཧ་གོ་ངེས། མ་བརྟག་འུར་གཏམ་ཁོ་ནས་གཞན་ལ་གཅིག་བཤད་རྒྱུ་རྙེད་ཐབས་བྱེད་པ་ནི་རང་མཚང་འདོན་པ་ཙམ་ལས་གཞན་ཅི་ཡོད།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-03-27 at 9:58 am

    དྲུང་པ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཐུབ་མེད་པ་ཡིན་ནམ། གོ་རྒྱུ་ཚོར་རྒྱུ་གང་ཡང་མི་འདུག་པས་་་་་

  4. མི་གསོན་པོ says:
    2014-03-27 at 12:46 pm

    དྲུང་པ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱས་ཟིན། ཁོང་ད་ལྟར་བོད་ནང་དུ་བཞུགས་འདུག

  5. བློ་བཟང་རིག་འཛིན།། says:
    2014-03-27 at 12:57 pm

    ཤེས་རབ་སྨྱོན་པ་མ་རེད། རིག་པ་སྨྱོན་པ་ལབ་དགོས་རེད།

  6. རང་བྱུང་རིག་པའི་རྡོ་རྗེ says:
    2014-03-27 at 6:13 pm

    རྒན་ལ་དྭགས་སོགས་གཙོ་བྱས་ཏེ་དྲྭ་འབུ་ཁ་ཅིག་གིས་གཞན་ལ་སྐྱོན་བརྗོད་ཁོ་ན་བྱས་ནས་དུས་ཚོད་བསྐྱལ་བཞིན་པར་མ་ཟད་རང་ཉིད་ལ་ཡིག་ནོར་གྱིས་བཀངས་ཡོད་པར་ངོས་འཛིན་བྱེད་ཤེས་ཀྱི་མེད་པ་ངོ་རེ་གནོང་།།

  7. འཇམ་གཅེས། says:
    2014-03-27 at 9:29 pm

    ཧ་ཧ་་རྒན་ལ་དྭགས་པས་ཡིག་ནོར་ཟེར་་་་

  8. དོན་གླིང་བུ says:
    2014-03-28 at 12:38 pm

    ཤེས་རབ་སྨྱོན་པ་ཡིན་གྱི་མ་རེད། ངས་དེ་སྔོན་ crazy wisdom ལ་ཡེ་ཤེས་འཆོལ་བ་འཁོད་པ་ཞིག་མཐོང་བྱུང། །

  9. བློ་བཟང་རིག་འཛིན། says:
    2014-03-28 at 7:10 pm

    ཡེ་ཤེས་འཆོལ་བ་ལབ་ན་ཏག་ཏག་ཅིག་བསྡད་ཡོད་མ་རེད། རིག་པ་འཆོལ་བའམ་རིག་པ་སྨྱོན་པ་ལབ་ན་འགྲིག་གི་རེད།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-03-28 at 11:12 pm

    བོད་སྐད་དུ། ཡེ་ཤེས་འཆལ་བའི་ཐ་སྙད་མེད་ཀྱང་། ཤེས་རབ་འཆལ་བའི་ཐ་སྙད་ཡོད། དེས་ན། ཡེ་འཆལ་མིན་པར། ཤེས་འཆལ་ཞེས་བསྒྱུར་དགོས་སྙམ་མོ།།

  11. བསམ་ཤེས། says:
    2014-03-29 at 11:43 am

    ཀ་རྡོ་ལགས། crazy wisdomལ་ཤེས་རབ་འཆལ་བ་ཞེས་བསྒྱུར་ན་མི་བདེ་བ་འདུག

    རྒྱུ་མཚན་ནི།

    ༡ དབྱིན་ཡིག་གི་ནང་དོན་དེ་ལ་ངན་ཕྱོགས་ཀྱི་གོ་བ་ལྟ་ཅི། དེ་ལ་ངེས་དོན་གྱི་དགོས་པ་ཡོད་པའི་བརྡ་གཅིག་ཡིན་སྟབས། ཚིག་དེའི་དོན་འགྱུར་ཉེ་ཤོས་ནི་རྟུལ་ཞུགས་ཀྱི་རྣལ་འབྱོར་ལྟ་བུའོ།

    རྟུལ་ཞུགས་ཀྱི་སྤྱོད་པའི་རྣལ་འབྱོར་བ་ཞེས་བཀའ་བརྒྱུད་ཀྱི་གྲུབ་ཐོབ་འབྲུག་པ་ཀུན་ལེགས་དང་གཙང་སྨྱོན་སོགས་ནས་དར་བའི་གྲུབ་ཐོབ་ཀྱི་ཉམས་ལེན་དེ་ལ་དབྱིན་ཡིག་ལ་Crazy Wisdom ཞེས་བསྒྱུར་འདུག

    དྲུང་པས་སློབ་མ་ལ། སྤྱོད་པ་ཕྱི་གསལ་ནང་གསལ་བྱེད་པ་འདི་ཆོས་ཉམས་ལེན་པའི་ཐེམ་སྐས་ཡིན་ཞེས་རྒྱུན་པར་བཤད་འདུག ཁོང་ལྟར་ན། སྤྱོད་པ་ཕྱི་ནང་མེད་པའི་རང་བཞིན་དག་པ་དེའི་སྟོབས་ཀྱིས་ནང་རྟོག་པ་འཕེལ་བའི་གྲོགས་སུ་གྱུར་སྟབས། དེ་ལ་རྟུལ་ཞུགས་ཀྱི་རྣལ་འབྱོར་ཞེས་བཤད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme