Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེའུ་ཁྱུ་དང་རྔོན་པ།

Posted on 2012-11-272012-11-27 By ཁ་བརྡ་ 3 Comments on ཤེའུ་ཁྱུ་དང་རྔོན་པ།

སོག་མདའ།

རྫ་རིའི་ཁུག་གི་ཉི་འོད་དྲོ་སའི་སྤང་ཐང་གཡུ་ལོའི་ལྟེབ་གཞུང་ན།།
རི་དྭགས་ཁྱུ་གཅིག་གཟན་རྩ་ཟ་བཞིན་ཀྲོག་ཀྲོག་རྣ་བའི་རྒྱང་ལ་ཉན།།
རླུང་བུ་ཡངས་མོའི་རི་རྩྭ་འགུལ་བས་ཤུར་ཤུར་ཡང་བའི་སྒྲ་ཞིག་གྲགས།།།
བྲེལ་མ་འཚུབ་གྱི་རི་དྭགས་ཁྱུ་དེ་གོམ་དགུ་སྔོན་དུ་ཐེངས་གཅིག་མཆོངས་།།

རེ་ཞིག་རླུང་བུ་དལ་གྱི་འཇགས་པའི་ཤུར་ཤུར་སྒྲ་ཡང་རིམ་གྱིས་ཡལ།།
བག་ཕེབས་རྣ་བ་ཕྲག་ལ་ཕབ་ནས་མཆུ་ཡའི་མུར་མུར་གཟན་ལ་རོལ།།
སྦྲང་ནག་འགའ་ཞིག་འཕུར་མ་བབས་ཀྱི་རྣ་རྩེར་བབས་པའི་ལུས་བོ་སྤྲུགས་།།
ད་ནི་སོ་དལ་བག་ཡངས་ངང་ནས་གཟན་ལ་རོལ་བའི་བར་སྐབས་སུ།།

གར་གྲགས་མིག་གིས་གང་ནས་མ་རིག་་སྒྲ་ཆེན་འཇིགས་པའི་རི་ལུང་བཀང།།
འཇིགས་སྐྲག་དམར་ཆུང་སྙིང་ཡང་གས་འདྲའི་མེ་མདའི་བོས་སྐད་རྩུབ་མོ་དེས།།
རི་དྭགས་ཆུང་ཆུང་ཤེའུ་ཐིག་ཅན་དེས་དཔྲལ་བའི་དཀྱིལ་ལ་མེ་མདའ་ཕོག།
སྐད་ཅིག་དེ་ལ་མི་འདོད་བཞིན་དུ་རྔོན་པའི་མེ་མདའི་ཁ་ནའི་བརླགས།།

རང་ལོ་ཆུང་ལ་བལྟས་ན་མཚར་བའི་ཤེའུ་དེ་འདྲའི་སྙིང་རྗེ་ཞིག།།
ཕ་མ་གཉིས་ཀྱི་ཕྱིར་མིག་ཙམ་གྱི་མཆི་མའི་སྐྱེལ་མ་བྱེད་པ་ལས།།
གཅེས་ལོའི་བེམ་པའི་གམ་དུ་བཅར་བའི་སྤོབས་པ་ཞེས་བ་གང་ནས་ཡོད་།།
སྡིག་ཆེན་རྔོན་ནག་འཛུམ་གྱིས་ཁེངས་ནས་རྒྱུགས་མ་འདུར་གྱི་གམ་ལ་སླེབས།།

གློ་གྲི་རྣོ་པོ་ཤུབས་ནས་བཏོན་དེ་པགས་པ་བཤུ་བའི་ལས་ལ་བྲེལ།།
ལག་ཟུང་གཉིས་ནི་ཁྲག་ལ་བརྗུས་དེ་དམར་བོ་མེ་ཡི་མདངས་སུ་བསྒྱུར།།
ད་དུང་སྐྱིད་པའི་སྣ་གླུ་འགུགས་བཞིན་ཧམ་པའི་ཕྱོགས་བཞིར་སླར་ཡང་བལྟ།།
ཤེའུ་བསད་པའི་འདོད་པ་མ་ཚིམས་ཕ་མ་གཉིས་ཀྱང་གསོད་སྙིང་ཤར།།

དྲང་བདེན་གནས་ལུགས་དོན་གྱི་འཁྱོགས་པའི་མི་ཡུལ་འདི་ཡི་མི་ཡི་སེམས།།
བཅོས་པའི་ཐབས་ཤིག་གླིང་ན་མེད་ན་རི་དྭགས་སེམས་ཅན་སྙིང་རེ་རྗེ།།

སྙན་ངག

Post navigation

Previous Post: བོད་ཀྱི་”རྩོམ་རིག་ལོ་རྒྱུས་”ཞེས་པའི་བརྡ་ཆད་དང་དེའི་ཁྱབ་ཁོངས་ལ་དཔྱད་པ།
Next Post: ངའི་ལིམ་ཇ་སྦྲང་རྩི་ཅན་པོ

Comments (3) on “ཤེའུ་ཁྱུ་དང་རྔོན་པ།”

  1. འདྲེ་རྐང་ཐོ། says:
    2012-11-27 at 11:31 am

    སྙན་མོ་ཞེ་དྲག་བྱུང་་་་ཐུགས་རྗེ་ཆེ།

    ཉི་འོད་འཁྱིལ་བའི་སྤང་ཁུག་ཅིག་ན་ངེད་ཅག་མ་བུ་ཅི་དགའ་རྩེན་པའི་སྐབས་ཤིག་ལ། །
    གང་ཞིག་ཡུལ་ནས་འཇབ་ནས་འོང་བ་ཆ་མ་མཚར་བའི་ཧམ་ཆེན་རྔོན་པ་སྐོར་ཞིག་གིས། །
    གློ་བུར་དུ་ཡང་ངེད་ཅག་མ་བུ་སོ་སོར་འཕྲལ་བའི་སྐྱོ་སྣང་སྟོང་གིས་གདུང་བཞིན་དུ། །
    གང་སར་བྲོས་ཏེ་སྲོག་ཙམ་ཐར་ཡང་མ་ལོ་བོར་བའི་རི་དྭགས་ང་ནི་སྙིང་རེ་རྗེ། །

  2. བསྟན་འོད says:
    2012-11-27 at 9:27 pm

    སོག་མདའ་ལགས་རྙན་མོ་ཧ་ལས་སོང་། ང་ཤྭ་བ་ཞིག་ཡིན་་ན་ངས་གླུ་འདི་འདྲ་ཞིག་ལེན་ས་རེད་།
    ཤྭ་སྨུག་ཆུང་ཤེས་ཐིག་གོར་གོར་་ང་།
    རྫ་སྨུག་པོ་ཞིག་གི་བདག་པོ་ཡིན་།
    སྤང་སྔོན་མོ་ང་ཡི་རྩེ་ར་ཡིན་།
    ཆུ་རྫ་ཆུ་ང་ཡི་བཏུང་བ་ཡིན་།

  3. གསེར་ཆེན་མེ་ཏོག says:
    2012-11-29 at 10:01 am

    ངོ་མ་སྙན་ངག་ཟེར་ནོ་རེད་ཡ།ཀ་ར་བྲོ་གི
    ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme