Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤི་བཞིན་པའི་བོད་ནི་ཀླད་ཀོར་སྲིད་བྱུས་ལ་ཐུག་འདུག

Posted on 2011-03-142011-03-14 By ཁ་བརྡ་ 2 Comments on ཤི་བཞིན་པའི་བོད་ནི་ཀླད་ཀོར་སྲིད་བྱུས་ལ་ཐུག་འདུག

meeting
གནས་ཚུལ་མཁོ་གཏོང་བ་རྔ་བ་ཚེ་སྐྱིད་།

ཕྱི་ལོ་ ༢༠༡༡ ཟླ་ ༠༣ ཚེས་ ༡༠ ཉིན་ལ་ཐེངས་ལྔ་གཉིས་པའི་སུམ་ཅུའི་དུས་དྲན་དང་སྟབས་བསྟུན་ནས་ཕ་རེ་སིར་རྟེན་གཞི་བྱས་པའི་བོད་ཀྱི་བྱམས་བརྩེ་ཁང་གིས་བགྲོ་གླེང་དང་གསར་འགོད་གསལ་བསྒྲགས་ཤིག་གོ་སྒྲིག་བྱས་ཤིང་། དེར་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་དམིགས་བསལ་སྐུ་ཚབ་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇོན་སྤོང་སོ་བའི་གཙོས་བྱས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་ཕ་རེ་སི་བོད་ཀྱི་བྱམས་བརྩེ་ཁང་འགན་འཛིན་ཚ་དབང་སུམ་གྱང་སྤྲུལ་སྐུ་བཅས་ནས་《བོད་བཞིན་པའི་བོད་》ཅེས་པའི་བརྗོད་གཞིའི་ཐོག་འཚོགས་འདུ་ཞིག་བསྐུང་འཚོགས་བྱས་ཡོད་པ་དང་། འཚོགས་ཐོག་ཏུའང་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་གནད་ཡོད་ཁག་ཅིག་དང་། ལྷག་པར་དུ་ཕ་རེ་སི་བོད་གཞུང་སྐུ་ཚབ་དོན་གཅོད་དབང་པོ་མཆོག ད་དུང་ཕ་རན་སིའི་ནང་སྲིད་ལས་ཁུངས་ཀྱི་ཨེ་ཤ་ཡའི་སྡེ་ཚན་གྱི་གནད་ཡོད་མི་སྣ། གཞན་ཡང་ཕ་རེ་སི་བདེ་སྲུང་ལས་ཁུངས་གྱི་སྐྱབས་བཅོལ་ལྟ་སྐྱོང་སྡེ་ཚན། དེ་ནས་བོད་མི་ཤེས་ཡོན་ཅན་བཅས་ཁྱོན་བསྡོམས་མི་སྣ་ཉིས་བརྒྱ་ལྷག་ཅིག་མཉམ་འཛོམས་ཀྱིས་ཕ་རན་སིའི་གྲོས་ཚོགས་གོང་མིའི་ནང་འཚོགས་ཡོད་པ་དང་། སྐབས་དེར་གྲོས་ཚོགས་གོང་མིའི་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན་ནི། བོད་ཀྱི་གནད་དོན་ནི་མི་རིགས་ཤིག་གི་གནད་དོན་ལས་བརྒལ་དེ་རྒྱལ་སྤྱི་རང་བཞིན་ཅན་གྱི་གནད་དོན་གལ་ཆེན་ཆགས་ཤིག་ཡོད་པ་མ་ཟད། གལ་སྲིད་རྒྱ་ནག་སྲིད་གཞུང་གིས་བསམ་ཤེས་གཉིས་ཕན་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་མ་སེལ་བར་ཡུལ་གྱར་བོད་མི་ཚོ་དང་། དེ་ལས་ཀྱང་བོད་ནང་གི་བོད་མི་རྣམས་ཀྱི་དཀའ་སྡུག་མུ་མཐུད་ནས་མྱངས་དགོས་བྱུང་ན། རྒྱ་ནག་ནི་རྒྱལ་སྤྱིའི་མིག་ནང་གི་ཚེར་མ་ལྟ་བུར་འགྱུར་མི་སྲིད་པ་མིན་ལ། དེ་དུས་རྒྱ་ནག་སྲིད་གཞུང་གིས་ཧམ་བཤད་ཇི་ལྟར་བྱས་ཀྱང་རྒྱ་ནག་གི་དཔལ་འབྱོར་མ་རྩ་དེ་ནུབ་ཕྱོགས་རྒྱལ་ཁབ་ཚོས་འཇོག་གིན་ཡོད་སྟབས། གལ་སྲིད་ཉི་མ་ཞིག་ལ་ལེ་སྤེ་ཡའི་གཞུང་ལ་ཨ་རིའི་དཔལ་འབྱོར་གྱིས་ཉེས་ཆད་བཅད་པ་ནང་བཞིན་བྱུང་ཚེ། རྒྱ་ནག་སྔར་བཞིན་ཕྱོགས་གང་ཅིའི་ཐད་ནས་སྐྱོ་ངལ་གྱི་གནས་སུ་ལྷུང་རྒྱུ་ཉག་ཅིག་རེད་ལ། དེ་དུས་རྒྱ་ནག་ཆེན་པོ་དེ་རང་ཤུགས་ཀྱིས་འཐོར་ཞིག་ཏུ་འགྲོ་སྲིད་ཅེས་དང་། དེ་ལས་ཕན་ཚུན་ལ་བསམ་ཤེས་གུ་ཡངས་ཀྱི་ཐོག་ནས་ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་དེ་དམིགས་འཛིན་བྱས་ནས་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་ལྷན་དུ་གྲོས་མོལ་མིང་དོན་མཚུངས་པའི་ཕྱོགས་སུ་བསྐྱོད་རྒྱུ་གལ་ཆེ་ཞེས་གསུངས་པ་དང་།
france
དེ་རྗེས། ཕ་རེ་སིའི་བོད་ཀྱི་བྱམས་བརྩེ་ཁང་གི་འགན་འཛིན་ཚ་དབང་སུམ་གྱང་སྤྲུལ་སྐུས་གསུང་བཤད་གནང་དོན། དེ་རིང་ནི་བོད་མི་རིགས་མ་གཏོགས་པའི་འཛམ་གླིང་རྒྱལ་ཁབ་གཞན་པ་རྣམས་ལ་མཚོན་ན། ཕྱི་ཟླ་གསུམ་པའི་ཚེས་པ་བཅུ་ནི་ཉི་མ་དཀྱུས་མ་ཞིག་ཡིན་མོད། འོན་ཀྱང་ང་ཚོ་བོད་མི་རིགས་ལ་ཆགས་བཞག་ན། བྱིས་པ་ལོ་ན་དགུ་བཅུ་ནས་བཟུང་རྒན་པོ་ལོ་ན་བརྒྱད་བཅུ་དགུ་བཅུ་ཅན་ཞིག་ཡིན་རུང་། བརྗེད་མི་ཐུབ་པའི་ཉིན་མོ་ཞིག་ཡིན་པ་མ་ཟད། ང་ཚོའི་དཀའ་སྡུག་གི་ལོ་རྒྱུས་ལ་ལོ་རེར་བཞིན་ཕྱིར་དྲན་བྱེད་ཀྱིན་པའི་ཉིན་མོ་ཞིག་ལའང་འཁེལ་ཡོད་པ་རེད་ཅེས་དང་། ཡང་ཁོང་གིས། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་རྒྱ་ནག་སྲིད་གཞུང་དབུས་གསང་བའི་ལས་ཁུངས་ཀྱི་སྲིད་བྱུས་ཉམས་ཞིབ་པ་ཚོས་གུ་ཡངས་མཉམ་འདྲ་བྱེད་རྒྱུ་ལས་ལྡོག་སྟེ་བོད་ཐོག་འཛིན་པའི་ཀླད་ཀོར་སྲིད་བྱུས་དེ་དུས་དང་གནས་ལུགས་ལ་ལྟོས་ནས་འགྱུར་ལྡོག་ཅི་ཡང་མ་བཏང་བ་མ་ཟད། ཀླད་ཀོར་སྲིད་བྱུས་ཀྱི་སྤྱོར་བ་ཇེ་རྩུབ་ཇེ་ངན་དུ་བཏང་ནས་སློབ་གསོའི་སྲིད་བྱུས་ཞེས་པའི་འབོད་སྒྲའི་འོག་ནས། བོད་ཀྱི་སྐད་དང་ཡི་གེ་རྩ་མེད་བཟོ་རྒྱུའི་འཆར་གཞི་བཏང་ཚར་བ་མ་ཟད། བོད་མི་རིགས་དང་དེའི་རྩ་ཆེ་བའི་ཆོས་དང་རིག་གཞུང་གིས་མཚོན་པའི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་རིག་གནས་རྣམས་རྩ་སྟོང་དུ་འགྲོ་ཐབས་སུ་ཞི་དྲག་སྣ་ཚོགས་ཀྱིས་ཐབས་ལམ་བཀོལ་བཞིན་ཡོད་པ་འདི་མིག་མཐོང་མྱོང་གསལ་རེད། དེ་འདྲའི་སྲིད་བྱུས་ཤིག་འཛིན་པའི་རྒྱབ་ལྗོངས་ནི། མན་འཇིའི་མི་རིགས་ལ་ཐབས་ལམ་དེ་ག་རང་སྤྱད་པའི་གྲུབ་འབྲས་དང་ནུས་པ་ཐོན་ཡོད་པས་རེད། དེའི་སྟབས་ཀྱིས། ད་ལྟའི་བར་དུ་གྲངས་ཉུང་བོད་མི་རིགས་དེ་རྒྱ་མི་རིགས་ཆེན་པོའི་ནང་དུ་སིམ་འཛུལ་ཡོང་ཐབས་སུ་འཇམ་རྩུབ་སྣ་ཚོགས་ཀྱི་ཐབས་ལམ་སྤྱད་དང་སྤྱོད་བཞིན་པ་ཞིག་རེད་ཅེས་གསུང་བཤད་གནད་ལ་འཁེལ་བ་ཞིག་གནང་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་དམིགས་བསལ་ཛ་དྲག་གསལ་བརྡ།
Next Post: བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་སྙན་ཞུ།

Comments (2) on “ཤི་བཞིན་པའི་བོད་ནི་ཀླད་ཀོར་སྲིད་བྱུས་ལ་ཐུག་འདུག”

  1. གདུང་དམར་བ། says:
    2011-03-14 at 5:41 pm

    མི་རིགས་ཞིག་གི་ཤི་གསོན་གྱི་ཆེད་དུ་མི་རིགས་དེའི་རྒྱུད་དུ་སྐྱེས་བའི་མི་ཚང་མར་འགན་ཡོད་པའི་་་་་དེ་ལུགས་འགན་ཁུར་བར་རྗེས་སུ་ཡི་རངས་ཡོད་་་་

  2. jamgyal says:
    2011-03-14 at 6:00 pm

    ལས་འགུལ་འདི་འདྲ་ཞིག་སྤེལ་བ་ལ་ སྙིང་ནས་དགའ་ཡོད་ སོ་སོས་མ་འཇོན་དུས་ཁྱེད་རྣམ་པས་འདི་འདྲ་ཞིག་གནང་བ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ལས་མ་འདས་ གནས་ཚུལ་མཁོ་གཏོང་བ་རྔ་བ་ཚེ་སྐྱིད་ལའང་ཐུགས་རྗེ་ཆེ་ཞེས་ཞུ་བ་ཡིན་ ཡིན་ནའང་ཕ་རན་སིའི་བོད་མི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ དང་ཡང་ན་ ཚོགས་གཞོན་ ཡང་ན་ རྒྱུན་ལས་བཅས་གང་ཡང་མེད་པ་འདིས་དོགས་པ་མང་པོ་ཞིག་ཡོང་གི་འདུག་། གནས་ཚུལ་མཁོ་གཏོང་བ་རྔ་བ་ཚེ་སྐྱིད་ཁྱེད་ལ་གཅིག་གསུངས་རྒྱུ་ཡོད་དམ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme